Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་རྔ་པའི་ནང་མི་མང་འཛིན་བཟུང་གནས་ཚུལ།

Posted on 2012-03-312012-03-31 By དབང་ཕྱུག་ 8 Comments on ཨ་མདོ་རྔ་པའི་ནང་མི་མང་འཛིན་བཟུང་གནས་ཚུལ།

ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཤེས་རབ་ཀྱིས་གཅའ་ཞང་ཐོག་ནས་རང་ལུས་མེ་སྲེག་གནང་སྟེ་སྐུ་གྲོངས་མ་ཐག་བོད་མི་བརྒྱ་སྐོར་ཞིག་གིས་ངོ་རྒོལ་སྐད་འབོད་དང་སྐུ་ཕུང་བདག་པོ་རྒྱག་སྐབས་ས་གནས་ལས་བྱེད་པ་ཚོས་ཁྱོད་ཚོས་དེ་ལྟར་མ་གནང་བར་ཅང་སྒུག་དང་རྔ་པ་རྫོང་ཐོག་ནས་དཔོན་པོ་ཞིག་ཡོང་གི་ཡོད་པས་ཁོ་སླེབས་རྗེས་སུ་ཁྱེད་ཚོའི་འདོད་པ་བཞིན་སྐུ་ཕུང་ནང་ལ་འཁྱེར་ན་ཆོག་ཚུལ་བཤད་ནས་སྐད་འབོད་འཚམ་འཇོགས་བྱེད་བཅུག་ཡོད་ཀྱང་ཅུང་མ་འགོར་བར་དམག་མི་དང་དྲག་ཆས་ཉེན་རྟོག་པ་ཕོན་ཆེན་སླེབས་སྟེ།བློ་བཟང་ཤེས་རབ་ཀྱི་ཕུང་བོ་བཙན་འཕྲོགས་དང་དེར་ཡོད་བོད་མི་ཚོར་གང་བྱུང་གཅར་རྡུང་དང་འཛིན་བཟུང་བྱས་པར་མ་ཟད། མི་མང་ལ་འཇིགས་སྐུལ་ཆེད་མེ་མདའ་གནམ་ལ་སྟོང་འཕེན་ཧ་ཅང་མང་པོ་བྱས་ཡོད་འདུག སྐབས་དེར་གཅའ་རུ་བའི་རྒས་མྱིག་ཚང་གི་ཆོས་བྷེ། རྭ་རུ་བའི་དཀོན་རིས་ཚང་གི་འཕྲིན་ལས། ནགས་ཚང་མའི་སྐལ་དབང་ཚང་གི་དཀོན་ཚེ་གཟའ་མི་གཉིས་(དཀོན་ཚེའི་བཟའ་ཟླ་ཉིན་གཉིས་ཀྱི་རྗེས་སུ་གློད་གྲོལ་བྱས་ཡོད།)སོགས་བོད་མི་མང་བོ་ཞིག་འཛིན་བཟུང་གིས་བཀགས་ཉལ་བྱས་དང་བྱེད་བཞིན་ཡོད་ཀྱང་མིང་དང་ལོ་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།

ཡང་ཉིན་དེར་རྨས་སྐྱོན་ཕོག་པའི་མི་མང་བོ་ཞིག་ཡོད་པའི་ནང་ནས་ཁག་ཅིག་ད་ལྟ་སྨན་ཁང་དུ་ཡོད་ལ། ཁག་ཅིག་གིས་སྨན་ཁང་ནས་རྒྱ་གཞུང་གིས་འཛིན་བཟུང་བྱེད་པར་དོགས་ནས་ཕྱི་ནས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་སྨན་བཅོས་ཏག་ཏག་མ་རག་པའི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱིན་ཡོད་འདུག
དགོང་མོ་དེར་བློ་བཟང་ཤེས་རབ་ཀྱི་སྐུ་ཕུང་ཐད་ཀར་འབར་ཁམས་སུ་ཁྱེར་ནས་ཕྱི་ཚེས་༢༩ ཉིན་འབར་ཁམས་ནས་རྒྱ་གཞུང་གིས་མེ་སྲེག་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་ཀྱང་། དེ་སྔོན་དཔའ་བོ་རྡོ་རྗེས་གཅའ་ཞང་ཐོག་ནས་རང་ལུས་མེ་སྲེག་གིས་སྐུ་གྲོངས་སྐབས་ཉིན་གཉིས་རིང་གཅའ་དགོན་པའི་ནང་བོད་མི་གཅིག་སྟོང་ལྷག་མཉམ་འཛོམས་ཀྱིས་མ་ཎི་བསགས་སྒྲུབ་དང་བསྔོ་སྨོན་གྱིས་སྒོ་ནས་གདུང་སེམས་མཉམ་སྐྱེད་གནང་ཐུབ་པ་བྱུང་ཡོད་རུང་ད་ཐེངས་དེ་འདྲའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཀྱང་བཀགས་སྡོམ་བྱས་ཡོད་པས་འབྲེལ་ཡོད་ཚོའི་འདོད་པ་ཁེངས་པའི་རྗེས་འཇུག་གི་བྱེད་སྒོ་ཁག་བསྒྲུབ་ཐུབ་ཀྱིན་མེད་པ་དང་། དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཤེར་ཕྱིན། རང་ལོ་ ༢༢ ཙམ་དང་། གྲྭ་བྱང་ཆུབ། རང་ལོ་ ༡༦ ཡིན་པ་ཁོང་གཉིས་ཀྱང་རྔ་པ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ནའང་གང་དུ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འབྲེལ་ཡོད་དགོན་གྲོང་གཉིས་ཀས་ཤེས་རྟོགས་ཡོང་གི་མེེད་འདུག
དེ་མིན་ལོ་སྔོན་མའི་ཕྱི་ཟླ་ ༡༠ ནང་འཛིན་བཟུང་བཀག་ཉར་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས།བློ་བཟང་བཀྲ་ཤིས།ལྷ་བཟོ་བློ་གྲོས་གསུམ་འཛིན་བཟུང་བྱས་ནས་ཟླ་བ་ལྔ་ལྷག་འདས་ཟིན་ཡང་ད་དུང་ཤི་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཡོང་གི་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན་འབྲེལ་ཡོད་ཚོས་བློ་འཚབ་ཤུགས་ཆེན་གནང་བཞིན་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ ལ།

 

གསར་འགྱུར།

Post navigation

Previous Post: རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནས་ལོག་གྲབས་ཡོད་སྐབས་བོད་དོན་ལས་འགུལ་བས་ངོ་རྒོལ་བྱས་པ།
Next Post: རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱི་ད་ལྟའི་གནས་སྟངས།

Comments (8) on “ཨ་མདོ་རྔ་པའི་ནང་མི་མང་འཛིན་བཟུང་གནས་ཚུལ།”

  1. གཉིས་མེད་སེངྒེ says:
    2012-03-31 at 4:01 am

    བོད་ནི་དེང་སང་འཛམ་གླིང་སྟེང་གི་དམྱལ་བ་རེད་ཅེས་བཤད་ཀྱང་། ཁོ་བོས་དེ་ལྟར་ཁས་ལེན་མི་ཐུབ་སྟེ། རྒྱུ་མཚན་ནི་དམྱལ་ཡུལ་ན་གནས་ལུགས་གསེད་བཀྲོལ་བྱེད་ས་ཡོད་པར་མ་ཟད་ཀུན་ལ་དྲང་སྙོམས་ཡིན་པའི་ཕྱིར།

  2. རྒོད་བསམ་རང་འགན་རང་ཁུར་ says:
    2012-03-31 at 7:58 am

    ངོ་མ་་ཆེས་བློ་ཡིད་དུ་གཤོང་དཀའ་བའི་གནས་ཚུལ་་་་་་གངས་ཅན་པ་རྣམས་ཀྱི་ལས་ངན་ཅི་ཞིག་བསགས་པ་ཡིན་ནམ་་ཡིན་ཡང་ནམ་ཡང་སེམས་ཤུགས་མ་ཆགས་ང་ཡི་བོད་རིགས་སྤུན་ཟླ་ཚོ་་་་་་ཤེས་བྱ་རིག་གནས་ཀྱི་གནས་ལ་འབད་འབུངས་བྱེད་དེ་བསྟན་དགྲ་རྒྱ་ནག་ལ་ཁ་གཏད་བླངས་དགོས་་་

  3. དམག་ལོག་ says:
    2012-03-31 at 8:23 am

    ད་ནི་རྒྱ་དམག་དང་མཉམ་དུ་གཡུལ་འགྱེད་དྲག་པོ་ཞིག་མ་བྱས་ཐབས་མེད་རེད། ང་ལ་མེ་མདའ་དང་ལག་འབུམ་ད་དུང་མེ་སྒྱོགས་ཁྱེར་ནས་ཡོང་ཐུགས་རྗེ་ཅན་ཚོ།

  4. ཇ་མ་ says:
    2012-03-31 at 8:27 am

    ད་ནི་ངར་ང་འདུག་གི་མ་བཅུག་ནི་རེད། མྱི་མང་ལ་རོ་མང་དང་མྱི་ཉུང་ལ་རོ་ཉུང་གི་གཡུལ་བཤམས་དགོས་པ་རེད། དེང་རབས་ཅན་གྱི་ལག་ཆ་སུ་ཡིན་ན་ཉོ་རྒྱུ་རག་གི་རེད།

  5. གཉན་ཆེན་ཐང་ལྷ་ says:
    2012-03-31 at 8:29 am

    ངའི་རྔ་བ་མི་མང་སྙིང་མ་རྗེ། དཀོན་མཆོག་མཁྱེན། བདེན་པའི་མཐའ་མྱུར་དུ་གསལ་བར་སྨོན།

  6. རྔ་བའི་རྒྱལ་སྲས says:
    2012-03-31 at 8:36 am

    རྒྱ་ནག་དམར་པོའི་སྲིད་གཞུང་འདི་ལ་སྨྲེ་ངག་དང་ཟུངས་ཁྲག་ག་ིརྒྱ་མཚོ་འཁྱིལ། ད་དུང་བར་རྡོ་རུ་འཁྱམ་པའི་རྣམ་ཤེས་ཁྲི་མ་འབུམ་གྱི་བུ་ལོན། ཉམས་པ་མེད་པའི་བོད་མི་རིགས་ཀྱི་ལ་རྒྱའི་ཆོད་སེམས། འགྱུར་བ་མེད་པའི་རང་དབང་གི་བདེན་མཐའ།
    རྒྱ་ནག་དམར་པོའི་དམག་དཔུང་ལ་ངེད་བོད་མི་མང་ནས་ནམ་ཡང་འཐབ་རྩོད་ཀྱི་གཟི་དཔལ་བསྐྲུན་རྒྱུ་ཡིན།
    བོད་རྒྱལ་ལོ།

  7. ཐུབ་པ། says:
    2012-03-31 at 9:00 am

    ངོ་མ་་ཆེས་བློ་ཡིད་དུ་གཤོང་དཀའ་བའི་གནས་ཚུལ་་་་་་གངས་ཅན་པ་རྣམས་ཀྱི་ལས་ངན་ཅི་ཞིག་བསགས་པ་ཡིན་ནམ་་

  8. འདོད་ལྷ་ཁམས་པ། says:
    2012-03-31 at 11:16 am

    དེང་སྐབས་གི་གནས་ཚུལ་ནི་ག་འདྲ་རེད་ཟེར་ན། བོད་མིའི་ཞུ་འབོད་དང་རྒྱ་གཞུང་གི་མཁྲེགས་འཛིན་གི་དུས་སྐབས་རེད། རྒྱ་གཞུང་གིས་ད་དུང་བསམ་ཤེས་མ་ཐུབ་ན་དུས་སྐབས་གཞན་པ་ཅིག་བསླེབས་གི་རེད། །སྐབས་དེ་དུས་གནས་ཚུལ་ཚང་མ་གོ་ལྡོག་ནས་ཡོང་གི་རེད། སྐབས་དེར་ཐོན་དུས་རྒྱ་གཞུང་གིས་ཞུ་བ་བྱས་ཀྱང་ཕན་གི་མ་རེད། གནས་ཚུལ་ཚང་མ་ལོ་རྒྱུས་གིས་ཐག་གཅོད་བྱེད་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme