Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྣམ་ཤེས་ཀྱི་རེ་སྐུལ།

Posted on 2012-04-012012-04-01 By ཁ་བརྡ་ 4 Comments on རྣམ་ཤེས་ཀྱི་རེ་སྐུལ།

…….. བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་མཆོད་བཏང་བའི་རྣམ་ཤེས་དག་གིས།

ཨ་མདོ་མུ་ཏོ་བ།

རེ་བའི་ན་ཟུག་གི་སྨྲེ་སྔགས་འབྱིན་པ་ཨ་མདོའི་མུ་ཏོ་བ་ཞིག་གིས་ཚོར་འདུ་དྲག་པོས་མ་བཟོད་པར་རྒྱལ་སྤྱིའི་ལས་ལ་སྤྲང་སྡུག་གི་ཚུལ་གྱིས་ཁོ་བོ་ཅག་གི་རེ་འདུན་གཟུགས་རིས་སུ་བཀོད་དེ་འཕགས་ཡུལ་དུ་སྤྲིངས་བ་དེ་ཡི་བརྗོད་ཚིག་ཇི་ལྟ་བ། རྒྱ་བོད་མཚམས་ཀྱི་གནད་དོན་ཉོག་ཟིང་གི་རྣམ་པ་ཅན་དེ་ག་རྨེག་མེད་ཉིད་དུ་སངས་སྟེ། སྐམ་ས་ཆེན་པོའི་མི་རིགས་དམངས་ཚོགས་འདི་རྣམས་སྲིད་ན་མངོན་པར་མཐོ་ཆེད་ཆོས་མཐུན་གྱིས། ཤིན་ཏུ་ནས་ཅིང་ཞི་ཞིང་དུལ་བར་གནས་སྡོད་བརྟན་རླིངས་ཐུབ་པ་ཞིག་ངེས་པར་དུ་སྐྲུན་དགོས་པ་དེ་ཡིན་སླད་དུ། ༧ཀུན་གཟིགས་སྙིང་རྗེ་རང་གཟུགས་སུ་ཤར་བ་ཁོང་རང་ཉིད་ཀྱི་བཞེད་དགོངས་སྐྱོན་ཀུན་སེལ་ཡོན་ཏན་ཀུན་ལྡན་ཟབ་ཡངས་རྒྱ་མཚོ་ལྟ་བུ། ཕན་ཚུན་གཉིས་སྨན་དབུ་མའི་འགྲོས་ཀྱི་གཞུང་ལམ་རྣམ་པར་དག་པ་སངས་པོར་ཕྱེ་བ་འདི་ནི། གསུང་གིས་བཀོད་པ་མཆོག་འདི་ལས་གཞན་ཏུ་ཀུན་མཁྱེན་གྱུར་ཏུ་ཅིང་ཞེས་བརྗོད་ཀྱང་ཆོག་པ། སྲིད་དོན་ཉམས་ཞིབ་ལ་དཔྱིས་ཕྱིན་མྱོང་བ་ཐོན་པའི་མཁས་པ་ཁྱད་དུ་འཕགས་པ་ཇི་སྙེད་ཀྱིས་ངོ་མཚར་ཆེ་ལ་རྣམ་པར་དག་པའི་མཛད་བཅོས་ཤིག་ཏུ་བརྩི་མཐོང་བྱེད་བཞིན་པ་འདི་ཉིད། ཏྰང་གི་ཆབ་སྲིད་ལས་འཛིན་པ་སྐམ་ས་ཆེན་པོའི་ནུས་ཤུགས་རང་ལག་ཏུ་འབྱོར་བ་ན་རང་ཉིད་ཀྱི་རྐུབ་སྟེགས་བརྟན་བསྲུང་གཙིགས་སུ་བཟུང་སྟེ། ཏྰང་གི་ཐ་སྙད་དང་ཐ་ཚིག་རྫུན་མ་ཁོ་ན་རང་ཁ་འདོན་ཤ་སྟག་བྱེད་པ་མ་གཏོགས་མི་རིགས་དམངས་ཚོགས་ལ་གཅེས་ཤིང་ཕན་པའི་མ་འོངས་འབྱུང་བར་འགྱུར་བའི་འདུན་ལམ་གྱི་སྐོར་དེ་ཉིད་ལ་མནོ་སེམས་གཏན་ཐག་པ་རང་ནས་མི་འཁོར་བའི་གཏུ་ཐུག་ཉི་ཚེ་བ་བྱེད་མཁན་གཏེ་བོ་ཁག་ཅིག་དང་།གཞན་ཡང་། ལས་རིམ་པ་འོག་མ་འོག་མ་གོང་མ་གོང་མའི་སྟེགས་བུར་གྱུར་བ་ལྟོ་ཕོགས་གང་ལ་གང་འཚམ་རེ་རེག་པས་ཕག་པར་ལྟོ་རེག་ན་བློ་བདེ་སོས་དལ་དུ་སྡོད་པ་ཇི་ལྟ་བ་བཞིན་འཐོམ་ཏེ་བསྡད་པ་ན། ད་ལྟའི་ཆབ་སྲིད་དོ་དམ་པ་ལ་དགོས་མཁོ་ཆེ་ཤས་ནི་དེ་ག་རང་ཡིན་པའི་རྒྱུ་མཚན་དེ་གསལ་བོར་རྟོགས་ནས་ཤ་ཚ་མདོག་གིས་ཁོ་བོ་ཅག་གི་ལྐུབ་སྟེགས་སྐྱོར་དགོས་པ་དེ་དང་དེའི་རྣ་བ་རུ་དཔེར་ན་བོང་བུའི་རྣ་ཅོག་ནང་ལ་གསེར་དང་ཐལ་བ་གང་བླུགས་ནའང་། མགོ་བོ་བསྐྱོམ་ཏེ་མར་ལ་གཤོ་བ་ལྟར་བྱེད་པ་མ་ཟད།ད་དུང་ཡང་ཁ་བྲལ་རིང་ལུགས་པ་དང་། ལྐོག་གཡོ་བ་སོགས་མིང་འདོགས་སྣ་ཚོགས་པའི་སྒོ་དུ་མ་ཞིག་གིས། རྒྱ་བོད་གཙོ་བྱས་བའི་ཏྰང་མིར་མ་གཏོགས་པའི་མི་རིགས་དམངས་ཚོགས་ཀྱི་བར་ལ་དབྱེན་སྦྱོར་དང་དཀྲུག་ཤིང་གི་རྣམ་པ་སྤེལ་ཅི་ནུས་གང་ཐུབ་སུ་ལྟ་བཞིན་མཐོང་བ་མངོན་གྱུར་རང་ལ་སྙོན་འདིང་བའི་དགོས་བ་དང་རྒྱུ་མཚན་ངོ་མ་ནི། གནད་དོན་འདི་ཉིད་ཐག་ཆད་པ་དེ་དང་ལྷན་ཅིག་ཏུ་ཁོ་བོ་ཅག་གི་ངན་གཡོའི་རྫུན་རྐུབ་མང་པོ་རྡོལ་ངེས་སུ་དོགས་ཏེ། རང་སྐྱོན་རི་བོ་འདྲ་བ་དེ་ཉིད་ལ་བྱི་ལའི་རང་རྟུག་ཐོག་ཏུ་ས་འགེབས་པའི་རྟུལ་ཞུགས་ལ་མངོན་ཏུ་ཕྱོགས་པ་དེ་རང་།ཡུལ་མི་དུང་ཕྱུར་བཅུ་གཉིས་པོའི་མདུན་ས་རུ་གཅལ་ཏུ་བཀྲམ་པའི་དུས་ཤིག་ཤར་བ་ཡིན་ན་རྟ་ཕོ་ཁྲོམ་རར་ཕུད་ན་རིན་གོང་མི་ཡིས་གཅོད་པར་ངེས་ཅིང་། དེང་སྐབས་ཀྱི་ཡུལ་མི་ཕལ་མོ་ཆེ་ལ་སྦྱང་རྟོགས་སྤར་བའི་ཤེས་བྱ་ཡོན་ཏན་གྱི་ཆུ་ཚད་ཞན་དྲག་པ་དང་གཅིག ལྐོག་གཡོ་དང་། ལྐོག་དངུལ་གྱིས་བླུན་པོ་ཆུ་སྣ་གར་ཁྲིད་དུ་ཟིལ་གྱིས་མནན་དྲག་པ་དང་གཉིས། ཡོག་ལི་ཤ་དར་ཁྲག་དར་དུ་སོང་བའི་རྒྱུག་ཁྱིའང་མང་དྲག་པ་དང་གསུམ་གྱིས། དེང་འདིར་ཁ་འཐབ་མགྲན་བསྡུར་གྱིས་ནུས་ཤུགས་ཐོན་པ་ལྟ་ག་ལའོ་སྙམ་ཡོང་སྲིད་ཅིང་།ད་ཆ་ཀྲོང་གོའི་ནང་དུའང་རྒྱ་རིགས་ཀྱི་ཕ་རྒན་མ་རྒན་དྲིན་ཅན་དེ་དག་གིས་མེ་ཏོག་གི་མྱུ་གུ་ལྟར་ཏུ་གཉོར་སྐྱོང་བྱ་བཞིན་པའི་གཅེས་ཕྲུག་དེ་ཚོ་ལ་དུས་རབས་ཉེར་གཅིག་པ་དང་བསྟུན་པའི་སྦྱོང་རྟོགས་སྤར་གསུམ་གྱི་སྐྱེས་སྦྱང་གི་ཡོན་ཏན་ཆ་ཚང་ལ་མ་ནོར་བ།ཡང་དག་པ་དབྱར་མཚོ་ལྟར་དུ་ཉིན་རེ་ནས་ཞག་རེ་བཞིན་གོང་དུ་འཕེལ་བའི་དུས་སུ་སླེབ།

བོད་མི་རིགས་ཚོས་མཉོམ་ཆུང་དང་ཚུལ་མཐུན་རང་གི་ལྷ་བླ་མའི་བཀའ་ལུང་བདེན་པ་དང་བདེ་བའི་རྒྱུ་རྣམ་དག་པ་ཞིག་ལ་བློ་བཀལ་གཞི་བཅོལ་ཏེ།རྣམ་པར་མི་འཚེ་བའི་གོམས་འདྲིས་བཟང་བོ་དེ་ཡི་དབང་གིས་གཞི་བྱེས་དཔོན་འབངས་གཉིས་ཀའི་ཆ་ནས། སྨྲ་ཤེས་བ་དོན་གོ་བ་འགྲོ་བ་མི་ཡི་རྣམ་དཔྱོད་དང་ཐོབ་ཐང་། ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་དེའི་ངང་ནས་ཐབས་བརྒྱ་ཇུས་སྟོང་སྒོས་རྒྱ་ནག་གི་སྲིད་སྐྱོང་༼མོའུ་ ཏིང་ ཀྲུ་ ༽གསུམ་ཇི་ལྟ་བུར་ཞུ་འབུལ་སྙན་གསོལ་རྒྱ་ཆེར་བྱས་ཅིང་། སྐབས་བབས་ཀྱི་ཏྰང་གི་འགན་ཁུར་བ་ཚོ་ལ་རྩ་བ་ཉིད་ནས་གོ་བརྡ་མ་འཕྲོད་པ་ལ་བརྟེན་ཏེ་འུ་ཐུག་ཅིང་ཐབས་ཟད་པའི་ངང་ཚུལ། སྔར་ཡུལ་ལུང་དེ་རུ་དར་སྲོལ་གཏན་ནས་བྱུང་མྱོང་མེད་པའི་ལྐུག་པར་གོ་བརྡའི་ཚུལ་གྱིས་ཤིན་ཏུ་ནས་ཅིང་བྱེད་ཐབས་རླབས་པོ་ཆེ་རང་ཉིད་རང་གིས་མེ་རླུང་འཚུབ་མ་རུ་བཞུ་འབུད་བྱས་སྟེ། གོ་བརྡ་ཞིག་ཨེ་འཕྲོད་ན་སྙམ་པའི་ཛ་དྲག་པོའི་རྣམ་པ་ཅན་གྱི་དོན་རྐྱེན་འདི་ཉིད་རང་བྱུང་བ་རེད་དེ། ད་དུང་ཡང་། ལོག་འདྲེན་གྱི་རྟུལ་ཞུགས་ལ་འཇུག་པ་དག་ལོག་སྨྲའི་འགྲེལ་བཤད་གཞི་དངོས་པོའི་གནས་ལུགས་དང་གཏན་ཐག་པ་ཉིད་ནས་མི་མཐུན་པ་འབྲེལ་མེད་དོན་གཞན་གྱི་བཤད་པ་ཤ་སྟག་གིས་དུས་ཚོད་བསྐྱལ་ཐབས་བྱེད་པ་འདི་ཉིད། རྒྱལ་ཁབ་ཆེན་པོའི་སྲིད་ལུགས་དང་སྒོ་བསྟུན་བའི་བྱེད་སྟངས་ཞིག་རྩ་བ་ཉིད་ནས་མ་ཡིན་པར་གླ་གཡོག་ངན་པས་གླ་ཕོགས་ལེན་ཆེད་དུ་ཉི་མ་ཆོད་ཐབས་བྱེད་པ་དང་འགོ་མཚུངས་བས་ཀླད་རྙིང་མཁྲེགས་འཛིན་དང་རྫུན་རྒྱབ་བདེན་དོར་གྱི་ལྟ་བ་བཟུང་སྟེ་དཔལ་འབྱོར་དང་དམག་ཤུགས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྲིད་ཇུས་ཡལ་བར་འདོར་ཞིང་མུན་དགབ་བྱེད་པ་ནི་དུས་ནམ་ཡང་འགྲུབ་པར་མི་འགྱུར་བའི་གནས་ཡིན་པས་འབྱུང་གྱུར་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་དང་རང་བཞིན་ཛ་དྲག་ཏུ་འགྱུར་མིན་ནི་རྒྱ་ནག་གིས་ཚུལ་མཐུན་སྲིད་ཇུས་འཛིན་མིན་ཉག་གཅིག་ལ་རག་ལས་ཡོད་པ་ནི་འཛམ་གླིང་སྐྱེ་འགྲོ་བདེན་པ་དང་གནས་ལུགས་ཀྱི་མིག་དང་ལྡན་པ་དག་གིས་མཐོང་ནས་ཡོད་དོ།།

ཞེས་པ་འདི་ནི་ལོ་རྒན་བརྒྱད་ཅུའི་སྟོད་དུ་སླེབས་ཤིང་དབུ་སྐྲ་ཁ་བས་ཟོས་པའི་རྒན་པོ་ཞིག་གི་ལྷག་བསམ་གྱི་དྭངས་མ་སྟེ་རང་རིགས་ཁ་བའི་རྒྱུད་དག་གི་སྤྱན་སྔར་ཕུལ་བ་ལགས་ལ། འདི་ནི་རྒན་པོ་ཁོང་གི་རེ་བ་བཞིན་སུས་འཇོན་གང་ཐུབ་ཀྱིས་ཡིག་རིགས་གཞན་དང་གཞན་དུ་བསྒྱུར་ཏེ་ཁྱབ་བརྡལ་གཏང་ཆོག་པ་དང་བཅས་ཡིག་གཏག་པས།

སྤྱི་ལོ་༢༠༡༢ཟླ་༠༤ཚེས་༠༡བཟང་པོར་དགེ་གྱུར་ཅིག

འཕྲིན་ཡིག

Post navigation

Previous Post: ལ་དྭགས་བློ་བཟང་འཇམ་དཔལ་ལགས་དང་ལྷན་དུ་སྐད་ཀྱི་སྐོར་དྲི་བ་དྲི་ལན།
Next Post: གཞིས་སྤོར་བོད་མིའི་ལུས་སེམས་མནར་གདུང་བརྟག་ཞིབ་ལས་གཞི།

Comments (4) on “རྣམ་ཤེས་ཀྱི་རེ་སྐུལ།”

  1. བོད་དགའ་ says:
    2012-04-01 at 5:09 pm

    བོད་མི་རྣམས་ཀྱིས་རང་སྲོག་བློས་གཏོང་གི་བློ་སྟོབས་ལ་བསམ་ན་རྒྱ་དམར་གུང་ཁྲན་གཞུང་ནས་བོད་མིའི་ཐོག་འཛིན་པའི་སྲིད་འཇུས་ལ་བསྒྱུར་བ་གཏོང་བའི་དུས་ལ་སླེབ་འདུག ༧གོང་ས་མཆོག་ནས་ནང་པ་ཚང་མར་(གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ)ཞེས་སྟོན་པའི་ལུང་དང་བཅས་གཞན་ལ་འཚེ་བ་བྱ་རྒྱུ་མེད་པའི་ལམ་སྟོན་བཀའ་སློབ་ཡང་ཡང་ཕེབས་པ་དང་། དེ་སྔོན་ནང་ཆོས་ལ་ཐོས་བསམ་བྱས་པས་འབྲས་རྟགས་ལས་ད་ལྟ་བར་བོད་མིའི་རང་དབང་ཆེད། ལས་བསྐུལ་གང་འདྲ་ཞིག་སྤེལ་ཀྱང་འཚེ་མེད་ཞི་བ་ཁོ་ན་ལས་འཚེ་བའི་ལས་ལ་ཅུང་ཟད་ཙམ་བཞུགས་མེད། བོད་མི་རྣམས་འུ་ཐུག་ཐབས་ཟད་ན། ནམ་ཞིག་རང་གཞན་གཉིས་མེད་བཟོ་བའི་འཚེ་བའི་ལས་ལ་འཇུག་མི་སྲིད་པ་མིན་ནོ།།

  2. དཔྱིད་འགོའི་མེ་ཏོག says:
    2012-04-02 at 12:20 am

    འདི་ལྟར་བོད་མི་རྒན་པ་ཚོའི་སེམས་ཀྱི་ན་ཟུག་དང་ཕྱི་རབས་པ་རྣམས་ཀྱི་ཆོད་སེམས་གཞི་གཅིག་ཏུ་འདྲེས་ན་བོད་མི་རིགས་ལ་རེ་བ་ཆེ་རྒྱུ་རེད།

  3. བློ་བཟང་། says:
    2012-04-02 at 6:30 am

    དངོས་ནས་ཡག་པོ་བྲིས་འདུག། རྒན་པོའི་སེམས་ཁོང་གི་རླངས་པ་འདི་ས་སྒང་ཐོག་ཁྱབ་པ་དང་། ནུས་པ་ཐོན་པར་སྨོན།

  4. ཐུབ་པ། says:
    2012-04-02 at 10:50 am

    དངོས་གནས་ཕྱི་ཡིག་ཏུ་བསྒྱུར་ཏེ་ཁྱབ་སྤེལ་བྱེད་རྒྱུ་མཁྱེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme