Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དབང་གི་མེ་ལྕེ།

Posted on 2012-04-032012-04-03 By ཁ་བརྡ་ 3 Comments on རང་དབང་གི་མེ་ལྕེ།

སྐྱ་མདའ།

རང་དབང་ནི་བདེ་སྐྱིེད་ཀྱི་རྩ་བ་ཡིན་ལ། རང་དབང་མེད་པར་བདེ་སྐྱིད་ཅེས་པ་ནི་འབོད་ཚིག་ཙམ་དང་། དགོད་བྲོ་བའི་སྐད་ཆ་ཉག་ཅིག་རེད། སྐྱེ་འགྲོ་སུ་ཞིག་ཀྱང་རང་དབང་ལས་ཐོབ་པའི་བདེ་སྐྱིད་མེད་པར། བཙན་གནོན་དང་སྡུག་རྩུབ་ཀྱི་སྲིད་ཇུས་འོག་འདུག་རྒྱུ་ནི། ཤི་བ་ལས་ཀྱང་དཀའ་སྡུག་ཆེ་བ་ཡིན། དེས་ན་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད། བྲན་གཡོན་ལམ་ལུགས་དང་ཞིང་བྲན། རྒྱལ་པོའི་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན། བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དུས་བབ་སྔ་ཕྱི་གང་སར། མི་སྡེའི་སྤྱི་ཚོགས་ནང་རང་དབང་ཀྱི་ཆེད་འཐབ་རྩོད་ཀྱིས་རི་བོ་རལ་ཞིང་། མཚོ་མོ་འཁྱོངས་པ་དེ་འདྲ་བགྲང་གིས་མི་ཆོད་པ་བྱུང་ཡོད། དེ་དག་གི་དམིགས་ས་ཡང་གཉའ་གནོན་དང་སྡུག་རྩུབ་ཀྱི་ལམ་ལུགས་རྣམས་ཡིན། གང་ན་གཉའ་གནོན་དང་སྡུག་རྩུབ་ཡོད་ས་ན་གྱེན་ལོག་དང་ངོ་རྒོལ་ཡོང་བ་ཆོས་ཉིད་པས། སུས་ཀྱང་འགོག་ཐབས་བྲལ།

དཔེར་ན་བློ་ཡུལ་དུ་ཡང་འཆར་དཀའ་བའི་རང་དབང་འཐབ་རྕོད་ཀྱི་ངོ་རྒོལ་ཏེ། སྤྱི་ལོ་༡༩༦༣ ཟླ་བ་༦ ཚེས་༤ ཉིན་ཝི་ཏི་ནམ་དུ། ནང་པའི་ཐེག་ཆེན་གྱི་དགེ་སློང་དགུང་ལོ་༦༦ ལ་གསོན་པ་Tich Quang Duc གིས་རང་དབང་གི་ཆེད། སྐུ་ལུས་མེ་ལྕེར་སྒྲོན་ཡོད། སྤྱི་ལོ་༡༩༦༨ ཟླ་བ་༡ ཚེས་༡༦ ཉིན། དེང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་། རང་དབང་གི་ཆེད་ཕྱི་ཡི་བཙན་འཛུལ་འགོག་ཆེད་ལོ་ན་༢༡ ཟིན་པ། རྣམ་དག་ཆོས་ལུགས་ཀྱི་ཁོངས་སུ་ཐེ་བ་མཐོ་སློབ་ཀྱི་སློབ་མ། Jan Palach ཡིས་རང་ལུས་དམར་པོའི་མེ་ལྕེར་ཕུལ་ཡོད། སྤྱི་ལོ་༢༠༡༡ ཟླ་བ་༡ ཚེས་༤ ཉིན་ཨ་རབ་ཀྱི་ཏུ་ནི་ཤི་ཡ་ལུང་པའི་ནང་། རང་ལོ་༢༧ གསོན་པ་ཨི་སི་ལམ་གྱི་ཆོས་ལུགས་སུ་གཏོགས་པ། Mohamed Bouazizi ཡིས་རང་དབང་གི་ཆེད་སྐུ་ལུས་མེ་ལྕེར་སྦར་ཏེ་ཨ་རབ་ཀྱི་དཔྱིད་ཀ་བཞད་ཡོད། རྒྱ་ནག་གི་ཐེ་ཨན་ནམ་ཐང་ཆེན་དུ་ཡང་རྒྱ་མི་རིགས་ཀྱིས་རང་དབང་ཆེད་རང་ལུས་མེ་ལྕེར་བཏང་ཡོད། བོད་ནང་དུ་སྤྱི་ལོ་༢༠༠༩ ཟླ་བ་༢ ཚེས་༢༧ ཉིན་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ལགས་ཀྱིས་གཙོས་ད་བར། བོད་མི་རིགས་ཀྱི་རང་དབང་ཆེད་སྐུ་ལུས་དམར་པོའི་མེ་ལྕེར་བསྲེགས་མཁན་སུམ་ཅུ་སོ་གསུམ་ཟིན་ཡོད། ཁོང་རྣམས་ཀྱིས་རང་དབང་ལ་བཅངས་པའི་སྙིང་སྟོབས་དེར་སུས་ཀྱང་འགྲན་མི་བཟོད་ལ། དུས་རབས་སོ་སོའི་འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་ཡོད་པ་བཞིན། དེ་ལྟ་བུའི་ཆོད་སེམས་དང་ལྷག་བསམ་ལ་ཇི་སྲིད་བར་གུས་བརྩི་དང་གཟེངས་བསྟོད་འཐོབ་ངེས་ཡིན།

རང་དབང་ནི་འཚོ་གནས་ཀྱི་སྙིང་པོ་ཡིན་གཤིས་ཐམས་ཅད་ལས་ལྷག་པ་ཡིན་པས། ཇི་སྲིད་རང་དབང་མ་ཐོབ་བར་དེ་སྲིད་དུ་ངོ་རྒོལ་གྱི་འབོད་སྒྲ་ཡང་ཆད་མི་སྲིད། ཐ་ན་སྲོག་མེད་ཀྱི་མྱུ་གུ་ཆུང་ངུ་ཞིག་ཀྱང་རང་དབང་གི་མཁའ་དབུགས་ཆེད། རྡོ་གསེག་དང་ཤིང་གསེབ་ཡོད་ཚད་ནས་མགོ་འབུར་གྱིན་ཡོད། ད་དུང་ང་ཚོས་དབང་པོ་ཀུན་ཚང་། ཤ་རྒྱས་ཁྲག་དར། རྒན་གཞོན་དབྱེར་མེད། དུས་རབས་མི་འདྲ་བའི་སྤྱི་ཚོགས་ཀྱི་སློབ་གསོ་མྱངས་མྱོང་བ། རླབས་ཆེན་གྱི་མི་སྣ་ཁོང་རྣམས་ཀྱིས་ཀུན་སྙོམས་ཀྱི་རང་དབང་ཆེད། ལས་འགུལ་གྱི་ཁ་ཕྱོགས་འདེམས་སྟངས་འདིར་ཡིད་སྨོན་མ་ཤོར་བ་ཅི་ལ་སྲིད། དེ་ནི་མི་བུ་ཞིག་གིས་རང་དབང་གི་ཆེད་རང་ཉིད་ཀྱི་ཚེ་སྲོག་ཐལ་བར་རློག་ནུས་པའི་སྐབས་འདིར། ཐ་ན་གྲི་ཆུང་ཞིག་ལས་མེད་ཀྱང་རང་དབང་འཕྲོག་མཁན་དེར་འཛུགས་པའི་བློ་སྟོབས་དང་གོ་སྐལ་ཡོད་ཀྱང་། རང་ཉིད་ཀྱི་རང་དབང་ཆེད་མི་གཞན་ལ་གནོད་འཚེ་མི་གཏོང་བའི་ལམ་བུ་འདིར་བཞུགས་པ་ནི། སུས་ཀྱང་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། འོན་ཀྱང་དྲང་བདེན་གྱི་བློ་མིག་ལྡོངས་ཤིང་འདོད་རྔམ་གྱི་གཏིང་མཐའ་མི་དཔོག་པའི། བཙན་འཛུལ་བ་དང་སྲིད་དབང་སྒེར་གཅོད་པ་འདི་ཚོའི་ལས་ངན་གྱི་མཐའ་ཡང་། དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་ཟད་པར་ངེས་པ་ནི། ད་བར་མིའི་རིགས་ཀྱི་ལོ་རྒྱུས་ནང་བཙན་འཛུལ་བ་དང་སྒེར་གཅོད་པར། མཐའ་མ་ཕམ་ཉེས་ལས་རྒྱལ་ཁ་བྱུང་མེད་པ་འདིས་བདེན་དཔང་བྱེད་ཀྱི་ཡོད། དཔེར་ན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་དང་ཇར་པན། མི་རིགས་དཀར་ནག་གི་དབྱེ་འབྱེད། Soviet Union གྱི་འཐོར་ཞིག ཨ་རབ་ཁུལ་གྱི་སྒེར་གཅོད་པའི་ཕམ་ཁ། དེང་འབར་མའི་དམར་ཤོག་གི་ཉམས་རྒུད་སོགས་ཀྱིས་མཚོན་ནུས།

གང་ན་རང་དབང་མེད་ཅིང་དྲག་གནོན་དང་སྒེར་གཅོད་ཀྱིས་གཉའ་ནས་འགུགས་པ་དེ་ན། དམག་འཁྲུགས་དང་ནང་འཁྲུགས། མུ་གེ་དང་རྗེས་ལུས་ཀྱིས་མནར་བ་ལས་མ་འདས། དཔེར་ན། ལི་བྷི་ཡ་སོགས་ཨ་རབ་ཀྱི་ཡུལ་གྲུ་འགའ་དང་། ཝི་ཏི་ནམ་དང་འབར་མ། རྒྱ་ནག་དང་རྒྱ་ནག་གི་གྲོགས་པོ་བྱང་ཀོ་རི་ཡ། པ་ཀི་སི་ཏན་དང་ཁུ་བྷ། ཨ་ཧྥི་རི་ཀའི་ཡུལ་གྲུ་འགའ་སོགས་སུ་འགྲོ་བ་མིའི་ཐོབ་ཐང་ཆེས་དམན་ལ། ནང་འཁྲུགས་དང་དཔལ་འབྱོར་གྱིས་དབུལ་བས་ཆེས་ཉམ་ཐག་པའི་གནས་སུ་ལུས་ཡོད། ད་ཆ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཀྱིས། བོད་སོགས་གྲངས་ཉུང་མི་རིགས་ཀྱི་རང་དབང་ལ་སྒོར་མོའི་བསླུ་བྲིད་དང་གོ་མཚོན་གྱིས་དྲག་གནོད་བྱས་དང་བྱེད་བཞིན་པ་མ་ཟད། ཨ་རབ་ཡུལ་གྲུའི་ནང་དམར་པོ་ཁྲག་གིས་སྦགས་པའི་ལག་པ་སྙོབ་ཀྱིན་ཡོད། དེ་ནི་རྒྱ་ནག་གཞུང་གིས་སི་རི་ཡའི་གཞུང་ལ་མི་དམངས་ངོ་རྒོལ་བ་དམར་གསོད་ཆེད་གོ་མཚོན་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། ལྷག་དོན་ཉེ་ཆར་རྒྱལ་སྤྱིས་སི་རི་ཡའི་སྒེར་གཅོད་པར་ངོ་རྒོལ་གྱི་གྲོས་ཆོད་ལ་ཐ་གཅིག་ཏུ་དགག་རྒྱག་བྱས་ཡོད།

ད་ལྟ་བོད་ནང་དུ་རང་དབང་གི་ཆེད་རང་ལུས་མེར་སྲེག་གི་གནས་ཚུལ་དང་ཁ་གྲངས་ཆུང་ཆུང་དང་ཉུང་ཉུང་གཏན་ནས་མིན། འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་ཡང་སླེབས་ཚར་ཡོད། རང་དབང་གི་ཆེད་འཐད་རྩོད་ཀྱི་མེ་ལྕེ་དེ་རྒྱ་ནག་གཞུང་གི གསར་འགྱུར་རྫུན་མ་དང་དཔལ་འབྱོར་གྱི་བསླུ་བྲིད། དེང་རབས་ཀྱི་གོ་མཚོན་གང་གིས་ཀྱང་འགོག་མི་ཐུབ་པ་ཡིན། དེ་ནི་གོང་དུ་དྲངས་པའི་དཔེ་མཚོན་དེ་ཚོས་ངེས་ཤེས་ཐུབ་ངེས་རེད། དེས་ན། རྒྱ་ནག་གཞུང་དང་དམར་ཤོག་གི་དཔོན་རིགས་ཚོས། འདས་པའི་དུས་རབས་ཕྱེད་ལྷག་ཙམ་གྱི་ཡར་སྔོན། རྒྱ་ནག་རང་ཉིད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་བའི་མི་སེར་སྤེལ་བའི་རིང་ལུགས་དང་། དམར་གསོད་ཀྱི་དོན་རྐྱེན་རྣམས་ལ་རྗེས་དྲན་བྱེད་ཀྱིན། ཆེས་དམན་སར་བཟུང་ནས་གྲོས་མོལ་ལ་རེ་བའི་ཁ་ཕྱོགས་དེར། རིག་པ་དྭངས་གསལ་གྱི་སྒོ་ནས་དང་ལེན་བྱེད་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད། སྲིད་བློན་ཝུན་ཅ་པོ་དང་པདྨ་འཕྲིན་ལས་སོགས་མགོ་ཁྲོད་ཚོས། རྒྱལ་སྤྱིའི་གསར་འགོད་པའི་མདུན་བོད་ནང་རང་དབང་ཡོད་རབས་དང་། རང་ལུས་མེར་སྲེག་གི་དོན་གནས་དེར་སྐྱོ་སྣང་ཡོད་ལུགས་ཙམ་ཤོད་པ་དེ་མི་སེམས་ཀྱི་ཚོར་བ་ངོ་མ་ཡིན་ན། དོན་དངོས་ཐོག་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པར་ཚད་མཐོའི་བཀག་འགོག་བྱེད་དོན་ཅི་ཡིན། ལྷག་དོན་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་དང་ཡོངས་སུ་འགལ་བ། དེ་ཡང་ཉེ་ཆར་ཀྲུ་ཝེ་ཆོན་གྱིས། “མི་སེར་ལག་འཁྱེར་སྟེང་“མི་རིགས”ཞེས་པའི་ཡི་འབྲུ་གཉིས་པོ་དེ་མེད་པར་བཟོས་ནས་། མི་རིགས་ས་ཁུལ་རང་སྐྱོང་ཞེས་དམིགས་བཀར་མི་བྱེད་པ་དང་། མི་རིགས་རང་སྐྱོང་གི་གྲོང་ཁྱེར་མི་བསྐྲུན་པ། མི་རིགས་འདྲ་མིན་གྱི་སློབ་མ་རྣམས་མཉམ་བསྲེས་ཀྱི་སློབ་གྲྭར་གཏོང་པ” ཞེས་པ་སོགས། བོད་མི་རིགས་དང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར། ཁོར་ཡུག་གཏོར་བཤིག་གཏོང་བ་སོགས་ངེས་པར་དུ་མཚམས་འཇོག་བྱེད་དགོས།

ད་ལྟ་ང་ཚོས་ཧ་ཅང་ཚད་མཐོ་བའི་མེར་སྲེག་ལས་འགུལ་ལས་ཅུང་ཟད་གཡོལ་ཐུབ་ན་སྙམ། བདེན་པ་ང་ཚོར་ཡོད་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་ཡང་ངེས་པར་དུ་གཟིགས་དགོས་ཀྱི་ཡོད། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞན་ཞིག་ལ་བལྟས། ང་ཚོས་གཡས་གཡོན་གང་སར་དྲག་དམག་གིས་ལྕགས་རིས་བསྐོར་ནས་ཡོད་པའི་ས་ཞིག་ན། བླ་ན་མེད་པའི་བློས་གཏོང་ཞིག་བྱས་ཀྱང་དེ་ལ་དཔག་པའི་འགྲུབ་འབྲས་ཞིག་མ་བྱུང་ན། ང་ཚོ་རྒྱལ་གཅེས་པ་ཁོང་རྣམས་ཀྱི་རྩ་ཆེའི་ཚེ་སྲོག་དང་རྩ་ཆེའི་སྙིང་སྟོབས་ལ་ངོ་གནོང་དགོས་པར་འགྱུར་གྱི་ཡོད། ང་ཚོའི་བླ་ཆེན་ཚོ་དང་མི་དཔོན་ཚོ། རྩོམ་པ་པོ་ཚོ་དང་སྒྱུ་རྩལ་བ་ཚོ། ང་ཚོ་གངས་ཅན་པ་ཚོའི་ཆེད་དུ་ལམ་སྟོན་ཞིག་དགོས་ཀྱི་འདུག འདས་པོ་ཚོ་དང་མནར་གཅོད་ཀྱི་མེ་དོང་དུ་ཚུད་པ་ཚོའི་ཆེད་དུ་བཅོས་མིན་གྱི་ངོ་གདོང་ཞིག་སྟོན་དགོས་ཀྱི་འདུག

འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་ལམ་ཙམ་བྱས་ན། ཡོ་རོབ་ནང་ཇིའུ་Jewsམི་རིགས་དམར་གསོད་ཆེན་མོ། ཤར་ཡོ་རོབ་ནང་སར་བི་ནི་ཁ་Srebrenica དམར་གསོད་ཆེན་མོ། ཨ་ཕྷི་རི་ཀའི་ནང་རུན་ད་Ruanda དམར་གསོད་ཆེན་མོ། ཨ་རབ་ནང་ཧ་མ་Hama དམར་གསོད་ཆེན་མོ། རྒྱ་ནག་ནང་ནན་ཅིན་དམར་གསོད་ཆེན་མོ། བོད་ནང་རིག་གསར་ཞེས་པའི་སྐབས་དང་སྤྱི་ལོ་ཉིས་སྟོང་བརྒྱད་ལོིའི་དམར་གསོད་ཆེན་མོ་རྣམས་ནི། བཙན་འཛུལ་བ་དང་སྲིད་དབང་སྒེར་གཅོད་པ་ཚོས། དྲག་གནོན་དང་དབྱེ་འབྱེད་ཀྱིས་མི་རིགས་རྩ་གཏོར་གྱི་ཚད་ལས་འདས་པའི་དོན་རྐྱེན་ཤ་སྟག་ཡིན་པས། མིའི་རིགས་ཀྱི་ལོ་རྒྱུས་ནང་ནམ་ཡང་ཟུབ་ཏུ་མེད་པའི་ནག་ཉེས་ཀྱི་རི་བོ་སྤུངས་ཡོད། གང་ལྟར་ཡང་ད་ཆ་ང་ཚོར་གཞན་གྱི་རྒྱབ་སྐྱོར་དགོས་ངེས་ཀྱང་། རྒྱལ་ཚོགས་དང་སྲིད་གཞུང་གཞན་གྱིས་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར། རང་མི་རིགས་དང་སྐད་ཡིག ཁོར་ཡུག་བཅས་ལ་བཅིངས་གྲོལ་མ་ཐོབ་པར། རང་དབང་འཐབ་རྩོད་ཀྱི་མེ་ལྕེ་ཞི་མི་སྲིད་ལ། རང་དབང་འཐབ་རྩོད་ཀྱི་ཆེད་སྙིང་སྟོབས་ཀྱི་རླབས་རྒྱུན་འཇགས་མི་སྲིད།། །།

༢༠༡༢ ༣ ༣༠

རྩོམ་རིག

Post navigation

Previous Post: “སེམས་པས་བསམ་ཡང་ལུས་པོས་མི་ལྕོགས།”
Next Post: ནོ་སྤེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་༡༢གྱིས་སྲིད་འཛིན་ཧོའུ་ཅིན་ཐོ་ལ་ཕུལ་བའི་ཡོངས་ཁྱབ་ཡི་གེ

Comments (3) on “རང་དབང་གི་མེ་ལྕེ།”

  1. ཉི་འོད་གྲོང says:
    2012-04-03 at 12:11 pm

    བོད་མིའི་རང་ལུས་མེར་སྒྲོན་གྱི་ལས་འགུལ་དང་པོའི་སྲོལ་འབྱེད་གནང་མཁན་དེ་སྐུ་གཤེག་དམ་པ། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཡིན་པས་དགོངས་ཀློང་དུ་ཆུབ་པར་ཞུ་རྒྱུ་གལ་འགང་ཆེ། གུས་པས་ད་གིན་རང་ཐེང་ཅིག་ཞུས་ཚར་ཡིན། རྩོམ་པ་པོ་རྣམས་ཀྱིས་རྩོམ་འབྲི་རྒྱུ་ལས་རྩོམ་གྱིས་བོད་པའི་སྤྱི་ཚོགས་ལ་གཏོར་གཤིག་མི་ཡོང་བས་འགན་འཁེལ་ནས་ཕྲིས།

  2. ལུང་རྟོགས། says:
    2012-04-04 at 7:55 am

    རྩོམ་ཡིག་རིན་ཐང་ཅན་ཞིག་བྲིས་འདུག

  3. བཀྲ་ཤིས་དོན་འགྲུབ says:
    2012-04-04 at 5:25 pm

    ནམ་མཁའ་ཇི་སྲིད་གནས་པ་བཞིན་། བོད་ནི་དེ་སྲིད་གནས་པ་བཞིན།
    བདག་ནི་དེ་སྲིད་གསོན་པོ་ཡིས། བོད་དོན་བྱ་བ་བྱེད་པར་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme