Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་པ་ཡུམ་སྲས་གསུམ་ལ་རྒྱབ་སྐྱོར།

Posted on 2012-03-302012-03-30 By ཁ་བརྡ་ 24 Comments on རྒྱལ་གཅེས་པ་ཡུམ་སྲས་གསུམ་ལ་རྒྱབ་སྐྱོར།

བསམ་གླིང་ཚེ་རིང་ལྷ་མོ།

བོད་མི་སྤྱི་བོ་གནམ་བསྟན་སུ་ཡིན་ནའང་། ད་ལྟའི་དུས་སྐབས་འདིར། སྙིང་ཁོང་ལ་ན་ཟུག་ཚད་ལས་བརྒལ་ཞིང་། ལྷག་པར་དུ་ཉིན་རེའི་བྱ་བཞག་ལས་གལ་ཆེ་ཤོས་དྲ་རྒྱའི་གསར་འགྱུར་ཁག་ཀློག་གོམས་སུ་གྱུར་པའི་སྐྱེ་བོ་དག་ལ་མཚོན་ན། འདྲ་མཉམ་མེད་པའི་འཇིག་རྟེན་གྱི་གྲུ་ཟུར་ཞིག་ཏུ་ང་ཚོ་བོད་གངས་ཅན་པའི་དཔའ་བོ་དང་དཔའ་མོ་གྲངས་མེད་ཅིག་གིས། ཚེ་སྲོག་གི་ལེགས་སྐྱེས་ཕུལ་ཞིང་ལེགས་སྐྱེས་ཕུལ་སྟངས་དེ་ཡང་། གཅིག་ལས་གཅིག་ཛ་དྲག་ཅིང་། གཅིག་ལས་གཅིག་བློས་གཏོང་ཆེ་བར་བསམ་ན། ང་དང་ང་འདྲ་བས་བོད་མི་བོད་གངས་ཅན་གྱི་གཞུང་འདིའི་ཞབས་འདེགས་ཅུང་ཟད་སྒྲུབ་ཁུལ་དུ་མཆིས་ཀྱང་། བསྡད་ན་སྡོད་མི་ཚུགས་པ་དང་། འགྲོ་ན་འགྲོ་མི་ཤེས་པ། བསམ་ན་སེམས་འཚིག་པ། ད་དུང་་༌༌༌ངོ་མ་བཤད་དཀའ།
བརྒྱུད་རིམ་དེ་དག་ནང་ང་དང་ངའི་གྲོགས་མོ་ཆུ་སྐྱེས་སྒྲོལ་མ་སེམས་ཁོང་ན་ཟུག་གླེང་རེས་བྱས། ངེད་གཉིས་པོས་གང་དགའ་དང་ཅི་དགའི་ཐོག་བསམ་གཞིགས་བྱས། མཐར་ངེད་གཉིས་ཀྱིས་ད་ལྟའི་དུས་ཚོད་འདིར་ཚེ་བརྟན་རྡོ་རྗེ་ཡུམ་སྲས་གསུམ་ལ་རོགས་པ་ཞིག་བྱེད་ཐུབ་ན་དང། དེ་ཡང་ཉིན་ཤས་ལས་མ་བྱུང་ནའང་ཁོང་གསུམ་ལ་འགྲོ་ན་འགྲོ་རོགས་དང་། བཤད་ན་ཤོད་རོགས། གོམ་པ་འདེགས་པའི་གོམ་སྒྲ་ཞིག་མང་དུ་འགྲོ་ཐུབ་རྒྱུ་དེ་གལ་ཆེ་ཤོས་ཡིན་པའི་ཚོད་དཔག་བྱས། དེ་ལྟར་སོ་སོ་རང་ཉིད་གནས་སྐབས་འགྲོ་བའི་འགལ་རྐྱེན་ཅུང་མང་བའི་རྐྱེན་ལས། གོམ་སྒྲ་སྒྲིག་རྒྱུ་ནི་གལ་ཆེ་བས་ངེད་གཉིས་ཀྱིས་གོམ་བགྲོད་པ་བྱུང་ན་འགྲོ་གྲོན་ཆ་ཚང་ནར་གཏོང་བྱ་རྒྱུའི་བསམ་འདུན་ཞིག་སྐྱེས།
དེ་ལྟར་ངས་ང་ཚོའི་སྤྱི་ཚོགས་ནང་ན་ཟུག་དེ་ཆེས་མང་བའི་ནང་ཁུལ་དུ་སྐད་ཆ་ཕར་གླེང་ཚུར་གླེང་གི་བརྒྱུད་རིམ་ནང་། ང་ཚོ་མ་སུ་རི་གཏན་སློབ་ཀྱི་སྨན་ཞབས་པ་ཚུལ་ཁྲིམས་ལྷ་མོའི་བཟའ་ཟླ་ཡིན་པ་བསོད་ནམས་ཉི་མ་ལགས་ཁོང་གོམ་བགྲོད་ལ་ཕེབས་འདོད་ཤིན་ཏུ་ཆེན་པོ་ཡོད་པ་དང་སྟབས་བསྟུན། ཁོང་ལ་རོགས་པ་འཚོལ་རྒྱུར་འབད་པ་བྱས། དེ་ཡང་གོམ་བགྲོད་བྱེད་མཁན་ཆང་རག་སྤྱོད་པ་དང་གཙོ་བོའི་གོམ་བགྲོད་པར་མཐུན་ལམ་མེད་པ་སོགས་བྱུང་ན། ང་ཚོའི་རྒྱབ་སྐྱོར་དེས་ཕན་པ་ལས་གནོད་ཆེ་བར་བརྟེན། ང་ཚོ་མ་སུ་གཏན་སློབ་ཀྱི་སློབ་མ་སྤྱོད་ཚུལ་ལེགས་པ་འགྱུར་མེད་བསྟན་འཛིན་ལགས་དང་། ངག་དབང་ལེགས་སྨོན་གཉིས་དང་འབྲེལ་མོལ་བྱས། ཁོང་གཉིས་དང་ད་དུང་སློབ་བུ་གཞན་ཞིག་བཅས་ལྡི་ལི་བར་གོམ་བགྲོད་ལ་ཞུགས་འདོད་ཤིན་ཏུ་ཆེ་ཡང་། གཞན་དེ་སྐུ་གཟུགས་བདེ་མིན་གྱིས་མཉམ་ཞུགས་མ་ཐུབ།
དེ་ཡང་ཁོང་གཉིས་པོ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཐོན་པའི་མཛད་སྒོ་དེ་ཕྱི་ཟླ་ ༣ འི་ཚེས་ ༢༡ ཉིན་ལེགས་གྲུབ་ཟིན་ཅིང་། དེ་ཉིན་ནས་ང་ཚོས་ཡར་མར་འབྲེལ་ལམ་ཞུས། མཐར་བསོད་ནམས་ཉི་མ་ལགས་ཀྱིས་འགན་འཁྱེར་བའི་ཐོག་ལ་སློབ་ཕྲུག་འཛིན་རིམ་བཅུ་གཉིས་ཐོན་པ་གཉིས་བཅས་ཁོང་ཚོ་མི་གསུམ་ལ་འགྲོ་གྲོན་ཆ་ཚང་དང་། མགུལ་དར་སྒྲོན་ཞིང་ཕྱི་ཟླ་༣པའི་ཚེས་༢༢ ཉིན་ཕྱི་དྲོར་སྐྱེལ་མ་བྱས། གལ་སྲིད་ལག་དངུལ་དེས་མ་འདང་ན་རྗེས་སུ་བསྐུར་ཐབས་བྱ་རྒྱུའི་ཁ་དན་བྱས། ཁོང་གསུམ་ལྡི་ལི་བར་ཕེབས་རྗེས་རང་གནས་སུ་ལོག་པའི་ལམ་གྲོན་ཆ་ཚང་ཡང་ནར་གཏོང་ཞུ་རྒྱུའི་འགན་ལེན་བྱས།
རྗེས་སུ་གོམ་བགྲོད་པ་གསུམ་ཚེ་བརྟན་རྡོར་རྗེ་ལགས་སར་འབྱོར་སྐབས་གོམ་བགྲོད་པ་ཕྱག་རོགས་གཞན་ཡང་ཡོད་ཐོག ཟས་སོང་ལྡི་ལི་མདོ་སྨད་རྒྱུན་ལས་ནས་གནང་བཞིན་ཡོད་པའི་ཞལ་པར་འབྱོར། ཚེ་བརྟན་རྡོར་རྗེ་ལགས་སུ་ཞལ་པར་བརྒྱུད་བཀའ་མོལ་བྱུང་ཡང་གནས་ལུགས་འགྲེལ་བཤད་ཡག་པོ་བྱེད་ཐུབ་རྒྱུ་ཕར་བཞག མགྲིན་པ་བརྣངས་ནས་འཚམས་འདྲི་ཡང་ཡག་པོ་ཞིག་ཞུ་མ་ཐུབ།
དེ་ནས་གོམ་བགྲོད་པ་གསུམ་ལ་ཟས་སོང་མ་དགོས་ཀྱང་དེ་མིན་གྱི་མཁོ་ཆས་གང་དགོས་ཉོ་རོགས་ཞེས་མངགས། དེ་ལྟར་ང་དང་ངའི་གྲོགས་མོ་གཉིས་རང་ཉིད་གོམ་བགྲོད་ནང་མཉམ་ཞུགས་བྱེད་མ་ཐུབ་པའི་གནོངས་འགྱོད་ཆེ་ཡང་། འགྲོ་ཐུབ་པའི་རྒྱལ་གཅེས་པ་གཞན་ཐབས་འཚོལ་དང་། འགྲོ་གྲོན་གཏོང་ཐབས་དེ་གལ་སྲིད་འགྲིག་ཡོད་ན་ཀློག་པ་པོ་ཁྱེད་ཅག་གིས་ཀྱང་དེ་ལྟར་གནང་རོགས། གང་ལྟར་ཁོང་གསུམ་ད་ལྟ་ཕེབས་ཟིན་པ་ལས་ཕེབས་རྒྱུ་མང་བ་ཡོད་སྟབས་གང་ཅིའི་ཕྱ་ར་གྲུ་བཞི་ནས་འདེགས་པའི་དགོས་མཁོ་ཧ་ཅང་ཆེ།
ཡིག་རྙོག་འདི་འབྲི་དོན་ཡང་རང་མེད་གཞན་འཚོལ། ནུས་ཁུངས་འདོན་སྤེལ། གཅིག་རྒྱབ་གཉིས་ལངས། གདུང་ཤུགས་གཅིག་སྒྲིལ་སོགས་ཀྱི་ཐབས་ཇུས་གང་མང་འདོན་ཕན་གསོས་པར་རེ་ནས་བྲིས་པ་ཡིན།
གལ་སྲིད་འགྲིག་མེད་ན་བཀའ་བཀྱོན་ཚ་ཐག་ཆོད་གུས་མོ་གཉིས་ཀྱི་མགོ་ལ་གནང་བ་ཞུ། གང་ལྟར་དོན་ངོ་མའི་ལུས་ཀྱི་དཀའ་ལས་དང་། ཚ་བའི་བརྙས་བཅོས། དུག་སྦྲང་གི་མནར་གཅོད་སོགས་ཚང་མ་ཁོང་རྣམ་པས་ཁྱད་བསད་གནང་བཞིན་ཡོད་པར་བཀའ་དྲིན་ཤིན་ཏུ་ཆེ་ཞུ།

རྩོམ་རིག

Post navigation

Previous Post: འཇོན་གྲེམ་ཕུལ་ཀྲོན་གཟེངས་རྟགས་༧གོང་ས་མཆོག་འབུལ་གཏན་འཁེལ་བ།
Next Post: མདོ་སྨད་རྒྱལ་རོང་ནས་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་གནས།

Comments (24) on “རྒྱལ་གཅེས་པ་ཡུམ་སྲས་གསུམ་ལ་རྒྱབ་སྐྱོར།”

  1. ཀླུ་སྨྱོན། says:
    2012-03-30 at 2:38 am

    ཁོང་ལ་རེ་སྐུལ་བྱས་པ་བཞིན་རྡ་ས་ནས་བསྐུར་པའི་ཁོང་གི་བརྩམས་སྒྲུང་རིང་མོ་གྲྭ་པ་མི་བྱེད་་་་སྦྱིན་བདག་མི་དགོས་ཞེས་པ་དེ་ཚར་གཅིག་ཀློག་རྒྱུ་ཡིན། དེ་ཁོང་ལ་རྒྱབ་སྐྱོར་གྱི་ཚུལ་ཡིན།

  2. བྱེ་རླུང་འཚུབ་མ། says:
    2012-03-30 at 2:42 am

    རྡ་ས་ནས་ཆེད་དུ་ཨ་རིར་བསྐུར་ཡོང་དུས། མ་ཀློག་ན་ཁྲེལ་མེད་རེད་ཡ ཀུ་རེ་ཡིན། དུས་བབ་ནས་གོང་གི་རྩོམ་དེ་ཀློག་ཡིན། ཡག་པོ་འདུག་ཟེར་རྒྱུ་ལས་གཞན་གནས་སྐབས་སུ་བཤད་རྒྱུ་ཅང་མེད།

  3. འཇིགས་བྲལ་བསྟན་འཛིན། says:
    2012-03-30 at 2:54 am

    ངའི་གྲོགས་པོ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་མི་ཨ་མ། ད་དུང་སྲིང་མོ་བཅས་ནས་བོད་བར་ཞི་བའི་གོམས་བགྲོད་ཀྱི་ལམ་ནས་བོད་དོན་འཐབ་རྩོད་གནང་བཞིན་པར་སྙིང་དབུས་ནས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་དང་། ཁོང་རྣམ་པ་གང་དུ་སླེབས་ཀྱི་ཡོད་མེད་དང་། ག་རེ་བྱུང་བཞིན་ཡོད་མེད་བཅས་རིམ་བསྟུད་ཐོན་བྱུང་།

    ངའི་གྲོགས་པོ་མིག་དམར་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་མིག་བསྒྲིབས་རྒྱལ་དཀྲོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེའི་ཐད་ད་བར་གསར་ལམ་ཁག་གིས་གནས་ཚུལ་ག་རེ་འབྱུང་བཞིན་ཡོད་མེད་ཐད་བདག་སྤྲོད་ཧ་ལམ་གནང་མ་སོང་།

    ང་རང་ཉིད་ལ་མཚོན་ན་ཁོང་རྣམ་གཉིས་གྲོགས་པོ་ཡིན་ལ། ལྷག་པར་ཚེ་བརྟན་རྡོ་རྗེ་དང་ང་གཉིས་ཧ་ཅང་འདྲིས་པོ་ཡོད་པའི་གྲོགས་པོ་ཡིན། དེར་བརྟེན་ཁོང་གཉིས་ལ་ཁྱད་པར་ཕྱེ་འདོད་དེ་འདྲ་རྩ་བ་ནས་མེད་མོད། ཉིན་མང་པོ་འདིའི་ནང་མིག་དམར་ལགས་ཀྱི་སྐོར་ལ་གསར་འགོད་པ་ཚོས་བདག་སྤྲོད་མ་བྱས་སྟབས་གང་ནས་འགྲིག་མེད་པ་ཧ་མ་གོ་ཡང་། གཅིག་འགྲིག་མི་འདུག་བསམ་པའི་ཚོར་སྣང་འགོག་མེད་སྐྱེས་བྱུང་།

  4. ཐུབ་པ། says:
    2012-03-30 at 2:55 am

    དངོས་གནས་དེ་ཡག་པོ་རེད།
    ང་ཚོ་བོད་པ་ཚང་མས་རང་གིས་གང་འཇོན་བྱེད་པའི་ཚད་ལ་ཐོན་འདུག

  5. མེ་ཏོག་དཀར་པོ། says:
    2012-03-30 at 3:08 am

    ཀླུ་སྨྱོན་གྱིས་དེབ་དེ་ཀློག་གི་ཡིན་ཞེས་ཁ་སང་ནས་གསུངས་སོང་ང་།

    བསམ་གླིང་ཚེ་རིང་ལྷ་མོས་བརྗོད་བྱ་རྗོད་བྱེད་བརྗོད་སྟངས་གང་ཅིའི་ཐོགས་སེམས་འགུལ་ཐེབས་བྱུང་། ཐུགས་རྗེ་ཆེ་ཞུ།
    འཇིགས་བྲལ་གྱིས་དྲན་པ་ལྟར་མིག་དམར་འཚོལ་བའི་རྩོམ་ཐུང་ཞིག་ཁ་བརྡའི་སྟེང་བཞག་ཡོད།

  6. གདོང་དམར་བ་ says:
    2012-03-30 at 3:15 am

    ཀླུ་ལགས་ཀྱིས་གྲྭ་བ་མི་བྱེད། སྦྱིན་བདག་མི་དགོས། ཞེས་པའི་དེབ་དེ་ཀློག་ཡག་གླིང་ཚ་ལ་རྒྱབ་སྐྱོར་ཡིན་གསུང་འདུག་ཀྱང་དེང་སང་ཨ་ལགས་གྲྭ་བ་སྡོད་འདོད་མེད་པའི་བཟོ་གསལ་རུ་འགྲོ་གི་འདུག་པས་དེའི་ཆ་ཤས་ཤིག་ལས་རྒྱལ་གཅེས་དཔའ་བོ་ལ་རྒྱབ་སྐྱོར་བྱེད་སྟངས་དེ་མ་རེད།

  7. སྙེ་ལྷའི་ཐུགས་སྲས། says:
    2012-03-30 at 3:18 am

    གནང་སྟངས་དེར་ཡང་ཐུགས་རྗེ་ཆེ་ཞུ།

  8. བོད་སྲིད་འབྱོར་རིག་གསུམ says:
    2012-03-30 at 4:20 am

    སྙིང་སྟོབས་ཅན་གྱི་དཔའ་བོ་མ་བུ་གསུམ།

  9. ནག་ཐར་སྐྱིད། says:
    2012-03-30 at 4:46 am

    ཀླུ་སྨྱོན་རིན་པོ་ཆེ། སྐད་ཆ་གསལ་བོ་བྱས་ར་བསམ་བསམ་འདོད་འདོད་དེ་བཤད་མ་ཡོང་། མ་གཞི་ནས་སྐུ་ཉིད་ཀྱི་སེམས་པ་་ཐང་ཐང་མེད་པ་དེ་བཞིན་ཡ་བྱེད་དགོས་དོན་མི་འདུག་སྟེ། བོད་སྤྱི་བའི་དོན་ལ་ཁ་ནས་ཅི་བཤད་མེད་པའི་བླ་རྒན་ཁྱོད་ལྟ་བུ་ལ་གུ་ཡངས་རྩ་བ་ནས་བྱེད་རྒྱུ་མིན། ཡེ་ཤེས་ལགས། སྐུ་ཉིད་ནས་ད་བར་དཔེ་ཀློག་བྱས་བ་དེ་སུས་ཆེད་དུ་ཡིན། གོ་ཐོས་ལ་ཁྱོད་ལྟ་བུ་དག་གིས་དཔེ་ཀློག་བྱེད་ཀྱིན་པ་ནི་འདྲ་བཤུས་ཁོ་ནའི་ཆེད་དུ་རེད་ཟེར། དེ་ལས་ཀྱང་རང་ཉིད་ཀྱི་འཚོ་དོན་ཁོ་ནའི་ཆེད་དུ་རེད་ལབ་སོང་། དེ་ན་བར་འདི་ནས་ཁྱོད་ལ་ངོ་སོ་ཞིག་རྩ་བ་ཉིད་ནས་སྤྲོད་འདོད་མི་འདུག

  10. ཐུབ་པ། says:
    2012-03-30 at 5:03 am

    དེ་ཧ་ཅང་བཟང་།

  11. ཐུབ་པ། says:
    2012-03-30 at 5:09 am

    འཇིགས་བྲལ་བསྟན་འཛིན་ཟེར་བ་འདི་ཁྱི་རྒན་ཞིག་རེད་འདུག
    ག་རེ་བཤད་ཉན་བྲོ་གི

    ཡང་དབྱེན་དཀྲུགས་རྒྱག་འདོད་དམ། མིག་དམར་བོར་གི་མ་རེད། ཁོང་བོད་མི་མེད་སའི་ས་ཆ་ཁག་ན་འགྲོ་གི་ཡོད་ཡིན་རྒྱུ་རེད།
    དེ་མ་གཏོགས་དབྱེ་འབྱེད་བྱེད་དགོས་དོན་ཡོད་མ་རེད། ང་ཁོང་དང་མཉམ་དུ་ཡོད། ཁོང་གིས་ཡིན་གཅིག་བོད་མི་ཧ་གོ་བ་བྱེད་དགོས་ཀྱི་མི་འདུག རྒྱ་གར་བའི་ཁྲོད་དུ་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་གསུང་གི་འདུག
    ཁྱོད་ཀྱི་ཁྱི་ཁ་དེ་བཙུམས་རོགས

  12. ཆོས་པ། says:
    2012-03-30 at 7:13 am

    བསམ་གླིང་ཚེ་རིང་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་དང་། གཏམ་དཔེར། གདོང་མ་མཉམ་འདེགས་ཟེར་བ་ལྟར་མ་བུ་གསུམ་ལ་རྒྱབ་སྐྱོར་གནང་བ་དངོས་གནས་ཡག་པོ་འདུག།

  13. བློ་བཟང་། says:
    2012-03-30 at 7:15 am

    བསམ་གླིང་ཚེ་རིང་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་དང་། གཏམ་དཔེར། གདོང་མ་མཉམ་འདེགས་ཟེར་བ་ལྟར་མ་བུ་གསུམ་ལ་རྒྱབ་སྐྱོར་གནང་བ་དངོས་གནས་ཡག་པོ་འདུག།

  14. ཕྱུགས་རྭ་ཁུ་བྱུག says:
    2012-03-30 at 7:51 am

    ཡཱ་དྲ་གྲོགས་རྣམ་་་་་་རང་རིགས་ལ་བློ་དཀར་བའི་མི་ཚང་འདི་ལྟ་བུ་གང་འཚམས་བྱུང་ན་བོད་རེ་བའི་མི་ཕོངས་པ་དང་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་པའི་རྒྱལ་ཞེན་པས་དགོས་འདུན་རིང་མུན་འགྲུབ་སྙམ་་་་ཡིན་ཡང་གཅིག་གི་གཅིག་ལ་ཁ་རྡུང་དང་ལུང་པའི་རྒྱལ་ཞེན་ཚོགས་པའི་ལང་ཕྱོགས་ཁག་དཀྲི་བྱས་ན་ཚེ་སྲོག་ཡལ་བ་ཚོའི་མངོན་འདོད་ཆུ་ལ་གཡུག་པ་དང་གཅིག་མཚུངས་སུ་འཁུམས་་་་་་་གྲོགས་པོ་ཚ།

  15. རྨུ་ཐག་གི་བུ་རྒྱུད། says:
    2012-03-30 at 9:56 am

    རྩོམ་ཡིག་འདི་མགོ་ནས་ཀློགས་སྐབས་ངས་ཁྱོད་ལ་ཅིག་བཤད་འདོད་སྐྱེས་སོང་། ཡིན་ནའང་མཛུག་གི་ཚིག་་བཀའ་བཀྱོན་ཚ་ཐོག་ཆོད་རེ་གནང་རོགས།་་ ཟེར་བ་དེས་ཡིག་ག་འགག་པར་བྱས་སོང་། ཅིག་བྱས་ན་ཁྱོད་ཀྱིས་ཀྱང་ཡིག་ག་འགོག་བྱེད་དུ་བྲིས་པ་ཡིན་སྲིད།

  16. མཚོ་བུ་དཀར་པོ། says:
    2012-03-30 at 10:17 am

    མ་བུ་གསུམ་གྱིས་ལས་འགུལ་འདིའི་བདག་ལ་དགའ་བ་སྐྱེས་བཅུག་འོན་ཀྱང་གསོག་སྒར་སློབ་གྲྭའི་སྐོར་འདིའི་བདག་ལ་སེམས་སྡུག་ཅིག་སྤྲད།
    །སེམས་ཤུགས་ཅན་ཚོའི།
    །ལས་འགུལ་སྤེལ་དུས།།
    རྒྱབ་བསྐྱོར་མེད་པ།།
    དཔོན་ངན་བྱ་སྤྱོད།།
    གསོག་སྒར་སློབ་གྲྭའི།།
    སློབ་བུ་རྣམ་གསུམ།།
    རྒྱབ་བསྐྱོར་མེད་པས།།
    རྒྱང་ཕུད་བཏང་གཟིགས།།
    སྒྲིག་ཁྲིམས་འགལ་ན།།
    ཉེས་ཁྲིམས་བཅད་ཆོག།
    རྒྱང་ཕུད་གཏོང་དགོས།།
    ཉེས་ཆེན་ཅི་ཡོད།།
    གཞི་ལུས་ལས་བྱེད།།
    ལས་འགུལ་སྤེལ་ན།།
    རྒྱང་ཕུད་གཏོང་བ།།
    རྒྱ་དམར་ཁྲིམས་ཡིན།།
    བཙན་བྱོལ་སློབ་མའི།།
    ལས་འགུལ་སྤེལ་ན།།
    རྒྱང་ཕུད་གཏོང་བ།།
    སློབ་ཁྲིམས་ཡིན་འདུག།
    རྒྱ་དམར་ཁྲིམས་དང་།།
    དབྱེ་བ་ཅི་ཡོད།།
    དེ་རིང་འདི་ནས།།
    བཤད་འདོད་སྐྱེས་སོང་།།
    རྒྱ་དམར་ལྟ་བ།།
    དཔོན་ངན་ཁྲལ་མེད།།
    ལ་རྒྱ་མེད་པ།།འདི་ནས་མཐོང་སོང་།།

  17. ལུང་རྟོགས། says:
    2012-03-30 at 10:33 am

    ཁོང་མ་བུ་གསུམ་གྱི་སྙིང་སྟོབས་དང་བློས་གཏོང་ལ་སེམས་ཡོད་ཅིག་ཡིན་ན་ཡི་རང་མི་ཞུ་མཁན་སུ་ཡོད། ཚེ་རིང་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མ་ལགས་གཉིས་ནས་ཀྱང་རང་གི་གང་ནུས་ཀྱི་ལས་འགུལ་རེ་སྤེལ་ཏེ་ཁོང་གསུམ་ལ་རྒྱབ་སྐྱོར་བྱས་པ་དེ་ཡག་པོ་རེད།

  18. ཁ་འབར་ says:
    2012-03-30 at 11:17 am

    ངོས་གནས་དེ་རིོང་ཁ་སང་གི་གནས་སྟངས་ལ་བསམ་ནས་བཤད་པ་ ངེད་གངས་ཅན་བོད་པ་ཚང་གི་ཡོད་དོ་ཅོག་ཚ་ཚ་འུར་འུར་གྱི་སྤྱི་ཚོགས་ཤིག་ཏུ་འགྱུརཏ་འདུག་ཀཱ གོང་དུ་རྒྱབ་སྐྱོར་གནང་མཁན་ཧ་ཅང་མང་བས་ཐུགས་རྗེ་ཆེ་ ངོ་མ་ཐུགས་རྗེ་ཆེ

  19. བོད་པ་ཚང་་་་ང་ཤི་མེད says:
    2012-03-30 at 12:19 pm

    དེ་རིང་རྒྱལ་གཅེས་དཔལ་པོ་སྐུ་ཕོང་ངྷ་སར་སླེབས་དུས་ ངའི་གཞི་ནས་བོད་པ་ཚང་ཤི་མེད་པ་མཐོང་སོང་། རེ་བ་འདུག

  20. གཉིས་མེད་སེངྒེ says:
    2012-03-30 at 1:37 pm

    ཁ་བཤད་དོན་ལ་གནས་པའི་མ་བུ་གསུམ་གྱིས་བོད་སྤྱི་བའི་དོན་དུ་འོ་བརྒྱལ་མྱངས་སོང་། ཁ་ཙམ་མིན་པར་དོན་གྱིས་སྐུ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།

  21. བྱང་ཆུབ། says:
    2012-03-31 at 1:11 am

    བསམ་གླིང་ཚེ་རིང་ལྷ་མོ་དང་ཆུ་སྐྱེས་སྒྲོལ་མ་གཉིས་ལའང་རྗེས་སུ་ཡི་རང་ཞུ། བསམ་པས་རྒྱབ་སྐྱོར་ཙམ་དུ་མ་ལྷག་པར། གོམ་སྟབས་གཅིག་དངོས་སུ་སྤོས་ནས་རྒྱལ་སྐྱོར་ལག་ལེན་ལ་བཏབས་འདུག་པས་ཐུགས་རྗེ་ཆེ་ཞུ། ཁྱེད་གཉིས་ཀྱང་ཚེ་རིང་ཞིང་བོད་དོན་ལ་ཕན་ཅི་ཆེ་རེ་ཐོགས་པའི་སྨོན་ལམ།

  22. བྱང་ཆུབ། says:
    2012-03-31 at 1:23 am

    འདི་༼ཡུམ་སྲས་གསུམ་ལ་རྒྱབ་སྐྱོར་༽ཞེས་པའི་རྩོམ་ཡིག་ལ་མཆན་འདེབས་ས་རེད། ཀླུ་སྨྱོན་དང་མེ་ཏོག་དཀར་པོ་སོགས་ཀྱི་འབྲེལ་མེད་ཀྱི་གླེང་མོལ་བྱེད་སའི་དྲ་ཤོག་མ་རེད། མི་ལ་བག་ཟོན་ནམ་རང་རྟོགས་དགོས་པ་རེད་ཡཱ།

  23. མེ་ཏོག་དཀར་པོ། says:
    2012-03-31 at 5:40 am

    མེ་ཏོག་དཀར་པོ་འདབ་མ་སྟོང་ལྡན།།
    ཁ་བརྡའི་ལྡུམ་རར་གེ་སར་རྒོད་ཡོད།།

  24. ལུང་རྟོགས། says:
    2012-03-31 at 8:27 am

    བོད་པ་ཚོ་་་ང་ཚོ་མཉམ་དུ་ཤི་་་ང་ཚོ་མཉམ་དུ་གསོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (40)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme