Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོར་གླིང་དུ་རང་ལུས་མེར་བསྲེགས་ལས་འགུལ་སྐོར་ལ་བགྲོ་གླེང་འཚོགས་པ།

Posted on 2012-04-282012-04-29 By ཁ་བརྡ་ 30 Comments on ནོར་གླིང་དུ་རང་ལུས་མེར་བསྲེགས་ལས་འགུལ་སྐོར་ལ་བགྲོ་གླེང་འཚོགས་པ།

དེ་རིང་ཕྱི་ཚེས་ ༢༨ ཉིན་ནོར་གླིང་མཐོ་སློབ་དང་ཉམས་ཞིབ་སྡེ་ཚན་མཉམ་འབྲེལ་གྱི་བགྲོ་གླེང་༼རང་ལུས་མེར་བསྲེགས་ལས་འགུལ་གླེང་བ༽ཞེས་པ་ཞིག་ནོར་གླིང་བདེ་ལྡན་གཙུག་ལག་ཁང་དུ་འཚོགས་ཡོད་པ་དང་། བགྲོ་གླེང་གི་བརྗོད་གཞི་དེ་བཞིན། ༼༡༽ མེར་སྲེག་ལས་འགུལ་གྱི་རྒྱབ་ལྗོངས། ༼༢༽ མེར་སྲེག་ལས་འགུལ་བྱུང་འཕེལ་གྱི་རིམ་པ། ༼༣༽ མེར་སྲེག་ལས་འགུལ་གྱི་གྲུབ་འབྲས། ༼༤༽ མེར་སྲེག་ལས་འགུལ་འདི་ངོ་བོ་གཞན་དུ་འགྱུར་མིན། ༼༥༽ མེ་སྲེག་ལས་འགུལ་དང་ཁྱབ་བསྒྲགས་གནས་སྟངས། ༼༦༽ གཞུང་མང་གཉིས་ནས་འགན་ལེན་ཅི་ནུས་བཅས་སྐོར་ཚན་དྲུག་ཏུ་དབྱེ་བགོས་དང་སྐོར་ཚན་རེར་བགྲོ་གླེང་བ་བཞི་རེ་ནས་ཁྱོན་སྐར་མ་ཉི་ཤུའི་རིང་གཏམ་བཤད་གླེང་སློང་དང་། དེ་རྗེས་སྐར་མ་ཉི་ཤུའི་རིང་དྲི་བ་དྲིས་ལན་གྱི་དུས་ཚོད་བཅད་བགོས་ཀྱི་རྣམ་པ་ནས་འཁྲུག་ཆ་དོད་པའི་བགྲོ་གླེང་བྱས་ཡོད་པ་དང་། དེ་ཡང་མེར་སྲེག་ལས་འགུལ་གྱི་རྒྱབ་ལྗོངས་སྐོར་ལ་བོད་མི་ཤེས་ཡོན་པའི་ངོས་འཛིན་གནང་སྟངས་དང་མི་རིགས་གཞན་གྱི་ཤེས་ཡོན་པས་ངོས་འཛིན་བྱེད་སྟངས་སོགས་ཕྱོགས་མང་པོ་ནས་གླེང་བ་དང་། དེ་བཞིན་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་འབྲེལ་དུ་བོད་ནང་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་མགོ་ཚུགས་པ་ནས་ད་ལྟ་བར་གྱི་འཕེལ་རིམ་སྤྱི་དང་། བྱེ་བྲག་ཏུ་རང་ལུས་མེར་བསྲེགས་གནང་མཁན་དག་གི་ལོ་ཚད་དང་ཤེས་ཡོན་གནས་ཚད། འཚོ་གནས། མེར་བསྲེགས་བཏང་བའི་དུས་ཚོད་འདམས་སྟངས། མེར་བསྲེགས་བཏང་ཡུལ་ས་གནས་ཀྱི་སྐོར་བཅས་དང་འབྲེལ་བའི་གལ་གནད་གླེང་སློང་། མེར་བསྲེགས་ལས་འགུལ་གྱི་གྲུབ་འབྲས་ངོས་འཛིན་གནང་ཕྱོགས་ཐད་ལས་འགུལ་བ་ཚོའི་རེ་འདུན་དང་གྲུབ་འབྲས་བསྡུར་དཔྱད། ཁྱབ་བསྒྲགས་དང་འབྲེལ་བའི་གྲུབ་འབྲས་ངོས་འཛིན། གཞུང་མང་ཚོགས་སྡེ་དང་བཅས་པའི་འགན་ལེན་ཞུ་སྒོ་དང་ནུས་པ། དེ་འབྲེལ་གྱི་གྲུབ་འབྲས། མེར་བསྲེགས་ལས་འགུལ་འདི་རྒྱུད་མཐུད་དུ་འབྱུང་མིན་དང་། ལས་འགུལ་གྱི་ངོ་བོ་དང་རྣམ་པ་གཞན་དུ་འགྱུར་མིན་བཅས་དང་འབྲེལ་ཏེ། མེར་བསྲེགས་ལས་འགུལ་འདི་བཞིན་གྲངས་འབོར་གྱི་ཆ་ནས་དགོན་སྡེ་དང་དགོན་སྡེ་དང་འབྲེལ་ཡོད་རིགས་ཀྱིས་སྤེལ་བ་མང་བའི་རྒྱུ་རྐྱེན་ཐད། བོད་ཀྱི་དགོན་སྡེ་ཁག་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་སྙིང་ཡིན་པ་དང་། དགོན་སྡེ་ཁག་ནི་བོད་ཀྱི་ཤེན་ཡོན་དར་སྤེལ་གྱི་ལྟེ་གནས་དང་མཁས་པ་དང་ཤེས་ཡོན་པའི་ལྟེ་བ་དང་། ཤེས་ཡོན་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པའི་ཆ་ནས། རིག་གཞུང་སྲུང་སྤེལ་དང་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ནུས་པའི་སྣེ་ཁྲིད་ཀྱི་ནུས་པའི་འབྱུང་ཁུངས་ལྟ་བུ་ཡིན་པའི་ངོས་འཛིན་གྱིས་མཚོན་པའི་རང་ལུས་མེར་སྲེག་ལས་འགུལ་དང་འབྲེལ་བའི་དོན་གནད་མང་པོའི་ཐད་གླེང་སློང་གནང་ཡོད་འདུག

གསར་འགྱུར།

Post navigation

Previous Post: བོད་ཀྱི་དཔའ་བོ་རྗེས་དྲན།
Next Post: རང་མོས་སྙན་ངག་གི་གྲུབ་དོན་དང་འབྲེལ་བའི་སྐད་ཆ་དམར་བཤད།

Comments (30) on “ནོར་གླིང་དུ་རང་ལུས་མེར་བསྲེགས་ལས་འགུལ་སྐོར་ལ་བགྲོ་གླེང་འཚོགས་པ།”

  1. ལྷོ་པ་ལུང་རིགས། says:
    2012-04-28 at 7:46 am

    དུས་ཐོག་ཆར་པ་རང་རེད། ང་ཚོས་མེར་བསྲེགས་ལས་འགུལ་གྱི་སྐོར་ལ་ངོས་འཛིན་གསལ་པོ་དང་ཚོར་ཤུགས་བཅོས་མིན་ཅིག་བརྒྱུད་ནས། མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག འྱབ་རྩོད་ཀྱི་ནུས་ཤུགས་བཅས་གོང་འཕེལ་དང་། མ་འོངས་འཐབ་རྩོད་ཀྱི་ལམ་ཁ་འདེད་དགོས་པ་ཡིན། དེ་རིང་ནོར་གླིང་གིས་མེར་བསྲེགས་ལས་འགུལ་གླེང་བའི་བགྲོ་གླེང་འཚོགས་པ་ལ་དགའ་བསུ་ཡོད། ཚོགས་སྡེ་གཞན་དང་གཞན་ནས་ཀྱང་འདི་ལྟར་གནང་སྟེ། ང་ཚོ་ཐུན་མོང་གི་ནུས་པ་དང་ཚོར་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་གསར་པ་ཞིག་འབྱུང་ཐུབ་པ་བྱེད་དགོས།

  2. མེ་ཏོག་དཀར་པོ། says:
    2012-04-28 at 7:52 am

    བཀའ་སྐྱོན་མེད་པ་ཞུ། མེར་སྲེག་བཏང་མཁན་ནང་སེམས་ཚོར་གྱིས་རང་སྲོག་བཏང་བ་དེ་འདྲ་མེད་དམ།

  3. སྦྲ་དཔལ་ལྡན། says:
    2012-04-28 at 8:06 am

    བགྲོ་གླིང་ཡག་པོ་འཚོགས་འདུག་ གྲུབ་འབྲས་ཡག་པོ་ཐོན་ཡོད་པས་རེ་བ་ཡོད།

  4. གཡུ་ཐོག་བུ། says:
    2012-04-28 at 9:52 am

    ཡི་རང་ཞུ། ཆེས་ཚད་མཐོའི་རང་ལུས་ཀྱི་མེར་བསྲེག་གི་ལས་འགུལ་ལ་ང་ཚོས་བསམ་གཞིགས་དང་། དགེ་སྐྱོན་ཅི་མཆིས་ཀྱི་མནོ་བསམ་གཏོང་རན་རེད། བསམ་ཚུལ་གང་བྱུང་བ་དག་གནད་ལུགས་ལྡན་པའི་སྒོ་ནས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོར་བསྒྲགས་གཏམ་སྤེལ་རོགས་གནང་།

  5. ཆབ་བྲག་ལྷ་མོ་སྐྱབས། says:
    2012-04-28 at 11:04 am

    དོན་ཚན་བདུན་ཐོག་གི་བསམ་ཚུལ་ལམ་དཔྱད་ཞིབ་ཁག་བསྡུས་འགོད་ཀྱིས་འགྲེམས་སྤེལ་ཐུབ་ན་གཞན་དག་ཚང་མར་བློ་སྐྱེད་ཕན་ཐོགས་འབྱུང་སྲིད།

  6. རྣམ་སྲས། says:
    2012-04-28 at 11:34 am

    ཆབ་བྲག་ལྷ་མོ་སྐྱབས་ཀྱིས་བཤད་པ་ལྟར་དོན་ཚན་ཁག་རེ་རེའི་བརྗོད་སྙིང་བསྡུས་འགོད་ཀྱིས་སྤེལ་ཐུབ་ན། ཕྱོགས་གང་མང་ཞིག་ལ་ཕན་ཐོགས་དང་གསལ་བཤད་ཡག་པོ་ཐུབ་ངེས་རེད།

  7. སྲིན་པོ་རྫ་རྒན། says:
    2012-04-28 at 1:07 pm

    ད་རེས་ཁྱེད་རང་ཚོས་བགྲོ་གླེང་བརྗོད་གཞི་དང་དེའི་ནང་གསེས་ཀྱི་ཚན་པ་ཁག་ནི་ངེས་པར་གླེང་དགོས་པའི་གནད་འགག་རྐྱང་རེད། རྒན་ཆབ་བྲག་ལྷ་མོ་སྐྱབས་མཆོག་གིས༼བསམ་ཚུལ་ལམ་དཔྱད་ཞིབ་ཁག་བསྡུས་འགོད་ཀྱིས་འགྲེམས་སྤེལ་ཐུབ་ན་གཞན་དག་ཚང་མར་བློ་སྐྱེད་ཕན་ཐོགས་འབྱུང་སྲིད།༽གསུངས་པ་ལྟར། ཁྱེད་རང་ཚོས་བགྲོ་གླེང་གནང་བའི་མཐའ་བསྡོམས་ཤིག་འདིར་དྲ་ངོས་སུ་འགོད་ཐུབ་པ་ཡིན་ན། དེ་བས་ཀྱང་ལེགས་ཐོག་ལེགས་རྩེག་ཡོང་གི་རེད་ལ། འདི་ལྟ་བུའི་བགྲོ་གླེང་རིམ་བསྟུད་འབྱུང་བར་ཡང་ཕན་ཐོགས་ཡོང་གི་རེད། རྣམ་པ་ཚོས། ད་རེས་བགྲོ་གླེང་འདི་གནང་བར་རྗེས་སུ་ཡི་རང་ཞུ་བ་ཡིན།

  8. ཀླུ་ཚང་། says:
    2012-04-28 at 1:55 pm

    དགའ་བསུ་ཞུ། འོན་ཀྱང་བགྲོ་གླེང་པ་སུ་དང་སུ་ཡོད་མིན། ཁོང་ཅག་གིས་ཅི་ཞིག་ལབ་མིན་ཐད་ནས་བཟུང་ར་གསལ་པོ་འགོད་གནང་ན་ཡག་པོ་རྒྱས་པོ་ཡོད་ས་འདུག

  9. མྱི་ལྟིག says:
    2012-04-28 at 3:22 pm

    སང་ཉིན་དྲ་གྲོགས་ཚོའི་མིག་མདུན་དུ་ཆ་ཚང་པོ་སྤེལ་ངེས་ཡིན།

  10. འབུམ་གཅིག says:
    2012-04-28 at 5:32 pm

    སང་ཉིན་གོ་ཐོས་མ་མྱངས་པའི་སེམས་གཏམ་རེ་ཐོས་རྒྱུ་ཡོད་པར་རེ་སྒུག་བྱེད་ཀྱིན་ཡོད

  11. ཨ་རིག་དགེ་མཐོང་། says:
    2012-04-28 at 10:28 pm

    ཁྱེད་ཅག་གིས་བགྲོ་གླེང་འདི་འཚོགས་པར་དགའ་བསུ་ཞུ། བརྗོད་གཞི་ཧ་ཅང་གི་གལ་ཆེན་རེད། བོད་གཞུང་མང་ཚོགས་ཆེན་གྱི་བརྗོད་གཞི་ལ་འདི་ལས་ལྷག་ཅིག་མི་འདུག དེའི་ཕྱིར་ད་ནས་བཟུང་གླེང་མོལ་བྱས་ཏེ་བསམ་འཆར་ལེགས་ཤོས་རིགས་ཚིག་ཐོ་བཀོད་དེ་དམིགས་བསལ་ཚོགས་ཆེན་སྟེང་འགྲོ་བ་ཐུབ་པ་བཟོ་རྒྱུ་གལ་ཆེ།

  12. ཡར་ཁམས་ཁྲི་རྒྱལ། says:
    2012-04-28 at 11:16 pm

    མེར་སྲེག་ལས་འགུལ་གྱི་རྒྱབ་ལྗོངས་དང་མེར་སྲེག་ལས་འགུལ་བྱུང་འཕེལ་གྱི་རིམ་པ། མེར་སྲེག་ལས་འགུལ་གྱི་གྲུབ་འབྲས་བཅས་ནི་ང་ཚོ་ཚང་མས་གསལ་པོ་ཤེས་པས་བགྲོ་གླེང་གནང་རྒྱུ་ཅི་ཡང་མེད། འོན་ཀྱང་མེར་སྲེག་ལས་འགུལ་འདི་ངོ་བོ་གཞན་དུ་འགྱུར་མིན་དང་གཞུང་མང་གཉིས་ནས་འགན་ལེན་ཅི་ནུས་གཉིས་ཀྱི་ཐོག་ལ་མ་འོངས་སྔོན་དཔྱད་ཀྱིས་བགྲོ་གླེང་གནང་ནས་སོ་སོའི་བསམ་ཚུལ་བརྗོད་རྒྱུ་ཡོད། རེད་དེ་མེ་སྲེག་ལས་འགུལ་དང་ཁྱབ་བསྒྲགས་གནས་སྟངས་ཟེར་བའི་བརྗོད་གཞི་དེར་བགྲོ་གླེང་པ་ཚོས་ཅི་གསུང་མི་ཤེས་ཡང་དགྱ་མིས་འཁྱོལ་བཤད་བྱེད་བཞིན་པའི་ཆབ་སྲིད་ཀྱི་མིང་ཚིག་དང་ཤིན་ཏུ་མི་ཉེའང་།།

  13. ལུང་རྟོགས། says:
    2012-04-28 at 11:41 pm

    ངོ་མ་བཟང་གི ཡི་རང་ཡོད།

  14. ཟླ་བཀྲས་ཕུན་ཁང། says:
    2012-04-28 at 11:45 pm

    ནོར་གླིང་ལ་གོ་ཚོད་རིག་གཞུང་གི་ལྟེ་གནས་ཞིག་རེད་ཟེར། ཡིན་ནའང། རྒན་རབས་ཉམས་མྱོང་ཅན་ཁ་ཤས་དགོངས་པ་ཞུས་འདུག་ཟེར།

    དེ་བས་བྱིས་པ་ཚོར་གལ་ཆེའི་དོན་ལ་གླེང་སློང་བྱ་རྒྱུའི་འོས་བབ་མ་མཐོང། རྡོ་ལས་འོ་མ་བཞོ་བ་མི་སྲིད་པ་ཡིན་པས་སྐད་ཆ་འགོ་མ་འཚོས་པ་ཁྱབ་སྤེལ་བྱས་ན་དོན་དག་བརླག་ཉེན་ཡོད་པ་ཆབ་སྲིད་འཐབ་རྩོད་ཀྱི་དཔེར་ལྟོས་ནས་གཟབ་གཟབ་བྱོས།

  15. ཐུབ་པ། says:
    2012-04-29 at 12:00 am

    ནོར་གླིང་ནི་སྔོན་མ་ཞིག་སྤོབས་པ་མཐའ་ཡས་ཡིན་ན་ཅིག་གིས་བཤད་པ་ལྟར། ནོར་བ་རྐྱང་རྐྱང་འཛོམས་པའི་གླིང་ཟེར་བ་བཞིན། ད་ཡིན་ན་དངོས་གནས་ནོར་བ་རྐྱང་རྐྱང་འཛོམས་བཞག
    ཧ་ཧ་ཧ་

  16. གུ་རུའི་སྲས། says:
    2012-04-29 at 12:19 am

    ནོར་གླིང་འདི་ཡང་བློ་གླིང་གྲྭ་ཟུར་སྐལ་བཟང་ཡེ་ཤེས་ཀྱིས་ཆོས་དོན་ལས་ཁུངས་ལ་མགོ་སྐོར་བཏང་ནས་གཞུང་རྒྱུ་སྒེར་བདག་བྱས་པ་ཞིག་རེད། དེ་ལ་ཟམ་གདོང་བླ་མས་རོགས་བྱས། རྡ་རམ་ས་ལར་དགེ་ལུགས་པའི་བཀས་བཀོད་རྒྱུད་འཛིན་གྱི་དཔོན་ངན་ཚོས་ལྐོག་བཟའ་རུལ་སུངས་བྱས་པའི་རྣམ་གྲངས་ཤིན་ཏུ་མང་། ད་དུང་བགྲོ་གླེང་བྱེད་རིན་ཅི་ཡོད།

  17. ནུབ་ཕྱོགས་གངས་ཕྲུག་ says:
    2012-04-29 at 3:10 am

    མཆན་ཨང་༢ པར་མེ་ཏོག་དཀར་པོས། མེར་སྲེག་བཏང་མཁན་ནང་སེམས་ཚོར་གྱི་རང་སྲོག་བཏང་བ་མེད་དམ་གསུངས་དོན་ག་རེ་ཡིན། གསལ་བཤད་ཅིག་གནང་རོགས།

  18. མེ་ཏོག་དཀར་པོ། says:
    2012-04-29 at 5:08 am

    དེ་ནི་ཚོར་སྣང་ཙམ་ལ་བརྟེན་པ་སྟེ། རྒྱུ་མཚན་གཏིང་ཟབ་དང་བསམ་བློ་མ་སྨིན་པར་དོན་རྐྱེན་དེར་ཞུགས་པ་དེ་འདྲ་མེད་དམ་ཞེས་པའི་དོན་ཡིན།

  19. ལུང་རྟོགས། says:
    2012-04-29 at 10:41 am

    རྒྱུ་མཚན་གཏིང་ཟབ་མེད་པར་རང་ལུས་མེར་སྲེག་སུས་གཏོང་ནུས། ཆོ་མེད་པའི་སྐད་ཆ་མ་བཤད་རོགས། མི་རིགས་ཤིག་གི་ཆོས་དང་རིག་གཞུང་རང་དབང་དང་ཐོབ་ཐང་གི་ཆེད་དུ་རང་སྲོག་གཏོང་བ་དེ་བསམ་བློ་མ་སྨིན་པ་ཡིན་ན། ད་འོ་ན་རང་གི་སྟོ་གོས་ཁོ་ནའི་ཆད་དུ་ཡོད་ཚད་བློས་གཏོང་བྱེད་མཁན་དེ་ཚོ་བསམ་བློ་སྨིན་ཡོད་པ་རེད་དམ།

  20. འབྲི་ཆུ། says:
    2012-04-29 at 10:43 am

    བགྲོ་གླེང་འདི་འདྲ་རེ་འཚོགས་ན་བོད་དོན་ལ་ཕན་ངེས་རེད་

  21. རླངས་སྔགས་ནས says:
    2012-04-29 at 11:40 am

    ༄།བགྲོ་གླེང་བྱས་པ་ངོ་མ་ཡིད་ཚིམ་པ་ཞིག་རེད། མུ་མཐུད་དུ་བོད་མིས་བོད་པའི་སེམས་ཚོར་དང་བསམ་ཚུལ་མངོན་འདོན་བྱེད་པ་ཧ་ཅང་གི་གནད་ཐོག་ཏུ་ཕབས་པའི་ལས་འགུལ་ཡིན་པས་སྙིང་ཐག་པ་ནས་ཡི་རངས་བྱེད། །།

  22. ཁ་སྒང་ཤེར་རྒྱམ། says:
    2012-04-30 at 12:42 am

    བཙན་བྱོལ་སྤྱི་ཚོགས་ཁྲོད་འདི་ལྟ་བུའི་བགྲོ་གླེང་འཚོག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ཞིག་ཆགས་ཡོད། དེ་ཡང་སྤྱི་ཚོགས་སྣེ་ཁྲིད་ཐུབ་མཁན་གྱི་མཐོ་རིམ་སློབ་མ་དང་ཞིབ་འཇུག་པའི་སྡེ་ཁག་ལྷན་འདུས་ཀྱིས་ཞིབ་འཇུག་བགྲོ་གླེང་དང་གནད་དོན་གང་ཞིག་གི་རྗེས་འབྲས་ལ་དཔྱད་གླེང་བྱ་རྒྱུ་འདི་ནི་ངེས་པར་དགོས་ངེས་ལ་སོང། ད་ལམ་ནོར་གླིང་མཐོ་སློབ་དང་ཞིབ་འཇུག་སྡེ་ཚན་གཉིས་ཀྱིས་བཙན་བྱོལ་སྤྱི་ཚོགས་འདིར་མིག་དཔེ་བཟང་པོ་ཞིག་བསྟན་འདུག་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང།

  23. བྲོ་འཚལ། says:
    2012-04-30 at 3:08 am

    རྗེས་སུ་ཡི་རང་ཡོད།་་་

  24. མི་འཁྱམ། says:
    2012-04-30 at 5:48 am

    ༼༡༽ མེར་སྲེག་ལས་འགུལ་གྱི་རྒྱབ་ལྗོངས། ༼༢༽ མེར་སྲེག་ལས་འགུལ་བྱུང་འཕེལ་གྱི་རིམ་པ། ༼༣༽ མེར་སྲེག་ལས་འགུལ་གྱི་གྲུབ་འབྲས། ༼༤༽ མེར་སྲེག་ལས་འགུལ་འདི་ངོ་བོ་གཞན་དུ་འགྱུར་མིན། ༼༥༽ མེ་སྲེག་ལས་འགུལ་དང་ཁྱབ་བསྒྲགས་གནས་སྟངས། ༼༦༽ གཞུང་མང་གཉིས་ནས་འགན་ལེན་ཅི་ནུས་སོགས་རྒྱ་ཆེན་པོ་དང་གཏིང་ཟབ་ས་ནས་བགྲོ་གླེང་ལྷུགས་པོ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ཡང་ཁ་ཚ་དགོས་གཏུགས་ཀྱིས་གནད་ལ་འཁེལ་བའི་གཏམ་བཤད་སུས་བཤད་སོང་། རབ་ཡིན་ན་རེ་རེ་བཞིན་དྲ་རྒྱའི་ནང་སྤེལ་རོགས། དེ་ནས་དྲ་གྲོགས་ཚོགས་བསམ་ཚུལ་དང་བགྲོ་གླེང་ལྷུགས་པོ་བརྗོད་ཆོག་ཞུ་རྒྱུ་ཡིན།

  25. ཀ་ཉག་ཚེ་རིང་། says:
    2012-04-30 at 9:52 am

    མ་གཞི་བགྲོ་གླེང་འདི་འདྲ་གནང་གི་ཡོད་པ་སྔ་ས་གོ་ཡོད་ན་ཟུར་ཉན་དུ་བཅར་ཡོད་ངེས་ཀྱང་། ཟུར་ཙམ་ཡང་མ་གོ་བར་དངོས་གནས་འཕངས་སེམས་སྐྱེས་སོང་།

  26. བཟོད་པ་ལྷ་རྩེ། says:
    2012-04-30 at 10:20 am

    ཤིན་ཏུ་ལེགས། མུ་མཐུད་ཡིན་ཏ།

  27. ཕྱུགས་རྭ་ཁུ་བྱུག says:
    2012-05-01 at 8:57 am

    འདི་ལྟ་བུ་བགྲོ་གླེང་ཚོགས་པ་དངོས་གནས་ཡག་པོ་འདུག་ཡིན་ནའང་ཉམ་མྱོང་ཡོད་པ་དང་རྣམ་དཔྱོད་ལྡན་པ་ཅི་ཐུབ་རེ་བསྡུ་རུབ་ཚོགས་ཕན་པ་འབྱུང་སྙམ་མ་འོངས་པ་ཡིན་ན་རང་མགོ་ཙམ་མིན་པར་རྒྱ་ཁྱབ་བྱེད་རྒྱུ་གལ་ཆེ་བར་མཐོང།

  28. ཕྱུགས་རྭ་ཁུ་བྱུག says:
    2012-05-01 at 9:02 am

    མ་འོངས་པར་རིག་གཞུང་ཞིབ་འཇུག་ཁང་འདི་ཁེ་ཕན་དང་དགོས་མཁོ་ཞིག་གི་ཆེད་མ་ཡིན་པར་སྤྱི་ལ་ཁྱབ་པ་དང་མཐོར་འདེགས་འོང་པའི་རེ་བ་ཡོད།

  29. ཕྱུགས་རྭ་ཁུ་བྱུག says:
    2012-05-01 at 9:06 am

    མ་འོངས་པར་བགྲོ་གླེང་འདི་ལྟ་བུ་སྤྱི་ལ་ཁྱབ་པ་དང་གང་མང་གི་ངལ་བ་ལ་གཞོལ་བའི་རེ་བ་ཡོད།

  30. ཕྱུགས་རྭ་ཁུ་བྱུག says:
    2012-05-01 at 9:10 am

    མ་འོངས་པར་བགྲོ་གླེང་འདི་འདྲ་གང་མང་མང་སྤྱི་ལ་ཁྱབ་པ་ཞིག་མཐོར་འདེགས་འོང་པའི་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme