Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

Posted on 2012-03-282012-03-28 By ཁ་བརྡ་ 14 Comments on རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༼བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་གྱི་ཉིན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཇན་ཏར་མ་ཏར་རུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་འཁྲིད་དེ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཚོགས་འདུར་སླེབས་ལ་ཉེ་བ་དང་བསྟུན་ནས། བོད་མི་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་སྐབས། ཉིན་དེའི་ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེ་སྲེག་བཏང་ཡོད་པ་དང་། སྐབས་དེར་ཁོང་གིས་བོད་རྒྱལ་ལོ་ཞེས་སྐད་འབོད་བྱས་ནས་གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས། ལུས་ལ་མེ་འབར་ཤུགས་ཆེ་དྲགས་ནས་སར་འགྱེལ་ཡོད་པ་དང་ ། ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ལྡི་ལིར་རྟེན་གཞི་བྱས་པའི་སྨན་ཁང་ (Rammanohar Lohia Hospital) ཞེས་པའི་ནང་མྱུར་སྐྱོབ་སྨན་བཅོས་གནང་ཆེད་དུ་འཁྱེར་ཡོད་རུང། ཟླ་འདིའི་ཚེས་ ༢༨ ཉིན་གྱི་ཐོ་རངས་འདས་གྲོངས་སུ་གྱུར་ཡོད་པ་རེད། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི་ཁམས་རྟའུ་ནས་ཡིན་པ་དང་རང་ལོ་ ༢༧ ལ་སོན་ཡོད། ཁོང་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། ད་ལོ་སློབ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོད་པ་རེད།
ཁོང་གིས་རང་ལུས་མེར་སྲེག་མ་གནང་བའི་སྔ་རོལ་དུ་དོན་ཚན་ ༥ ཅན་གྱི་ཁ་ཆེམས་ཤིག་བཞག་ཡོད་པ་ནི། །
“
༡ འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད།
༢ སྤུན་ཟླ་ཚོ། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ། འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། བྱ་བ་ཆེ་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན།
༣ རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་པོ། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་སྒྲིལ་པ་ལ་འབྲས་བུ་ཐོབ་པ་ང་ཚོས་ཤེས་གསལ་རེད། སེམས་ཤུགས་མ་ཆག་རོགས།
༤ གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏོང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང་།
༥ ང་རང་ཚོའི་ཕ་མའི་ཆོས། རིག་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལོངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།” ཞེས་བྲིས་ཡོད་པ་རེད།
ཁོང་ནི། ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་བཙན་བྱོལ་ནང་རང་ལུས་མེར་སྲེག་གནང་མཁན་གསུམ་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ བར་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༣ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་རང་ལུས་མེར་སྲེག་གིས་སྐུ་སྲོག་ཤོར་མཁན་ ༢༣ པ་ཆགས་ཡོད། དེ་ཡང་ཁོང་གི་ཁ་ཆེམས་ནང་”འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བླ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམ་ཆུང་བོད་མི་ལ་གཟིགས་རོགས་གནང་།”
ཞེས་གསལ་བ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་བོད་མི་ཤི་གསོན་གཉིས་ཀྱི་རེ་འདུན་འགྲུབ་ཆེད་དང་། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས། མཉམ་འབྲེལ་རྒྱལ་ཚོགས་དང་། རང་དབང་དང་དྲང་བདེན། མང་གཙོ་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་ནས་བོད་ཀྱི་གནད་དོན་དེ་ཞག་འགྱངས་ཉིན་ཕུད་བྱས་ནས་མི་འཇོག་པར། འཕྲལ་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་དང་། རྒྱལ་སྤྱིའི་ལྷན་ཚོགས་ཁག་གིས་བོད་མིའི་རེ་འདུན་རྣམས་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་དང་། དེ་བཞིན་སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༦ པ་དོན་ཚན་བརྒྱད་འཁོད་བཞག་ཡོད་པ་དང་། དེའི་རྗེས་སུ་ཟུར་སྣོན་གྲོས་ཆོད་ཡིག་ཆ་ཨང་ ༤༨ དོན་ཚན་༨ ཅན་ཞིག་བཞག་ཡོད་པ་དེ་དག་ངེས་པར་དུ་ལག་བསྟར་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན།།

གསལ་བསྒྲགས།

Post navigation

Previous Post: གནས་ཆུང་ཆོས་རྒྱལ་ཆེན་པོས་སྤྱི་ལྷན་ལ་སྩལ་བའི་བཀའ་ལུང་།
Next Post: ལྡི་ལིར་བོད་མི་རྣམས་གློ་བུར་ངང་འཛིན་བཟུང་བཀག་ཉར་བྱེད་བཞིན་པ།

Comments (14) on “རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-03-28 at 7:11 am

    ཨོཾ་མ་ཎི་པདྨེ་ཧཱུཾ།
    དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།

  2. རིག་འབྱུང་རྒྱ་མཚོ says:
    2012-03-28 at 7:11 am

    གནས་ཚུལ་ཐོས་པས་སེམས་པ་ཧ་ཅང་སྐྱོ། བདེན་དོན་དུ་གཤེགས་པ་གཟི་བརྗིད་ཆེ། བོད་མི་ཀུན་གྱིས་དྲན་ངེས་རེད། བོད་མིས་རང་ཉིད་མ་སྐྱོབ་ན་གཞན་གྱི་སྐྱོབ་མཁན་མེད་པ་བདེན་པ་རེད། དཔའ་རྒོད་ཀྱིས་བོད་མི་རྣམས་ལ་གནས་ཚུལ་ཡང་སྐྱར་དམར་ཁྲིད་བྱེད་པ་ཐུགས་རྗེ་ཆེ།

  3. ཨ་རིག་དགེ་མཐོང་། says:
    2012-03-28 at 7:22 am

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    ཚད་མེད་ཡོན་ཏན་མ་ལས་དྲངས།

    གདོང་དམར་བོད་ཀྱི་བདེ་སྡུག་སྙིང་དུ་བཅངས། །
    རང་རིགས་སྤུན་ཟླའི་རང་དབང་བདེ་སྐྱིད་སླད། །
    རང་གི་ཤ་ཁྲག་གདོས་བཅས་མེ་རུ་བསྒྲོན། །
    འགྲན་མེད་གངས་ཅན་དཔའ་བོ་དཔའ་མོ་ཀུན། །
    བདེ་ལྡན་དག་པའི་ཞིང་དུ་སྐྱེ་བར་སྨོན། །

    དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།

  4. རིལ་མ། says:
    2012-03-28 at 7:28 am

    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།

  5. ངས་པོ་རྒྱལ་མཚན། says:
    2012-03-28 at 7:30 am

    ནམ་ཡང་བརྗེད་ཐབས་མེད་པའི་ངེས་དོན་གྱི་དཔའ་བོ་མཆོག་དག་པའི་ཞིང་དུ་སྐྱེ་བར་སྨོན།

    ལྷད་མེད་སྤོབས་སེམས་བརྟས་པའི་དགོངས་པའི་རྩལ།།
    ཐ་དག་རྫོགས་པའི་གངས་ཅན་དཔའ་བོ་མཆོག།།
    མཐོ་སྒང་འཛིན་པའི་འཕྲལ་ཕུགས་བདེ་བའི་སླད།།
    ཞུ་མེད་ཐུགས་ཀྱི་གཅེས་སྲོག་གཏའ་མར་བཞག།།

    ར་བ་གངས་རིས་བསྐོར་བའི་ཞིང་གི་ཡ་ངའི་གནས་སྟངས་དེ་བསམ་སྟེ།།
    ལ་རྒྱ་དམ་པོས་མཐུན་སྒྲིལ་བྱས་ཏེ་བོད་དོན་ཆེད་དུ་ལས་འགུལ་སྤེལ།།
    ཤ་ཚ་དངོས་འབྲེལ་ཡིད་ལ་ཟུངས་ནས་བསིལ་ལྡན་རང་བཙན་མི་བརྗེད་པར།།
    ས་ཕྱོགས་གང་དུ་འཚོ་བ་ཡིན་ཡང་ཡ་རབས་བཟང་པོར་བརྩོན་འགྲུས་གྱིས།།

  6. ཁ་བའི་བུ says:
    2012-03-28 at 8:45 am

    ཨོ་མཎི་པདྨའི་ཧུཾ།

  7. ཚེ་རིིང་ནས། says:
    2012-03-28 at 10:03 am

    འདི་ནི་བློ་ཕམ་རང་བཞིན་ལས་མ་འདས།

  8. རག་ཕྱགས་རྡོར says:
    2012-03-28 at 10:07 am

    རང་དོན་འབྲེལ་མེད་གཞན་དོན་ཁོ་ན་ཁྱེད། མཁས་འཛངས་ལྡེན་པའི་ཁམས་པའི་ཕོ་གསར་ཁྱེད། གཏོང་ཕོད་ཅན་གྱི་བྱང་ཆུབ་སེམས་པ་ཁྱེད། མི་རིང་བདེ་བར་ཅན་དུ་གཤེགས་པར་སྨོན།།

    ཁྱེད་ཀྱི་ཞལ་ཆེམས་དག་གུས་པས་དོན་ངོ་མས་ཉམས་སུ་ལེན་ཐུབ་པ་བྱེད་དགོས།།

  9. རྩམ་གཟན་མགོ་ནག་པ་ནས་ says:
    2012-03-28 at 11:31 am

    གཅེས་པའི་ལུས་སྲོག་བདེན་པའི་དོན་དུ་ཕུལ།
    བོད་དུ་རང་དབང་དཔལ་ཡོན་ཡོངས་སུ་རྒྱས།
    དཔའ་བོ་ཁྱེད་ཀྱི་མཆོད་འབུལ་ནུས་མཐུ་ཡིས།
    རིགས་དྲུག་སངས་རྒྱས་ས་ལ་འཁོད་པར་ཤོག།
    དཔའ་བོ་འཇམ་དཔལ་ཡེ་ཤེས་རྒྱལ་གྱུར་ཅིག། བོད་མི་ཡོངས་ཀྱིས་ཁྱེད་ལ་ཡི་རངས་ཞུ།
    ཁྱེད་ཀྱི་ལུས་སྲོག་བོད་མིའི་བདེན་དོན་ཆེད་ཕུལ་བར་ངེད་གཞིས་བྱེས་བོད་མི་ཡོངས་ཀྱིས་གདུངས་སེམས་མཉམ་བསྐྱེད་ཞུ་བ་ལགས། ཨོཾ་མ་ཎི་པདྨ་ཧུཾ། ཨོཾ་མ་ཎི་པདྨ་ཧུཾ། བོད་རྒྱལ་གྱུར་ཅིག། ༸གོང་ས་སྐྱབས་མགོན་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན།

  10. བསྟན་འོད་། says:
    2012-03-28 at 11:40 am

    རྒྱལ་གཅིས་དཔའ་གཆོག་ལ་གུ་འདུད་ཞུ་། དག་པའི་ཞིང་དུ་སྐྱེ་བའི་སྨོན་འདུན་ཞུ་།

  11. བྱ་ཁྲ་བསོད་ནམས། says:
    2012-03-28 at 12:13 pm

    ཁོང་སྨན་ཁང་དུ་བཞུགས་སྐབས་བཀའ་སྤྱི་གཉིས་གཟིགས་སྐྱོང་དུ་འཕེབས་ཡོད་ན། དངོས་གནས་བྱས་ན། འཕེབས་དགོས་ངེས་རེད ། འོན་ཀྱང་གསར་འགྱུར་ལས་རིགས་སུ་གོ་ཐོས་གང་ཡང་མི་འདུག་ སུས་གསལ་པོ་མཁྱེན་ན། གསལ་བཤད་ཅིག་གནང་རོགས།

  12. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-28 at 1:08 pm

    རགས་ཕྱག་རྡོར་ལགས། འཇམ་ཡེ་བོད་ཀྱི་དཔའ་བོ་ཞིག་རེད། ཡིནའང་བྱང་ཆུབ་སེམས་དཔའ་ཞེས་བསྟོད་མི་རུང་། བྱང་ཆུབ་སེམས་དཔའི་དོན་གཞུང་ཆེན་མོ་རྣམས་སུ་གསུངས་པ་བཞིན་ཚང་དགོས། དེ་དང་དེ་བཞིན་བོད་ཀྱི་དཔའ་བོ དཔའ་མོ་རྣམས་ཀྱི་སྲོག་མེར་སྒྲོན་པ་མ་གཏོགས་རང་སྲོག་མཆོད་མེ་ཕུལ་བ་ཞེས་ལབ་ན་མི་འགྲིགས་སམ། རྒྱུ་མཚན་གང་ཡིན་ཞེ་ན་དེང་སང་ཁ་ཆེ་བ་རིགས་གཅིག་གིས་རང་སྲོག་བློས་བཏང་ནས་བྱས་ཚུལ་དེ་ཁོང་ཚོའི་ཆོས་དང་འབྲེལ་བ་ཡིན་ལུགས་བརྗོད་ཀྱི་ཡོད་རེད། ཁོང་ཚོའི་ཐར་པ་ཐོབ་ཚུལ་བཤད་མཁན་ཡང་དགའ་ཤས་ཡོད། དེའི་འཛམ་གླིང་མི་གཞན་གྱི་མཐོང་ཚུལ་སྡུག་ཅག་ཆགས་ཡོད། དེ་འདྲ་མ་ཡོང་བ་ང་ཚོའི་ངོས་ནས་བྱེད་དགོས། གང་ལྟར་བོད་རིགས་ཚོར་སྤྱིར་རང་དབང་མེད་པ། སྒོས་སུ་ཆོས་་དད་རང་དབང་མེདཔ། མི་རིགས་ཐོབ་ཐང་འདྲ་མཉམ་མེད་པ་། སྐད་ཡིག་རང་དབང་མེད་པ་། སྨྲ་བརྗོད་རང་དབང་མེད་པ། ༧གོང་ས་མཆོག་གི་སྐུ་དཔར་ཡང་ཉར་ཚགས་དང་སྒྲིག་མི་ཆོག་པ། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་བོད་མི་རྣམས་གཅེས་པའི་ལུས་སྲོག་མེ་ལ་སྒྲོན་དགོས་པ་བྱུང་བ་རེད་ཅེས། ་ངའི་ང་རང་གི་ངོ་ཤེས་པ་ཕྱི་རྒྱལ་བ་ཚོར་འགྲེལ་བཤད་དེ་འདྲ་རྒྱག་གི་ཡོད།

  13. ཁྱུངདཀར says:
    2012-03-28 at 2:26 pm

    ཇི་འདྲའི་ཤ་ཚ་ཆེན་པོ་ཞིག
    ཇི་འདྲའི་སྙིང་སྟོབས་ཆེན་པོ་ཞིག
    ཇི་འདྲའི་གཏོང་ཕོད་ཆེན་པོ་ཞིག
    ཁྱེད་ལྟ་བུའི་མི་བུ་ཅག
    ཅི་ཡང་མི་ཕོད་པའི་གུས་པ་ངའི་སེམས་ངོགས་ན།
    སྐར་མདའ་བཞིན་འོད་འཁྱུག་གེ
    གངས་རིའི་ཕྱི་ནང་གང་སར་འོད་ཀྱིས་སྤར།

    སེམས་སྐྱོ་བཞིན་སྨོན་ཚིག་འདི་ངག་ནས་ཤོར་སོང་།
    ༼༼བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོང་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོབས་པར་ཤོག །༽༽

  14. བྲག་དཀར says:
    2012-03-28 at 2:48 pm

    དཔའ་བོ་འཇམ་ཡེ་མཆོག་གིས་བསམ་དོན་ཡིད་བཞིན་དུ་འགྲུབ་གྱུར་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme