Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁང་ཆུང་དེར།

Posted on 2009-05-30 By དགེ་རབ་ 7 Comments on ཁང་ཆུང་དེར།

ཁང་ཆུང་དེར།

—ཟླ་བདུན་པའི་ཚེས་ཉེར་དྲུག

O.D.(1)ལ་ཕུལ།         གཅན་ བཟོད་རྒྱམ།

དེ་ནས་བཟུང ནམ་རྒྱུན
ཉོབ་སྣང་གི་གོམ་པ་རེ་རེས
ཆང་ཁང་ཆུང་ཆུང་དེ་སྙེག་འགྲོ

དོ་དགོང་ཡང་ངའི་ཁ་གཏད་དུ
ཤེལ་དམ་སྨུག་པོ་དེ་ལས་སུ་ཡང་མེད
ཆང་ཕོར་གྱིས་བྱམས་བརྩེའི་མཆུ་སྒྲོས་ཡང་ཡང་སྦྱོར
ཁང་ཆུང་དེར་ཆགས་སྲེད་རོལ་དབྱངས་སྔར་བཞིན་འཁྱིལ

ཟླ་བདུན་པའི་ཚེས་ཉེར་དྲུག
ངའི་དྲན་ཤིང་ཡིན
སྦི་རག་མཆོད་ཐེངས་རེར
གཏམ་རྒྱུད་ཅིག་དབང་མེད་དུ་དྲན་འོངས

མོ་ལོ་བཅུ་དྲུག་གི་ལང་ཚོ་དང
ཆེས་ཐོག་མའི་བརྩེ་བའི་མངར་ཁ
ངས་བསྐལ་བར་བརྗེད་མི་སྲིད

དགོང་མོ་དེར
བརྗེད་མི་སྲིད་པའི་དགོང་མོ་དེར
ཁྱོད་ནི་ཨ་མ་བཞིན  ཉི་མ་བཞིན
ང་ལ་བྱམས་བརྩེ་དང་དྲོད་ཁོལ་སྦྱིན
བརྗེད་མི་སྲིད་པའི་དགོང་མོ་དེར
ཁྱོད་ནི་སྙན་ངག་བཞིན  སྦྲང་རྩི་བཞིན
ང་ལ་ཡིད་བདེ་དང་མངར་ཁ་སྩལ

འུ་གཉིས་ཀྱི་ཁོར་ཡུག་ཏུ
རླུང་མི་ལྡིང་བའི་སྨོན་ལམ་བཏབས་མོད
བརྩེ་དུང་ལ་མི་རིགས་ཀྱི་ས་མཚམས་ཡོད་པའི་“ལོག་བཤད་”དེས
ཁྱོད་ཤུགས་ཀྱིས་བུད་སོང   གཏན་དུ་བུད་སོང

གཏམ་རྒྱུད་ཧ་ཅང་ཐུང་ལ
ལོ་ཟླ་ཧ་ཅང་མགྱོགས
སྙིང་གཏམ་ཡོད་ཚད
ཁང་ཆུང་དེར་ད་དུང་བདག་མེད་ངང་ལུས་འདུག

དེ་ནས་བཟུང  ཆེས་ལྷོད་པའི་གོམ་པ་རེ་རེས
ཆང་ཁང་ཆུང་ཆུང་དེ་སྙེག་འགྲོ
གཏམ་རྒྱུད་རྙིང་པ་དེ་ཀློག་གིན
ལུས་སེམས་བདེ་སྣང་གིས་བཟི

ཁང་ཆུང་དེར ཆགས་སྲེད་རོལ་དབྱངས་སྔར་བཞིན་འཁྱིལ
སེམས་པ་དང་སྦི་རག་ཤེལ་ཕོར་ལས་ལུད་ཀྱིན
ངས་ད་དུང་ཁྱོད་ཀྱི་སྐྱེ་སྐར་ལ་རོལ

(1)O.D.ནི་མི་ཞིག་གི་མིང་རེད། ཀློག་པ་པོ་ཚོས་ཚོད་དཔག་གི་དཔྱད་གླེང་རེ་བྱ་འདོད་དམ། ངས་ཁོ་མོའི་རྒྱུན་མཚན་ཁྱོད་ཚོར་བཤད་འདོད་ཀྱང་ཁ་ནས་མི་ཐོན་གི

༢༠༠༧།༧།༢༦ ཉིན། རང་ཤག་བརྩེ་དུངས་གླིང་དུ་བྲིས།

སྙན་ངག

Post navigation

Previous Post: འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།
Next Post: མགྱོགས་བྲིས་ཁག་གསུམ།

Comments (7) on “ཁང་ཆུང་དེར།”

  1. ཀླུ་སྨྱོན། says:
    2009-06-01 at 12:24 pm

    ཧ་ཅང་ཡག་པོ་ཞིག་བྲིས་འདུག ལྗང་བུས་སྙན་ངག་འབྲི་མཚམས་བཞག་པ་ནས་ཡུན་རིང་ཞིག་ལ་འདི་ལྟ་བུའི་སྙན་ངག་ཡིད་ངོར་འབབ་པ་ཞིག་ཧ་ཅང་མཐོང་རྒྱུ་དཀོན། འདི་ལྟར་མུ་མཐུད་དེ་འབྲི་རོགས་ཞུ། སྙན་ངག་འདིའི་རྒྱབ་ལྗོངས་སུ་ཡིབ་པ་དེ་རྒྱ་རིགས་བུ་མོ་ཞིག་གམ་ཡང་ན་སོག་རིགས་ཤིག རྒྱ་གར་དང་བལ་བོ། ཡང་ན་འབྲུག་པའི་ན་ཆུང་མ་ཞིག་ཡིན་སུས་ཀྱང་ཚོད་དཔག་ཙམ་ལས་རྟོགས་ཐབས་བྲལ། གསང་བ་དེ་ཙམ་མིན་ན་སྐོམ་གདུང་གིས་དུས་རྟག་ཏུ་མནར་བའི་ཁྱོད་ཀྱི་ཀློག་པ་པོ་ཚོ་སྙན་ངག་འདིའི་རྒྱབ་ལྗོངས་སུ་ཐེངས་ཤིག་འཁྲིད་རོགས་ཞུ། རེ་བ་དེ་ཙམ་ཡིན།

  2. ཚེར་མ། says:
    2009-06-02 at 4:27 am

    ཀླུ་སྨྱོན་ལགས་ཀྱིད་བསྟོད་པ་བྱས་མཐོ་དྲག་མེད་དམ། ཁོང་ནི་རྡ་སའི་ཟ་ལས་རྒྱལ་ཞིག་རེད། ཟ་ལས་རྒྱལ་ཞིག་ལ་འདི་འདྲའི་བརྩེ་བ་ཞིག་ཡོད་སྲིད་དམ། བདེན་པ་མ་རེད་འདོད་གི

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-02 at 7:37 pm

    འཁུར་སོང་བ་དེ་ཕྱིར་ཡོང་མེད།

    འཁུར་ན་མི་ཡང་རྡོ་ལས་ལྕི་བའི་སེམས།།
    ཤོར་ན་མི་སྐྱིད་འདབས་ལས་སྙི་བའི་སེམས།།
    སྟོན་ན་འདོད་པའི་བུ་མོ་གཟུགས་མཛེས་མ།།
    ཁྱེད་ལ་གཏད་ཉིན་བརྗེད་དུ་མ་འཇུག་རོགས།།

    འགྲོག་ཡུན་ཐུང་བའི་དུས་ཚིགས་དེ་ཡི་རིང་།།
    ཕན་ཚུན་གཅིག་ལ་གཅིག་འཁྱུད་ལུས་པོ་གཉིས།།
    ཚ་དྲོད་མེ་བཞིན་འབར་བའི་མཚན་མོ་དེར།།
    སྐྱིད་པའི་སྣང་བ་ནམ་མཁའི་སྐར་ལས་མཐོ།།

    རླུང་བུ་བསིལ་མོ་སྒེའུ་ཁུངས་བརྒྱུད་དེ་སླེབས།།
    དུང་གི་ཟླ་བ་མུན་པའི་ཁྲོད་ནས་འཛུམ།།
    སེམས་ཀྱི་སྐད་ཆ་ཕན་ཚུན་ངག་ལས་ཤོར།།
    འཇིག་རྟེན་སྣང་བ་ཟེར་བ་དེ་འདྲ་རེད།།

    སུས་ཀྱང་ཡིད་དུ་མེད་པའི་གློ་བུར་བ།།
    དབྱར་ཁའི་མེ་ཏོག་ལྟ་བའི་མཛེས་པ་དེ།།
    མི་འདོད་སད་ཀྱིས་འཁྱེར་བའི་དགུན་དུས་སུ།།
    སེམས་པ་འཁྱག་པའི་གཟུར་བའི་ནངས་མོ་རེད།།

    བྲིས་པའི་ཡི་གེ་དེ་ཡང་མེ་ལ་བསྲེག།
    བཤད་པའི་སྙིང་གཏམ་དེ་ཡང་མི་ཁའི་གཏོར།།
    འདྲིས་པའི་ཕྱི་ཐག་དེ་ཡང་སོ་སོར་གྱེས།།
    ཞེན་ལོག་སྐྱེ་བའི་གཞི་མ་འདི་ལྟར་བྱུང་།།

    དེ་ནས་བྲལ་བའི་རི་ལུང་ཕར་ཚུར་ན།།
    གཟུགས་མེད་ན་ཚའི་བསླེང་བའི་དྲན་ཤིང་དེ།།
    རྒས་ཀྱང་ཁོག་དུ་ལུས་པའི་ནད་རྙིང་འདི།།
    སངས་པར་བྱེད་པའི་ལྷ་རྗེ་མེད་པར་སྐད།།

    ཐག་རིང་རི་བོ་འདི་ཡི་ཕར་རྒྱབ་དུ།།
    སྐུ་ལུས་བདེ་ཐང་ཡིན་པའི་རེ་སྨོན་དང་།།
    བསམ་དོན་ཡིད་བཞིན་འགྲུབ་པའི་སྐྱབས་འཇུག་བཅས།།
    དྲ་ཐོག་བཏགས་ཡིག་འབྲི་མཚམས་འདི་ནས་འཇོག།

    རྩོམ་སྒྲིག་པ་དང་ཡང་ན་དྲ་གྲོགས་སུ་ཡིན་ཡང་འགྲིག སྙན་ངག་འདི་ཉིད་དྲ་ཐོག་འདིར་འགོད་རོགས་ཞུ། གལ་ཏེ་འགོད་མི་རུང་བའི་སྙན་ངག་ཞིག་དུ་བསམ་ཚེ་མ་བཀོད་ཀྱང་བསམ་འཆར་མེད་དོ།

  4. འདོད་ལྷའི་བུ། says:
    2009-06-02 at 8:54 pm

    ངོ་མ་ཡག་པོ་བྲིས་འདུག   ང་རང་མོས་སྙན་ངག་ལ་མི་དགའ་ཡང་འདི་འདྲ་རེ་བྲིས་ཡོང་དུས་མ་དགའ་རང་དགའ་རེད།   ངོ་མ་བྲོ་བ་ཆེ་གི་ཡ།   

  5. ཚེར་མ། says:
    2009-06-06 at 2:28 am

    མི་འདིས་ཆང་རེ་འཐུང་ཚེ་འདི་ལྟ་བུའི་སྙན་ངག་རེ་འབྲི་སྲིད། གོང་གི་སྙན་ངག་འདི་འབྲི་དུས་ཀྱང་ཆང་གིས་མྱོས་ཡོད་པ་སྙན་ངག་གི་ཚིག་ཟིན་ལས་ཐོན་ཡོང་གི་འདུག ད་དུང་ཁོའི་དཔའ་བོ་རྣམ་ལྔའི་བསྟོད་པ་ལམ་སྟོན་མའང་དེ་མཚུངས་རེད། གཞན་ད་དུང་(ལྷ་སྲས་ལགས། པོ་ཏ་ལའི་གསེར་ཁྲི་ལ་ས་རྡུལ་ཆགས་འདུག)ཅེས་པའང་སྐབས་དེར་ཁོས་བོད་དོན་དང་འབྲེལ་པའི་དཔེ་དེབ་འདྲ་མིན་དང་བཀླགས་པས་སེམས་མི་སྐྱིད་ཅིང་ཕལ་ཆེར་དུས་རྒྱུན་རང་གཅིག་པུས་ཆང་མང་པོ་འཐུང་གི་ཡོད་རབས་གོ་མྱོང༌། ཁ་སྔོན་གྱི་རྩོམ་ཡིག་(གནམ་སྔོན་པོའི་འོིག་གི་སྨྲེ་ངག)ཅེས་པ་འབྲི་སྐབས་ཀྱང་། (ནགས་ཚང་ཞི་ལའི་སྐྱིད་སྡུག)དང་(སངས་རྒྱསཀྱི་དཔའ་རྟུལ་ཚོ།)(ཨ་མ་ཨ་བདེའི་མི་ཚེའི་ལོ་རྒྱུས)དང་(ཞེ་བོ་བློ་བཟང་དར་རྒྱས་ཀྱི་མི་ཚེའི་ལོ་རྒྱུས)སོགས་ལ་ལྟ་བཞིན་འདུག སྐབས་དེར་ཡང་ཁོས་ཆང་མང་པོ་འཐུང་བཞིན་སེམས་གཏམ་འདྲ་མིན་བཤད་པ་མ་ཟད། མི་ཚེ་ལ་སྙིང་པོ་ཡོད་མེད་སོགས་ཚེ་འདི་ལ་ཞེན་པ་ལོག་ཀི་སོགས་འདྲ་མིན་བཤད་སོང༌། ངས་ཀྱང་གང་ཐུབ་ཀྱིས་སེམས་གསོ་རེ་བྱས་ཀྱང་ཉན་འདོད་མི་འདུག ད་ཉལ་གི་ཡིན་ཟེར་ནས་ཉན་སོང་མ་ཐགགཉིད་ཁུག་སོང༌། རྡ་སའི་རི་ངོགས་འདི་ན་ཁོ་ལ་ཆ་རྒྱུས་ཡོད་མཁན་ལས་སུ་འང་མི་ཆེ་སྙམ། ཁོ་ལ་རྩོམ་ཡིག་མང་པོ་ཡོད་མེད་མི་ཤེས་མོད། མི་གཤིས་ལྷོད་ཅིང་བཟང་ལ། ཀུན་ལ་མཐུན་ཞིང་བརྩེ་བ་ཅན་ཞིག་རེད་ཟེར། ད་དུང་བོད་ཞེན་གྱིས་ཁོ་བརླག་མི་ཡོང་ངམ་བསམ་གི་

  6. ཚེར་མ། says:
    2009-06-06 at 2:30 am

    ནོར་བཅོས། ཁོ་ལ་ཆ་ར྄ྒྱུ་ཡོད་མཁན་ང་ལས་སུའང་མེད་ས྄ྙམ།

  7. ཚེར་མ། says:
    2009-06-06 at 2:34 am

    ཨ་ལ་ལ་ལ། དེ་རིང་གང་ལ་མཆན་བཏབས་ཀྱང་ཤུར་སེ་འགྲི་གི་འདུག་ དངོས་གནས་ས྄ྐྱིད་པོ་ཞིག་རེད། དྲ་དཔོན་རབ་གསལ་ཀྱིས་བཤད་པ་བཞིན། བོད་པ་ཚང་ལ་དགོས་པ་ཚང་མ་ཡ་རབས་ར྄ྐྱང་ར྄ྐྱང་ཡིན་མི་དགོས་ན། ངས་མཆན་བུའང་ཡ་རབས་དང་བས྄ྟོད་བས྄ྔགས་ར྄ྐྱང་ར྄ྐྱང་ཅི་ལ་ཡིན་དགོས་ཨང༌།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme