Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་འདུག

Posted on 2012-04-122012-04-13 By ཁ་བརྡ་ 36 Comments on འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་འདུག

(བོད་རིགས་སློབ་མ་བཀྲ་ཤིས་དགེ་ལེགས་ལ་རྒྱ་ནག་རྒྱལ་ཡོངས་དབྱིན་སྐད་གཏམ་བཤད་འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་འདུག)

གཞིས་ཞོལ་ཚེ་རྡོར་ནས།

ཟླ་བ་འདིའི་ནང་ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གིས་གོ་སྒྲིག་དང་། དུས་རབས་ཉེར་གཅིག་དབྱིན་ཡིག་ཚགས་པར་ཁང་གིས་མགྲོན་བདག་གནང་ནས། ༼དུས་རབས་ཉེར་གཅིག་པའི་བྱ་དགའི་བུམ་པ།༽ རྒྱ་ནག་རྒྱལ་ཡོངས་དབྱིན་སྐད་གཏམ་བཤད་འགྲན་བསྡུར་ཐེངས་བཅུ་བདུན་པ་དེ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཧའི་ཀང་ཚོགས་ཁང་ཆེན་མོའི་ནང་དུ་སྤེལ་ཞིང་། ཤིའི་ཨན་ཨའོ་ཡ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་བོད་རིགས་སློབ་མ་བཀྲ་ཤིས་དགེ་ལེགས་ལ་ཐེངས་འདིའི་འགྲན་བསྡུར་ནང་བྱ་དགའ་ཨང་གསུམ་པ་ཐོབ་འདུག
ཐེངས་འདིའི་འགྲན་བསྡུར་ནང་རྒྱ་ནག་རྒྱལ་ནང་དང་ཕྱི་ལོག་གི་མཐོ་རིམ་སློབ་ཆེན་མང་པོ་མཉམ་ཞུགས་བྱས་ཡོད་པ་སྟེ། ཧོང་ཀོང་སློབ་ཆེན་དང་། ཧོང་ཀོང་རྒྱ་ཡིག་སློབ་ཆེན། ཆིན་ཧཱ་སློབ་ཆེན། པེ་ཅིང་ཕྱི་རྒྱལ་སྐད་རིགས་སློབ་གླིང་། ཨའོ་མན་སློབ་ཆེན། ཀྲིས་ཅང་སློབ་ཆེན། ཏ་ལེན་ཕྱི་རྒྱལ་སྐད་རིགས་སློབ་གླིང་། ཤིའི་ཨན་ཨའོ་ཡ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་སོགས་མིང་གྲགས་ལྡན་པའི་མཐོ་རིམ་སློབ་ཆེན་གྲངས་ ༦༦ མཉམ་ཞུགས་བྱས་ཡོད་པ་དང་། ད་དུང་ཀོ་རི་ཡ་དང་ཐའི་ལནཌེ་རྒྱལ་ཁབ་ཀྱི་འགན་རྩལ་པའང་གདན་ཞུ་གནང་ཡོད།
སྐབས་དེར་ལུས་ལ་བོད་ཆས་དྭངས་གཙང་གྱོན་ནས་པའི་བོད་རིགས་སློབ་མ་བཀྲ་ཤིས་དགེ་ལེགས་ཀྱིས་ཡུན་རིང་ནས་སྦྱངས་པ་ལྷོད་མེད་བྱས་པའི་ནང་དོན་ཟབ་ལ་སྒྲ་དག་གསལ་གསུམ་གྱི་དབྱིན་སྐད་གཏམ་བཤད་ལ་མི་རྣམས་ཡིད་དབང་འཕྲོག་ནས་ཚོགས་རྭ་ཡོངས་ག་ལེར་རྫོགས་ལྷིང་འཇགས་སུ་གནས། མ་ཟད་དཔྱད་འདེམས་པ་རྣམས་དང་ལྷག་པར་པེ་ཅིང་སྐད་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལིའི་ཡས་ཧྲུའུ་ཡིས་ཁོང་གི་སྒྲ་གདངས་གསལ་བའི་དབྱིན་སྐད་ལ་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་ཐོབ།
མཐའ་མའི་འགྲན་བསྡུར་བ་གྲངས་ ༣༢ ཕན་ཚུན་ཛ་དྲག་གི་འགྲན་བསྡུར་བརྒྱུད། བཀྲ་ཤིས་དགེ་ལེགས་ལ་ཐེངས་འདིའི་རྒྱ་ནག་རྒྱལ་ཡོངས་དབྱིན་སྐད་འགྲན་བསྡུར་གྱི་མཐའ་མའི་བྱ་དགའ་ཨང་གསུམ་པ་ཐོབ་ནས་རང་སྟེང་ཤེས་ཡོན་གྱི་གཟེངས་སུ་ཐོན་པའི་ཁྱད་ཆོས་མངོན་ཐུབ་པ་དང་། ཁོང་གིས་རང་འགུལ་ཐོག་ (སེམས་ཀྱི་མ་ཎི་) ཞེས་པའི་བོད་ཀྱི་གླུ་གཞས་ཤིག་འགྲན་ཞུགས་པ་དང་དཔྱད་འདེམས་པ་ཡོངས་ལ་ཕུལ་ནས་སེམས་གཏིང་ནས་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་ཟབ་མོ་མཚོན་པར་བྱས་ཡོད།

གསར་འགྱུར།

Post navigation

Previous Post: རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་ཕུལ་བའི་སྙན་ངག
Next Post: ཤི་འདོད་མེད་པའི་ང་དང་ངའི་སྙན་ངག

Comments (36) on “འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་འདུག”

  1. ཁ་བ་དཀར་བོ། says:
    2012-04-13 at 12:15 am

    ལེགས་སོ་ལེགས་སོ།རྗེས་སུ་ཡིད་རིང་ངོ་།།ཁྱེད་ཀྱི་སློབ་སྤྱོངས་ཡར་ཐོན་དང་མི་ཚེ་དོན་ལྡན་ཡོང་བའི་སྨོ
    ན་ལམ་ཞུ་ཞུ།

  2. གངས་རིའི་ལས་དབང། says:
    2012-04-13 at 12:53 am

    congratualation and warm greeting to Mr. Tashi Geleck for recieved third possion in the National English language compitation in China. I am really feel so proud and apreciate such having young educated tibetan us.

  3. སྙེ་ལྷའི་ཐུགས་སྲས། says:
    2012-04-13 at 1:16 am

    ཀུན་གྱི་མདུན་ན། གཟེངས་སུ་ཐོན་པའི་ཕུལ་བྱུང་གི་གངས་ཅན་པའི་མཛེས་རྒྱན་དུ་གྱུར་བ་ཁྱེད་ལ་མངོན་པར་བསྟོད་དོ། དུས་དང་གནས་སྐབས་ཐམས་ཅད་དུ་བསམ་དོན་ལྷུན་འགྲུབ་ཡོང་བར་ཤོག

  4. མེ་ཏོག་དཀར་པོ། says:
    2012-04-13 at 1:19 am

    བཀྲ་ཤིས་བདེ་ལེགས།

  5. བྲོ་འཚལ། says:
    2012-04-13 at 2:01 am

    རྗེས་སུ་ཡི་རང་ཞུ།་་་ཁྱེད་ཀྱི་བྱ་གཞག་ཐམས་ཅད་ཡར་ནས་ཡར་དུ་འཕེལ་བར་ཤོག

  6. གཉིས་མེད་སེངྒེ says:
    2012-04-13 at 2:08 am

    བོད་ཀྱི་སྐད་ཡིག་འདིའི་དྲིན་ལས་བོད་མི་རིགས་ལ་རང་ཆས་སུ་སྦྱོར་ཀློག་ཐད་འགྲན་གྱི་དོ་མེད་ཀྱི་སྒྲ་གདངས་ཤིག་ཡོད་པ་མཁས་བརྒྱ་མགྲིན་གཅིག་རེད། བཀྲ་ཤིས་དགེ་ལེགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

  7. ལུང་རྟོགས། says:
    2012-04-13 at 2:12 am

    བུ་བཟང་ོཔོ་ཁྱོད་ཀྱི་བྱེད་སྟང་དེ་ནས་རེ་བ་ཅན་གྱི་བུ་ཞིག་ཡིན་པ་ཚོར་ཡོང་། ཁྱོད་ཀྱི་བསམ་དོན་འགྲུབ་པར་ཤོགས།

  8. གཉོམ་ཆུང་། says:
    2012-04-13 at 2:49 am

    ཨང་གསུམ་པ་ཐོབ་པར་དགའ་བསུ་ཞུ། བོད་པའི་བུ། ནམ་ཡང་རང་ཚུགས་མ་ཤོར་བོད་པའི་བུ། ཁྱེད་ལ་རྟེན་འབྲེལ་ཞུ།

  9. གེ་གསར་ says:
    2012-04-13 at 5:15 am

    བོད་སློབ་སྤུན་ཟླ་བཀྲ་ཤིས་དགེ་ལེགས་ལགས་སུ་
    བཀྲིས་བདེ་ལེགས་ཞུ་ལགས་
    བཀྲིས་རབ་དཀར་ལྷ་ཡི་ལྷ་
    ངོ་མཚར་སྨད་འབྱུང་སྟོད་དང་ལྡན་པ་མཛའ་སྩེ་ཁྱེད་ལ་འབུལ་
    ཡིད་དགའ་ཞིང་གུས་པའི་དགའ་བསུ་ཞུ་ལགས་།
    མཛད་སྒོའི་ཐོག་བོད་ཆས་གྱོན་ཞིང་བོད་གཞས་བཏང་སྟེ་བོད་མི་རིགས་ཀྱི་ལ་རྒྱ་གོང་བུར་འདེགས་གནང་བར་སྙིང་ཐག་པ་ནས་དགའ་བསུའི་མེ་ཏོག་ཐོར་ཞིང་བཀྲིས་མཇལ་དར་འབུལ་ལོ་། བོད་རྒྱལ་ལོ་།

  10. ཕྱུགས་རྫི says:
    2012-04-13 at 5:21 am

    ཁ་བ་ཅན་གྱི་བུ་རྒྱུད་ལ་འཐབ་ན་དཔའ་ཡོད་འདྲིས་ན་ཁོག་དྲང་བཤད་ན་སྒྲ་དག་་་ད་དང་སྦྱོང་བརྩོན་ལྷོད་མེད་ངང་ནས་སྤྱི་ན་འཛམ་གླིང་དགོས་སུ་བོད་མི་རིགས་ཅུང་ཟད་ཕན་པའི་རེ་བ་ཡོད་་་་ཁྱེད་ཀྱི་བསམ་དོན་འགྲུབ་པའི་སྨོན་འདུན་ཡོད།

  11. ཇ་མ་ says:
    2012-04-13 at 9:27 am

    བཀྲ་ཤིས་བདེ་ལེགས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁོང་གི་ཕ་ཡུལ་གང་ནས་ཡིན་ན།

  12. ཨ་བ་ཡ་ན། says:
    2012-04-13 at 10:46 am

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། བོད་ཀྱི་འབྱུང་འགྱུར་སོན་རྩ་ངོ་མ་དེ་ཚོ་རེད།

  13. ཨ་བ་ཡ་ན། says:
    2012-04-13 at 10:47 am

    གནས་ཚུལ་མཁོ་གཏོང་བ་གཞིས་ཞོལ་ཚེ་རྡོར་ལགས་ནས་སློབ་མ་ཁོང་གི་ལོ་རྒྱུས་ཏོག་ཙམ་བཀོད་ཐུབ་ན་བཀའ་དྲིན་ཆེ་ཞུ།

  14. ཞོལ་ཕྲུག says:
    2012-04-13 at 10:51 am

    འཇོན་ཤག་ཨ་མའི་ལོ་ལོ་ཟེར་ན་ཁྱོད་རེད།
    རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་ནི་མང་པོའི་ནང་ནས་གཅིག་རེད།
    ད་དུང་མུ་མཐུད་ཤུགས་ཤིག་བརྒྱབ་ནས་ཨང་རྩེ་དང་པོར་སླེབས་ཐུབ་པ་གནང་དགོས།
    གང་ལྟར་ཁྱོད་རྒྱལ་གྱུར་ཅིག

  15. དཔྱིད་འགོའི་མེ་ཏོག་ says:
    2012-04-13 at 10:52 am

    མི་རིགས་ཀྱི་ཤ་ཞེན་ཡོད་ན་རྗེས་སུ་ཡི་རང་ཞུ་་་ཞུ་་་དིང་གི་དུས་འདིར་སྒོར་རྡོག་འགའ་རེའི་ཆེད་ཡིད་སྐྱོའི་སྐྱོ་གར་སྣ་ཚོགས་འཁྲབ་བཞིན་པ་རེད་་་

  16. ཨ་བ་ཡ་ན། says:
    2012-04-13 at 10:56 am

    ཞོལ་ཕྲུག་ལགས་ཁྱོད་ཀྱིས་སོམས་དང་།
    བོད་ལ་གྱོན་པའི་བོད་ཕྲུག་དྭངས་མ་ཞིག་ལ་རྒྱ་རྒན་དེ་ཚོས་ཨང་དང་པོ་ཞིག་སྤྲོད་སྲིད་དམ། མི་སྲིད་པ་ཞིག་རེད།
    རྒྱ་མི་འཛམ་གླིང་ནང་མི་རིགས་དབྱེ་འབྱེད་བྱེད་མཁན་ཨང་དང་པོ་དེ་རེད། ཡིད་མ་ཆེས་ན་རྒྱ་མིས་བོད་མིའི་གོམས་གཤིས་ལ་འགྲེལ་ལོག་ག་ཚོད་རྒྱག་གི་འདུག་གམ།

  17. ཨ་བ་ཡ་ན། says:
    2012-04-13 at 11:03 am

    དཔྱིད་འགོའི་མེ་ཏོག་བཞད་འགོ་ཚུགས་མ་ཐག་རུལ་སོང་བ་རེད་དམ།

    སློབ་མ་ཁོང་གིས་རྒྱ་ནག་སློབ་ཆེན་འགྲན་བསྡུར་ནང་བོད་ལཱ་གཙང་མ་གྱོན་ཡོད་པ་དང་། གཉིས་ནས་རྒྱ་མིའི་ཁྲོད་དུ་སེམས་ཀྱི་མ་ཎི་ཞེས་པའི་བོད་གཞས་བཏང་མི་འདུག་གམ། དེ་དག་མི་རིགས་ཀྱི་ཤ་ཞེན་ཡོད་པའི་རྟགས་མཚན་གསལ་ཤོས་རེད། དུ་བ་ལས་ནི་མེར་ཤེས་ལྟར་རེད།
    དེ་མིན་ཁྱོད་ལའང་མི་རིགས་ཀྱི་ཤ་ཞེན་ཞིག་ཡོད་མེད་སུས་བཤད་ཐུབ་བམ།

  18. ལུང་ཤར་ཚེ་སྟོབས། says:
    2012-04-13 at 11:10 am

    ཕ་བཟང་གི་བུ། ཡུལ་ལུང་གང་ནས་ཡིན་ཀྱང་ཁྱད་མེད། བོད་པ་ཡིན་པ་ཙམ་གྱིས་སེམས་པ་དགའ། བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ།

  19. སྐྱུ་རྩི་ནས། says:
    2012-04-13 at 11:16 am

    ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ།
    དེང་སང་བོད་ཕྱི་ནང་གི་ཡིད་སྐྱོ་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་གོ་བའི་སྐབས་འདིར།
    གཏམ་སྙན་འདི་འདྲ་ཞིག་གིས་ཅུང་ཞིག་སེམས་ནང་ངལ་གསོ་སྦྱིན་བྱུང་།
    ཐུགས་རྗེ་ཆེ།
    བོད་ཕྲུག་ཟེར་ན་ཁྱོད་རེད། ཨ་མའི་ལོ་ལོ་ཁྱོད་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཞུ།

  20. སྒྲ་ལྷ་ says:
    2012-04-13 at 11:46 am

    བྱ་དགའ་ཐོབ་པ་བཀྲ་ཤིས་བདེ་ལེགས་

  21. ནུབ་ཕྱོགས་གངས་ཕྲུག་ says:
    2012-04-13 at 12:21 pm

    དངོས་གནས་བོད་རིགས་ཤིག་ལ་བྱ་དགའ་ཨང་གསུམ་པ་ཐོབ་པར་དགའ་བསུ་ཡོད། ཡུལ་གང་ཡང་རུང་བའི་སྐད་སྦྱང་ན་ཐོག་མར་བྱིས་པ་ལོ་བཞི། ལྔ་ནས་སྦྱང་དགོས་ཡོད་འདུག དེ་མིན་ན་སྐད་སྒྲ་གདངས་དངོས་གནས་ཏག་ཏག་དེ་རེ་ཟུང་མ་གཏོགས་ཐོན་ཐུབ་གྱི་ཡོད་ས་མ་རེད། ཡིན་ནའང་བཙན་བྱོལ་ལ་སྐྱེས་པའི་བོད་ཕྲུག་རྣམས་ཀྱི་ཉུང་མཐར་སྐད་རིགས་གསུམ་ཤེས་ཀྱི་ཡོད་ཙང་། རྒྱ་སྐད་གི་སྒྲ་གདངས་མ་གཏོགས་སྐད་རིགས་གཞན་གྱི་སྒྲ་གདངས་ཤེས་པ་ལ་དེ་ཙམ་ཁག་པོ་མེད། གང་ལྟར་བཀྲ་ཤིས་དགེ་ལེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།

  22. རག་ཕྱགས་རྡོར says:
    2012-04-13 at 12:49 pm

    བཀྲིས་དགེ་ལེགས་་་་་་་་་ཁྱེད་རང་མིང་དང་དོན་མཚུང་འདུག་དངོས་གནས་བཀྲིས་དགེ་ལེགས་རང་རེད་ཁྱེད་ལ་རྗེས་སུ་ཡི་རང་ཡོད་གྲོགས་མཆོགས་བཀྲིས་དགེ་ལེགས་ལགས་ཁྱེད་ཀྱི་སྐོར་གུས་ལ་ཏོག་ཙམ་ཤེས་འདོད་བྱུང་ཁྱེད་ཀྱི་ཕ་ཡུལ་དང་སློབ་ཆུང་དང་དེ་ནས་སློབ་འབྲང་དེ་ནས་སློབ་གྲྭ་ཆེ་མོ་དང་ད་ལྟ་སྐབས་སུ་བབས་པར་ཕྱགས་ལས་གང་གནང་གིན་ཡོད་ཏོག་ཙམ་འབྲི་བཤད་ཞིག་རྒྱབ་ན་ང་དང་ང་འདྲ་བའི་དྲ་གྲོགས་དག་ལ་ཤེས་འདོད་བྱུང་།།།

  23. རྩམ་དགའ། says:
    2012-04-13 at 1:08 pm

    ཁྱེད་ལ་བཀྲིས་བདེ་ལེགས་ཞུ།
    བོད་ལ་གོན་སྟངས་དང་་སེམས་ཀྱི་མ་ཎི་ཟེར་བའི་གླུ་གཞས་དེ་འགྲེམས་ཚུལ་ལ་བལྟས་ན་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་ཡིན་ཚོད་འདུག
    ད་དུང་སློབ་སྦྱོངས་ལ་མུར་མཐུད་གནང་སྟེ་་་མ་འོངས་བོད་ཀྱི་ལོ་ཙྰ་བར་ཡག་པོ་ཞིག་ཡོང་བའི་རེ་བ་སེམས་ལ་ཉལ་རོགས་གནང་།

  24. འབྲི་ཆུ། says:
    2012-04-13 at 9:37 pm

    བཀྲ་ཤིས་བདེ་ལེགས་ཞུ་བོད་པ་ཞིག་ལ་བྱ་དགའ་ཐོབ་པ་ནི་དགའ་ཚོར་བྱ་འོས། ལ་རྒྱ་ཡོད་མེད་རྗེས་མར་ལྟ་ན་ཤེས། དེའི་སྐོར་ཉུང་ཙམ་གླིང་ན་དགའ་རྒྱུ་རེད།

  25. མེ་ཏོག་དཀར་པོ། says:
    2012-04-14 at 12:07 am

    ད་དུང་ཀོ་རི་ཡ་དང་ཐའི་ལནཌེ་རྒྱལ་ཁབ་ཀྱི་འགན་རྩལ་པའང་གདན་ཞུ་གནང་ཡོད། ཅེས་པའི་འགན་རྩལ་པ་ཞེས་པའི་དོན་གང་ཡིན་ནམ།

  26. ཁ་བའི་སྒྲོན་མེ། says:
    2012-04-14 at 12:16 am

    དགའ་བསུ་ཡོད་

  27. བཙན་བྱོལ་བ། says:
    2012-04-14 at 3:12 am

    ཡག་པོ་རེད། འཇོན་པོ་བྱུང་། དེ་སྔོན་ཡང་བོད་དབུས་ཀོང་པོའི་བུ་མོ་ཞིག་ལ་རྒྱ་ནག་གི་ཨོ་ལིམ་པིཀ་རྩེད་མོའི་འགྲན་རྩོད་པའི་གྲས་སུ་ཞུགས་ཐུབ་པ་དང་། ད་ལོ་ཡང་བོད་རིགས་སློབ་མ་བཀྲིས་དགེ་ལེགས་ལ་དབྱིན་སྐད་གཏམ་བཤད་འགྲན་བསྡུར་གྱི་གྲས་ནས་བྱ་དགའ་ཐོབ་པ་བཅས་རེད། མུ་མཐུད་དེ་འདྲ་མང་ཙམ་ཐོན་ཐུབ་ན་ཡག་པོ་རེད། ཡིན་ན་ཡང་གལ་ཆེ་ཤོས་ནི་རང་མི་རིགས་ཀྱི་སྐད་ཡིག་ཐོག་ལ་ཤེས་བྱ་རྒྱས་པ་ཞིག་དགོས་པ་ཡིན། དེའི་སྟེང་དུ་གཞན་གྱི་སྐད་ཡིག་ཐོག་ལ་མཁྱེན་པའི་རྩལ་རྫོགས་པ་བྱུང་ན་དགོས་ངེས་རེད།

  28. ཁྱུང་། says:
    2012-04-14 at 7:10 am

    ཚོར་ཤུགས་དྲག་པོས་མཐེ་བོང་གནམ་ལ་བསྒྲེངས་ཡོད། བོད་མི་རིགས་ལ་གོ་སྐབས་ཤིག་ཐོབ་ན་ཨ་མའི་བུ་གཅིག་པ་ཡིན་ལུགས་ནང་ཆེན་པ་ཁྱོད་ཀྱིས་བསྒྲུབས་པ་རེད། ཧ་ཅང་བཟང་། མུ་མཐུད་ཤུགས་རྒྱོབས།

  29. བོད་ལ་ཞེན། says:
    2012-04-14 at 8:14 am

    དུང་ཕྱུར་མང་པོའི་མི་ནང་ས་ཡ་དྲུག་གིས་བྱ་དགའ་ལེན་པ་རེད།

  30. ཨ་བ་ཡ་ན། says:
    2012-04-14 at 10:27 am

    མེ་ཏོག་དཀར་པོ་ལགས།
    འགན་རྩལ་པ་དེ་ཡིག་འབྲིའི་སྐབས་དོ་སྣང་མ་བྱས་པར་ར་བཏགས་སོ་སོའི་གློག་ཀླད་ནང་ལྷག་པ་ཡིན་གྱི་རེད།
    ཡིག་ཕྱེད་གོ་བས་ལེན་དགོས་ན།
    འགྲན་རྩལ་པ་ཡིན་ངེས་རེད།

  31. གཅེན་པོ། says:
    2012-04-14 at 10:38 am

    བཀྲིས་བདེ་ལེགས་གྲངས་མེད་ཞུ

  32. མེ་ཏོག་དཀར་པོ། says:
    2012-04-14 at 11:51 am

    འགྲན་རྩལ་པ་ཡིན་ནའང་གོ་རྒྱུ་ཅང་མིན་འདུག
    ཡང་ན་འགྲན་རྩོད་པ་ཡིན་རྒྱུ་རེད།

  33. སྒྲ་ལྷ་ནས་ says:
    2012-04-14 at 11:56 am

    ང་ཚོ་བོད་ཀྱི་བུ་ལ་དེ་འདྲིའི་བྱ་དགའ་ཐོབ་པ་ཡང་ཡང་མཐོང་བར་ཤོག

  34. སྲིད་པའི་མིག་ནས་ says:
    2012-04-14 at 12:11 pm

    བྱ་དགའ་ཐོབ་པའི་བུ་བཟང་།
    བཀྲ་ཤིས་དགེ་ལེགས་མཆོག་ལ།
    གུས་པ་སྲིད་པའི་མིག་ནས།
    སྙིང་ནས་དགའ་བསུ་ཞུའོ།།

  35. གླིང་ཚང་འཇིགས་བསྟན། says:
    2012-04-25 at 12:22 am

    དངོས་གནས་གཟི་བརྗིད་རེད། མ་འོངས་པར་ད་དུང་བོད་སློབ་ཕྲུག་འགའ་ཤས་ཐོན་ཐུབ་རེ་བ་ཡོད། བཀྲ་ཤིས་དགེ་ལེགས་ལགས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

  36. གླིང་ཚང་རྟོག་གེ་བ་ནས། says:
    2012-04-25 at 12:26 am

    ངོ་མ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། སྐུ་ཉིད་ལ་ལྟ་ཅི་བོད་པའི་ཡང་གཟི་བརྗིད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme