Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་ཚེས་ ༢༨ ཉིན་ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་གནས་ཚུལ།

Posted on 2012-03-28 By ཁ་བརྡ་ 14 Comments on དེ་རིང་ཚེས་ ༢༨ ཉིན་ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་གནས་ཚུལ།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་བོད་ནང་གི་དགོང་མོའི་དུས་ཚོད་ ༧ །༡༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་སྤེན་པ་ཚང་གི་གྲྭ་ཤེས་རབ། རང་ལོ་ ༢༠ ། ཕ་མིང་ལ་བསོད་དོན། མ་མིང་ཉི་མ་ཡིན་པ་ཁོང་གིས་གཅའ་ཞང་ཐོག་གི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ནས་དུས་ཐོག་དེར་སྐུ་གྲོངས་ཡོད་འདུག
ཁོང་གིས་འབོད་ཚིག་ག་རེ་སྒྲོག་ཡོད་མེད་ཤེས་རྟོགས་མ་བྱུང་། ཁོང་འདས་གྲོངས་སུ་གྱུར་མ་ཐག་བོད་མི་ཚོས་ཁོང་གི་ཕུང་པོ་ཁྱེར་རྩིས་བྱས་སྐབས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་སླེབས་ནས་བཙན་འཕྲོག་བྱས་འདུག་པར་མི་མང་གིས་ཕུང་པོ་ནང་མིར་སྤྲོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཀྱང་ཉན་འཇོག་མ་བྱས་པར་བཙན་ཁྱེར་བྱས་འདུག གྲྭ་ཤེས་རབ་ལགས་ནི་དགོང་ལོ་དགུ་ཙམ་ནས་རྭ་རུ་བའི་དགོན་པ་དགེ་ལྡན་བསྟན་འཕེལ་གླིང་དུ་ཆོས་ཞུགས་བྱས་པའི་དགོན་དེའི་གྲྭ་པ་ཡིན་ཞིང་། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཙམ་ནས་རྔ་པ་ཀིརྟི་དགོན་དུ་མཚན་ཉིད་སློབ་གཉེར་བྱེད་དུ་སོང་ཡོད་ཀྱང་འདི་ཟླའི་ཚེས་༢༦ ཉིན་ཕྱིར་ཕ་ཡུལ་དུ་ལོགས་འདུག རྭ་རུ་བའི་དགོན་པར་དེང་སྐབས་གྲྭ་པ་ ༣༡ ཡོད་ལ། ཁོང་ཚང་ལ་མིང་སྲིང་གསུམ་ཡོད་པའི་འབྲིང་བ་ཡིན།
དོན་རྐྱེན་དེ་བྱུང་མ་ཐག་གཅའ་ཞང་ཐོག་ཏུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་ཅིང་། དེང་སྐབས་རྔ་པ་ཀིརྟི་དགོན་པའི་ལས་གནས་ཁ་གསལ་མེད་པའི་ལས་བྱེད་པ་ཡིན་ཟེར་བའི་རྒྱ་གཞུང་གི་མི་སྣ་སུམ་བརྒྱ་ལྷག་གཏན་སྡོད་བྱས་ཤིང་། རྔ་པའི་སྟོད་སྨད་བར་གསུམ་དུ་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་དམ་བསྒྲགས་མུ་མཐུད་བྱས་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ལ།
—————————————-
Kanyag Tsering
Kirti Monastery
Dharamshala-176219
Distt.kangra]
(H.P.)INDIA
91-9418708642

གསར་འགྱུར།

Post navigation

Previous Post: ལྡི་ལིར་བོད་མི་རྣམས་གློ་བུར་ངང་འཛིན་བཟུང་བཀག་ཉར་བྱེད་བཞིན་པ།
Next Post: གཞོན་ནུའི་ཚོགས་གཙོ་རྒྱ་གར་གནམ་ཐང་ནས་ཨ་རིར་ཕྱིར་སློག་བཏང་འདུག

Comments (14) on “དེ་རིང་ཚེས་ ༢༨ ཉིན་ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་གནས་ཚུལ།”

  1. བདུད་འདུལ་ཐོག་རྒོད། says:
    2012-03-28 at 1:51 pm

    ད་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་རང་སྲེག་འདི་ལ་མགོན་དང་སྐྱབས་དང་སྣེ་ཁྲིད་ཅིག་མེད་དུས། ལོ་རྒྱུས་ཀྱིས་ཐར་བ་ཅི་ལྟར་གཏོང་ངམ། རྒྱལ་ཁབ་དང་གཞན་དང་སྲིད་གཞུང་མི་རིགས་གཞན་ལ་ཞེ་དྲག་ལོས་འདེད་བྱེད་ས་མེད་ཀྱང་། རང་རེའི་བཀའ་ཤག་གིས་འདི་ལ་གསལ་ཁ་མ་གནང་བར་ད་དངོས་གནས་རྒུམ་འདུག་ས་ཡོད་ཚོད་མི་འདུག

    བཀའ་བློན་ཁྲི་པས། “༢༠༠༨ ལོའི་ཞི་རྒོལ་ལ་ཞིབ་འཇུག་བྱས་ཏེ་མ་འོངས་པར་ཞི་རྒོལ་དེ་རིགས་བྱུང་ཚེ་ང་ཚོའི་གྲ་སྒྲིག་ཚད་ལྡན་བྱ་རྒྱུ་ཡིན་”ཞེས་གསུངས་འདུག ད་ལྟ། རང་སྲེག་འདི་ལ་ཞིབ་འཇུག་བྱས་ནས་གྲ་སྒྲིག་ཅིག་མ་གནང་ཚེ་དངོས་གནས་འགོ་ཁྲིད་ཡོད་དང་མེད་པའི་ཁྱད་པར་སུས་འབྱེད་ཐུབ་བམ། འདི་ལྟར་ཕྱིན་ན་ང་ཚོ་གང་དུ་སླེབས་རྒྱུ་རེད་དམ། བོད་གངས་ཅན་པ་རྣམས།

  2. འབའ་སྲས། says:
    2012-03-28 at 1:54 pm

    རྒྱལ་གཅེས་དཔའ་རྒོད་ཁྱོད་དག་ཞིང་ནས་སྐྱེས་པར་སྨོན།

  3. གཉིས་མེད་སེངྒེ says:
    2012-03-28 at 1:59 pm

    བོད་ཆུ་འབྲུག་མ་རེད་མེ་འབྲུག་རེད། །ཚེ་སྲོག་མེ་རུ་སྒྲོན་ལོ་རེད། །ཡོད་ཚད་བློས་གཏོང་བྱེད་ལོ་རེད། །སྐད་གྲགས་གླིང་ལ་ཆོད་ལོ་རེད། །

  4. ལྷོ་པ་ལུང་རིགས says:
    2012-03-28 at 2:38 pm

    གསོན་པོའི་མི་ལ་འགྲོ་འདུག་རང་དབང་མེད།།
    གྲོངས་པའི་བེམ་པོ་དུར་འཇུག་ཐོབ་ཐང་མེད།།
    ཀླ་ཀློའི་གདོང་ལ་ཚེ་སྲོག་སྦར་བའི་མེ།།
    ཆད་མེད་འབར་བའི་སྣེ་གཅིག་འདི་ན་ཡོད།།

    འདས་པོའི་བེམ་པོ་ཙམ་ཡང་མི་དབང་བའི།།
    རྒྱ་དམར་སྲིད་བྱུས་གདུག་ཅན་གཤེད་མ་འདིས།།
    ད་དུང་ཡང་ནི་ཚེ་སྲོག་མང་པོ་ཞིག།
    དམར་པོའི་མེ་ལ་དབང་མེད་འདེད་པར་འདུག།།

    བོད་ཁམས་ཡོངས་རྫོགས་འབར་བའི་མེ་ཤུགས་ཀྱིས།།
    རྒྱ་གཞུང་བྱུས་ངན་བསྲེགས་ལ་ཉེ་ན་ཡང་།།
    ཕོ་ཟད་མོ་ལ་ཐུག་པའི་འཐབ་མོ་ཡང་།།
    འབྱུང་བ་སྲིད་པས་ད་ཀོ་ཅི་ཞིག་བྱ།།

    གངས་ཅན་སྐྱིད་པའི་གཤོང་ས་གོར་མོ་ན།།
    སྲིད་ཁྲིར་འགྱིང་བའི་མི་དབང་ཕོ་མོ་ཚོ།།
    ལམ་སྟོན་སྣེ་ཁྲིད་ཡོད་ན་གནང་རན་འདུག།
    གདོང་མཆོང་མདུན་སྐྱོད་བྱེད་ན་ད་ཚོད་དགོས།།

    ཤོག་བུའི་སྟེང་གི་འབོད་སྐུལ་གདུང་སེམས་དག།
    ཡང་ཡང་བསྒྲགས་པས་ཕན་པ་དཀའ་བ་སྟེ།།
    ལག་ལེན་རི་མོའི་ངོ་སོ་འཕྲོད་པ་ཞིག།
    ད་ཀོ་ཡོད་ན་གངས་རིའི་ཞིང་ལ་ཕོབས།།

  5. གཙན་ནག་པ་ says:
    2012-03-28 at 2:43 pm

    ཐུགས་རྗེ་གཟིགས་ད་མཚམས་འཇོག་གནང་རོགས། གལ་སྟེ་ཐ་མེད་མཚམས་འཇོག་མ་བྱུང་བ་ཡིན་ན། དགོངས་པ་གཞན་ཞིག་ཐོག་ནས་བོད་མི་རེ་ནས་རྒྱ་མི་བཅུ་རེ་མེད་པ་བཟོ་ཐབས་དགོས། དེ་ལྟར་བྱས་པ་ཡིན་ན་ཉིན་གཅིག་རྒྱ་རྒན་དེ་ཡང་འུ་ཐུག་པ་ཞིག་བཟོ་ཐུབ། འཚེ་མེད་ཞི་བ་མཚམས་འཇོག་དགོས། འཚེ་མེད་ཞི་བས་ནུས་པ་ཐོན་མ་སོང་། ནུས་པ་ཐོན་པའི་ལས་འགུལ་གོང་དུ་ཞུ་པ་དེ་རང་ལེགས།

  6. སེང་གེ། says:
    2012-03-28 at 3:11 pm

    བཀའ་བློན་ཁྲི་པས། “༢༠༠༨ ལོའི་ཞི་རྒོལ་ལ་ཞིབ་འཇུག་བྱས་ཏེ་མ་འོངས་པར་ཞི་རྒོལ་དེ་རིགས་བྱུང་ཚེ་ང་ཚོའི་གྲ་སྒྲིག་ཚད་ལྡན་བྱ་རྒྱུ་ཡིན་”ཞེས་གསུངས་འདུག ད་ལྟ། རང་སྲེག་འདི་ལ་ཞིབ་འཇུག་བྱས་ནས་གྲ་སྒྲིག་ཅིག་མ་གནང་ཚེ་དངོས་གནས་འགོ་ཁྲིད་ཡོད་དང་མེད་པའི་ཁྱད་པར་སུས་འབྱེད་ཐུབ་བམ། འདི་ལྟར་ཕྱིན་ན་ང་ཚོ་གང་དུ་སླེབས་རྒྱུ་རེད་དམ།

  7. བདུད་འདུལ་ཐོག་རྒོད། says:
    2012-03-28 at 3:30 pm

    བཀའ་ཁྲི་མཆོག་ལ་རང་སྲེག་ཐད་ཀྱི་དྲི་བ་གསུམ།

    བདུད་འདུལ་ཐོག་རྒོད།

    ད་དངོས་གནས་དྲི་བ་ཞིག་གཏོང་བའི་དུས་ཚོད་སླེབས་འདུག རང་སྲེག་ལ་གྲུབ་འབྲས་ཐོན་རྒྱུ་ཁེག་པོ་ཡོད་པ་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་གསུངས་འདུག ཡིན་ནའང་སོ་སོར་ཆབ་སྲིད་ཀྱི་འགན་ཁུར་མེད་པས་ཅི་ཡང་བཤད་ཤེས་ཀྱི་མ་རེད་ཅེས་བཞུགས་ཡོད་པ་རེད། དེ་འགྲོ་བ་མིའི་ཐོབ་ཐང་རེད།
    ༡ ཡིན་ནའང་། ང་ཚོའི་བཀའ་ཁྲི་མཆོག་གིས་རང་སྲེག་ལ་གྲུབ་འབྲས་ཐོན་པར་ངོས་འཛིན་བྱེད་ཀྱི་ཡོད་དམ།
    ༢ མེད་ན། མེར་སྲེག་མཚམས་འཇོག་དགོས་ཚུལ་གསལ་བོ་ནན་གསུངས་མི་གནང་དོན་ག་རེ་ཡིན་ནམ།
    ༣ གལ་སྲིད་མ་འོངས་པར་མེར་སྲེག་འདི་བརྒྱུད་བོད་དོན་ལ་འགྱུར་བ་ཞིག་མ་ཐེབས་ཚེ་བཀའ་ཤག་གི་ད་ལྟའི་ཕོ་མིན་མོ་མིན་གྱི་རྣམ་འགྱུར་འདི་ལ་ཡོ་བསྲང་ཅི་ལྟར་བྱ་རྩིས་ཡོད་དམ།
    དྲི་བ་འདི་རྣམས་རང་ཕྱོགས་ཀྱི་ལས་དོན་དང་རྣམ་དཔྱོད་ལ་འབྲེལ་བ་ཡོད་སྟབས་ཕུལ་བ་ཡིན། དེ་གསལ་བོ་ཆགས་སོང་ན། བོད་གཞིས་བྱེས་མི་མང་ཚོར་མིག་འཛུགས་ས་གཅིག་ཡོད་པ་ནི་རྒྱ་ནག་གཞུང་ཁོ་ན་རེད། དེ་མིན་ང་ཚོ་ཚང་མ་བྱིས་ཕྲུག་ཐང་གཡུག་ལྟ་བུ་ཆགས་སོང་ན་ཡག་པོ་མ་རེད་ལ། ང་ཚོར་དབུ་ཁྲིད་ཡོད་པའི་ཡོད་གོ་མ་ཆོད་པ་རེད་འདུག་པས་དེ་གསལ་བོ་བཟོ་རྒྱུ་ཤིན་ཏུ་གལ་ཆེ་རེད། དེ་ནས་ང་ཚོ་མི་མང་གིས་རྡོག་རྩ་གཅིག་སྒྲིལ་གྱིས་དབུ་ཁྲིད་ལ་སྔར་ལས་རྒྱབ་སྐྱོར་བྱེད། དབུ་ཁྲིད་ཀྱིས་ཀྱང་དུས་ནས་དུས་སུ་མི་མང་ལ་ལམ་སྟོན་གནོང་། དེ་ལྟར་བོད་རང་དབང་ཐོབ་པར་བྱེད།
    ཁ་བརྡ་ཚང་གིས་འདི་དྲ་ངོས་སུ་འཇོག་རོགས།

  8. བསྟན་འོད་། says:
    2012-03-28 at 6:20 pm

    རྒྱ་དམར་གཞུང་གིམངའ་འོག་ན་། གསོན་དུས་ཚེ་སྲོག་མི་དབང་གི་། ཤི་ན་བེམ་པོ་མི་དབང་གི་། བོད་ལ་དབང་བའི་དངོས་པོ་གཅིག་ཀྱང་མེད་།

  9. མེ་ཏོག་དཀར་པོ། says:
    2012-03-28 at 9:50 pm

    སྐྱིད་སྡུག་མཉམ་མྱོང་ཡིན། ཁྱོད་ལ་སེམས་གཏིང་ནས་གུས་འདུད་ཞུ།

  10. བསྟན་འཛིན་ says:
    2012-03-28 at 9:52 pm

    འདི་ལ་ངོ་མ་བསམ་བློ་བཏང་དགོས་ཀི་འདུག སྙིང་སྟོབས་ཅན་རྣམས་གཅིག་རྗེས་སུ་གཉིས་མཐུད་བུད་སོང་ན། སྤྱིར་བོད་མི་ཉུང་དང་གཅིག གཉིས་སྙིང་སྟོབས་ཅན་ཉུང་དང་གཉིས། ང་ཚོའི་དཔའ་རྒོད་རྣམས་རྩ་སྟོང་དུ་འགྱུར་རམ། ངོ་མ་སེམས་ཁུར་བྱེད་དགོས་པའི་དུས་གཅིག་རེད།

  11. བོད་སྲིད་འབྱོར་རིག་གསུམ says:
    2012-03-28 at 10:29 pm

    ང་ཚོས་རྒྱལ་གཅེས་པ་ཁོང་རྣམས་ལ་ངེས་པར་དུ་གུས་འདུད་ཡོད། འོན་ཀྱང་བོད་ནང་གི་དཔའ་བོ་ག་ཙམ་གྱིས་རང་ལུས་མཆོད་མེ་ཕུལ་སོང་། འདི་ལ་སྔར་ལས་ལྷག་པའི་གྲུབ་འབྲས་མངོན་གསལ་ཅི་ཡང་མ་མཐོང་སོང་། རྒྱུ་རྐྱེན་དེ་དོན་ངོ་མ་
    བཙན་བྱོལ་ནང་གི་བོད་མི་ཚོས་གོ་མ་ཆོད་པ་རེད། ལྷག་ཏུ་གཞུང་ཞབས་པ་རྣམས་ཀྱིས་འདི་ལ་དོ་སྣང་ཆེན་པོས་འགན་ལེན་བྱེད་རྒྱུ་དུས་སྐབས་འདིས་གཙོ་གནད་ཅན་དུ་འགྱུར་འདུག

  12. མདོ་སྨད་པ། says:
    2012-03-28 at 11:14 pm

    སྒང་བ་ཚང་ལ་དཔའ་ཉམས་ཡོད་ཀྱང་རྒྱལ་སྲིད་མ་ཐུབ་གཞན་ལ་ཤོར།།གཞན་ཡུལ་འགྲིམས་ནས་ཨུ་ཚུགས་བྱས་ཀྱང་བདེན་པའི་འཇའ་ཚོན་རིང་དུ་ཡལ།།རིང་ནས་བསགས་པའི་ནད་ཀྱི་སྤྲང་པ་ལ་རྒྱའི་གྲི་ཡིས་གཤག་པ་ན།།ལ་རྒྱའི་མེ་ལྕེ་དགོང་དུ་མཆེད་ཅིང་འཇིག་རྟེན་ཀུན་ལ་བརྡ་ཞིག་སྤྲད།།

  13. རག་ཕྱགས་རྡོར says:
    2012-03-29 at 12:06 am

    རྒྱལ་གཅེས་ཀྱི་དཔའ་བོ་དག་ལ་སྙིང་ཐག་ནས་གུས་འདུད་ཞི་ཁྱེད་རྣམས་ཀྱིས་ལ་རྒྱ་ཡི་མེ་ལྕེ་ནམ་མཁའི་དགོང་ལས་མཐོ་སོང་ཁྱེད་རྣམས་ཀྱིས་བཀའ་དྲིན་ལ་རྗེས་སུ་ཡི་རིང་ཡོད་བོད་རྒྱལ་ལོ།།།

  14. ངག་ཁྲི། says:
    2012-03-29 at 8:06 am

    ༡བློ་གྲོས་ཅན་ཚོས་རང་སྲེག་མཚམས་འཇོག་མཛོད།།
    ༢བཟང་གསུམ་ཐུགས་ཀྱིས་འཐབ་རྩོད་རྣམ་དཔྱོད་བསྟེན།།
    ༣ཤེས་བྱའི་གནས་དང་རྒྱ་གཞུང་ཕུགས་རེའི་དོན།།
    ༤རབ་ཏུ་དགོངས་ནས་ཚེ་སྲོག་གཅེས་འཛིན་འཚལ།།
    ཉེ་ཆར་༸གོང་ས་མཆོག་གི་གསུང་དོན་ལ་དཔག་ན་དེ་ཙམ་ཐུགས་ལ་མ་བབ་པའམ་ཐུགས་ཕངས་པའི་རྣམ་པ་གསལ་པོ་འདུག་པ་ནི། ངས་དེ་ནོར་འཁྲུལ་རེད་ཅེས་ལབ་ན་ཁོང་ཚོའི་ཕ་མ་སོགས་ནང་མི་སྤུན་མཆེད་དང་། དགའ་ཉེ་བློ་དཀར་རྣམས་སེམས་ཕངས་འགྲོ་གི་རེད། ལས་འགུལ་དེ་འགྲིགས་པ་རེད་ཅེས་ཟེར་བ་ལ། འབྲས་བུ་ཇི་ཡོང་ཚོད་དཔག་བྱེད་དཀའ་བ་ཞིག་རེད་ཅེས་གསུངས་པ་ལས་གསལ་པོར་རྟོགས་ཐུབ་པ་ནི། ༸གོང་ས་མཆོག་གི་ཐུགས་ངོར་རང་སྲེག་ལས་འགུལ་དེ་གནས་སྐབས་འཕྲལ་དུ་
    མཚམས་འཇོགས་གནང་སྟེ་ཐབས་ཤེས་ཟུང་དུ་སྦྲེལ་བའི་ལས་འགུལ་གཞན་ཞིག་སྤེལ་
    དགོས་པའི་ཐུགས་རེ་ཡོད་པ་ཟུར་བལྟས་ལེབ་མཐོང་མ་ཡིན་ནམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (52)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme