Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་སྐུལ་ཐུང་ཐུང་ཞིག འགྲོ་བ་མི་བྱེད་པར་སྦྲོ་བའི་མི་ཡོངས་ལ།

Posted on 2012-04-05 By ཁ་བརྡ་ 22 Comments on དྲན་སྐུལ་ཐུང་ཐུང་ཞིག འགྲོ་བ་མི་བྱེད་པར་སྦྲོ་བའི་མི་ཡོངས་ལ།

གླིང་ཚ་ཚེ་བརྟན་རྡོ་རྗེ། (བོད་། ལྷ་ཀླུ་གཉན་གསུམ)

རང་དབང་ཤོར་མྱོང་བའི་རྒྱལ་ཁབ་དང་མི་དག་གིས། ད་ལྟའི་འཆར་ང་ཚོ་བོད་དང་བོད་མི་ཚོ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ཀྱི་ཡོད་ལ་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད། གང་ཡིན་ཟེར་ན་མྱོང་ཟིན་པའི་ལོ་རྒྱུས་ཀྱི་བསླབ་བྱ་ལས་རང་དབང་ཤོར་བའི་དཀའ་སྡུག་ཤེས་ཀྱི་ཡོད་ལ་ཤེས་པ་དེར་གདོང་ལེན་བྱེད་པར་མཉམ་གྲོགས་བྱེད་རྒྱུ་དེ་ཡང་འོས་ཤིང་འཚམ་པ་དང་འགྲོ་བ་མི་ཞིག་གི་འགན་འཁྲུ་ཡིན་པར་ངས་འདོད་ཀྱི་ཡོད།

ད་ལྟ་ནི་བོད་མི་རྣམས་རང་ཡུལ་ནས་འགྲོ་བ་མི་ཞིག་བྱེད་པའི་དབང་ཚད་ཙམ་ཡང་རེག་གི་མེད། བོད་མི་གཞིས་ལུས་པ་རྣམས་ཀྱིས་འགྲོ་བ་མི་ཞིག་བྱེད་པའི་བདག་དབང་ཙམ་ལས་གང་ཡང་རྩོད་ཀྱི་མེད་ལ། ང་རང་ཉིད་ཀྱིས་ཀྱང་གཞིས་ལུས་མི་མང་གི་འགྲོ་བ་མིའི་བ
དག་དབང་ཙམ་ལས་གང་ཡང་རྩོད་ཀྱི་མེད། དེ་ཙམ་ཡང་མ་རེག་ཚེ། ང་ཚོ་བོད་མི་རྣམས་འགྲོ་བ་མི་ཡིན་ཟེར་ནས་བཤད་ཐུབ་མེད་ལ། བཤད་ཀྱང་ཁ་སྟོང་ནང་གི་ཚིག་སྟོང་ཆགས་ཡོད། རང་ཡུལ་ནས་འགྲོ་བ་མི་བྱེད་མ་ཐུབ་པའི་ན་ཟུག་ཤེས་མཁན་གྱི་སྐྱེ་བོའི་རིགས་སུ་གཏོགས་པ་ང་འདྲ་བ་དེ་དག་གིས་རང་གི་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་ལུས་ངག་ཡིད་གསུམ་འཚེ་མེད་ཞི་བའི་ལམ་ནས་འབུལ་བ་ནི་ཚད་མཐོ་བའི་ཞི་བའི་འཐབ་རྩོད་དུ་བསམ་སྟབས། ངས་རང་གི་མི་རིགས་འདི་འགྲོ་བ་མི་ཞིག་བྱེད་ཐུབ་རྒྱུའི་ཕྱོགས་སུ་བསྐྱོད་ཀྱི་ཡོད་ཀྱང་། ད་ལྟ་ང་དང་བཅས་པའི་བོད་མི་རྣམས་མི་རིགས་གང་གི་ཁུངས་སུའང་མ་ཚུད་པར་ལུས་ཡོད། རྒྱུ་མཚན་ནི་ད་ལྟ་ང་ཚོ་འགྲོ་བ་མི་ཡིན་པར་ཁས་ལེན་རེག་མེད།

རྒྱལ་སྤྱིའི་སྒང་གི་སྙན་གྲགས་ཅན་གྱི་མི་སྣ་དང་ཆེས་མཐོའི་དཔོན་རིགས་སུ་ཞིག་ཡིན་ཡང་། བོད་ཀྱི་ཆེད་དུ་སྐད་ཆ་རེ་བཤད་རྒྱུ་ཡིན་ན། བོད་མི་རྣམས་ད་ལྟ་རང་ཡུལ་ན་འགྲོ་བ་མི་ཞིག་བྱེད་པའི་དབང་ཆ་ཙམ་ཡང་མེད་པའི་སྟེང་ལ་རང་གི་རྩ་བའི་བླ་མ་ལ་དད་པ་བྱས་ན་བཙོན་དང་སྲོག་གི་ཉེས་པ་གཏོང་བཞིན་པའི་ལམ་ལུགས་ངན་པ་དེ་ཡི་སྣེ་ཁྲིད་མཁན་ཚོ་ལ་ངོ་རྒོལ་ཡོད་པར་ཁག་འཁུར་ཡོད་པའི་སྒོ་ནས་གཏམ་བཤད་བྱེད་རྒྱུ་བདག་གིས་རེ་སྐུལ་དང་། དེ་ལྟར་མ་ཡིན་པར་ཕར་ཕྱོགས་ཀྱི་ངོ་བསྲུང་ཞོར་དུ་ཕན་ཚུན་གཉིས་ལ་མི་ཕམ་པའི་གཏམ་བཤད་དེ་ཡི་རིགས་གང་ནས་ཀྱང་མི་གསུང་བར་མཁྱེན།

ལྷག་དོན་དུ་བོད་མི་བྱེས་པ་རྣམས་གཏན་ནས་བརྗེད་མི་རུང་བ་ནི། འཛམ་གླིང་གི་ལོ་རྒྱུས་གང་དུའང་སྐྱབས་བཅོལ་མི་མང་ཞིག་རྒྱལ་ཁབ་དེའི་བདག་དབང་ཡོངས་རྫོགས་སྤྲད་སྟེ། མི་རིགས་ཤིག་གི་སྐྱབས་བཅོལ་མཇུག་བསྡུས་པ་གང་ཡང་བྱུང་མེད། རྗེས་སུའང་འཛམ་གླིང་གི་ལོ་རྒྱུས་གང་གི་ནང་དུ་འབྱུང་མི་སྲིད་པ་རེད། དེའི་ཕྱིར་བྱེས་པ་ཚོས་ད་ལྟའི་བར་དུ་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་ལས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཐུབ་ཀྱི་མེད། འཐབ་རྩོད་ཀྱི་ལམ་དུ་མ་ཞུགས་བར་དུ་བོད་མི་རིགས་ཀྱི་བདེན་མཐའ་གསལ་བར་རེ་བ་མེད་པ་རེད་ཅེས་ཞུ་རྒྱུ་ཡིན།

༥།༤།༡༢ ཞི་བའི་གོམ་བགྲོད་ཀྱི་ལམ་བར་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། ཡིག་གཞན་དག་ལ་སྒྱུར་ནས་འགྲེལ་སྤེལ་བྱེད་མཁན་ཡོད་ན་དགའ་གུས་ཚད་མེད་ཡོད།

སྣ་ཚོགས།

Post navigation

Previous Post: ཧུའུ་ཅིན་ཐོའོ་ནི་བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་དེ་ཡིན།
Next Post: ཚིག་པ་རྟ་ལ་ཟ་ནས།། མགོ་ལྕག་གཡག་ལ་བཞུས་པ།།

Comments (22) on “དྲན་སྐུལ་ཐུང་ཐུང་ཞིག འགྲོ་བ་མི་བྱེད་པར་སྦྲོ་བའི་མི་ཡོངས་ལ།”

  1. གསང་གྲོལ། says:
    2012-04-05 at 6:35 pm

    ཁྱེད་ཚང་ལྡི་ལི་ནས་བཞུད་རྗེས་གནས་ཚུལ་ཅང་མ་གོ་ཐལ། དེ་རིང་འདི་ནས་སྐད་གོ་བ་དགའ་སོང་།

  2. བསྟན་འོད་ says:
    2012-04-05 at 6:47 pm

    སྟེང་འོག་བར་གསུམ་ན་རྒྱུ་བའི་། ལྷ་གླུ་གཉན་གསུམ་གྱི་དཔའ་བོ་། རྒྱ་བལ་བོད་གསུམ་གྱི་ཡུལ་ན་། སྐུ་གཟུགས་བདེ་བོ་དེ་དགའ་སོང་།

  3. དོམ་ཁྲ says:
    2012-04-05 at 8:51 pm

    ཁྱེད་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ།།

  4. གཅན་ཡེ་རྒྱམ། says:
    2012-04-05 at 8:59 pm

    ཨ་རོགས་བུ་རྒོད་པོ། ཉིན་ཤས་ཀྱི་རྗེས་ནས་ཁྱེད་རང་གི་རྩོམ་ཡིག་འདི་མཐོང་བས་དགའ་བོ་བྱུང་། ཁྱེད་རང་གི་ཨ་མ་དང་སྲིང་ཆུང་མ་གཉིས་ལའང་འཚམས་འདྲི་ཡོད། གལ་སྲིད་བྱུང་ན། ཉིན་ཐོ་འདྲ་བོ་ཞིག་བདུན་ཕྲག་རེ་ལ་ཐེངས་གཅིག་རེ་ཡིན་གཅིག་འདོན་ཐུབ་པ་བྱེད་དགོས་འདུག ཁྱེད་ཀྱི་ཞི་བའི་འཐབ་རྩོད་འདི་གོམ་བགྲོད་བྱེད་རྒྱུ་ཙམ་མིན་པར། འདི་སྡིངས་ཆའི་སྟེང་སླེབས་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། ཁྱེད་མ་སྨད་གསུམ་གྱིས་ཁ་བ་གངས་ཅན་པ་རྣམས་ཀྱི་ཆེད་སེམས་པ་རྣམ་དག་གིས་དཀའ་ལས་བརྒྱབ་པ་འདི་སྡིངས་ཆ་ཞིག་གི་སྟེང་སླེབས་པ་ཡིན་ན། འདི་འཛམ་བུ་གླིང་གི་གསར་འགྱུར་ཞིག་ཏུ་འགྱུར་མི་སྲིད་པ་མིན་ལ། འདིས་ཁ་བ་རི་བ་རྣམས་ལ་བདེ་སྐྱིད་ཀྱི་་་་་་་་

  5. རག་ཕྱགས་རྡོར says:
    2012-04-05 at 9:45 pm

    ཁྱོད་ལ་རྒྱ་ཆ་རྒྱ་རྒྱབ་བཅོར་ཡོད

  6. བྱ་ཁྲ་བསོད་ནམས། says:
    2012-04-05 at 10:04 pm

    གླིང་ཚང་མ་བུ་གསུམ་གྱི་གོམ་བགྲོད་ལམ་ལྷོང་ཡོང་བར་སྨོན་པ་ཙམ་ལས། ཁ་སྟོང་ནང་གི་ཚིག་སྟོང་ཙམ་ལས་གང་ཡང་བྱ་ཐུབ་ཀྱི་མི་འདུག དེང་རྒྱ་གར་ནང་ཚ་བ་ཆཻར་འགྲོ་བཞིན་ཡོད་པ་དང་ལྷན་ལམ་བར་དཀའ་ངལ་ཅི་ཡོད་ཤེས་ཀྱི་འདུག སེམས་ཚོར་ཆཻན་པོ་ཡོད། འོན་ཀྱང་་་་་་་་་་་ས་ཐག་གིས་རྐྱེན་པས་ཐུག་འཕྲད་ཙམ་ཡང་བཅར་ཐུབ་མ་སོང་། དེ་ཡང་མི་ཚཻའི་ནང་གི་འགྱོད་གདུང་ཆཻ་ཤོས་ཤིག་ཡིན། ་གང་ལྟར་གཟབ་གཟབ་གནང་རོགས།

  7. དོན་འགྲུབ། says:
    2012-04-05 at 11:08 pm

    ཉིན་ཐོ་རེ་བྲི་ཐུབ་ན་ལོ་རྒྱུས་ཀྱི་རིན་ཐང་ཡོད། ཞི་བའི་ཕོ་ཉ་ལྟ་བུ་ཁྱེད་ཅག་ནི་ངེད་ཚོའི་སེམས་སུ་གསོན་ཡོད།

  8. མེ་ཏོག་དཀར་པོ། says:
    2012-04-06 at 12:46 am

    ཁྱེད་གསུམ་སྐུ་ཁམས་བཟང་། འཕྲོད་རྟེན་ལའང་ལྷོད་ཡེངས་མ་སོང་བ་གནང་རོགས།
    བོད་རྒྱལ་ལོ། བདེན་པ་རྒྱལ་ལོ།

  9. ཡིག་ནོར་ཞབས་ཞུ། says:
    2012-04-06 at 1:01 am

    ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རང་ཞུ། འོན་ཀྱང་། ཡིག་ནོར་ཁ་ཤས་འདུག སྦྲོ་བའི། ༼སྤྲོ་བའི།༽ ད་ལྟའི་འཆར། ༼ད་ལྟའི་ཆར།༽ འགན་འཁྲུ། ༼འགན་འཁྲི།༽ ཕྱོགས་སུ་བསྐྱོད། ༼ཕྱོགས་སུ་སྐྱོད་ཀྱི་ཡོད་ཀྱང་།༽ ངོ་བསྲུང་། ༼ངོ་སྲུང་།༽ མི་ཕམ། ༼མི་ཕན།༽ སྤྲད་སྟེ། ༼སྤྲད་དེ།༽ སྒྱུར་ནས། ༼བསྒྱུར་ནས།༽ བཅས་ཡིན་ནོ། །

  10. བྲོ་འཚལ། says:
    2012-04-06 at 1:48 am

    ཁྱེད་མ་སྨད་གསུམ་ལ་འཚམས་འདྲི་ཡོད།་་་་ཉིད་ཀྱིས་གསུང་པ་ལ་རྒྱབ་སྐྱོར་ཡོད།

  11. གཉིས་མེད་སེངྒེ says:
    2012-04-06 at 2:36 am

    བོད་མི་ས་ཡ་དྲུག་གི་རང་དབང་ཆེད་ས་ཆེན་པོ་གོམ་སྟབས་ཀྱིས་འཇལ་མཁན་ཕོད་པ་གསུམ་ལྡན་གྱི་
    མ་བུ་གསུམ་ལ་སེམས་གཏིང་ནས་འཚམས་འདྲི་ཞུ།

  12. རྣམ་སྲས། says:
    2012-04-06 at 6:53 am

    གླིང་ཚ་ལགས་དེ་རིང་ཡང་ཁྱེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁྱེད་ཅག་མ་སྨད་གསུམ་བདེ་འཚམས་ངང་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པས་བློ་སེམས་བདེ། འདི་ལྟར་ཁྱེད་ཅག་གིས་གནས་ཚུལ་རིམ་བཞིན་གླེང་སྟེགས་ཤིག་གི་སྟེང་དུ་སྐྱེལ་མཁན་ཡོད་སྲིད་རྒྱུ་རེད། འོན་ཀྱང་ཁྱེད་ཅག་གི་ཞི་བའི་གོམ་བགྲོད་ཁྲོད་ཀྱི་ཚ་གྲང་ངར་དུབ་ཀྱི་དཀའ་སྡུག་གང་ཡོད་ལ་རྒྱུས་མངའ་ཡོད་པ། ཤེས་རྟོགས་ཐུབ་མཁན་ཧ་ལམ་ཁྱེད་རང་ལས་ཡན་ཞིག་མེད་པས་ཁྱེད་ཅག་གི་གནས་ཚུལ་ཐུབ་ན་ཉིན་རེ་དང་། ཡང་ན། བདུན་རེའི་ནང་དུ་དྲ་ངོས་གང་རུང་ཞིག་ཏུ་འགོད་ཐུབ་ན་ཧ་ཅང་གིས་ཡག་པོ་འདུག སྤྱིར་བཏང་ཁྱེད་ཅག་གིས་སོ་སོའི་ཕྱི་ནང་གི་བདེ་སྐྱིད་ཡོད་ཚད་དོར་ནས་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་དེ་འགྲོ་བ་མི་ཞིག་གི་བདེ་སྐྱིད་ངོ་མ་ཞིག་ཏུ་འགྱུར་ཆེད། ཉིན་མཚན་ལྟོས་མེད་དུ་བགྲོད་ལམ་བདེ་མིན་དང་། ཟ་འཐུང་རྙེད་མིན། ན་ཚས་གཟིར་མིན། དཀའ་སྡུག་ལ་འཕྲད་མིན། མཐའ་ན་འཆི་གསོན་གྱི་ངེས་པ་མེད་པར་སེམས་སྡུག་གིས་གང་། ལུས་ཚ་བས་གདུང་། གདོང་རྔུལ་ཆུས་བརླན་བཞིན། སྤོབས་པ་དང་སྙིང་སྟོབས་ཆེན་པོས། ཆོད་སེམས་དང་དམ་བཅའ་བརྟན་པོས། སུ་ཞིག་གི་ཆེད་དང་། གང་ཞིག་གི་དོན་དུ་བཞུད་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཟུངས་ཁྲག་གི་རླབས་ཁུགས་ན་ལྷབ་ལྷུབ་ཏུ་སྐྱོད་བཞིན་པའི་གངས་རིའི་སེང་དར་འདི་ཕོ་བྲང་པོ་ཏཱ་ལའི་ཡང་སྟེང་ནས་མངའ་རུ་བསྒྲེང་བའི་ཉིན་མོ་ཞིག་ལ་གདོང་གཏད་ཅིང་། ཕ་གཞིས་ངོ་མ་ཞིག་གི་གོ་ཁ་ཁ་དྲོན་མོ་རང་ཉིད་ལ་དབང་ཆེད་འཐབ་རྩོད་པ་ཉུང་ནས་མང་དང་། མེད་པ་ནས་ཡོད་པ། ཡོད་པ་སྟེ་འཛོམས་པའི་ཐག་སྣེ་ཞིག་ལག་ཏུ་བཟུང་སྟེ། ལམ་ཐག་རིང་བོར་བགྲོད་པའི་དཀའ་སྡུག་གི་ཁྲོད་ནས་གནས་ཚུལ་སྤེལ་རྒྱུ་དཀའ་ངལ་ཡོད་པ། སྡིག་གི་སྒང་ལ་ཁུར་ཡིན་པ་བཤད་མ་དགོས་པ་ཞིག་ཡིན་པ་ལོས་ཤེས། འོན་ཀྱང་ལོ་རྒྱུས་ཤིག་གི་དོན་སྙིང་དང་དམིགས་འབེན་ཞིག་གི་ཁ་ཕྱོགས་སྟོན་ཆེད། འཐབ་རྩོད་པ་ཞིག་གི་སྣེ་ཁྲིད་དུ་བསམ་ནས་བུ་རྒོད་པོ་དཀའ་སྡུག་ལ་གདུང་ལེན་ཞིག་གནང་རོགས། རང་ཉིད་ལ་དུས་ནམ་ཡང་ཁྱེད་ཅག་གི་འཐབ་རྩོད་འདི་ལ་དོན་འབྲས་མི་དམན་པ་ཞིག་ཐོབ་རྒྱུར་སྨོན་ལམ་འདེབས་རྒྱུ་ཙམ་ལས་གཞན་བྱ་ཐབས་བྲལ། དྲང་མོར་བཤད་ན་ངས་འདི་ལྟར་བཤད་རྒྱུ་ངོ་མ་ངོ་ཚ་ནི་ཞིག་རེད། གང་ལྟར་ངའི་སེམས་པ་དེ་ཁྱེད་ཅག་དང་མཉམ་དུ་ནམ་ཡང་འགྲོགས་ནས་ཡོད།

  13. འཇམ་གཅེས་ says:
    2012-04-06 at 6:54 am

    དྲྭ་གྲོགས་ལྷན་ལ་ཞུ་རྒྱུ། སྙིང་སྟོབས་ཚང་ཕོ་རྒོད་ཀྱིས་རེ་བསྐུལ་ཞུས་དོན་བཞིན། སྐད་ཡིག་འདྲ་མིན་མཁྱེན་འཁན་ཚོས་ཁང་གི་ཟིན་བྲིས་རྣམས་ངེས་པར་དུ་ཕབས་བསྒྱུར་གནང་རོག་ཞུ། དེ་མིན་ང་རང་ཚོས་ཁང་ལ་ཁ་གཡང་འདྲ་འཐེན་ནས་གང་ཡང་མི་ཕན། ཁྱེད་མ་བུ་གསུམ་སྐུ་ཚེ་རིང་བས་སྨོན་ལམ་ཞུ་བཞིན་ཡོད། གུས་རང་ནི་ཁྱེད་མ་བུ་གསུམ་གྱི་གནས་ཚུལ་དང་ཟིན་བྲིས་སོགས་གང་མཐོང་ཐོས་བྱུང་ཡང། མིག་ཆུ་དབང་མེད་དུ་ཤོར་བ་ལས་གང་ཡང་མི་འཇོན་ཁོག་ཐག་ཆོད་འདུག དགོངས་འགལ་མེད་པ་ཞུ།

  14. ཐུབ་པ། says:
    2012-04-06 at 8:47 am

    ཟིན་ཐོ་རེ་འབྲི་རྒྱུ་ངེས་པར་མ་བརྗེད་རོགས་ཞུ་འདོད
    དེ་ནི་མ་འོངས་པར་ལོ་རྒྱུས་ཆགས་སྲིད་པས་རེད། སྔོན་མ་ནས་ཞུ་དགོས་བསམས་མོད། དེ་བྱུང་མ་སོང་ལགས།
    བུ་རྒོད་པོ་ལགས། ནམ་ཡང་སེམས་པས་བསྐྱོར་ནས་ཡོད།

  15. ཉི་འོད་གྲོང says:
    2012-04-06 at 11:49 am

    རྒྱལ་གཅེས་མ་བུ་གསུམ་བདེ་པོ་ཡིན་ཐོས་པས་དགའ་པོ་བྱུང་།

  16. རྨུ་ཐག་གི་བུ་རྒྱུད། says:
    2012-04-06 at 10:01 pm

    ཁྱེད་ཀྱི་སྐད་འདི་གོ་བས་ཤིན་ཏུ་དགའ་ཡོད། གང་གཟབ་གནང་རོགས། མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་བཤད་ཕོད་པ་མི་འདུག

  17. བཀྲ་ཤིས། says:
    2012-04-07 at 9:33 am

    དགའ་སོང་། ཡིན་ན་ཡང་ང་ལ་བློ་ཕམ་ཞིག་ལ་ཁྱེད་ཀྱི་རྒྱ་ནག་དར་ཆ་ཁུར་ནས་འགྲོ་གི་ཡོད་པ་མཐོང་སྐབས་སེམས་ལ་མཁྲོད་མ་སོང་། བདག་གི་ད་བར་ཁྱེད་ལ་རེ་བ་རྒྱབ་པ་ཡིན་འོན་ཀྱང་ཁྱེད་ཀྱིས་དགྲ་མར་རྒྱ་ནག་གི་དར་ཆ་ཁུར་ནས་སོང་ན་ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱི་མིན་ལག།

  18. མཐོ་རིམ་སློབ་མ། says:
    2012-04-07 at 11:33 pm

    ཚེ་རྡོར་ལྟ་བུ་མི་འདིའི་རིགས་མི་རིགས་ལ་ལྷག་བསམ་དག་ཡོད་ཀྱང་ཆབ་སྲིད་མ་མཁྱེན་པའི་དབང་གི་གྲུབ་འབྲས་མེེད་པའི་ལས་ཀ་ལ་ཨུ་ཚུགས་བྱ་ནས་འགྲོ་གི་འདུག་ཨ། རང་ལུས་མེ་ལ་བསྲེགས་མཁན་ཚོ་ཡང་མི་རིགས་ལ་བློ་དཀར་ཡོད་ཀྱང་ཆབ་སྲིད་ཀྱི་གྲུབ་འབྲས་འགྲོ་ཕྱོགས་མ་ཤེས་པའི་དབང་གིས་མི་ལུས་རིན་ཅེན་གྲུབ་འབྲས་གང་ཡང་མེད་པའི་ཐོག་ནས་འཕྲོ་བརླགས་བཟོ་བཞིན་པ་རེད། མི་འདི་ཚོས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་གཏོང་མི་ཤེས་པ་རེད། དོན་ངོ་མ་བཤད་ན་རྒྱལ་བ་རིན་པོ་ཆེས་རྒྱ་བོད་ཆབ་སྲིད་ལ་གྲུབ་འབྲས་མ་ཐོན་ནས་རྩ་དགོངས་ཞུ་བ་རེད། དེ་ཧ་གོ་དགོས།

  19. ཡུལ་གྱར་བ says:
    2012-04-08 at 9:40 am

    གླིང་ཚ་མ་བུ་གསུམ་ལ་དགའ་གུས་ཆེན་པོའི་མཚམས་འདྲི་དང་དོན་ཆེན་ལམ་ལྷོང་ཡོང་བའི་སྨོན་པ་ཤུགས་དྲག་ཡོད། དྲ་འབུ་མཐོ་རིམ་སློབ་མ་འདི་ནི་རང་མ་གཏོགས་ཐམས་ཅད་ལོག་པར་མཐོང་མཁན་ཞིག་ཡིན་པས་དཔྱད་འོས་པ་མིན། ཁྱེད་ཀྱིས་རྒྱ་མིའི་དར་ཆ་འཁྱེར་ཡོད་མེད་མི་ཤེས། གལ་སྲིད་འཁྱེར་ཡོད་ན་དེའང་ལས་འགུལ་རྩོམ་སྟངས་ཤིག་ཡིན་སྲིད་པས་དགག་བྱ་གང་ཡང་མེད། བཀྲིས་བདེ་ལེགས། བདེ་བར་ཕེབས། བདེ་བར་ཕེབས་དང་ཨ་མའི་བུ་རྒོད་གསུམ།

  20. གངས་ཕྲུག་ཁེར་རྐྱང་། says:
    2012-04-08 at 3:25 pm

    མཆོག་གསུམ་རྒྱལ་བའི་ཚོགས་ལ་གསོལ་བ་འདེབས།། མ་སྨད་འདི་གསུམ་བོད་མིའི་རང་དབང་ཆེད།།རང་ཡུལ་ཕྱོགས་སུ་སྤྱོད་པའི་ལམ་དབར་དུ།། དགག་དང་བར་ཆད་མེད་པར་བྱིན་གྱིས་བརློབས།།

  21. སྤྲུལ་སྐུ་དབང་ཆེན says:
    2012-04-11 at 7:54 pm

    ཁ་བརྡ་དྲྭ་བདག་དང་རྒྱ་ནག་དམར་གཞུང་གཉིས་ངོ་བོ་གཅིག་པ་ཆགས་འགྲོ་བཞིན་འདུག །མི་རིགས་སོ་སོའི་བསམ་ཚུལ་བཤད་དབང་མེད་པའི་ཐོག་བཙན་འཕྲོག་དམར་བསུབ་བྱེད་རྐྱང་བྱེད་པ་འདི་རྒྱ་གཞུང་གིས་བྱ་སྤྱོད་རེད་མ་གཏོགས་དམངས་གཙོ་ཡང་དག་པ་ཞིག་གི་རང་དབང་རྩ་བ་ནས་མ་རེད། དཔེར་ན་ཨ་རི་སོགས་སྤྱི་རྒྱལ་རང་དབང་དང་དམངས་གཙོ་ཡང་དག་པ་ཞིག་གི་ལུང་པ་ཡིན་ན་སྲིད་འཛིན་དེ་གཞུང་སོགས་ལ་སྐྱོན་མཚངས་ག་ཚོད་བརྗོད་པ་ཡིན་ན་རང་འདོད་ལྟར་བསམ་ཚུལ་བསྡུ་ལེན་བྱེད་ཀྱིན་ཡོད་པ་མ་ཟད་དེ་རིགས་ནི་དམངས་གཙོའི་མེད་དུ་མི་རུང་བའི་ལག་ཆ་ཞིག་ཏུ་བཟང་སྤྱོད་བྱེད་ཀྱི་རེད། གང་ཡིན་ཞེ་ན་དེ་ཚོ་ཚང་མ་སངས་རྒྱས་རློན་པ་རྐྱང་མ་ཡིན་པར་ང་ཚོ་དང་འདྲ་བའི་འགྲོ་བ་མི་ཡི་ཤ་ཁྲག་ལས་གྲུབ་པའི་མི་བུ་ག་མ་རྐྱང་ཡིན་ཙང་ནོར་འཁྲུལ་དང་མ་ཤེས་པ་དང་མ་འདངས་བའི་ཆ་སུ་ལའང་ཡོད་པས་རེད། རང་དབང་གི་སྨྲ་བརྗོད་ལ་རྡུག་རོལ་བྱེད་པའི་དམངས་གཙོ་བ་ཆེས་ཡ་མཚན་པ་ཞིག་མ་རེད་བས།།།།།།།།།

  22. མེ་ཏོག་དཀར་པོ། says:
    2012-04-11 at 9:41 pm

    ཁ་བརྡ་འདི་སྒེར་པའི་རེད། འདིར་འོངས་འདོད་ན་ཁ་བརྡའི་སྒྲིག་ཁུར་དགོས། རྒྱ་དམར་དང་འདྲ་འདུག་དྲན་ན་འདིར་མ་ཕེབས་ན་ལེགས། དེ་དོན་ཐུགས་འཇགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme