Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།

Posted on 2009-05-292009-05-29 By དགེ་རབ་ 9 Comments on འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།

པདྨ་ཚེ་དབང་ཤཱསྟྲི།
————
monkey-plate-gallery-083007དེ་ཡང་གནའ་སྔ་མོ་ཞིག་ན་རྒྱ་གར་གྱི་གྲོང་གསེབ་ཅིག་ཏུ་ཚོང་དཔོན་ཨཱནནྡ་མཱལིཀ་ཟེར་བ་ཞིག་གིས་གྲོང་གསེབ་དེའི་མང་ཚོགས་ལ་‘‘ཁྱེད་ཚོའི་གྲོང་གསེབ་ཆགས་ཡུལ་འདིར་སྤྲེའུ་ཧ་ཅང་གི་མང་པོ་འདུག་པས་ཁྱེད་ཚོས་སྤྲེའུ་བཟུང་ཐུབ་ན་ངས་སྤྲེའུ་རེར་ཧིན་སྒོར་བཅུ་རེ་སྤྲད་དེ་ཉོ་གི་ཡིན།,, ཞེས་བརྗོད།
གྲོང་གསེབ་པ་རྣམས་ཀྱིས་ཀྱང་ཤིང་ནགས་སུ་ཕྱིན་ཏེ་དེར་སྤྲེའུ་ཧ་ཅང་མང་པོ་ཡོད་པ་མཐོང་སྟེ་རྙི་བཙུགས་ནས་སྤྲེའུ་བཟུང་རྒྱུ་འགོ་བརྩམས། ཚོང་པ་དེས་སྤྲེའུ་རེར་སྒོར་བཅུ་རེ་སྤྲད་དེ་སྤྲེའུ་སྟོང་ཕྲག་མང་པོ་ཉོས་པར་བརྟེན་ག་ལེར་ཤིང་ནགས་སུ་སྤྲེའུ་དཀོན་དུ་ཕྱིན་པས་གྲོང་གསེབ་པ་རྣམས་ཀྱིས་སྤྲེའུ་བཟུང་རྒྱུ་མཚམས་བཞག ཚོང་པ་དེས་ད་ཆ་སྤྲེའུ་རེར་སྒོར་ཉི་ཤུ་རེ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་པས་གྲོང་གསེབ་པ་རྣམས་སེམས་ཤུགས་འཕར་ཏེ་སླར་ཡང་སྤྲེའུ་བཟུང་རྒྱུ་འགོ་བཙུགས། རིང་པོར་མ་ཐོག་པར་ཤིང་ནགས་སུ་སྤྲེའུ་ཆེས་ཉུང་དུ་ཕྱིན་པས་གྲོང་གསེབ་པ་རྣམས་ཀྱིས་སྤྲེའུ་བཟུང་རྒྱུའི་ཚབ་ཏུ་རང་རང་གི་ཞིང་ཁ་རྨོ་འདེབས་ཀྱི་ལས་ལ་ཞུགས། ཚོང་པ་དེས་སླར་ཡང་སྤྲེའུ་རིན་གོང་སྒོར་སུམ་ཅུར་སྤར་བས་ད་ཆ་ཤིང་ནགས་སུ་སྤྲེའུ་བཟུང་རྒྱུ་ཕར་བཞག་སྤྲེའུ་གཅིག་ཀྱང་མིག་གིས་མཐོང་དཀོན་པར་གྱུར།
ཚོང་པ་དེས་ད་ཆ་སྤྲེའུ་རེར་སྒོར་ལྔ་བཅུ་རེ་སྤྲད་དེ་ཉོ་རྒྱུའི་གསལ་བསྒྲགས་བྱས། འོན་ཀྱང་ཚོང་པ་རང་ཉིད་ལས་དོན་གལ་ཆེ་ཞིག་གི་ཆེད་དུ་གྲོང་ཁྱེར་དུ་འགྲོ་དགོས་པར་བརྟེན་རང་ཉིད་མེད་པའི་ཤུལ་དུ་ཁོ་པའི་ལས་རོགས་དེས་སྤྲེའུ་ཉོ་རྒྱུའི་འགན་ཁུར་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས།
ཚོང་དཔོན་ཕྱིར་སྐྱོད་བྱས་ཏེ་ས་གནས་སུ་མེད་པའི་སྐབས་དེར་ལས་རོགས་དེས་གྲོང་གསེབ་པ་ཚོ་ལ་ ‘‘ཁྱེད་ཚོས་ལྟོས་དང་། ཚོང་པ་དེས་སྤྲེའུ་ཇི་ཙམ་མང་པོ་ཞིག་ལྕགས་ཁྲ་འདི་ཚོའི་ནང་དུ་རུབ་རུབ་བཟོས་མི་འདུག་གམ། གལ་ཏེ་ཁྱེད་རང་ཚོ་ལ་འདོད་པ་ཡོད་ན་ངས་ཁྱེད་ཚོར་སྤྲེའུ་རེར་སྒོར་སུམ་ཅུ་སོ་ལྔ་རེ་བྱས་ཏེ་བཙོང་ཆོག རྗེས་སུ་ཚོང་དཔོན་གྲོང་ཁྱེར་ནས་ཕྱིར་འཁོར་སྐབས་ཁྱེད་ཚོས་སྒོར་ལྔ་བཅུ་རེབྱས་ཏེ་བཙོང་ཆོག་གི་རེད།,, ཅེས་བརྗོད།
གྲོང་གསེབ་པ་རྣམས་ཀྱིས་ཤིན་ཏུ་དགའ་མགུ་ཡི་རངས་བའི་རྣམ་འགྱུར་དང་བཅས་ལྕགས་ཁྲའི་ནང་གི་སྤྲེའུ་ཡོད་ཚད་ཚང་ཀ་ཤིག་ཤིག་བྱས་ཏེ་ཉོས། དེ་ཉིན་ནས་བཟུང་སྟེ་གྲོང་གསེབ་པ་རྣམས་ཀྱིས་ཚོང་པ་དང་ཁོང་གི་ལས་རོགས་གཉིས་མིག་གིས་མཐོང་རྒྱུ་ལྟར་བཞག་རྣ་བས་ཐོས་རྒྱུ་ཡང་མ་བྱུང་བའི་ཁར་གྲོང་གསེབ་ཡོངས་རྗོགས་སྤྲེའུས་ཁེངས་པ་ཞིག་བྱུང་། དུས་དེ་ནས་བཟུང་སྟེ་མ་རྩའི་རིང་ལུགས་དང་། མ་གཤེར་ཁྲོམ་ར། མཉམ་འབྲེལ་དང་ཁྲོམ་རྭའི་དཔལ་འབྱོར་ལམ་ལུགས། བག་མེད་ལོངས་སྤྱོད་རིང་ལུགས་སོགས་དར་ཁྱབ་བྱུང་བར་སྣང་། དེས་ན་གལ་ཏེ་ད་ཡོད་འཛམ་གླིང་གི་ནོར་སྲིད་གནས་བབ་རྒྱུས་མངའ་མེད་པའི་རིགས་ལ་གོང་གསལ་གྱི་སྒྲུང་ཐུང་དེས་ཐུགས་ཕན་གསོ་ངེས།

བརྩམས་སྒྲུང་།

Post navigation

Previous Post: སུད་སིའི་བོད་རིགས་ཚོགས་པ་ཞིག་གི་ཡི་གེ་གཉིས།
Next Post: ཁང་ཆུང་དེར།

Comments (9) on “འཛམ་གླིང་དཔལ་འབྱོར་བཞུ་བྲིད་དང་ནོར་སྲིད་ཀྱི་གནས་བབ།”

  1. འབྲུག་པ། says:
    2009-05-30 at 12:54 am

    སྒྲུང་འདི་དཔེ་མི་སྲིད་ཡག་པོ་འདུག། སྒྲུང་དེ་ངས་སྒྲ་བསྒྱུར་བྱས་ནས་གཞན་གྱི་སྐད་ཡིག་ནང་དུ་འབྲི་ན་འབྲི་ཆོག་གི་རེད་པས།

  2. ཆུ་སྐྱེས་སྒྲོལ་མ། says:
    2009-05-30 at 2:21 pm

    བཀྲ་ཤིས་བདེ་ལེགས།
    སྐུ་ཉིད་ཀྱིས་སྒྲུང་རྩོམ་ཡག་པོ་ཞིག་སྤེལ་འདུག

  3. བློ་གྲོས་རྣམ་རྒྱལ། says:
    2009-05-30 at 5:25 pm

    ལོ་མང་པོའི་གོང་ལ་སྦྲང་ཆར་དུས་དེབ་ཡིན་ནམ་ཅིག་ནས་༼སྐྱག་འབུ་ཉོ་བ་༽ཞེས་པའི་སྒྲུང་འདི་དང་ཆ་འདྲ་པ་ཞིག་མཐོང་མྱོང་། དངོས་གནས་གོ་རྒྱུ་ཆེན་པོ་འདུག པདྨ་ཚེ་དབང་ལགས་ཀྱི་མཚན་སྙན་སྔར་ནས་གོ་མྱོང་ལ་བརྩམས་ཆོས་རེ་ཟུང་ཀྱང་མཇལ་མྱོང་པས་ཡིད་ཕྲོགས་པོ་བྱུང་། མུ་མཐུད་ཐུགས་བརྩོན་གནས་རོགས་ཞུ་རྒྱུ་ཡིན།

  4. ཚངས་དབྱངས། says:
    2009-05-30 at 11:00 pm

    སྐུ་ཞབས་པད་མ་ཤསྟྲི་ལགས།

    ངས་སྒྲུང་དེ་དབྱིན་ཇིའི་སྐད་ཡིག་ནང་མཐོང་བྱུང་། ལོ་ཤས་ཀྱི་སྔོན་ལ་ཕ་ཡུལ་དྲ་རྒྱའི་དགོད་བྲོའི་གླེང་སྟེགས་ཐོག་རེད། ཉིད་ཀྱིས་དེ་དབྱིན་ཡིག་ནས་སྒྱུར་བ་ཨེ་ཡིན། གལ་ཏེ་ཡིག་སྒྱུར་ཡིན་ན། སྒྱུར་སྤུས་དག་པོ་འདུག ཐུགས་རྗེ་ཆེ།

  5. མེ་སྒྱོགས་རྒྱ་མཚོ། says:
    2009-05-31 at 11:48 am

    མ་རྩ་རིང་ལུགས་ཀྱི་འཛམ་གླིང་འདི་ནང་དུ་མ་དངུལ་ཁེ་བདག་གི་བྱ་བ་ལ་འཇུག་ཤེས་ན་དེ་ནི་ཁེ་ལས་ཀུན་གྱི་ནང་ནས་མགྱོགས་ལམ་དེ་ཡིན། དེ་ཡང་དུས་ཡུན་ཐུང་ཐུང་གི་ནང་དུ་རང་ལ་མ་དངུལ་འབོར་ཆེན་མེད་པར་རྩེད་མོ་འདི་རྩེ་ན་ཉེན་ཁ་ཆེ་ཡང་། དུས་ཡུན་རིང་པོར་བསམ་བློ་བཏང་ན་ Stock Market ནང་དུ་རྩེད་མོ་རྩེ་ཐུབ་ན་ཁེ་སོང་ཆེན་པོ་ཡོད་པར་གྲགས།
    དཔེར་ན། ཆ་སྙོམས་བྱས་ན་ཁྱེད་རང་གི་ལོ་སུམ་བཅུའི་སྔོན་དུ་སྒོར་མོ་བརྒྱ་ཞིག་མ་དངུལ་ཁེ་བདག་ཏུ་བཞག་ཡོད་ན་ད་སྐབས་ཁྱེད་ལ་སྒོར་སྟོང་ཕྲག་བཅུ་ཡོད་པ་དང་། ལོ་དྲུག་བཅུའི་སྔོན་དུ་བཞག་ཡོད་ན་ད་ཆ་ཁྱོད་ལ་སྒོར་རྡོག་སྟོང་ཕྲག་ཉི་ཤུ་ཡོད་པ་ལྟ་བུ་ཡིན།
    ཨ་རིའི་མི་ཕྱུག་པོ་ཚང་མས་རྩེད་མོ་འདི་རྩེ་འིན་ཡོད་ཟེར་ནའང་ཐལ་ཆེ་མེད་པ་རེད་བསམས།
    ཕྱུག་པོ་མིན་ཀྱང་རེ་བ་ཆེ་བའི་མི་ང་ལྟ་བུའང་མང་བས་བོད་རིགས་ཚོས་ཏག་སེ་དང་མ་བྱམ་གྱི་རྩེད་མོ་རྩེ་བ་ནང་བཞིན་རྩེད་མོ་འདི་རྩེ་མཁན་མང་ཙམ་ཡོད་ན་ཡག་པོ་འདུག་སྙམ།
    ཡིན་ནའང་འདི་ནི་ཕྱུག་སྤྲང་གང་ཞིག་གི་གྲལ་མགོ་འམ་གྲལ་མཐའ་རུ་འཕེན་སྲིད་པས་འདི་ནི་ཚེ་གཅིག་ལུས་གཅིག་ལ་ཐོབ་ངེས་པའི་ཐར་བ་(ཡར་ཐར་ན་ཕྱུག་པོ་དང་མར་ཐར་ན་སྤྲང་པོ)ཞིག་ཡིན་ས་རིག

  6. ཀླུ་སྨྱོན། says:
    2009-06-01 at 12:26 pm

    ཚོང་བ་དེས་སྤྲེའུ་ཉོ་བ་ཇི་བཞིན་ཨ་རི་ཚང་གིས་ཀྱང་འཛམ་གླིང་རྒྱལ་ཁབ་གཞན་དག་གི་ཤེས་ལྡན་པ་ཚོ་ཉོས་ནས་རྫོགས་འགྲོ་གི་ཡོད་བསམ།

  7. རག་ཤུལ། འཇིགས་མེད། says:
    2009-06-04 at 12:01 pm

    སྒྲུང་ཐུང་འདི་དང་ཆ་འདྲ་བའི་ཚོང་རིགས་སྐོར་ཞིག་དེང་དུས་བོད་ཡུལ་ན་དར་འདུག དེ་ནི་འབྲོག་ཕྱོགས་ཀྱི་སྐོ་ཁྱི་ཉོ་ཚོང་གི་རྦ་རླབས་འདི་རེད། འདི་དང་པོ་བྱུང་རིམ་འདྲ་ནི། གནའ་དུས་སུ་འབྲོག་ཁྱི་བརྗིད་ཉམས་ཅན་རེ་ལ་རིན་གོང་མཐོ་ཤོས་ལ་གཡག་སུམ་གྲུས་རེ་དང་། ཡང་ན་འབྲི་ཐུས་མ་རེ་དང་བརྗེ་རེས་བྱས་པ་ཙམ་ལས་གོ་རྒྱུ་མེད། དུས་རབས་ཉེར་གཅིག་པའི་མགོ་འབུས་པ་ཙམ་ནས་རྒྱ་ཡི་དམག་དཔོན་འགའ་ཡིས་འབྲོག་ཁྱི་རེ་ལ་བརྒྱ་སྒོར་ཁྲི་རེ་ཙམ་བྱས་ནས་ཉོས་པས་དེང་དུས་འབྲོག་ཁྱི་རྒྱ་བོ་དང་ཡང་ན་ནག་པོ་གཟུགས་པོ་ཆེ་བ་སྤུ་མཐུག་པོ་དག་ལ་རྒྱ་སྐོར་ཁྲི་བརྒྱ་ཕྲག་རེ་ཙམ་བྱེད་སྐད། དེང་དུས་གཙོ་བོ་བོད་རིགས་ནང་ཁུལ་གྱི་བར་མ་གཏོགས་གཞན་གྱི་ཆེར་ཉོ་གི་ཡོད་ཚོད་མི་འདུག ཉོ་ཚོང་འདི་ཡིས་དབང་གིས་ཆོས་དང་རིགས་གཞུང་གང་ལ་ཡང་བསམ་ལོངས་མེད་པར་སྐྱ་སེར་མཐའ་དག་འདི་ཡིས་འདེད་འགྲོ་བར་བཤད། འདི་ཡི་སྐོར་ལ་བསམ་ཚུལ་སྣ་ཚོགས་ཞིག་འདུག འདི་ཁྱོད་ཅག་གི་བལྟས་ན་ཅི་ཞིག་རེད།

  8. བྱ་རྒོད་རྒྱལ་པོ། says:
    2009-06-05 at 2:23 am

    ཕལ་ཆེར་ཁྱི་རིན་པོ་ཆེ་ཟེར་བ་ཞིག་ཡིན་རྒྱུ་རེད།

  9. བྱ་རྒོད་རྒྱལ་པོ། says:
    2009-06-05 at 2:30 am

    སྒྲུང་དེ་འདྲ་གནའ་མོ་མ་གཏོགས་དེང་སང་ཡོང་ཡག་ཡོད་མ་རེད།

    གལ་ཏེ་སྤྲེའུ་རེ་ལ་སྒོར་ལྔ་བཅུ་སྤྲད་ཀྱི་ཡིན་ཟེར་ན།་ལམ་སེང་མོ་ཊ་གླས་ནས་རྡ་རམ་ས་ལ་བལ་ཡུལ་སོགས་སུ་འགྲོ་གི་རེད། ཡང་མན་ན་སྤྲེའུ་ནང་ལ་ཉར་ནས་ཕྲུག་གུ་སྐྱེ་རུ་བཅུག་ནས་བཙོང་གི་རེད།་ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme