Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག

Posted on 2009-06-052009-06-05 By namkha 6 Comments on བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག

བྱ་རྒོད་རྒྱལ་པོ།
མ་མཐར་མཛད་སྒོའི་གསར་འགྱུར་བཀོད་སྐབས་ཉིན་རེ་རྩེད་མོའི་རེའུ་མིག་ཞིག་ཀྱང་ངེས་པར་དུ་བཀོད་དགོས་པ་རེད། དེ་ཚོ་ང་ཚོས་མ་བཀོད་ན་སུས་བཀོད་ཀྱི་རེད། དེ་ལྟར་གནས་ཚུལ་བཀོད་ཕྱོགས་སོགས་ཀྱིས་ཐད་བསམ་བློ་གཏོང་སྐབས། གསར་འབྱོར་དང་གཞིས་ཆགས་ཀྱི་བར་སྟོང་མངོན་ཡོང་གི་འདུགdsc_01801 ངས་དྲང་པོར་བཤད་ན། ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་འདི་ནང་བོད་ཡིག་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་མང་ཆེ་བ་ནང་ལས་ཀ་བྱེད་མཁན་རྣམས་ཕལ་ཆེར་གསར་འབྱོར་བ་ཡིན་དུས། བསམ་བློ་ཡག་པོ་གཏོང་དགོས་འདུག གང་ལགས་ཤེ་ན། ང་ཚོ་བོད་མི་ཚང་མ་རྡོག་རྩ་ཆིག་བསྒྲིལ་དགོས་པ་དང་མཐུན་པོ་དགོས་པ། ཕན་ཚུན་རོགས་རམ་བྱས་དགོས་ལབ་ཀྱི་ཡོད་ཀྱང་། ད་བར་དུས་དེབ་དང་ཚགས་པར་མང་ཆེ་བའི་ནང་མི་སྣ་ཞིག་ལ་བཅར་དྲི་བྱས་ན་མི་སྣ་དེ་གསར་འབྱོར་བ་ཞིག་ཡིན་ངེས་ཤིང་། ཕལ་ཆེར་དེའི་ནང་ནས་ཨ་མདོ་བ་ཞིག་ཡིན་ངེས་རེད་ཤག གནས་ཚུལ་ཞིག་བཀོད་ན་རྡ་རམ་ས་ལ་ལ་གསར་འབྱོར་བ་ཞིག་ལ་༌༌༌༌། ཡང་༌༌༌བོད་ནས་ཡོང་བའི་༌༌༌༌༌༌༌། དེ་འདྲ་ཀྱང་་ཀྱང་རེད། དེ་འདྲ་སོང་གཙང་སོ་སོ་ལ་གནོད་སོང་བསམས་ནས་ངའི་སྐད་ཆ་རྣ་བའི་རྒྱབ་ཏུ་མ་གཡུག་པར་བསམ་བློ་གཏོང་དང་། ང་ཚོས་གཅིག་ནས་བོད་ཡིག་ཡར་རྒྱས་གཏོང་གི་ལབ་ཀྱི་ཡོད། གལ་ཏེ་དེ་ལྟར་གཏོང་གི་ཡིན་ན། བོད་་ནང་གཏོང་གི་ཡིན། རྒྱ་གར་ནང་གཏོང་ཡིན། བོད་ནང་རྡ་སའི་གསར་ཤོག་དང་དུས་དེབ་ཁ་ཤས་ཀྱི་གཏོང་ས་ཡོད་མ་རེད། རྒྱ་གར་ནང་གཏོང་གི་ཡིན་ན། རྒྱ་གར་ནང་གསར་འབྱོར་བ་མང་ཆེ་བ་ནི་གྲྭ་པ་རེད། ཁོང་ཚོར་བོད་ཡིག་ཕར་སློབ་དགོས་མ་རེད། དེས་ན་ངོ་མ་ལུང་པ་དང་གསར་གཞིས་ཀྱི་ཕྱོགས་ལྷུང་མེད་པར་བོད་རིགས་ཚང་མར་སྤུན་ཟླ་རྩིས་མཁན་ཞིག་ཡིན་ན། དང་པོར་བཙན་བྱོལ་ནང་ཡོད་པའི་གཞིས་ཆགས་པ་ཚོར་བོད་ཡིག་ཡར་རྒྱས་གཏོང་ཐབས་བྱ་དགོས་ཤིང་། དེའི་ཆེད་ཁོང་ཚོ་དང་འབྲེལ་བའི་གནས་དོན་མང་པོ་དུས་དེབ་དང་ཚགས་ཤོག་ཐོག་གླེང་དགོས་ཤིང་། ལྷག་པར་བཅར་དྲི་བྱ་རྒྱུ་ཡོད་ན་ཁོང་ཚོར་བྱེད་དགོས་འདུག དེ་འདྲ་མིན་པར་སྐྲ་རིང་པོ་ཞིག་གིས་གདོང་ཕྱེད་ཀ་འཀབ་སྡོད་པའི་མི་ཞིག་ལ། ཁྱོད་ག་པར་སྐྱེས་རེད། ག་རེ་བྱེད་ཀྱི་ཡོད། བུ་མོ་སུ་ལ་དགའ་སོགས་དྲིས་ནས་ཆོ་ཡོད་པ་མཐོང་གི་མི་འདུག དེས་ན་རྒྱལ་ཡུམ་ཆེ་མོའི་རྐང་སྤོལ་འགྲན་བསྡུར་ལྟ་བུར་མཚོན་ན་བཙན་བྱོལ་ནང་ཡོད་པའི་གཞོན་སྐྱེས་མང་ཆེ་བས་དོ་སྣང་བྱ་ས་ཞིག་ཡིན་དུས་དྲ་ཚིགས་དང་ཚགས་པར་སོགས་སུ་གནས་ཚུལ་གསལ་པོ་དང་ཚ་པོ་ཚ་པོ་བཀོད་ན། བཙན་བྱོལ་ཁྲོད་བོད་ཡིག་ཡར་རྒྱས་ཡོང་རྒྱུར་ཕན་རྒྱུ་མ་ཟད། ཚགས་པར་ཉོ་མཁན་གྲྭ་པ་མ་གཏོགས་ཡོད་མ་རེད་ཟེར་རྒྱུ་དེ་རིམ་པས་ཡལ་ཐུབ་པ་ཡོང་གི་རེད།
དགོན་པའི་ནང་བོད་ཡིག་ཡར་རྒྱས་ཆེད་ཚགས་པར་ཀློག་མི་དགོས་པར་དཔེ་ཆ་ཁེངས་བསྡད་ཤག ཁོང་ཁྲོ་མ་བྱོས་ཨ་གྲོགས་པོ་ཚོ།

གསར་འགྱུར།, སྣ་ཚོགས།

Post navigation

Previous Post: མཛངས་མའི་འགྲན་བསྡུར་ལ་ཞུགས་པའི་རྒྱུ་མཚན་ཕལ་སྐད་དུ་བཤད་པ།
Next Post: ཉིས་སྟོང་བདུན་ལོའི་རྡ་ལམ་ས་ལའི་བརྗེད་ཐོ་ཞིག

Comments (6) on “བོད་ཡིག་དྲ་ཚིགས་ནང་བཀོད་མི་འདུག”

  1. བསམ་ཤེས། says:
    2009-06-05 at 10:23 am

    གྲོགས་པོ། ཁོང་ཁྲོ་མ་བྱེད། རང་གི་ལུས་པོར་ནད་སླེབས་ཀྱི་རེད། 

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-05 at 11:19 am

    བོད་ཡིག་མཐོང་ན་མགོ་བོ་ནད་བཞིན་པའི་མི་དེ་དག་གིས་གནས་ཚུལ་གང་ཞིག་བོད་ཡིག་ཐོག་ཡོང་གི་ཡོད་མེད་དེ་ནི་ཕལ་ཆེར་ཀློག་མཁན་ཉུང་བས་སྐྱོན་དེ་དག་འདི་ལྟར་བྱུང་བར་འདོད་ཀྱི་ཡོད་དམ་ལགས།

  3. ཨ་རོགས་ཁམས་པ says:
    2009-06-05 at 11:21 am

    དྲ་གྲོགས་བྱ་རྒོད་ཀྱིས་བཤད་པ་དེ་དགོས་ངེས་ཤིག་རེད་། ཡིན་ཡང་དེ་ནི་གསར་འགོད་པའི་ལས་དཀའ་མིན་པར་ཡིག་བསྒྱུར་པའི་ལས་འགན་བླང་ན་འགྲིག་རྒྱུ་མཚན་རྒྱ་གར་ནང་མཚར་ལོང་བྱུང་པའི་གཞོན་སྐྱེས་ཞིག་གི་བསམ་ཚུལ་ལེན་དགོས་ན་དབྱིན་ཡིག་དང་ཧིན་རྡི་ད་དུང་ནེ་པལ་བཅས་ནས་བོད་བསྒྱུར་བྱེད་དགོས།
    གལ་ཏེ་དེ་ལྟ་བུ་ཞིག་བསྒྱུར་ཡང་ཚགས་ཤོག་འགྲེམས་ས་གསར་འབྱོར་ཁོ་ནའི་ཁྲོད་དུ་ངེས། གང་ཞིག་ཡིད་མི་ཆེས་ན་རྒྱ་གར་ནང་མཚར་པའི་བོད་རིགས་གཞོན་སྐྱེས་ཞིག་ལ་བོད་ཡིག་གསར་ཤོག་གཅིག་བསྟན་ནས་ཅི་ཟེར་ལྟོས་དང་་་༼གང་ཤེས་ཡིད་བཞིན་ནོར་བུ་ཁྲེགས་པོ་ཞེ་བོ་འདུག་ཨམ་སྐད་ཡིན་ས་རེད་ཉོབ་སོང་རྗེས་མ་ནས་མིག་ཁོ་རང་ལྟ་གི་མིན་ཡིད་བཞིན་ནོར་བུ ༽ དེ་ལྟར་མ་བཤད་ན་ངའི་ཅི་བཤད་རྫུན་དུ་རྩི་ཆོག།

  4. མེ་སྒྱོགས་རྒྱ་མཚོ། says:
    2009-06-05 at 12:57 pm

    གསར་ཤོག་གི་ལས་ཀ་ནི་སློབ་སྦྱོང་གི་གནས་ཚད་ལ་གཞིགས་ནས་སྤྲོད་དགོས་པ་ལས་གསར་གཞིས་དང་ཆོལ་ཁ་ཆོས་ལུགས་སོགས་ཀྱི་གྲངས་ཚད་བཟུང་ནས་སྤྲོད་ན་གསར་ཤོག་གི་སྤུས་ཚད་ཉམ་གྱི་རེད། གསར་ཤོག་ཅིག་གནས་དང་མི་གནས་ཀྱང་མི་དམངས་ཀྱིས་གསར་ཤོག་དེའི་སྤུས་ཚད་ལ་བལྟས་ནས་ཐག་གཅོད་ཀྱི་རེད་སྙམ།
    གསར་འབྱོར་བ་ཚོས་གསར་ཁང་བཙུགས་ནས་གསར་འགྱུར་སྤེལ་བའང་སྔར་ཡོད་གཞིས་ཆགས་ཀྱི་གསར་ཁང་དག་གཏོར་བཅོམ་གྱིས་དེའི་ཤུབས་སུ་བཙུགས་པ་དེ་འདྲ་མིན་པ། དོན་གཉེར་ཆེན་པོས་སྔར་མེད་པའི་གསར་ཁང་མང་པོ་ཞིག་བཙུགས་ནས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡིག་གི་ལམ་ནས་གསར་སྤེལ་བྱེད་བཞིན་པ་འདི་རེད། ཁྱེད་རང་གིས་འདི་རུ་བཀོད་པའི་གསར་འགྱུར་དེའི་ཐད་ངས་ཁྱེད་ལ་བང་ཆེན་གྱི་སྟེང་དུ་ལན་འདེབས་བྱས་ཡོད་། བསྐྱར་དུ་འདིར་འགོད་ཀྱི་ཡིན།

    བོད་ཡིག་ཚགས་ཤོག་ཏུ་རྐང་སྤོལ་སོགས་ང་ཚོའི་བོད་མིའི་དང་འདོད་ཡོད་པའི་རྩེད་རིགས་ཁག་སྤེལ་ན་ཡག་པོ་འདུག ཡིན་ནའང་འདི་འདྲ་ཞིག་བྱ་ཐུབ་པའི་རྐྱེན་དེ་རྩེད་མོ་བ་ཚོས་སྦྱོང་བརྡ་བྱེད་པའི་དུས་ནས་རྩེད་མོའི་དགེ་སློབ་ཚང་མས་རྩེད་མོའི་སྒྲིག་འཛུགས་དང་ཐ་སྙད་་རྣམས་བོད་སྐད་དུ་སྤྱོད་དགོས་ཀྱི་འདུག
    དཔེར་ན་ཉུང་མཐའ་ལ་གཤམ་གྱི་མིང་ཚིག་རྣམས་བོད་སྐད་དུ་དགོས།
    Air ball, referee, attack Staller, chest reception, counterattack, defenders, attacking ,offense, penalty, rebound, injury time, pass , midfielder, goal kick, corner flags, banana kick, Corner kick, blind Side, chest, pass, goalkeeper, receive, send off, killer ball, yellow card, indirect attack.
    གལ་སྲིད་རྩེད་འགྲན་དུ་གོང་གི་མིང་ཚིག་རྣམས་བོད་སྐད་དུ་བཤད་ནས་ཉུང་མཐའ་ལ་རྩེད་མ་བ་ཚོས་མགོ་འཚོས་ན་བོད་ཤོག་གི་གསར་འགོད་པ་ཚོ་ལ་ད་དུང་མི་འགོད་པའི་རྒྱུ་མཚན་གཅིག་ཡོད། དེ་ནི་མི་དམངས་ཀྱིས་རྩེད་མོའི་སྒྲིག་གཞི་བོད་སྐད་དུ་མི་ཤེས་པས་ཚགས་པ་ཀློག་མཁན་དཀོན། མ་གཞི་ནས་བོད་ཡིག་ཏུ་སྒྲུང་དེབ་དང་ཚགས་ཤོག་བཀླག་མིན་དེ་གསར་གཞིས་གཉིས་ཀྱི་ཁྱད་པར་བཞག་ནའང་མི་འགྲིགས་པ་མིན་འདུག་སྙམ།

    དེ་སྔོན་གསར་འབྱོར་བ་ཚོས་གསར་ཁང་མ་འཛུགས་གོང་ནས་བཙན་བྱོལ་པའི་ཁྲོད་དུ་རྐང་རྩེད་སྤོལ་དར་སྲོལ་ཆེ་བས་དེ་དུས་ནས་གོང་གི་རྩེད་མོའི་ཐ་སྙད་རྣམས་བོད་ཡིག་ཏུ་བསྒྱུར་ནས་མ་བཀོལ་བ་ག་རེ་རེད་དམ།
    མ་གཞི་ནས་དཀའ་ངལ་འདི་དག་གསར་ཁང་གང་ཞིག་གིས་བཟོས་པ་མིན་ལ། གསར་གཞིས་གཉིས་ཀྱི་དགོས་མཁོ་མ་འདྲ་བར་བརྟེན་ནས་བྱུང་བ་ཞིག་ཀྱང་མ་རེད། བོད་ཡིག་དང་བོད་སྐད་ལ་དང་འདོད་ཆུང་ངུ་སོང་ནས་བཀོལ་སྤྱོད་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ནི་འཁོར་ཡུག་གི་གནས་བབས་དང་དགོས་མཁོ། བོད་མིས་བོད་ཡིག་ལ་ཕྱོགས་པའི་བློ་ཁ་དང་སྤོབས་པ། སྤྱི་ཚོགས་ཀྱི་སྒྲིག་གཞི་སོགས་ཀྱིས་མཚོན་པའི་རྐྱེན་སྣ་ཚོགས་ནས་འབྱུང་གི་ཡོད་།

  5. ནོར་བུ says:
    2009-06-05 at 5:23 pm

    མེ་སྒྱོགས་རྒྱ་མཚོ་བདེན་ཤས་ཆེ་གི

  6. འཇའ་མཚོན་ཆུ་མིག says:
    2009-06-06 at 3:13 am

    བསམ་ཚུལ་ཡག་པོ་འདུག དུས་དེབ་དང་ཚགས་ཤོག་མང་དྲགས་ཏེ་དོན་དངོས་ལ་མ་ཕན་པའི་ཛ་ཛོར་་མང་པོ་ཞིག་བཀོད་བསྡད་ན་མང་ཡང་ཕན་ཐོགས་ཀྱི་མ་རེད་ལ། ཐོག་མ་ནས་ཀུན་སློང་བཟང་པོ་ཞིག་དང་དུས་དེབ་ཀྱི་ནང་དོན་ཁག་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཚམས་ཏེ་བཏོན་ཐུབ་ན་མང་ཡང་དེར་དཔག་་པའི་ཉོ་མཁན་དང་ལྟ་མཁན་ཡོང་སྲིད། འོན་ཏེ་རང་དབང་ལུང་པར་གང་བཤད་ཀྱང་ཆོག་པ་དང་གང་བྲིས་ཀྱང་འབྲི་ཆོག་པ། འགུལ་ཙམ་་བྱས་ཚེ་ལག་པ་ཟེད་དེ་རོགས་རམ་ལེན་ཆེད་ཁ་གཡོག་ཆེད་ཙམ་དུ་འཕུར་ས་ཞིག་མ་རག་བར་དུས་དེབ་འདྲ་བཏོན་རྗེས་ཁུངས་མ་འཁྱོལ་བར་གཞན་ལ་བརྗེ་བསྒྱུར་བྱེད་པའམ་རྦད་དེ་བརླགས་འགྲོ་བའི་དོན་དངོས་ཀྱི་གནས་ཚུལ་དེ་འདས་པའི་ལས་ཀ་བྱ་མཁན་ཚོའི་ལག་རྗེས་སུ་ལུས་ཡོད་པས་བག་ཆགས་ངན་པ་དེས་བཙན་བྱོལ་སྤྱི་ཚོགས་ནང་གནས་ཚད་ལྡན་པའི་དུས་་དེབ་རྩོམ་སྒྲིག་པ་མེད་པར། ་ཁ་གདངས་ཤེས་ཏེ་སྐད་བརྒྱབ་ཐུབ་པ་དང་། བོད་ཡིག་འབྲི་ཀློག་རང་སྐྱ་འཕེར་ཏེ་ཀམ་སྤུའུ་ཀྲར་རྒྱབ་ཤེས་པ་ཙམ་གྱིས་ལམ་སེང་དུས་དེབ་བཏོན་རྐྱང་བྱས་ཏེ་སྤུས་ཚད་ལ་ལྟ་གི་མེད་སྟབས་དེབ་ཀློག་མཁན་རྣམས་ལ་ཉོབ་སྣང་སླེབས་པ་དང་། བོད་ཡིག་མི་ཤེས་མཁན་ཚོས་ཀྱང་བོད་ཡིག་ཤེས་མཁན་ཁག་ཅིག་གིས་བཏོན་ཚར་བ་དེ་དག་ལ་སྤུས་ཚད་མེད་པའི་སྐྱོན་འཛུགས་ཤུགས་ཆེ་དྲག་རྐྱེན་མི་ཚང་མ་དོ་སྣང་བྱ་འདོད་མེད་པའི་ངོས་འཛིན་བྱ་གི་ཡོད་ཅིང་། ལྟ་ཚུལ་དེ་དག་དུས་དེབ་བཏོན་རྒྱུར་དོ་སྣང་བྱ་མཁན་ཚོས་ངེས་པར་དུ་སེམས་ལ་འཇོག་དགོས་པ་དང་། ཚགས་ཤོག་དང་དུས་དེབ་ཀྱི་གྲངས་འབོར་འཕར་བཞིན་ཡོད་ཀྱང་། སྤུས་ཚད་ལ་བསམ་བློ་མ་བཏང་སྟབས་ཁ་ཟས་སྣ་མིན་ཁྲི་ཕྲག་མང་པོས་མཐའ་བསྐོར་ཡང་ཟ་ལོག་པའི་ཁ་ཟས་སྣེ་གཅིག་མེད་ཚེ་གད་སྙིགས་དང་བྱོལ་སོང་གི་ཟས་སུ་འགྲོ་རྒྱུ་ལས་མི་ཟས་སུ་མི་ཕན་པས་ནང་དོན་གྱི་སྤུས་ཚད་ལ་འགན་འཁུར་བྱས་ཏེ་མ་ཤེས་ཤེས་མདོག་བྱེད་པའི་ཁེངས་སྐྱུངས་དོར་དགོས་པ་དེའང་གལ་ཆེན་པོ་རེད་མི་འདུག་གམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme