Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནས་ལོག་གྲབས་ཡོད་སྐབས་བོད་དོན་ལས་འགུལ་བས་ངོ་རྒོལ་བྱས་པ།

Posted on 2012-03-30 By ཁ་བརྡ་ 19 Comments on རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནས་ལོག་གྲབས་ཡོད་སྐབས་བོད་དོན་ལས་འགུལ་བས་ངོ་རྒོལ་བྱས་པ།

གསར་འགོད་པ། ཚེ་རིང་བཀྲ་ཤིས།

ལྡི་ལི། ཞོགས་པའི་ཆུ་ཚོད་༡༠:༠༠ ཕྱི་ཟླ་༣་པའི་ཚེས་༣༠།

དེ་རིང་ཡང་བསྐྱར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ཐེ་བའི་བོད་དོན་ལས་འགུལ་བདུན་གྱིས་སོ་སོའི་གཟུགས་པོའི་སྟེང་“རང་བཙན། ངའི་གཞི་རྩའི་ཐོབ་ཐང་།”་དང་“བོད་རང་བཙན་ལ་”སོགས་པའི་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་བྲིས་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་བཞུགས་སའི་ཨོ་བྷེ་རོ་མགྲོན་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་པས་རྒྱ་གར་གྱི་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་ཡོད། ལས་འགུལ་འདི་ནི་ཕྱི་ཚེས་༢༦ ཉིན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་པའི་རྗེས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཀོད་སྒྲིག་བྱས་པའི་ལས་འགུལ་རིམ་པ་བཞི་པ་དེ་ཆགས་ཡོད།

དེ་རིང་གི་ལས་འགུལ་དེ་ཞོགས་པའི་ཆུ་ཚོད་༡༠:༠༠་ཡས་མས་ཙམ་ལ་སྤེལ་ཡོད་གང་ཡིན་ཞེ་ན་ཧུའུ་ཅིན་ཐའོ་ཞོགས་པའི་ཆུ་ཚོད་༡༡་ཙམ་ལ་རྒྱ་གར་ནས་བསྐོངས་པའི་་བྷི་རེ་ཁསི་(BRICS)་་ཚོགས་འདུ་ལས་ཐོན་ཏེ་ཀམ་བྷོ་ཌི་ཡ་རྒྱལ་ཁབ་དུ་ཕྱོགས་བསྐྱོད་བྱེད་རྒྱུ་ཡིན་པ་རེད། “དེ་ཡང་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིས་དབྱིན་ཇིའི་དབང་སྒྱུར་བའི་བཙན་འཛུལ་གྱི་ལྕགས་སྒྲོག་གཏོར་བ་བཞིན།་བོད་རྒྱལ་ཁབ་ཆེན་པོ་འདི་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་ཆེད། ང་ཚོས་་དེ་རིང་འདིར་རྒྱ་ནག་གི་འགོ་ཁྲིད་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད”ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་། ཁོས་མུ་མཐུད་ནས་“ བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནི་ང་ཚོའི་གཞི་རྩའི་ཐོབ་ཐང་དང་མེས་པོའི་ཁ་ཆེམས་ཡིན་པས། ང་ཚོས་སོ་སོར་དབང་བའི་ཐོབ་ཐང་དེ་ནམ་ཡང་བློས་གཏོང་མི་བྱེད་ལ། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ནས་ནམ་ཞིག་ང་ཚོས་སོ་སོའི་རྒྱལ་ཁབ་བདག་འཛིན་བྱེད་ཐུབ་པའི་ཡིད་ཆེས་དང་དམ་བཅའ་བརྟན་པོ་ཡོད་ཅེས་བརྗོད་སོང་།”

གསར་འགྱུར།

Post navigation

Previous Post: མིག་ཆུ་འདི་རླབས་རྩེའི་མེ་ཏོག་ཡིན་འོས།
Next Post: ཨ་མདོ་རྔ་པའི་ནང་མི་མང་འཛིན་བཟུང་གནས་ཚུལ།

Comments (19) on “རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནས་ལོག་གྲབས་ཡོད་སྐབས་བོད་དོན་ལས་འགུལ་བས་ངོ་རྒོལ་བྱས་པ།”

  1. ཁ་བ་སྐྱབས says:
    2012-03-30 at 2:51 pm

    རྒྱ་གར་དུ་སྐྱེ་བའི་ན་གཞོན་ཚོས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྟངས་ཀྱི་ལུས་སེམས་ངར་ཤུགས་འདིས་བདག་ལ་ཡིད་སྨོན་སྐྱེས་སུ་བཅུགས་སོང་།ངོ་རྒོལ་གྱི་གནས་སྟངས་ཆ་ཚང་བོད་ནང་གི་མི་མང་ཚོས་མཐོང་ཚེ།བྱེས་བའི་བོད་མི་ཚང་མ་ཁོང་ཚོའི་རྒྱབ་ཏུ་ཡོད་པའི་ཚོར་ཤུགས་ཆེན་པོ་ཞིག་སྤྲད་ཐུབ་ས་རེད།ངས་ཁྱེད་ཅག་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།རྒྱ་གར་ལུང་པ་འདིར་ང་ཚོ་ས་ལག་མཐིལ་ཙམ་ཡང་མེད་པ་ག་དུས་ཡིན་ཡང་མ་བརྗེད་པར་ཐུགས་ལ་བཟུང་།

  2. ཀུན་དགའ་ནོར་བུ། says:
    2012-03-30 at 3:59 pm

    བོད་རང་དབང་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་གཉིས་ནི་བྱེས་པ་ཚང་གི་མིག་དཔེར་བལྟ་འོས་བའི་སྒེར་གྱི་ཚོགས་པ་གལ་ཆེན་གཉིས་རེད། ཁོང་གཉིས་ཀྱི་ལས་འགུལ་གྱི་བྱེད་ཕྱོགས་ནང་བཞིན་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཐུབ་ན། ད་བཟོད་ང་ཚོས་སྡུག་ཡུས་ལ་རྒྱུས་བའི་ཚེ་སྲོག་གི་མི་རླབས་མཁའ་རུ་འཕྱུར་བའི་མཚམས་བཞག་ཆོག་སྙམ།

  3. ཀུན་དགའ་ནོར་བུ། says:
    2012-03-30 at 4:00 pm

    བོད་རང་དབང་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་གཉིས་ནི་བྱེས་པ་ཚང་གི་མིག་དཔེར་བལྟ་འོས་བའི་སྒེར་གྱི་ཚོགས་པ་གལ་ཆེན་གཉིས་རེད། ཁོང་གཉིས་ཀྱི་ལས་འགུལ་གྱི་བྱེད་ཕྱོགས་ནང་བཞིན་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཐུབ་ན། ད་བཟོད་ང་ཚོས་སྡུག་ཡུས་ལ་རྒྱུས་བའི་ཚེ་སྲོག་གི་མེ་རླབས་མཁའ་རུ་འཕྱུར་བའི་མཚམས་བཞག་ཆོག་སྙམ།

  4. སྨར་ཁམས་ཐང་པ་ཚང་གྲགས་པ་རྒྱ་མཚོ། says:
    2012-03-30 at 10:24 pm

    འབྱུང་བ་ལྔ་ལས་གྲུབ་པའི་འགྲོ་བ་མིའི་རིགས་ཀྱི་རྩལ་ཆེན་ཡི་ཚེ་སྲོག་འདི་ནི་འཚོ་བཞིན་དལ་འཇིག་གི་ཁོར་ལོ་འཁོར་ནས་བདེ་སྡུག་གི་མི་ཚེ་ཟད་དགོས་པས་འཇིག་བརྟེན་ཁམས་ཀྱི་ཆོས་ཉིད་ལ་སོང་། ད་ལྟའི་དུས་སྐབས་འདིར་འགྲོ་བ་མིའི་རིགས་ཀྱི་སྤྱི་མཉམ་གྱི་ཐོབ་ཐང་བྲལ་ནས། མི་རིགས་རང་ཉིད་ཀྱི་རྩལ་ཆེན་ཡི་ཚེ་སྲོག་ཡན་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ལ་བསམ་ནས་རང་སྲོག་བཞུགས་མེར་བསྒྲོན་གནང་མཛད་པར་དུས་རབ་འདིའི་འགལ་རྐྱེན་མུན་ནག་གི་སྐལ་པ་ཞིག་རེད་།
    གོ་ཁམས་འདིའི་ནང་འགྲོ་བ་མིའི་རིགས་ལ་ཚེ་སྲོག་གྱི་རིམ་ཐང་འདྲ་མཉམ་མེད་པར་ཡང་ཚན་འཁྲུལ་སྣང་གི་དངོས་མཐོང་ཞིང། སྤྱི་འཇིག་རྟེན་ཡོངས་ནས་དྲང་གཞག་མེད་པའི་སྲིད་དོན་གྱི་རྨངས་གཞིའི་གནད་བབ་སོགས་ལ་ཐུབ་ཡོད་། དེས་འདྲའི་སྲིད་བྱུས་ངན་པ་འཁོར་ནར་རྟེན་ནས་འབྱུང་གྱི་ཡོད་པ་དང་།
    དཔེ་ན་བོད་ཁ་བའི་ལྗོངས་ཀྱི་གནས་དོན་དེ་ཡང་ལོ་རབ་མང་པོ་འགྲོ་ཟིན་ནའང་མི་རིགས་ཀྱི་ཐབ་རྩོད་དང་རྒྱལ་ཁབ་སྐྱར་གསོལ་གྱི་དམིགས་ཡུལ་ད་དུང་ཡང་ཁ་གསར་པ་ལྟ་ལམ་ཕྱོགས་གསལ་བརྟེན་དུ་འགྲོ་བཞིན་ཡོད་།
    ཡང་དགོས་རྒྱ་གཞུང་གི་ཆབ་སྲིད་མི་སྣའི་ཇུས་ངན་ཐབ་རྩུབ་མནར་གཅོད་སོགས་སྡུག་སྦྱོང་འདི་ལྟ་བུ་ཞིག་མུས་མཐུད་ནས་བོད་ཐོག་ལག་སྟབས་བྱས་པར་རྟེན་བཟོད་དཀའ་བའི་གནས་སུ་འགྱུར་། སྒྱུར་རྐྱེན་ནས་རྒྱ་ནག་གཞུང་གིས་དོན་སྙིང་ལྡན་པའི་བོད་མི་ཡོངས་ལ་ཆ་རྐྱེན་གང་ཡང་མེད་པར་ཐུབ་ཡོད་།
    ༼རྩ་དོན་གཡོ་སྒྱུའི་རང་བཞིན་དང་།༽ ༼རྩ་ཁྲིམས་རྫུན་གྱི་ཞན་དབང་རང་བཞིན་།༽ ༼ཆབ་སྲིད་ངན་རྩུབ་རང་བཞིན་།༽ ༼ཐབ་ཇུས་ནི་མནར་གཅོད་ཀྱི་རང་བཞིན་།༽ དེ་འདྲ་ཡིན་ཙམ་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ལ་ཕམ་ཡ་དང་ནོར་བ་གང་ཡང་མཐོང་གི་མེད་།
    དཔེ་ན་་་་མི་རིགས་བར་ལ་གཅིག་བསྒྲེལ་དང་འཆམ་མཐུན་འདྲ་མཉམ་དང་དྲང་བདེན་ཟེར་རུང་རྩ་དོན་དང་རྩ་ཁྲིམས། ཆབ་སྲིད་དང་ཐབ་ཇུས་སོགས་ཀྱི་ངོར་གཞི་ནས་ལམ་ཕྱོགས་དེ་ལྟ་བྱེད་ཡོང་བ་མ་རྟོག་རྩ་ཁྲིམས་ལས་འགལ་བའི་ཆབ་སྲིད་འང་ཐབ་ཇུས་མིན་མཆོག་བ་རྫུན་ཁྲིམས་ཀྱིས་ངོར་གསལ་པོ་མཚོན་ཡོད་རེད་།
    བོད་ཀྱི་མནའ་རྒྱུའི་བྱུང་རབ་རྣམས་་ཐོས་བསམ་གོ་མྱོང་ཙམ་ལས་དངོས་མྱོང་གང་ཡང་མེད་པའི་བོད་མི་གཞོན་བྱས་དེ་དག་གི་རང་ལུས་མེ་སྲིག་གྱིས་དགོངས་པ་གཏེང་མཐར་མ་ཞེས་པར་ཐབ་མེད་འབྱུང་ཡོད་། དེ་འདྲའི་རྩ་དོན་དང་རྩ་ཁྲིམས་གཉིས་ལས་གྲུབ་པའི་ཆབ་སྲིད་ཀྱི་གནས་བབ་ནི་བར་མེད་ངན་རྩུབ་གྱིས་མནར་གཅོད་འོག་ནས་རང་ལུས་མེ་མཆོད་འབུལ་དགོས་པའི་དོན་རྐྱེན་བྱུང་བ་རེད་།་་་་་
    འདི་གནང་གྱིས་བོད་མི་རིགས་དེ་དག་ལ་ཁྱོལ་གསུམ་བོད་རིགས་ཡོངས་ནས་རྗེས་དྲན་ཞུ་སྒྱུར་ཏེ་མི་རིགས་དང་རྒྱལ་ཁབ་གི་ལ་རྒྱབ་རེད་། བོད་ཙམ་མ་ཟད་རྒྱ་ནག་མི་རིགས་ཡོངས་ནས་བརྩེ་གུས་འོས་པ་ཞིག་རེད་། རྒྱུ་མཚན་ནི་དཔའ་བོ་དེ་རྣམས་ཀྱི་འགྲོ་བ་མིའི་རིགས་ལ་ཆེད་མཐོང་ཧ་ཀྱང་གི་ཆེན་པོ་གཟིགས་ཀྱི་ཡོད་པ་རེད་། འགྲོ་བ་མིའི་རིགས་ལ་ཆེད་མཐོང་མེད་པ་ཞིག་ཡིན་ན་དཔའ་བོ་དེ་དག་གིས་མིའི་ཚེ་སྲོག་མང་པོ་ཕམ་ལམ་སུ་གཏོང་ཐུབ་པར་མཁྱེན་གསལ་རེད་།
    ༢༠༡༢་་་༣་་་༢༩་་་ལ།།

  5. མེ་ཏོག་དཀར་པོ། says:
    2012-03-30 at 11:22 pm

    སེམས་གཏིང་ནས་བསྔགས་བརྗོད་ཡོད།

  6. རྩམ་དགའ། says:
    2012-03-30 at 11:30 pm

    ལས་འགུལ་སྤེལ་སྟངས་ཡག་ཤོས་རེད་་་་་སེམས་སྟེང་ནས་དགའ་བསུ་ཡོད།

  7. བྱང་ཆུབ། says:
    2012-03-31 at 12:16 am

    གཞོན་སྐྱེས་འདི་ཚོས་བྱེད་སྟངས་ལ་བལྟས་ན། བོད་དོན་འདི་རེ་བའི་རྩེ་མོ་ན་ཡོད། གཞོན་ནུ་ལྷན་ཚོགས་དང་སློབ་ཕྲུག་བོད་རང་དབང་ཚོགས་པ་གཉིས་ཀྱི་ནུས་པ་མུ་མཐུད་ནས་འབར་གྱུར་ཅིག།

  8. ཉི་འོད་གྲོང says:
    2012-03-31 at 1:02 am

    ན་གཞོན་ཚོ་ཨ་མའི་བུ་རྒོད་ཡིན་རིན་ཆོག་འདུག། སྙན་པར་འདི་དག་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་མཐོང་ན་ཡིད་ཆེས་དཔག་མེད་སྐྱེས་ས་རེད་། ཡིད་རང་ཡོད་་ཡིད་རང་ཡོད་ད་

  9. dorjee tsering says:
    2012-03-31 at 1:05 am

    གྲོགས་པོ་ལགས་ཁྱེད་བདེན་མོ་ཡིན་ནམ་དུས་ཚོད་རིང་པོ་ཞིག་ཁྱེད་དང་མཉམ་དུ་སྐད་ཆ་བཤད་རྒྱུ་མ་བྱུང

  10. རག་ཕྱགས་རྡོར says:
    2012-03-31 at 2:23 am

    ཁྱེད་རྣམས་ཀྱིས་སྙིང་སྟོབས་འདི་ལ་གུས་པས་སྙིང་ཐག་པ་ནས་ཐུགས་རྗེས་སུ་ཡིང་ཡོད

  11. རག་ཕྱགས་རྡོར says:
    2012-03-31 at 2:25 am

    ཁྱེད་རྣམས་ཀྱི་སྙིང་སྟོབས་འདི་ལ་སྙིང་ཐག་པ་ནས་རྗེས་སུ་ཡིང་རང་ཡོད་བཀའ་དྲིན་ཆེ།།

  12. རྔ་བའི་རྒྱལ་སྲས says:
    2012-03-31 at 2:44 am

    བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་རྣམས་ལ་སྙིང་ནས་ཡི་རང་ཞུ།

  13. ལུང་རྟོགས། says:
    2012-03-31 at 8:18 am

    རྡོ་རྗེ་ཚེ་བརྟན་ལགས་ཀྱི་སྐད་ཆ་དེ་དཔའ་ངར་ལྡན་པ་ཞིག་རེད། ཨ་མའི་བུ།

  14. ཇ་མ་ says:
    2012-03-31 at 8:41 am

    མཆན་ ༤ སྨར་ཁམས་ཐང་པ་ཚང་གྲགས་པ་རྒྱ་མཚོ་ལགས་དེ་འདྲའི་ཡིག་ནོར་མང་པོ་ཞིག་གང་ཡིན་ནམ།
    རྒྱ་གར་གཞུང་ལ་ཁག་མེད། དེ་འདྲ་གནང་གི་རེད། བོད་མི་ཚོས་ནུས་ཤུགས་འདོན་བཏང་དེ་ཡག་པོ་ཞེ་དྲག་རེད། དེ་བས་གོ་སྐབས་དེ་མ་ཤོར་པ་ནི་བཞད་དུ་མེད་པའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད།

  15. བདེན་རྒྱབ། says:
    2012-03-31 at 9:35 am

    དེ་རིང་ཀུན་གྱིས་བྱེད་དཀའ་བའི་ལས་རིགས་འདི་ཁྱེད་ཅག་གི་ཚོགས་པས་སྤེལ་བར་འོ་རྒྱལ། དྲིན་ཆེ། ཟེར་རྒྱུ་ཡིན། ད་རུང་རང་ཅག་གངས་ཅན་པ་ཡོངས་ཀྱི་རྩ་ནང་དུ་རྒྱུ་བའི་འགྲོ་བ་གཞན་དང་མི་འདྲ་བའི་ཁྲག་དྲོན་དེ་གྲང་དུ་འཇུག་མི་རུང་། ཡང་སྐྱར་ཐུགས་རྗེ་ཆེ་ཞེས་གཞིས་བྱེས་བོད་མི་ཀུན་གྱི་འགྲིན་ཚབ་བྱས་ནས་ཟེར། ཐུགས་རྗེ་ཆེ།

  16. བདེན་རྒྱབ། says:
    2012-03-31 at 9:39 am

    ཨ་མ་ཇ་མས་ཟེར་བ་བདེན། མཆན་འགོད་བཞི་པས་ཟེར་ན་འབྱུང་བ་ལྔ་ལས་གྲུབ་པའི་མི་ཟེར། གསང་སྔགས་ནང་དུ། སེམས་ཀྱི་ཁམས་ནས་ཚེ་ཉམས་ན། །འབྱུང་བ་ནམ་མཁའི་བཅུད་འདུས་ལ། །ཟེར་བ་དེས་མི་ལ་རྒྱུ་ནམ་མཁའི་འབྱུང་བ་ཡང་ཡོད་ཟེར་བ་ཡིན་གྱི་མ་རེད། དེ་ནི་རྣམ་རྟོག་འདུལ་འབྱོང་ལ་རྟེན་འབྲེལ་གྱི་ཁྱད་པར་རེད། མ་ཟད་མངོན་པ་ལས་གཟུགས་ཀྱི་ཕུང་པོའི་སྐབས་རྒྱུ་གཟུགས་འབྱུང་བ་ཆེན་པོ་བཞི་ཞེས་པ་ལས་ནམ་མཁའ་དེ་ཆོས་ཀྱི་སྐྱེ་མཆེད་པ་ཡི་གཟུགས་སུ་ལོགས་ལ་བཞག་པར་དགོས་པ་རྒྱུ་མཚན་མེད་པ་མ་རེད། ད་རུང་ཡོད། བྱེད་འབྲེལ་གྱི་ཕྲད་རྣམས་ཐོན་མིས་གང་དུ་སྐྱལ་དགོས་པ་གསལ་པོར་གསུངས་ཡོད་པ་དེ་ལག་ལེན་བྱེད་དགོས། མི་ཞིག་ཡིན་ན་རང་གི་ཕ་སྐད་ཡི་གེ་མ་ཤེས་ན་རང་ཡུལ་རང་ལ་དབང་རུང་ཅི་བྱེད། དེ་བས་རིག་གནས་ལའང་སྣང་ཆུང་མ་བྱེད་རོགས། དེ་མིན་གསར་འགྱུར་འདི་ཕྱི་ཚེས་༣༠སྤེལ་བར་མཆན་བཞི་པ་ཕྱི་ཚེས་༢༩ཇི་ལྟར་བཏབ་པ་རེད། འོ་ན་དེ་གནས་ཚུལ་ཇི་ཡིན་དང་ནམ་བྱུང་ལ་དོ་སྣང་མ་བྱུང་བ་ཨེ་རེད་ཟེར་འཁན་བྱུང་ན་ཁོ་བོས་མ་རེད་མི་ཟེར། དྲ་ཐོག་ལ་སླེབས་ཕྱིན་ཀུན་གྱིས་ཟབ་ཟབ་བྱེད་རོགས། དྲ་རྒྱའི་ནང་བྱ་བ་ཕལ་ཆེ་བྱེད་བདེ་རུང་ཉེན་ཁའང་ཡོད། དྲ་རྒྱ་ཞེས་པ་འདི་ལ་མིག་མང་པོས་ལྟས་ནས་ཡོད་ཅིང་མིག་ལྡན་དེ་དག་ལ་ཁ་ཡང་ཕལ་མོ་ཆེར་ལྡན་པའི་ཁྱབ་པ་ཡོད། ཁོ་བོས་དེ་ལྟར་བརྗོད་པ་དེ་སྐྱོན་བརྗོད་ཡིན་ཟེར་ནའང་ཆོག འོན་ཀྱང་གངས་ཕྲུག་ཞིག་ཡིན་ན་དེ་ལ་ཤ་ཚ་ཡིན། བདེན་རྒྱབ་ནས་ལྷག་བསམ་བཅས།

  17. གཉིས་མེད་སེངྒེ says:
    2012-03-31 at 1:55 pm

    ད་ཐེངས་བོད་མི་ཚོས་རྒྱ་གར་ནས་ཧྥུའུ་ཡི་གདོང་བ་ཆུར་དབྱུགས་ཐུབ་པ་དེ་རྒྱལ་ཁ་ཆུང་ཆུང་ཞིག་རེད། ངོ་གནོངས་བཞིན་ཕྱི་རྒྱལ་དུ་འགྲོ་མཁན་ཞིག་གི་སེམས་ཚོར་དེ་ག་འདྲ་ཡིན་ནམ། གང་དུ་སོང་རུང་འཕྲེད་དར་གྱིས་མདུན་བསུ་བ་དེ་ནི་ཡག་རྟགས་ཤིག་ཨེ་རེད། དོ་ཞག་འཛམ་གླིང་ནང་ཞི་མི་བཞིན་དུ་འཇབ་ནས་འགྲོ་དགོས་མཁན་གྱི་སྲིད་འཛིན་ག་ཚོད་ལྷག་འདུག་གཅིག་ལྟོས་དང་། འདི་ལྟར་ལམ་ལུགས་རྙིང་པ་མཁྲེགས་འཛིན་གྱི་རྒྱུན་ཇི་ཙམ་དུ་བསྲིང་ཐུབ་བམ། གོང་གསལ་གྱི་གནད་དོན་དེ་དག་ནི་ཧྥུའུ་ཡིས་ལན་འདེབས་དགོས་པའི་དྲི་བ་འགའ་ཡིན།

  18. ཁྱི་ཕྲུག says:
    2012-04-01 at 11:55 am

    བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡིན་པ་ལས་བོད་རང་དབང་སློབ་ཕྲུག་ཚོགས་པ་མིན།  དེ་ལ་དོ་སྣང་ཞིག་བྱས་ན་དགའ།

  19. བྲོ་འཚལ། says:
    2012-04-02 at 2:35 am

    བོད་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme