Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྲལ་མྱུར་གློད་གྲོལ་འཐོབ་ཐབས་ལ་ཚང་མས་ཤུགས་སྣོན་གང་ཆེ་གནང་རྒྱུ།

Posted on 2012-04-24 By ཁ་བརྡ་ 8 Comments on ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྲལ་མྱུར་གློད་གྲོལ་འཐོབ་ཐབས་ལ་ཚང་མས་ཤུགས་སྣོན་གང་ཆེ་གནང་རྒྱུ།

བོད་དགའ།

༄༅། དེ་རིང་ནི་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁྲུངས་ནས་ལོ་ངོ་༢༣་དང་གུང་ཁྲན་གྱིས་བཙན་བཟུང་བྱས་ནས་ལོ་ངོ་༡༧་སོང་བའི་ཉིན་མོ་ཡིན། བོད་མི་གཙོ་བྱས་འཛམ་གླིང་ནང་པ་ཡོངས་ཀྱི་སེམས་ནང་ཁོང་ཉིད་གང་དུ་ཡོད་མེད་ཐོག་ལ་སེམས་འཚབ་མེད་མི་སྲིད། གང་ཡིན་ཞེ་ན།༧པཎ ཆེན་སྐུ་ཕྲེང་ན་རིམ་གྱི་མཛད་རྣམ་ནང་འཁོད་དོན་ལྟར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་འགྲོ་བ་སེམས་ཅན་ཡོངས་ལ་སྨན་པ་དང་།ཁྱད་པར་བོད་རྒྱ་ཆེའི་མི་མང་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ།ཁ་རྒྱུན་ལ།གནམ་ལ་ཉི་ཟླ་གཉིས། ས་ལ་རྒྱལ་དབང་པཎ་ཆེན་ཞེས། རྒྱལ་བ་ཡབ་སྲས་རྣམ་གཉིས་ནི་སྐུ་ཕྲེང་རིམ་པར་བོད་མི་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཆོས་རིག་གཅིག་པའི་མི་མང་ལ་དམིགས་བསལ་འབྲེལ་བ་དམ་ཟབ་ཡོད།ཁོང་གཉིས་ནི་བོད་མིའི་བླ་སྲོག་ལྟར་གནས་ཡོད་ཅིང་།ལྷག་པར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་།ཀུན་གཟིགས་༧པཎ་ཆེན་བཅུ་པ་ཅེན་པོ་རྣམ་གཉིས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཚད་མེད ་སྐྱོན་པ་ཙམ་དུ་མ་ཟད་མཛད་རྗེས་ཀྱང་གཞན་ལས་འབུར་ཐོན་བཞག་གནང་མཛད་པ་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་པ་ཡིན།འོན་ཀྱང་ཀུན་གཟིགས་༧པཎ་ཆེན་བཅུ་པ་དགོངས་པ་རྫོགས་རྗེས་ཡང་སྲིད་རིན་པོ་ཆེ་འཚོལ་ཞིབ་ཐོགས་འབད་བརྩོན་དང་དཀའ་སྡུག་རིམ་བརྒྱུད་ཐོགས་མཐར་ ༡༩༩༥ ལོའི་ཕྱི་ཟླ་༥་ཚེས་༡༤ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་མཛད་ཁུར་ཆེ་བཞེས་ཀྱིས་བརྟག་དཔྱད་ཞིབ་ནན་གྱིས་ཐ་མའི་ཐག་ཆོད་དེ་སྐུ་ཕྲེང་བཅུ་གཅིག་པ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ངོས་འཛིན་གསལ་བསྒྲགས་བརྐྱངས་པར་བོད་མི་གཙོ་གྱུར་འཛམ་གླིང་ནང་པ་ཡོངས་ལ་རེ་ཞིག་དགའ་བས་རྣམ་པས་ཁེངས་ཡོད། འོན་ཀྱང་ཉིན་གཉིས་ལས་མ་སོང་བར་ཆུང་སྲིད་རིན་ཆེ་དགོངས་ལོ་དྲུག་ལས་མ་སོན་པ་དེ་གུང་ཁྲན་དམར་གཞུང་གིས་བཙོན་བཅུག་ཀྱིས་འཛམ་གླིང་མི་མང་སུ་ཞིག་ལའང་མཇལ་རྒྱུའི་གོ་སྐབས་མེད་པ་མ་ཟད། ད་བར་འཛམ་གླིང་ནང་ཆེས་མཐོའི་སྙན་གྲགས་ཆེ་བའི་མི་སྣ་མང་པོ་ཞིག་མཇལ་འདོད་ཀྱི་རེ་འདུན་སྔ་རྗེས་སུ་རྒྱ་དམར་གཞུང་ལ་སྟོན་ཀྱང་གུང་ཁྲན་དམར་གཞུང་ནས་ཁས་ལེན་ཅིག་ཀྱང་བྱས་མེད། རྒྱ་དམར་གཞུང་ནས་དེ་ལྟར་བྱས་པ་དེ་ནི་འཛམ་གླིང་མི་མང་ཡོངས་དང་།གྲགས་ཅན་མི་སྣ་དེ་དག་ལའང་མཐོང་ཆུང་དང་བརྙས་བཅོས་རྡོག་བརྫིས་བཅས་བྱས་པ་མངོན་སུམ་ཡིན། འཛམ་གླིང་ནང་ད་དུང་དེ་ལྟའི་བྱེད་ཚུལ་ལ་མཐའ་གཅིག་ཏུ་རྒོལ་ཕོད་ཅན་གྱི་མི་སྣ་དཀོན་པར་སྣང་ངོ་།ལྷག་པར་བོད་མི་རིགས་རིག་གཞུང་དང་བཅས་པར་མཐོང་ཆུང་དང་བརྙས་བཅོས་ཆེན་པོ་ཞིག་དང་།མགོན་དཔུང་དམ་པ་དེ་ཉིད་བོད་མི་རྣམས་ཀྱིས་ཞལ་མཇལ་ཙམ་ཡང་མ་ཐུབ་པ་ནི་ཤིན་ཏུ་ནས་ཕངས་པ་ཞིག་ཡིན། ༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་སྤྱི་དང་།ལྷག་པར་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་ལོ་རབ་དྲུག་བཅུ་བདུན་བཅུའི་ནང་བོད་མི་རིགས་འདིའི་ཆེད་དུ་ལོ་དགུ་ཟླ་བརྒྱད་མུན་བཙོན་དུ་བཞུགས་དགོས་བྱུང་བ་མ་ཟད། བཙོན་བཀྲོལ་རྗེས་ལོ་ངོ་བཅུ་ལྷག་བཞུགས་རིང་མདོ་དབུས་ཁམས་གསུམ་དུ་གཟིགས་ཞིབ་དང་།བོད་མིའི་བདེ་སྡུག་ཐོག་ཐུགས་ཁུར་རྐང་བཞེས་དང་། མི་རིགས་ཀྱི་རིག་གཞུང་ཕྱོགས་གང་ཐད་ནས་དབྱར་མཚོ་རྒྱས་པ་ལྟར་གསོ་ཐབས། ཐ་ན་མི་རིགས་རང་གི་ཆས་གོས་དང་རྒྱུན་སྲོལ་གང་ཐད་ནས་མི་ཉམས་པ་བྱ་རྒྱུར་རེ་འབོད་རྒྱུན་འཁྱོངས་གནང་ཡོད། མདོར་ན། ཁོང་གིས་ཉིན་ཚན་མེད་པ་མི་རིགས་འདིའི་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ཡོད་དེ་ཡང་ཁོང་ཉིད་ཀྱི་ཞལ་ལས་ངའི་ཕྲག་པར་བོད་མིའི་བདེ་སྡུག་གི་ལས་འགན་ལྗིད་མོ་བབས་ཡོད་དེ་ནི་གཞན་ལ་བཀྲི་ཐབས་མེད་པ་ཞིག་ཡིན་པས་ངས་བོད་མིའི་ཆེད་དུ་ཁ་བཙུམ་ནས་ནམ་ཡང་སྡོད་མི་ཐུབ་ཅེས་གསུངས། མཛད་རྗེས་རྣམས་དེབ་ཐེར་ནང་གསལ་བ་མ་ཟད་བོད་ནང་གི་ཤེས་ལྡན་པ་ཚོའི་སེམས་ནང་དེ་བས་གསལ་བར་གནས་ཡོད། དེར་བརྟེན་གང་གི་ཡང་སྲིད་རིན་པོ་ཆེ་དེ་༧པཎ་ཆེན་གོང་མ་དེ་ཉིད་ཀྱིས་འཛམ་གླིང་ཞི་བདེ་དང་གངས་ཅན་ལྗོངས་ཀྱི་ཆོས་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་ནང་ཡར་ཐོན་དང་། སྔོན་ཐོན་མི་རིགས་ཚང་མའི་སྔོན་དུ་མདུན་སྐྱོད་ཐུབ་རྒྱུའི་ཐུགས་རེ་བཅངས་པའི་མཛད་འཕྲིན་དེ་རྣམས་འཇུག་སྐྱོང་གནང་མཁན་ངོ་མ་དེ་ཆག་ཡོད། འོན་ཀྱང་ཡང་སྲིད་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་གིས་བཙོན་བཅུག་བྱས་ཏེ་ད་ལྟའང་གང་དུ་ཡོད་མེད་སུས་ཀྱང་ཤེས་ཚོར་མེད་པ་འདི་ང་ཚོའི་མི་རིགས་འདི་ལ་དོན་ངོ་མ་གྱོང་གུན་ཇི་ཚམ་ཕོག་གི་ཡོ་པ་ཚང་མས་བློ་གཟུ་བོར་གནས་ཏེ་བརྟག་ན་ཤེས་པར་སླ། འོ་ན་དེ་འདྲའི་གྱོང་གུན་ཚབ་ཆེན་ཞིག་རང་རེར་ཕོགས་ཀྱང་ང་ཚོས་གོ་ཚོར་མེད་པ་སྣང་མེད་དུ་སྡད་ན་དེ་བས་བླུན་པ་ཞིག་གང་ན་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་༧པཎ་ཆེན་གོང་མའི་དྲིན་ལན་གསོབ་ཕྱིར་ཡང་༧གོང་ས་བཀའ་དྲིན་ཟླ་མེད་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་བཀའ་གསུང་ཅི་སྒྲུབ་ཐོག་ང་ཚོས་དེ་མུར་མ་བསྡད་པར་ཚང་མས་ནུས་ཤུགས་སྟོན་དགོས་ངེས་ཡིན། རྡོག་རྩ་གཅིག་སྒྲིལ་གྱི་ནུས་ཤུགས་བཏོན་ན་དེས་མ་འགྲུབ་པའི་བྱ་བ་མི་སྲིད་། དཔེར་ན།ངག་དབང་ཆོས་འཕེལ་གྱི་སྐྱེད་མས་ངག་ཆོས་བཙོན་གྲོལ་ཆེད་ནུས་ཤུགས་ཆེན་པོས་ལས་སྐུལ་རྒྱུན་ཁྱོངས་བྱས་པའི་གྲུབ་འབྲས་ཀྱིས་ང་ཚོར་དཔེ་མཚོན་གསལ་བསྟན་བྱས་ཡོད། ད་ལྟ་ང་ཚོས་རྒྱ་དཔོན་རྣམས་ཁྲེགས་བཟུང་ཅན་རེད་ཅེས་ཞུམ་ནས་བསྡད་ན་ང་ཚོའི་བདེན་དོན་རྣམས་ནམ་ཡང་འགྲུབ་མི་སྲིད། ཀུན་གཟིགས་༧པཎ་ཆེན་བཅུ་གཅིག་པ་མཆོག་བོད་མི་རིགས་རིག་གཞུང་དང་བཅས་པར་གནད་འགག་གང་འདྲ་ཆགས་ཀྱི་ཡོད་མེད་བསམ་བློ་གཞན་འཁོར་མ་ཐུབ་ནའང་། རྒྱ་གཞུང་ནས་ཁོང་ཉིད་དགོངས་ལོ་དྲུག་ལས་མ་སོན་རུང་བཙོན་བཅུག་བྱས་པ་དེ་ལ་བསམ་བློ་ནན་པོ་ཞིག་གཏོང་དང་གནད་འགག་ཆེ་ཆུང་གསལ་ཤེས་ཐུབ་ངེས་རེད། མདོར་ན་རྒྱལ་དབང་ཡབ་སྲས་རྣམ་གཉིས་ནི་ང་ཚོ་ཚང་མའི་བཀའ་དྲིན་གྱི་བདག་ཉིད་བླ་ན་མེད་པ་སོང་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་གསུང་ཅི་སྒྲུབ་མ་ཞུས་པ་དང་།༧ཚཔཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ་ངོ་བཅོ་བདུན་སོང་ཡང་ད་དུང་གང་ཡོད་མ་ཤེས་པའི་དུས་དེར་ཁོང་བཙོན་གྲོལ་འཐོབ་ཐབས་ཀྱི་ལས་སྐུལ་སྤེལ་རྒྱུ་དང་།ཤུགས་བསྣོན་རྒྱག་རྒྱུའི་བསམ་པ་མེད་པར་འདུ་ཤེས་ གསུམ་པའི་ངང་ཚུལ་བཟུང་ན་དེ་བས་བླུན་པ་དང་། བྱས་ཤེས་དྲིན་དྲན་མེད་པ། མ་རབས་ཆེ་བ་ག་ལ་ཡོད་དེ་མེད་པས་སོ། དེར་བརྟེན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྲལ་མྱུར་གློད་གྲོལ་འཐོབ་ཐབས་ལ་ཚང་མས་ཤུགས་སྣོན་གང་ཆེ་གནང་རྒྱུ་ནི་མི་རིགས་འདིའི་ལས་དོན་གྱི་གནད་འགག་ཏུ་བཟུང་སྟེ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ལས་འགུལ་ཤུགས་ཆེ་ལ་རྒྱུན་འཁྱོངས་བ་སྤེལ་རྒྱུའི་རེ་འདུན་དང་།༧གོང་སྐྱབས་མགོན་རྒྱལ་བ་ཡབ་སྲས་རྣམ་གཉིས་སྐུ་ཚེ་ཡུན་དུ་བརྟན་ཅིང་རིང་མིན་ལྷ་ལྡན་རྒྱལ་ས ་ཆེན་པོར་གསེར་ཞལ་ལྷན་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་བཅས།། །།

སྣ་ཚོགས།

Post navigation

Previous Post: ཉིན་འདི་ཚོར མེ་དང་མཚོན་ཆའི་བར་གསེང་ནས
Next Post: སྐྱེལ་འཕྲིན་ཚིག་གསུམ།

Comments (8) on “༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྲལ་མྱུར་གློད་གྲོལ་འཐོབ་ཐབས་ལ་ཚང་མས་ཤུགས་སྣོན་གང་ཆེ་གནང་རྒྱུ།”

  1. དྲ་གཉིད་ says:
    2012-04-24 at 11:18 pm

    ཀུན་གཟིགས་༧པཎ་ཆེན་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའི་སྐུའི་འཁྲུངས་སྐར་ལ། གུས་པས་སྙིང་ཁོང་རུས་པའི་གཏིང་ནས་འཚམས་སྤྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག མགོན་པོ་མཆོག་སྐུ་ཚེ་བསྟན་ཅིང་སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཀྱང་ཞུ་རྒྱུ་ཡིན།།

  2. ཆུ་ཤེལ་དྭངས་མོ། says:
    2012-04-25 at 5:57 am

    པན་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་འཚམ་འདྲི་དང་། མགྱོགས་མྱུར་དུ་ཀླ་ཀློའི་བཙོན་ལས་ཉི་མ་སྤྲིན་པའི་འོག་ནས་ཐར་བ་བཞིན་གློད་གྲོལ་ཡོང་བའི་སྨོན་ལམ་འདེབས། རྒན་ཆབ་བྲག་གི་འཁར་ར་བྱེད་སྟངས་གང་ཡིན་ན། དེ་ནི་བཤད་སྟངས་ཤིག་ཡིན་མིན་ཐད་དྲ་གྲོགས་ཚོས་བསམ་བློ་ནན་མོ་ཞིག་གཏོང་རོགས་ཟེར་རྒྱུ་ཡིན། བོད་རྒྱལ་ལོ།

  3. ཇོ་རྒོད་སྐྱེས། says:
    2012-04-25 at 6:35 am

    ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་འཕྲིན་ལས་ཕུན་ཚོགས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་དགའ་ལགས་ཀྱིས་འདས་པའི་༸པཎ་ཆེན་རིན་པོ་ཆེའི་སྐུ་དྲིན་དང་ད་ལྟའི་གནས་སྟངས་ཐོག་ནས་དགོངས་ཚུལ་གཏིང་ཟབ་པོ་སྤེལ་གནང་བར། དམིགས་བསལ་ཐུགས་རྗེ་ཆེ་ཞུ།

  4. འཇིིགས་མེད་ says:
    2012-04-25 at 6:56 am

    ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབ་གཅིག་མགྱོགས་མྱུར་ཀླ་ཀློའི་བཙོན་འོག་ནས་ཐར་ཏེ་གསེར་ཞལ་མྱུར་མཇལ་ཡོང་བའི་སྨོན་འདུན་ཞུ། །

  5. སྐྱུ་རྩི་ནས། says:
    2012-04-25 at 11:10 am

    བོད་དགའ་ལགས་བཀྲ་ཤིས་བདེ་ལེགས། སྐུ་ཁམས་གསལ་ཐང་།

  6. རེ་བ་ says:
    2012-04-25 at 2:48 pm

    ང་རང་དུས་རྟག་ཏུ་ཀུན་གཟིགས་༧པཎ་ཆེན་སྐུ་གོང་མས་བོད་མི་རྣམས་ལ་བཀའ་དྲིན་བསམ་བརྗོད་ལས་འདས་པ་སྐྱངས་པ་དྲན་བཞིན། ཁོང་གི་ཡང་སྲིད་ཕྲལ་མྱུར་རྒྱའི་བཙོན་འོག་ལས་གྲོལ་བའི་སྨོན་ལམ་དང་འདུན་པ་བཅངས་ནས་ཡོད། དེ་རིང་སྐུའི་འཁྲུངས་སྐར་ཉིན་མོ་འདིར་གུས་པས་སྙིང་ཁོང་རུས་པའི་གཏིང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།། །།

  7. ལ་རྒྱའི་བདག་པོ། says:
    2012-04-26 at 2:07 am

    ༧བདེ་ལྡན་ཞིང་གི་མགོན་པོ་༧ཀུན་གཟིགས་སྣང་བ་མཐའ་ཡས་༧པཎ་ཆེན་ཨིར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡི་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་རང་ལུགས་དགུང་གྲངས་༢༤དང་ཕྱི་ལུགས་དགུང་གྲངས་༢༣བྱོན་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྐྱོ་ཟུར་སྦྲེལ་གྱི་དུས་སྟོན་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས།གང་ཉིད་རྒྱ་དམར་ཀླ་ཀློའི་བཙོན་མུན་ནང་སྐུ་གེགས་ཀྱི་མཚན་མ་མཐའ་དག་ཞི་ནས་གང་མྱུར་རང་གདན་གངས་ཅན་ཆོས་ལྡན་ཞིང་ཁམས་སུ་ཞབས་གསོར་བདེ་བར་འཁོད་ནས་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་སྨོན་ལམ་བཟང་པོས་རྒྱན་ཏེ་ཕུལ་ལགས།།

  8. ལ་རྒྱའི་བདག་པོ། says:
    2012-04-26 at 2:26 am

    དྲ་གྲོགས་བོད་དགའ་ལགས་ཁམས་བཟང་།
    ཉིད་ཀྱི་རྩོམ་ཡིག་ནང་༧ཀུན་གཟིགས་༧པཎ་ཆེན་རིན་པོའི་ཡང་སྲིད་ངོས་འཛིན་ཞུས་པའི་བརྒྱུད་རིམ་ཐུང་ཙམ་ནས་འགོ་བརྩམས་ཏེ་རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་ཐུན་མོང་མིན་པའི་འབྲེལ་བ་དང་།༧ཀུན་གཟིགས་སྐུ་ཕྲེང་བཅུ་པ་ཆེ་མོའི་མཛད་རྗེས་ཀྱི་ཐོག་ནས་མགོན་པོ་གང་ཉིད་བོད་མིར་བཀྲིན་ཆེ་ཚུལ།དེ་མིན་ཡང་སྲིད་རིན་པོ་ཆེ་རྒྱ་གཞུང་གི་བཙོན་ནས་ཀློད་འཁྲོལ་དགོས་རྒྱུར་ནུས་པ་འདོན་དགོས་བཅས་ཀྱི་དོན་སྙིང་ལྡན་པའི་འབོད་བསྐུལ་གང་ལེགས་གནང་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།གུས་པས་ཀྱང་དེ་ལས་ལྷག་པ་ཞིག་བསྐྱར་ཟློས་དུང་ལ་དཀར་རྩིའི་རིས་མོ་བྲིས་པའི་དགོས་པ་མ་མཆིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme