Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་དངོས་སྒྲུང་སྐྱ་མོག་མོག

Posted on 2012-04-26 By ཁ་བརྡ་ 15 Comments on དེ་རིང་གི་དངོས་སྒྲུང་སྐྱ་མོག་མོག

འབའ་སྲས།

༼ཀ༽

ཁ་སང་གི་གཏམ་རྒྱུད་དེ་འོད་ལམ་ལམ།
དེ་རིང་གི་དངོས་སྒྲུང་ནི་སྐྱ་མོག་མོག
ཨ་ཕ་ལགས། དྲང་མོར་གསུངས་དང་།།
གཏམ་རྒྱུད་དེ་ངོ་མ་བདེན་པ་ཡིན་ནམ།

༼ཁ༽

ཁ་སང་གི་དབྱར་ཀ་དེ་དྲོད་ལམ་ལམ།
དེ་རིང་གི་དགུན་ཁ་ནི་འཁྱག་བསིལ་བསིལ།
ཨ་མ་ལགས། དྲང་མོར་གསུངས་དང་།
དབྱར་དགུན་ལ་འགྱུར་ལྡོག་ཡོད་དམ།

༼ག༽

ཨ་ཕ་ལགས།
སྐྱེས་པ་གཏམ་རྒྱུད་ལས་བྱུང་ཞིང་།
རྒས་པ་དངོས་སྒྲུང་ལས་སྐྱེལ་དགོས་པ་འདི།
ངེད་ཚང་གི་ཉེས་པ་ཡིན་ནམ།

༼ང༽

ཨ་མ་ལགས།
དབྱར་ཀའི་དྲོད་འཇམ་གྱི་བུ་ལོན།
དགུན་ཁའི་གྲང་ངར་གྱིས་མཇལ་དགོས་པ་འདི།
ངེད་ཚང་གི་ཁྲིམས་ཆད་རེད་དམ།

སྙན་ངག

Post navigation

Previous Post: ཟླ་བ་དང་མེ་ཏོག
Next Post: ཨ་ཁུ་བསོད་ནམས་ཚང་སྐུ་གྲོངས་ཡོད་འདུག

Comments (15) on “དེ་རིང་གི་དངོས་སྒྲུང་སྐྱ་མོག་མོག”

  1. བསྟན་འོད་ says:
    2012-04-26 at 9:52 pm

    ཨ་ཅོ་ལགས་ཉི་་འོད་གྱི་དྲོད་ཁྱིམ་ཞིག་ན་། སྤྲིན་ནག་གི་རྦ་རླབས་འཚུབ་མ་། འབྱུང་བཞི་ལ་སྙིང་རྗེ་འདུག་གམ་། ཨ་ཅེ་ལགས་རང་ཁྱིམ་གྱི་དྲོད་ཕུག་འདི་ན་། གཉའ་གནོན་གི་་འཚང་ཁ་ཤིག་ཤིག་། བདེན་པ་ལ་རྒྱབས་ལྗོངས་མེད་དམ་།

  2. སྐྱོ་བྲག་དགའ་དབང་། says:
    2012-04-27 at 12:03 am

    ཁ་སྒང་བསམ་གཏན་ལགས་བཀྲ་ཤིས་བདེ་ལེགས། ཡག་པོ་བྲིས་འདུག

  3. འབའ་སྲས། says:
    2012-04-27 at 1:27 am

    བསྟན་འོད་ཀྱིས་ཁ་སྐོང་འདི་འདྲ་ཞིག་ངའི་ཡིད་ལ་ཤར་མ་སོང་།

    སྐྱོ་གྲགས་དགའ་དབང་ཕེབས་པ་ལེགས།

  4. རྩམ་དགའ། says:
    2012-04-27 at 1:47 am

    འབའ་སྲས་ཚང་གི་ལྕེ་རྩེ་ལས། །
    སྲོག་རྒྱུན་སྙན་ངག་ཆུ་བཞུར་བཞུར། །
    དེང་རྩོམ་དེ་ཡང་མེ་འབར་འབར། །
    དབྱངས་ཅན་མགྲིན་པར་རོལ་བ་འདྲ། །

  5. འབའ་སྲས། says:
    2012-04-27 at 5:25 am

    སྲོལ་རྒྱུན་གྱི་སྨྲ་ལྕེ་བདེ་མོ།།
    དེང་རབས་ཀྱི་མིག་ཟུང་རྣོན་པོ།།
    ང་རང་ལ་ཡོད་པ་ཡིན་ན།།
    འཇིག་རྟེན་ལ་མཛེས་སྡུག་བསྐྲུན་འདོད།།

    བྱ་རྒོད་ཀྱི་གཤོག་རྩལ་ཉམས་ཐལ།།
    ཁུ་བྱུག་གི་མགྲིན་སྙམ་འགག་ཐལ།།
    སྙན་ངག་གི་དབྱངས་རྟ་ཆད་ཐལ།།
    ང་རང་ལ་ཅི་ཡང་མི་འདུག །

  6. གཅན་རོང་བསམ་གཏན་རྒྱ་མཚོ། says:
    2012-04-27 at 8:15 am

    སྲོལ་རྒྱུན་གྱི་ཟླ་བའི་འཛུམ་ཟེར། །
    མཁའ་དབྱིངས་ན་འོད་དུ་འཚེར་འདུག །
    དེང་རབས་ཀྱི་སྙན་ཚིན་མེ་ཏོག །
    འབའ་སྲས་ཀྱི་མགྲིན་ལས་འཁྲུངས་སོང་། །
    སྡེབ་སྦྱོར་གྱི་སྒྱུ་རྩལ་རྫོགས་པས། །
    རྐང་དྲུག་ཚོའི་སྟོད་དབྱངས་སྙན་པ། །
    དྲི་བསུང་ནི་ཕྱོགས་མཐར་ཁྱབ་པས། །
    སྦྲང་ཆུང་ང་དགའ་ནས་བསྡད་ཡོད། །

  7. བསྟན་འོད་ says:
    2012-04-27 at 12:34 pm

    འབའ་སྲས་ཀྱི་མགྲིན་པ་དེ་ན་། དྲུག་འགྱུར་གི་ཚོམ་བུ་བཞད་འདུག་། དེང་རབས་ཀྱི་སྙན་རྩོམ་འདི་འདྲ་། མུ་འཐུད་དུ་རེ་རྒུག་བྱས་ཡོད་།

  8. བསྟན་འོད་ says:
    2012-04-27 at 12:43 pm

    ཕེབས་ཤོག་ལགས་འབའ་བ་ཚང་གི་སྲས་ཆུང་ཁྱེད་་། སྒང་བ་ཚང་གི་གཅིས་འཕྲུག་ཁྱེད་།

  9. འབའ་སྲས། says:
    2012-04-27 at 1:15 pm

    ངའི་སྙན་ངག་ལ་གདེང་འཇོག་བྱེད་རིན་ཞིག་མེད་ཀྱང་། རྣམ་པ་ཚོས་བཀླག་འོས་པ་ཞིག་ཏུ་བརྩི་བཞིན་པར་དགའ་ཡོད། མུ་མཐུད་བརྩོན་པ་སྐྱེད་ངེས་ཡིན།

  10. བསྟན་འོད་ says:
    2012-04-27 at 1:18 pm

    ཐུགས་རྗེ་ཆེ་།

  11. ཀླུ་སྨྱོན། says:
    2012-04-27 at 1:27 pm

    འབའ་སྲས་ཁ་ནང་འབུ་ལུ་བཞག་པ་འདྲ། །
    མཇེ་རྩོམ་མཇེ་གོག་ལངས་པ་དེ་འདྲ་བྲིས། །
    འབའ་སྲས་ཁ་ནང་སྟུ་ཆུ་བཏུངས་པ་འདྲ། །
    སྟུ་རྩོམ་སྟུ་ངན་གད་མོ་འཆོར་བ་བྲིས། །

  12. འབའ་སྲས། says:
    2012-04-27 at 2:27 pm

    མེ་ཏོག་ལམ་བཟང་ཟེར་ནས་སྟུ་ལ་འབྲི།།
    འདོམ་གྱི་སྦལ་བ་ཟེར་ནས་མཇེ་ལ་འབྲི།།
    གསར་སྐྱེས་འཁྲི་ཤིང་ཟེར་ནས་བརླ་ལ་འབྲི།།
    བྲིས་བྲིས་ཚང་མ་བླ་མ་ཀླུ་ལ་མཆོད།།

  13. བསྟན་འོད་ says:
    2012-04-27 at 5:16 pm

    དགའ་བའི་བུ་ག་ཟིལ་བ་ཁྲོམ་མེར་འབྲི་་། དགའ་བའི་འཁྲི་ཤིང་གྱེན་དུ་ལང་་བ་འབྲི་། དགའ་བདེའི་བདེ་བས་དལ་གཅིག་བཟི་བ་འབྲི་། རྒན་མོའི་གོང་ནས་འགའ་གླུ་ཁྱོད་ལ་ལེན་།

  14. ཡར་ཁམས་ཁྲི་རྒྱལ། says:
    2012-04-28 at 1:23 am

    བྲིས་བྲིས་ཚང་མ་བླ་མ་ཀླུ་ལ་མཆོད་པ་འདི།
    ཁྲི་རྒྱལ་ང་ཡའི་བསམ་པ་དེ་མཚུངས།
    ཀླུ་སྨྱོུན་འདི་ཡི་ཐུགས་ལ་ཇི་མཁྱིན་པ།
    ང་ཡི་སེམས་ལ་ཟླ་བའི་འོད་ལྟར་གསལ།

  15. རྩམ་དགའ། says:
    2012-04-28 at 3:10 am

    ཚེ་སྐྱིད་མཛེས་མ་རེད་ཅེས་བསྟོད་ལ་ཤོག །
    སྐུ་གཟུགས་ལྷ་མོའི་ཡག་ཅེས་བསྟོད་ལ་ཤོག །
    ནུ་ཟུང་བུམ་པར་འདྲ་ཞེས་བསྟོད་ལ་ཤོག །
    ཀླུ་སྨྱོན་མཇེ་ནག་ལངས་བྱེད་ཕྲིས་ལ་ཤོག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme