Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་པ།

Posted on 2012-04-212012-04-21 By ཁ་བརྡ་ 2 Comments on རྒྱལ་གཅེས་པ།

ངས་པོ་རྒྱལ་མཚན

ཞི་བདེའི་མེ་ཏོག་བཞད་པའི་ཁ་བའི་ལྗོངས།། ཕུན་ཚོགས་རང་དབང་བདེ་སྐྱིད་རོལ་པའི་དུས།།
ཤར་ཕྱོགས་འབྱུང་པོའི་བསླུ་བྲིད་དབྱེན་སྦྱོར་གྱིས།། བསིལ་ལྡན་ལྗོངས་ལ་ཁྲག་གི་འཁོར་ལོ་བསྐོར།།

ཕྱག་ན་པད་མོ་ས་མཐའི་ཡུལ་ལ་སྤྲད།། སྣང་མཐའི་མགོན་པོ་མུན་པའི་བཙོན་དུ་བཅུག།།
རིགས་ཞེན་ལང་ཚོ་རྒྱས་པའི་གངས་ཕྲུག་ཚོ།། གཡོ་སྒྱུའི་གདུག་རྩུབ་མེ་མདས་སྐུ་སྲོག་འཕྲོག།

གསོན་འདྲེ་དམར་པོ་དར་བའི་གནས་སྐབས་སུ།། ཤ་དང་ཁྲག་ལ་རྔམ་པའི་འབྱུང་ཚོགས་ཀྱིས།།
གསར་འགྱུར་སྣ་ཚོགས་འབྲུག་སྒྲར་ཟློ་མོད་ཀྱང།། གངས་ལྗོངས་རྒུད་པའི་ལྟས་ངན་ཉིད་དུ་ངེས།།

ཡོད་ཚད་དངུལ་ལ་བཅོལ་པའི་དུས་རབས་འདིར།། རྣག་ཁྲག་རུས་ལ་རྔམ་པའི་ཤན་ཚོགས་ཀྱིས།།
སུམ་རྩེན་གནས་ལ་འགྲན་པའི་ཁ་བའི་ལྗོངས།། ཟས་མེད་ཡི་དྭགས་དོ་ཟླའི་གནས་ལ་བསྒྱུར།།

བྱམས་བརྩེའི་ཟས་ཀྱི་འཚོ་བའི་གངས་ཅན་པ།། ལྟོགས་སྐོམ་མེ་ལྕེ་གཡུལ་སར་འགྲན་པའི་དུས།།
སྒོར་མོས་ལོང་པའི་རྒྱལ་སྤྱིའི་ཚོགས་སྡེ་རྣམས།། སྐུ་སྲོག་མཆོད་མེའི་འོད་ཀྱིས་མཐོང་བར་བརྩོན།།

བསིལ་ལྡན་བོད་མིའི་ཞི་བའི་གདུང་དབྱངས་ལ།། སྲིན་བུའི་ཕོ་ཉས་མཚོན་ཆའི་གདུག་རྩུབ་ཀྱིས།།
ཁྲག་གིས་འཁོར་ལོ་བསྐོར་སའི་དམྱལ་ཁམས་ནས།། སྐུ་ལུས་མཆོད་མེའི་འོད་ཀྱིས་སྐྱོབ་ཐབས་གནང་།།

བཙན་འཛུལ་མེ་ལྕེ་འབར་བའི་གཡུལ་ས་རུ།། ཞུམ་མེད་སྙིང་སྟོབས་བདེན་པའི་དར་འཕྱར་ནས།།
སྐྱབས་མེད་མགོན་མེད་བོད་མིིའི་ཐོབ་ཐང་དེ།། སྐུ་ལུས་མཆོད་མེའི་འོད་ཀྱིས་སླར་གསོར་བརྩོན།།

བཙན་ཤེད་གོས་སུ་གྱོན་པའི་རྒྱ་ཇག་གིས།། བོད་མིའི་ཐོབ་ཐང་མེ་མདས་བྲན་བཀོལ་ནས།།
རྒྱལ་སྤྱིར་རྫུན་གཏམ་མེ་ཆེན་སྤར་ན་ཡང་།། ལྷད་མེད་བདེན་པའི་ཆུ་ཡིས་བརླན་པར་མཛད།།

དཔལ་འབྱོར་འཕེལ་རྒྱས་སྒྲོགས་པའི་མིང་བྱང་ལས།། ཐོབ་ཐང་དངུལ་དང་བརྗེ་པའི་གྲོས་ཚོགས་སུ།།
ཤ་གཟན་འབྱུང་པོ་ལག་དམར་ཧུའུ་ཅིན་ཐའོ།། སྐུ་ལུས་མཆོད་མེའི་འོད་ཀྱིས་ལམ་སྣེ་དྲངས།།

རྒྱལ་གཅེས་པ་ཡིས་བདེན་པའི་སྙིང་སྟོབས་ཀྱིས།། མ་རུང་སྲིན་པོའི་ཚོགས་ལ་ཟུག་རྔུ་བསླངས།།
རྟ་གཡག་མགོ་སྦྲེལ་བླུན་པོའི་ཟློས་གར་དེ།། སྐུ་ལུས་མཆོད་མེའི་འོད་ཀྱིས་གསལ་བར་མཛད།།

སྙན་ངག

Post navigation

Previous Post: ཁྱོ་ཤུག་གཉིས་ཀྱི་བོད་དོན།
Next Post: དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཞུམ་མེད་ལྷག་བློའི་གཟེངས་བསྟོད།

Comments (2) on “རྒྱལ་གཅེས་པ།”

  1. Dhunduptsering says:
    2012-04-21 at 11:19 am

    Thank you very gud

  2. དཔྱིད་འགོའི་མེ་ཏོག says:
    2012-04-21 at 12:19 pm

    རང་ལས་གཞན་གཅེས་དམ་པའི་གོ་ཆ་གྱོན།།

    ན་ཟུག་བྲག་གི་འགག་འཕྲང་སྟོབས་ཀྱིས་བཅོམ།།

    མེ་དཔུང་དམར་པའི་ཁྲོད་ཀྱི་མགོན་སྐྱབས་དག།

    བསྒྲུན་མེད་དཔའ་བོ་དག་ལ་སྙིང་ནས་འདུད།།

    འདས་མ་ད་གསུམ་ལོ་ཟླའི་སྐྱུར་ཁ་དག།

    ཡུན་རིང་སེམས་ཀྱིས་ངོགས་སུ་ཝ་ལེར་གསལ།།

    བོད་རྒྱལ་ལོ་་་་་་་་་བོད་རྒྱལ་ལོ་་་་་་མི་རིགས་ཀྱི་སྙིང་སྟོབས་ལགས་་་་་་ང་ཁྱེད་ལ་དུང་ཞིང་ཁྱེད་ལ་བྱམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme