Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེད་ཀྱི་ཉིན་ཐོ་ལས་ཁག་གཉིས་པ།

Posted on 2008-07-19 By དགེ་རབ་ 4 Comments on ངེད་ཀྱི་ཉིན་ཐོ་ལས་ཁག་གཉིས་པ།

ཟམ་གདོང་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཐེངས་ཤིག་གི་རྗེས་སུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཞོགས་པ་དེར་རྡ་ལམ་ས་ལའི་རིཁུག་ཆུང་ཆུང་འདི་སྨུག་པས་གཡོགས་འདུག ཕྱི་རོལ་དུ་ཆར་བ་ཟིམ་ཟིམ་ཞིག་འབབ་བཞིན་འདུག  ང་སྔ་བོར་ལངས་ཤིང་ལག་ཏུ་རང་གིས་བྲིས་བའི་བོད་རྒྱ་ཞི་མོལ་སྐོར་གྱི་དཔྱད་བརྗོད་རིང་མོ་དེ་དང་ཀུ་ཤུ་རྒྱ་མ་གང་འཁྱེར་ནས་བཀའ་བློན་ལས་ཤག་གི་ཕྱོགས་སུ་བསྙེག  བཀའ་བློན་ལས་ཤག་གི་སྒོ་ཆུང་དེའི་ཕྱི་ལོག་ཏུ་་རིན་པོ་ཆེའི་རླངས་འཁོར་ཁ་ལོ་བ་དང་སྐུ་སྲུང་བ་གཉིས་སྒུག་ནས་འདུག ང་རིན་པོ་ཆེའི་ལས་ཤག་དུ་འཛུལ། སྐབས་དེར་རིན་པོ་ཆེའི་ཞོགས་ཟས་མཆོད་བཞིན་པའི་སྐབས་དང་འཁེལ་ནས་འདུག  ཁོང་གི་དྲུང་ཡིག་གིས་ཁང་མིག་འོག་མ་དེར་ང་ལ་སྒུག་ནས་འདུག དེ་དུས་ཆུ་ཚོད་བརྒྱད་དང་ཕྱེད་ཀ་རེད་འདུག  དྲུང་ཡིག་ལགས་དང་ངེད་གཉིས་ཀྱིས་ཕྱོགས་འདྲ་མིན་གྱི་སྐོར་ལ་གླེང་མོལ་བྱས།

དྲུང་ཡིག་ལགས་ནི་ཕྱི་ཚུལ་ནས་བབས་ཆགས་ཤིང་ལྷོད་ལ་བབས་པ། བཀའ་མོལ་གསུང་སྟངས་གོ་རིམ་ཡོད་པ། སྨྲ་བ་ཉུང་ཞིང་སྒམ་བརླང་ཅན་ཞིག་རེད། གང་ལྟར༌།
ཆུ་ཚོད་བརྒྱད་དང་སྐར་མ་ཞེ་ལྔའི་སྟེང་དྲུང་ཡིག་ལགས་ལས་དོན་གཞན་ཞིག་གི་ཆེད་དུ་ཕྱི་ལ་ཐོན་སོང༌། ཏག་ཏག་རིན་པོ་ཆེ་ཡང་གཟིམས་ཁང་ནང་ཁང་མིག་འོག་མ་དེར་ཕེབས་སོང༌། ངས་རང་ཉིད་ངོ་སྤྲོད་ཞིག་དང་མཉམ་དུ་བོད་རྒྱ་ཞི་མོལ་སྐོར་གྱི་དཔྱད་བརྗོད་རིང་མོ་དེ་ཁོང་ལ་་ཕུལ་བ་ཡིན། ཁོང་གིས་ལག་འཁྱེར་ཆུ་ཚོད་དེར་བལྟ་ཙམ་བྱེད་བཞིན་སྐད་ཆའི་འགོ་བཙུགས་སོང༌། དེ་དུས་ཆུ་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཞེ་དྲུག་རེད།
མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་བཞི་ཡོད་པ་རེད། ཆ་རྐྱེན་དང་པོ་དེ་གཟུགས་གཞི་བདེ་ཐང་ཟེར་བ་འདི་རེད། གཟུགས་གཞི་བདེ་ཐང་ཟེར་བ་འདི་མེད་ན༌། སོ་སོ་མཁས་པ་ཡིནའང་འདྲ། ཕྱུག་པོ་ཡིན་ནའང་འདྲ། ཡང་ན་རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་སོགས་སུ་འདྲ་ཞིག་ཡིན་རུང༌། འདོད་པ་དོན་ཐོག་ལ་འཁེལ་རྒྱུ་ཁག་པོ་རེད་ལ་སོ་སོར་ཤེས་ཡོན་སློབ་སྦྱོང་ཅི་ཙམ་ཡོད་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་བདེ་རྒྱུན་རིང་པོར་བསྒྲུབ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་འདྲ་སོང་ཙང༌། ད་ལྟ་ལོ་ན་གཞོན་དུས་ནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཉར་དགོས་བ་མ་ཟད་གཟུགས་གཞི་འཕྲོད་བསྟེན་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད༌། ཡང་མཚམས་རེར་ང་ཚོའི་བསམ་བློར་གཞོན་པའི་སྐབས་སུ་གཟུགས་གཞི་བདེ་ཐང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གཟུགས་པོའི་འཕྲོད་བསྟེན་ལ་སྣང་མེད་གཏོང་མཁན་དེ་འདྲའི་རིགས་ཀྱང་ཡོང་གི་ཡོད། གཟུགས་གཞི་བདེ་ཐང་ཡོད་མེད་ཟེར་བ་དེ་ལོ་ན་གཞོན་པའི་སྐབས་སུ་དེ་ཙམ་དོ་སྣང་ཡོང་གི་མ་རེད། འོན་ཀྱང༌། ལོ་ན་བཞི་བཅུ་ཕར་བརྒལ་བ་དང་གཞི་ནས་མྱོང་བ་ཐོན་ཡོང་གི་རེད། དེར་བརྟེན། མི་ཚེ་ཡུན་གནས་ཀྱི་སྒོ་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་འགན་འཁུར་རྒྱུའི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ད་ལྟ་ནས་གཟུགས་གཞིའི་འཕྲོད་བསྟེན་ལ་དོ་ཁུར་ཆེ་ཙམ་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ཆ་རྐྱེན་གཉིས་པ་དེ་མི་ཚེའི་ཕུགས་བསམ་ཟེར་བ་འདི་རེད། མི་ཞིག་གི་མི་ཚེར་མཚོན་ན་ཕུགས་བསམ་ཟེར་བ་འདི་ཧ་ཅང་ནས་གལ་ཆེན་པོ་རེད། རབ་བྱུང་ན་ལོ་ན་ཉི་ཤུའི་སྔོན་ནས་སོ་སོའི་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་ལ། དེ་ལྟར་མ་བྱུང་རུང་ལོ་ན་ཉེར་ལྔའི་སྔོན་ལ་ཐག་ཆོད་པ་ཞིག་དགོས་རྒྱུ་ནི་ཧ་ཅང་ནས་གལ་ཆེ། མི་ཚེའི་ཕུགས་བསམ་ཟེར་བ་འདི་ཐག་མ་ཆོད་པ་ཡིན་ན་སོ་སོའི་མི་ཚེའི་ནང་ལ་ཧུར་བརྩོན་བསྐྱེད་པའི་བྱ་བཞག་མང་པོ་ཞིག་འཕྲོ་བརླག་དང་ཆུད་ཟོས་སུ་འགྲོ་གི་རེད༌། སོ་སོས་ཧུར་བརྩོན་དང་འབད་པ་བྱས་བའི་ལས་དོན་དག་གྲུབ་འབྲས་ཕུགས་འཕེར་ཅན་ཞིག་ཡོང་བ་ལ་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། མི་ཚེའི་ཕུགས་བསམ་ཟེར་དུས་ཡིན་གཅིག་མིན་གཅིག་དམིགས་ཡུལ་གཅིག་ཉར་དགོས་རེད་ལབ་ཀྱི་མེད། དམིགས་ཡུལ་ཁ་ཤས་ཉར་ཆོག་གི་རེད། འོན་ཀྱང༌། གང་ལ་དམིགས་པའི་གཞི་གཏོད་ས་དེ་ཐག་ཆོད་པོ་ཞིག་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་རེད། ལྷག་པར་དུ་དེ་རིང་སང་ཉིན་གྱི་བོད་ཀྱི་གཞོན་སྐྱེསཤིག་ལ་མཚོན་ན༌། མ་འོངས་པར་བོད་སྤྱི་བ་ཞབས་འདེགས་ཞུ་རྒྱུའི་ཕུགས་བསམ་ཞིག་དགོས་རྒྱུ་ནི་གལ་ཆེན་པོ་རེད༌། ད་དུང་རིག་པའི་གནས་ཅི་འདྲ་ཞིག་སྦྱངས་ན་ཡང་བོད་རང་གི་ཐུན་མིན་རིག་གཞུང་གི་རྨང་གཞི་ཡག་པོ་ཞིག་དགོས། གཞན་དབྱིན་ཡིག་ལྟ་བུ་ཞིག་སྦྱངས་ན་ཟ་འཐུང་འགྲོ་འདུག་གི་དོན་གོ་ཆོད་པ་ལྟ་བུ་ཞིག་མ་ཡིན་པར་སྤུས་དག་པོ་ཞིག་སྦྱངས་དགོས། གཞན་དུས་རབས་འདིའི་བོད་ཀྱི་གཞོན་སྐྱེས་ཤིག་ལ་མཚོན་ན་རྒྱའི་སྐད་ཡིག་འདི་ཤེས་དགོས་རྒྱུ་ཡང་མེད་དུ་མི་རུང་བ་ཞིག་རེད། ཆ་རྐྱེན་གསུམ་པ་དེ་རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་རྒྱུ་དེ་རེད། ལས་དོན་ཆེ་ཕྲ་ཆུང་གསུམ་ཇི་འདྲ་བསྒྲུབ་ན་ཡང་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་མ་ཡིན་པར་ལེགས་ཉེས་བླང་དོར་ཚུལ་བཞིན་དུ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། གཞན་གྱི་ཟེར་སྒྲོས་ལྟ་བུ་ལ་བགྲངས་རྒྱུ་མ་ཡིན་པར་རང་གི་རྣམ་དཔྱོད་དེ་རང་གིས་བེད་སྤྱོད་གཏོང་དགོས།  རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་ན་རང་གིས་གང་བྱས་བ་དེས་གཞན་གནོད་རང་ཕུང་གི་རིགས་ཡོང་གི་མ་རེད་ལས་དོན་སྔ་རྗེས་གང་ལ་ཡང་ནོར་བའི་རིགས་ཉུང་དུ་ཡོང་གི་རེད། མདོར་ན་སོ་སའི་ཀླད་པ་སོ་སོས་བེད་སྤྱོད་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད།
ཆ་རྐྱེན་འདི་གསུམ་འཛོམས་པ་ཡིན་མི་ཚེ་ཡག་པོ་ཞིག་ཡོང་གི་རེད་དམ་ལབ་ན། ཏན་ཏན་ཡོང་གི་རེད། འོན་ཀྱང༌། མི་ཚེ་དོན་དང་ལྡན་པ་ཞིག་གི་ཡོང་གི་རེད་དམ། དེ་ཐེ་ཚོམ་གྱི་གནས་རེད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་ཆ་རྐྱེན་འདི་གསུམ་པོ་གཅིག་པོས་འདང་གི་མ་རེད་སྙམ། ཆ་རྐྱེན་འདི་གསུམ་པོའི་སྒང་ལ་གཞན་ཕན་གྱི་བསམ་བློ་ཞེས་བ་དེ་བཞག་པ་ཡིན་ན། གཞི་ནས་མི་ཚེ་རླབས་ཆེན་པོ་དང་དོན་དང་ལྡན་པ་ཞིག་ཡོང་གི་རེད། དེར་བརྟེན། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་གཞན་ཕན་གྱི་བསམ་བློ་ཞེས་པ་འདི་ཧ་ཅང་ནས་གལ་ཆེན་པོ་རེད། གང་ལྟར། ཆ་རྐྱེན་འདི་བཞི་པོ་འཛོམས་པ་ཡིན་ན༌། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་རེད་ལ་མི་ལུས་བླངས་གོ་ཡང་ཆོད་པ་རེད།  བཀའ་མོལ་གསུངས་མཚམས་འདིར་ཁོང་གིས་ལག་འཁྱེར་ཆུ་ཚོད་དེར་བལྟ་ཙམ་བྱས་སོང༌། ཏག་ཏག་ཆུ་ཚོད་དགུ་བ་རེད་འདུག ཁོང་ཡར་བཞེངས་ནས་འགྲོ་སོང༌།

རྩོམ་རིག

Post navigation

Previous Post: ཨེན་སི་ཌན་ལ་ཕུལ་བ།
Next Post: དབུ་སྐྲ་རིང་པོའི་གཏམ་རྒྱུད།

Comments (4) on “ངེད་ཀྱི་ཉིན་ཐོ་ལས་ཁག་གཉིས་པ།”

  1. སྤོབས་པ། says:
    2008-07-23 at 9:52 pm

    ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན་བཀའ་ཁྲིའི་བྱེད་སྟངས་དེར་ཁྱོད་དེ་ཙམ་མགུ་མེད་པ་འདྲ། དགོང་དག

  2. འཛམ་གླིང་ says:
    2008-07-24 at 3:50 am

    བཀའ་ཁྲི་ཟམ་ཏོང་ནི་༧རྒྱལ་བ་རིན་པོ་ཆེར་ལམ་སྟོན་གནང་མཁན་ལས་ཁྱེད་ལ་བསླབ་སྟོན་གནང་མཁན་མིན་ སྙན་ཕྲིན་འདིར་བལྟོས་

    http://www.youtube.com/watch?v=U07caGrBWIQ&feature=related

  3. Karchen says:
    2008-07-25 at 5:15 am

    བཀུར་འོས་རྩོམ་འབྲི་བ་སྤོབས་པ་དང་འཛམ་གླིང་ལགས་གཉིས།
    གང་བསམ་པ་དེ་ཡིག་ཐོག་ལ་སྤེལ་བར་རྗེས་སུ་ཡི་རངས་ཡོད།
    ངེད་ཀྱི་ཉིན་ཐོ་ནི་ཉིན་ཐོ་རང་ཡིན་པ་ལས་མགུ་མ་མགུ་དང་སུ་ལ་སློབ་སྟོན་བྱེད་མཁན་ཡིན་མིན་གྱི་གླེང་བརྗོད་སྤེལ་མེད།
    ད་དུང་ཉིན་ཐོ་དེའི་ཟུར་དང་ངོས་གང་ཞིག་ལ་མཆན་བུ་འདེབས་འདོད་ཡོད་ན་འབྲི་རྐྱང་བྱོས།

  4. སྤོབས་པ། says:
    2008-07-27 at 5:24 am

    བཀུར་འོས་སྐར་ཚེན་ལགས། ངས་ཁྱེད་ལ་ཀུ་རེ་ཞུས་པ་ཡིན། ཞེད་སྣང་གནང་མི་དགོས། སྐྱོན་འདོགས་སོགས་བྱེད་དོན་ག་ལ་ཡོད། འཛམ་གླིང་གི་མཁོ་སྤྲོད་གནང་བའི་གློག་བརྙན་ལས་བཀའ་སློབ་གང་གནང་ཤེས་ཀྱི་མི་འདུག སྔོན་མ་རིན་པོ་ཆེའི་བཀའ་སློབ་ཅིག་ཏུ་མི་ཚེ་དོན་དང་ལྡན་པ་བྱེད་པ་ལ་ཆ་རྐྱེན་གསུམ་ཡོད་ཅིང༌། དེ་དག་ནི། གཟུགས་པོ་བདེ་ཐང་ཡིན་པ། སེམས་པ་རང་བཞིན་དུ་གནས་པ། འཚོ་བ་གཞན་བརྟེན་མ་ཡིན་པ་ཞེས་གསུངས་བྱུང༌། ཁྱོད་ལ་སྔོན་དང་མི་འདྲ་བར་དོན་ཚན་བཞི་གསུངས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme