Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་སྐྱོན་ཁྲོད་ཁ་བྲལ་བར་དོགས་ཟོན་དགོས་ཟེར།

Posted on 2012-04-102012-04-10 By ཁ་བརྡ་ 6 Comments on མེ་སྐྱོན་ཁྲོད་ཁ་བྲལ་བར་དོགས་ཟོན་དགོས་ཟེར།

༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདྲེན་བཀོད་ཞུས༽

ཉེ་ལམ་བོད་སྨར་ཁམས་སུ་བྱུང་བའི་མེ་སྐྱོན་བྱུང་ནས་ཟླ་གཅིག་ཙམ་སོང་ཡོད་ཀྱང་ད་དུང་གསོད་མ་ཐུབ་པར། ཛ་དྲག་ཆགས་ཡོད་པ་དང། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆིན་གོས་མེ་སྐྱོན་ལ་འགན་མ་ཁུར་བར། ཁ་བྲལ་བར་དོགས་ཟོན་དགོས་སྐོར་གྱི་བཀའ་རྒྱ་ཞིག་ས་གནས་སུ་བཀྲམ་འདུག
དེ་ཡང་སྨར་ཁམས་རྫོང་གི་ཉེ་འགྲམ་ལྷོ་ར་ཤང་ལྕགས་སོ་སྟེང་ཞེས་པའི་ས་གནས་ཀྱི་རི་རྩེར། ཕྱི་ཟླ་༣ པའི་ཚེས་༡༠ ཡས་མས་ནས་མེ་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་དུས་ཐོག་མེ་གསོད་ཀྱི་འགན་ལེན་མ་བྱས་པས། མེ་དེ་རིམ་པས་ཉེ་མཁོའི་ནགས་ཚལ་ཁག་ལ་མཆེད་ནས་ད་ཆ་སྨར་ཁམས་ཕྱོགས་སུ་ཡོད་པའི་ནགས་ཚལ་མང་པོ་ཞིག་ཚིགས་ཡོད་འདུག
དེ་ཡང་མེ་སྐྱོན་ཕོག་ཡུལ་ས་གནས་ནས་འབྲོག་པ་ཞིག་གིས་ངོ་སྤྲོད་གནང་དོན། ས་གནས་སྲིད་གཞུང་གིས་ཆབ་མདོ་ནས་མེ་གསོད་རུ་ཁག་གི་རླངས་འཁོར་བཞི་ཙམ་ཆེད་གཏོང་བྱས་ནས། མེ་གསོད་རྒྱུ་བྱས་ཀྱང་དོན་ཕན་མ་བྱུང་བ་མ་ཟད། མེ་སྐྱོན་འདིར་འབྲེལ་ཡོད་རྒྱ་ནག་གཞུང་གི་ས་གནས་དཔོན་རིགས་ཚོས་དུས་ཐོག་ཏུ་དོ་ཁུར་མ་བྱས་པའི་རྐྱེན་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
མུ་མཐུད་ཁོང་གིས་བརྗོད་དོན། མེ་སྐྱོན་བྱུང་མ་ཐག་འབྲོག་པ་མང་ཚོགས་ནས་ས་གནས་སྲིད་གཞུང་ལ་འདི་ལོ་དགུན་ཁ་གངས་ཆར་སོགས་མ་བབས་པའི་རྐྱེན་གྱིས་ས་སྐམ་པོ་ཡིན་པར་བརྟེན། གཞུང་གི་མེ་སྐྱོན་འདི་ལམ་སང་གསོད་ཐབས་མ་བྱས་ཚེ། མེ་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་སྐོར་ཞུས་ཀྱང་། སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཡ་ལན་གཏན་ནས་བྱས་མེད་སྐོར་བློ་ཕམ་དང་བཅས་འགྲེལ་བརྗོད་བྱས་སོང་།

ད་ཆ་ས་གནས་འབྲོག་པ་ཚོ་ས་ཁུལ་གཞན་ལ་གནས་སྤོས་བྱ་དགོས་བྱུང་ཡོད་འདུག་ལ། གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། མེ་སྐྱོན་འདི་སྨར་ཁམས་ཀྱི་ས་འབྲེལ་ཆབ་མདོ་དང་། གོ་འཇོ། བྲག་གཡབ་སོགས་རྫོང་ཁག་མང་པོ་ཞིག་ལ་ཁྱབ་གདལ་འགྲོ་བཞིན་པ་དང། དེའི་སྐོར་སྨར་ཁམས་རྫོང་གི་ཤིང་ནགས་ལས་ཁུངས་ཀྱིས་བཤད་དོན་ལ་ད་ལྟ་ས་གནས་སྲིད་གཞུང་གིས་མེ་གསོད་ཀྱི་ཐབས་ཤེས་གང་ཡོད་བྱེད་བཞིན་པ་དང་། གཞུང་གི་མེ་སྐྱོན་ལ་རྟོག་ཞིབ་ཆེད་བོད་རང་སྐྱོང་ལྗོངས་དང་ཆབ་མདོ་ཁུལ་ནས་འབྲེལ་ཡོད་དཔོན་རིགས་ས་གནས་ལ་འབྱོར་ཡོད་པ་དང་། བཅིངས་འགྲོལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གང་ཐུབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ལུགས་བརྗོད་འདུག
མེ་སྐྱོན་འདི་ཐོག་མ་འབྱུང་རྐྱེན་སྐོར་སྨར་ཁམས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཝང་གིས་བཤད་དོན། མེ་འདི་དང་པོ་ཁྲིམས་འགལ་གྱི་ཐོག་ནས་རིར་རྔོན་རྒྱག་མཁན་ཁ་ཤས་ཀྱིས་མེ་སྤར་བ་ཡིན་ཚུལ་དང་། རྔོན་པ་མི་བཞི་འཛིན་བཟུང་བྱས་ནས་ད་ལྟ་བཙོན་ཁང་ནང་ཡོད་སྐོར་དང་། དེ་ཚོའི་ནང་རྒྱ་མི་གསུམ་དང་དཀར་མཛེས་ཁུལ་ནས་ཡིན་པའི་བོད་རིགས་གཅིག་བཅས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཉེ་ཆར་ཕྱི་ཟླ་༤ ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲིན་ཆིན་གའོ་ཟེར་བས། བཀའ་རྒྱ་དོན་ཚན་༧ ཅན་ཞིག་སྨར་ཁམས་ཕྱོགས་སུ་བཏང་ཡོད་པ་དང་དེའི་ནང་དམག་མི་དང་། དྲག་ཆས་ཉེན་རྟོག་པ། ཡུལ་དམག། ས་གནས་ཡུལ་མི་བཅས་ཚང་མས་མཉམ་རུབ་ཀྱི་མེ་གསོད་ཀྱི་ལས་དོན་ཁག་ཛ་དྲག་ངང་སྤེལ་དགོས་པ་དང་ཆབས་ཅིག ས་ཁུལ་བརྟན་ལྷིང་གི་ལས་དོན་ལ་ལྷོད་ཡང་མེད་པ་དགོས་གལ་ཆེ་ཚུལ་བཤད་འདུག ད་དུང་ཁོ་པའི་བཀའ་རྒྱའི་ནང་ས་ཁུལ་བརྟན་ལྷིང་གི་ལས་དོན་ལ་དོ་ཁུར་མ་བྱུང་ཚེ། མེ་སྐྱོན་གྱི་གོ་སྐབས་འདི་བཟུང་སྟེ་ཁ་བྲལ་རིང་ལུགས་པ་ཚོས། གཏམ་འཆལ་དང་འུར་སྒྲ་བསྒྲགས་ཏེ་ཟིང་ཆ་སློང་རྒྱུ་སོགས་ཡོང་སྲིད་པར་གཟབ་གཟབ་བྱ་དགོས་སྐོར་བཀོད་ཡོད་པ་རེད།
མེ་སྐྱོན་འདི་ད་ཆ་སྨར་ཁམས་དང་འདབས་འབྲེལ་གྱི་ས་ཆ་མང་པོ་ཞིག་ལ་ཁྱབ་བཞིན་ཡོད་པ་མ་ཟད། ཁུལ་དེར་གནས་པའི་མི་མང་ཚོས་ས་གནས་རྫོང་གིས་མེ་སྐྱོན་བྱུང་མ་ཐག་བདག་སྤྲོད་མ་གནང་བས་བློ་ཕམ་གྱི་རྣམ་པ་ཡང་སྟོན་བཞིན་འདུག །

གནས་ཚུལ་མཁོ་གཏོང་བ་གོ་བོ་བསོད་ནམས་སེང་གེ།

གསར་འགྱུར།

Post navigation

Previous Post: ཁམས་འབྲི་རུ་རྫོང་གི་ཤེས་ཡོན་པ་མང་དག་ཅིག་འཛིན་བཟུང་།
Next Post: ཧོ་པེ་ཞིང་ཆེན་ནས་སངས་རྒྱས་ཀྱི་སྐུ ༣༠༠༠ ཙམ་གསར་རྙེད་བྱུང།

Comments (6) on “མེ་སྐྱོན་ཁྲོད་ཁ་བྲལ་བར་དོགས་ཟོན་དགོས་ཟེར།”

  1. བདག་མེད་ says:
    2012-04-10 at 2:42 pm

    བོད་ཡུལ་རྒྱ་ཡིས་མ་བཟུང་སྔོན་དུས་རབས་བདུན་པ་ནང་བྱོན་པའི་བོན་གྱི་བླ་མ་དྲན་པ་ནམས་མཁའི་མ་འོངས་ལུང་བསྟན་ནང་ལ་རྒྱ་འདྲེ་བོད་ལ་སྡོང་ཞིང་ཡུལ་ཁམས་ཕུང་ཞེས་གསུངས་པ་དག་བདེན་འདུག་རླག་པར་བྱེད་ས་རེད་

  2. ཆུ་ཤེལ་དྭངས་མོ། says:
    2012-04-11 at 12:45 am

    རྒྱ་མིས་མེ་མི་བསོད་ན་ང་ཚོས་ཕྱིའི་རྒྱལ་ཁབ་ཁག་ལ་ཁྱབ་བསྒྲགས་འབྲེལ་མེ་བསོད་རྒྱུའི་འབོད་སྐུལ་ཞུས་ན་ཕན་ཐོག་ཆེ་བ་མེད་འགྲོ།

  3. གཉིས་མེད་སེངྒེ says:
    2012-04-11 at 2:06 am

    བོད་་་་་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀ་མེས་ཚིག་གིན་ཡོད་པས། དོན་ངོ་མ་སུ་ཞིག་མེ་དཔུང་དེ་དག་གཞིལ་ཐུབ་བམ།

  4. བློ་བཟང་རྒྱལ་མཚན། says:
    2012-04-11 at 2:37 am

    མེ་སྐྱོན་ཁ་བྲལ་རིང་ལུགས་པས་བྱས་ན། གསོད་ཐབས་སྲིད་གཞུང་གིས་མི་བྱེད་པ་ཡ་མཚན།

  5. བྲོ་འཚལ། says:
    2012-04-11 at 2:50 am

    རྒྱ་ནག་ཧྤུ་ཅིན་སྨྱོན་པས་བོད་མིའི་ས་ཐོག་ནས་ཤིང་ནགས་ཙམ་མེས་འཚིག་པ་ལ་དོ་སྣང་དང་ཡ་ལན་མེད་པ་ནི་རྒྱུན་ལྡན་ལྟ་བུ་རེད།་་་གང་ལ་ཟེར་ན་ཁོང་ཚོས་བོད་ཡུལ་ཡོངས་རྫོགས་བསྲེགས་ནས་ཐལ་བར་གཏོང་ན་འདོད་ཀྱི་ཡོད་པའི་མ་ཚད་ར་ལུག་གླང་གསུམ་སོགས་སེམས་ཅན་རེ་མེས་འཚིག་ན་སྙམ་ནས་དགའ་བ་སྒོམ་གྱི་ཡོད་ལ།་་་ལྷག་པར་བོད་མི་གསོན་པོ་རེ་མེས་འཚིག་པ་མཐོང་ན་ཧྤུ་ཅིན་ཐའོ་ལ་དྲོས་ཇ་དང་དགུང་ཇ་མི་ཤ་སྲེག་མ་ཞིག་ཐོབ་སོང་སྙམ་ནས་གནམ་ལྡིང་ས་ལྡིང་གིས་པེ་ཅིན་ལ་ཁྱེར་ནས་ཧྤུ་ལ་སྤྲད་ན་ཧྤུས་གཟེངས་བསྟོད་དང་ཟ་དང་ཟུར་ནས་ཤ་སྣེ་རེ་རྔན་པ་ཡང་སྤྲོད་ཀྱི་ཡོད་པས་ཁ་ནས་བདེ་འཇགས་དང་གཏན་ལྷིང་ཟེར་ནས་སྒྲོག་གི་ཡོད་ཀྱང་དོན་དུ་རྒྱང་ནས་ལྟད་མོ་བལྟས་ནས་འདུག་གི་རེད།་་་ད་རུང་གཅིག་བྱས་ན་མིས་མི་མཐོང་ས་ནས་རླུང་གཏོང་འཕྲུལ་འཁོར་ཞིག་བཙུགས་ནས་རླུང་ཤུགས་ཆེ་རུ་གཏོང་གི་ཡོད་པ་ཡང་མི་སྲིད་པ་མིན་པས་ང་ཚོས་ཕྱོགས་ཡོངས་ནས་གནས་ཚུལ་རྒྱུས་ལོན་དང་ཞིབ་དཔྱད་བགྱིས་ཏེ་རང་མི་རང་གིས་མེ་གསོད་པར་ཐབས་ཤེས་སམ་རེ་བསྐུལ་ཞུ་ས་འདྲ་ཡོད་ན་ཞུས་ན་ཡག་གི་རེད་བསམ་གྱི་སྙམ།་་་དེ་མིན་ན་ཧྤུ་ཅིན་ཐའོ་སྨྱོན་པར་རློམ་གྱི་ཡོད་པ་མ་རེད།་་་ཧྤུ་སྨྱོན་པའི་སྨྱོ་གཏམ་བཤད་ནས་ས་གནས་དེ་གའི་བོད་མི་ཚང་མ་ཁ་བྲལ་དང་བརྟན་ལྷིང་ལ་ཁ་གཡར་ནས་མེ་ནང་ལ་ལྕེབ་ཏུ་འཇུག་ངེས་ཡིན་པས་ས་གནས་དེ་གའི་དམངས་ཚོགས་ཚང་མས་གཟབ་གཟབ་བྱས་ན་སྙམ།

  6. ཁ་བ་དཀར་བོ། says:
    2012-04-11 at 11:09 pm

    འབྱུང་བ་མེ་ཡི་འཇིགས་པ་ཞུ་བ་ཤོག།
    འགྲོ་རྣམས་བདེ་སྐྱིད་ལྡན་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme