Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་ལན་དང་གསལ་བཤད།

Posted on 2009-05-252009-05-26 By ཁ་བརྡ་ 22 Comments on རླུང་ལན་དང་གསལ་བཤད།

ཡར་སྔོན་ཁ་བརྡའི་ཁ་བརྡ་སྤེལ་བའི་རྗེས་སུ་རླུང་སྐོར་ནག་པོ་དང་བཅས་པའི་དྲ་གྲོགས་སྐོར་ཞིག་གིས་གང་ཟག་སྒེར་ལ་རྒོལ་མི་རྒོལ་གྱི་ས་མཚམས་ཅི་ཡིན་ལ་ཁ་བརྡ་ཚང་ནས་ལན་ཁ་གསལ་ཞིག་རྒྱག་དགོས་པའི་རེ་སྐུལ་བྱས་འདུག  ཡིན་ན་ཡང་ཕངས་པ་ཞིག་ལ་ཁ་བརྡ་ཚང་གིས་དྲི་བ་འདི་ལ་བསམ་ཚུལ་རེ་འདོན་རྒྱུ་མ་གཏོགས་ཁྱེད་ཚོའི་འདོད་པ་ཁེངས་པའི་ལན་ཞིག་རྒྱག་ཐུབ་རྒྱུ་མ་རེད་སྙམ། རྒྱུ་མཚན་ནི་ང་ཚོ་ཚང་མ་གཅིག་པ་རེད།   དྲི་བ་འདི་དག་འདོན་མཁན་རྣམས་ཀྱི་ནང་ན་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལ་ཆེད་མཁས་མེད་ལས་ཆེ་བ་ལྟར་ཁ་བརྡ་ཚང་ལ་ཡང་མེད།  ཁྱེད་ཚོ་ལ་དྲི་བ་ཡིན་པ་ཞིག་ཁ་བརྡ་ཚང་ལ་ལན་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད།  ཁྱེད་ཚོས་མི་ཤེས་པ་དེ་ཁ་བརྡ་ཚང་གིས་ཀྱང་མ་ཤེས་པར་བསྡད་ཡོད་པ་རེད།  

དེའི་ཁར་ཁ་བརྡ་ཚང་ལ་དྲི་བ་འདི་ལ་ལན་ངེས་པར་དུ་རྒྱག་དགོས་པའི་འགན་ཁུར་ཡང་ཡོད་པ་མ་རེད།   དངོས་གནས་བཤད་ན།  དྲ་བ་འདིའི་ནང་ཞུགས་མཁན་ཚང་མ་དྲི་བ་འདོན་མཁན་དང་ལན་འཚོལ་མཁན་གཉིས་ཀ་ཡིན་འོས་ཆེ། བོད་ཕྱི་ལོགས་ན་ང་ཚོ་བོད་ཡིག་གི་ཐོག་ནས་སྨྲ་བརྗོད་བྱེད་སའི་དྲ་དེབ་ཉུང་ཉུང་རེད།  ཁ་བརྡ་ནི་ཉུང་ཉུང་དེའི་ནང་གི་གཅིག་རེད།  ང་ཚོས་དྲ་དེབ་འདི་ང་ཚོ་ཕན་ཚུན་ལ་ཚིག་མཚོན་འདེབས་ས་དང་།  ཁྱད་གསོད་བྱེད་ས།  སྒེར་སྐྱོན་འཕྱར་ས་ཞིག་ཏུ་མ་གྱུར་ན་བསམས་ནས་ཡང་དང་ཡང་དུ་གང་ཟག་སྒེར་ལ་མི་རྒོལ་བའི་རེ་བ་བཏོན་ཡོད།  ང་ཚོའི་བསམ་པར།  གང་ཟག་སྒེར་ཟེར་དུས་མི་གང་ཞིག་གི་སྤྱི་དོན་དང་རིག་གཞུང་།  ལྟ་བ་སོགས་ལ་འབྲེལ་བ་མ་ཆགས་པའི་ཆ་དེ་ལ་ཟེར་གྱི་ཡོད།   དཔེར་ན་བོད་གཞུང་གི་བཀའ་བློན་ནམ་དྲུང་ཆེ་ཞིག་གིས་སྤྱི་དོན་འཐུས་ཤོར་སུ་བཏང་བ་དང་།  དྲང་སྙོམས་མ་བྱས་པའི་སྐབས་ལ་ང་ཚོས་སྐྱོན་བརྗོད་བྱས་པ་ཡིན་ན་འདི་ལ་གང་ཟག་སྒེར་ལ་རྒོལ་བར་ཆ་འཇོག་བྱེད་འོས་མི་ཆེ། དེ་བཞིན་ཞིབ་འཇུག་པ་ཞིག་གིས་ཕྱོགས་རེས་པའམ་རྒྱུ་མཚན་ལྟར་སྣང་བ་ལྟ་བུ་ལ་གཞི་བཅོལ་ནས་ལྟ་བ་ཁས་ལེན་མི་ཐུབ་པ་རེ་བཏོན་པ་ལ་སྐྱོན་འཛུགས་བྱེད་པ་ཡང་གང་ཟག་སྒེར་པ་ལ་རྒོལ་བར་ཆ་འཇོག་བྱེད་མི་འོས་སྙམ། ཡིན་ན་ཡང་བཀའ་བློན་དྲུང་ཆེ་ཡིས་སྤྱི་དོན་འཐུས་ཤོར་དུ་བཏང་བ་ལ་སྐྱོན་བརྗོད་བྱེད་སྐབས་དེ་ལས་བརྒལ་ནས་དེའི་བུ་དང་བུ་མོས་སྦག་ལ་འཁྲབ་ཀྱི་ཡོད་པ་ལྟ་བུ་དང་།  ཞིབ་འཇུག་པ་དེའི་ལྟ་བ་ལ་སྐྱོན་བརྗོད་བྱེད་སྐབས་མཁས་པ་དེ་ལ་ཆུང་མ་ཟུར་བསྟེན་ཡོད་པ་ལྟ་བུ་བརྗོད་ན་འདི་ནི་གང་ཟག་སྒེར་ལ་རྒོལ་བ་ལ་ཆ་འཇོག་བྱེད་འོས་སྙམ།

ཡང་ཁ་བརྡས་རེ་བ་ཞིག་ཡང་ཡང་བཏོན་ཡོད་པ་ནི་ཚིག་མཚོན་མི་འདེབས་པ་དང་ཁྱད་གསོད་མི་བྱེད་པ་དེ་ཡིན།  དཔེར་ན་སྔོན་ཞིག་ལ་ང་ཚོའི་དྲ་གྲོགས་ཤིག་ནས་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ།  དུང་དཀར་བློ་བཟང་འཕྲིན་ལས་བཅས་ཀྱི་པགས་པ་བཤུ་དགོས་ཞེས་བྲིས་པ་ང་ཚོས་བསུབས་པ་ཡིན། ང་ཚོས་བསུབས་པ་ཁོང་གི་ལྟ་བ་ལ་བལྟོས་ནས་བསུབས་པ་མིན་པར་པགས་པ་བཤུ་དགོས་ཟེར་བའི་རྗོད་ངག་འདིའི་སྟབས་ཀྱིས་བསུབས་པ་ཡིན།  མཁས་པ་དེ་གསུམ་གྱི་བཞེད་ལུགས་དང་། ཁོང་ཚོའི་རྗེས་འཇུག་པ་རྣམས་ཀྱིས་ཁོང་ཚོར་བསྟོད་ལུགས་སོགས་ལ་མི་འཐད་ན་རྒྱུ་མཚན་གནས་ལུགས་བགྲང་ནས་དགག་བཞག་བྱས་ཆོག་ཀྱང་པགས་པ་བཤུ་དགོས་ཟེར་བ་ལྟ་བུའི་དེ་འདྲའི་སྡང་ཟུག་གི་ཚིག་རྗོད་རྒྱག་དགོས་དོན་མི་འདུག  ཚིག་རྗོད་འདི་འདྲ་ནི་གང་ཟག་སྒེར་ལ་རྒོལ་བ་ལས་ཀྱང་འདས་ཏེ་ཁྱད་གསོད་ལ་ངོས་འཛིན་གྱིས་དོ་དམ་གང་ཐུབ་ཀྱིས་ནན་མོ་བྱེད་རྩིས་ཡིན།
 
ད་དུང་རླུང་སྐོར་ནག་པོ་ལགས་ནས་བདེན་པ་ར་སྤྲོད་ཇི་ལྟར་བྱེད་དགོས་ཞེས་དྲི་བ་ཞིག་དྲངས་འདུག  དེ་ནི་ཁ་བརྡ་གཅིག་པོ་མ་ཡིན་པར་དེང་སང་གི་དྲ་དེབ་ཡོངས་ལ་དྲི་བ་གལ་ཆེན་ཞིག་རེད།   ང་ཚོས་ཁྱེད་རང་ལ་དཔེ་འཇོག་ཅིག་བྱེད། རླུང་སྐོར་ནག་པོ་ཟེར་བ་དེ་སུ་རེད།   མགོ་ལོག་ས་ལེ་རྒྱལ་ཚོ་ཟེར་བ་སུ་སུ་རེད།  དེ་ཚོ་སུ་ཡིན་མ་ཤེས་པར་དེ་ཚོའི་གཏམ་ལ་འགན་འཁུར་མཁན་ཡང་ཡོད་པ་མ་རེད།  འགན་འཁུར་མཁན་མེད་པའི་གཏམ་ལ་བདེན་པ་ར་སྤྲོད་ཇི་ལྟར་བྱེད་དམ།  གཅིག་བྱས་ན་ཁྱེད་ཀྱིས་བཤད་པ་བདེན་པ་ཡིན་གྱི་རེད།  ཡིན་ན་ཡང་མིང་རྫུན་མ་ཞིག་བཀོལ་ནས་ངས་བཤད་པ་བདེན་པ་ཡིན་ཟེར་ན་ར་སྤྲོད་བྱེད་ཐུབ་པའི་བདེན་པ་ཞིག་ཏུ་འགྱུར་དཀའ་རྒྱུ་རེད། དེང་སང་དྲ་དེབ་ཀྱི་ནང་ལ་ཞུགས་མཁན་མང་ཆེ་བའི་མིང་རྫུན་མ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ལ།   ཁ་བརྡའི་དྲ་གྲོགས་རེ་ཟུང་ལ་མིང་རྫུན་མ་གསུམ་བཞི་རེ་ཡོད་པ་ཡང་ཡོད།    རྒྱུད་ལམ་གཞན་དག་ནས་བདེན་པ་ར་སྤྲོད་བྱས་ཚར་བ་ཞིག་མིན་ན།  ཁོང་ཚོས་བདེན་པ་ཇི་འདྲའི་མང་པོ་ཞིག་བཤད་ན་ཡང་ར་སྤྲོད་བྱེད་ཐུབ་པའི་བདེན་པའི་ཚད་ལ་སླེབས་ཐུབ་ཀྱི་ཡོད་པ་མ་རེད།

དྲ་དེབ་ཀྱི་སྨྲ་བརྗོད་ཀྱི་ཁོར་ཡུག་ཏུ་བཤད་ཚད་ཚང་མ་ལ་ང་ཚོས་ཁུངས་དང་བདེན་པས་ར་སྤྲོད་ཐུབ་པའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པ་ང་ཚོས་ཤེས་ཀྱི་ཡོད།  ཡིན་ན་ཡང་དྲ་གྲོགས་རྣམས་ཀྱིས་ད་ཕན་རྩོམ་སྤྱོད་ཇེ་ལེགས་སུ་བཏང་དང་གཏོང་བཞིན་པ་ལྟར།  ད་དུང་མུ་མཐུད་ནས་བཏང་ན་ཁུངས་དང་བདེན་པས་ར་སྤྲོད་མི་ཐུབ་པའི་གནས་ཚུལ་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་ལ་ཡིད་ཆེས་ཡོད། ཁ་བརྡ་རང་གི་ངོས་ནས་བྱུང་རྒྱལ་དུ་སྨྲ་བ་དང།   ཚིག་མཚོན་འདེབས་པ་དང་ཁྱད་གསོད་བྱེད་པའི་རྩོམ་ཡིག་དང་མཆན་བུ་མངོན་ཚན་ཆེ་བ་རྣམས་དུས་དང་དུས་སུ་བསུབ་ཀྱི་ཡོད་ལ་མ་འོངས་པར་ཡང་མུ་མཐུད་ནས་བསུབ་རྩིས་ཡིན། སྨྲ་བརྗོད་ཀྱི་རང་དབང་ནི་རྩ་ཆེན་པོ་ཞིག་ཡིན་པའི་ཚོར་བ་ང་ཚོ་ཚང་མ་གཅིག་མཚུངས་ཡིན།   ཡིན་ན་ཡང་སྨྲ་བརྗོད་རང་དབང་ཟེར་ནས་ཁ་བརྡ་འདི་བྱུང་རྒྱལ་དུ་སྨྲ་ས་ཞིག་དང་།   སྨྲ་བརྗོད་ལ་འགན་མི་འཁུར་མི་དགོས་ས་ཞིག  སྒེར་དང་ཆོས་རྒྱུད་ཆོལ་ཁའི་ཞེ་ནད་ལྟ་བུ་ཞིག་གིས་སྐུལ་ནས་ཕན་ཚུན་ལ་ཚིག་མཚོན་འདེབས་ས་དང་སྒེར་གྱི་སྐྱོན་མཚང་སྔོག་རེས་བྱེད་ས་ཞིག་ཏུ་འགྱུར་ན་མི་འདོད་པ་ཁ་བརྡ་ཚང་གཅིག་པོ་མ་ཡིན་པར་དྲ་གྲོགས་ཚང་མ་ཡང་དེ་ལྟར་ཡིན་པའི་ཡིད་ཆེས་ཡོད།

རྩོམ་རིག

Post navigation

Previous Post: ཕྱི་རྒྱལ་དུ་ཡོད་པའི་སློབ་གྲྭ་བ་ཚོ།
Next Post: རང་སྐྱོན་རྟོག་པའི་སྙིང་སྟོབས་ནི།་ ཡར་རྒྱས་ཀུན་གྱི་གཞི་ཡིན།

Comments (22) on “རླུང་ལན་དང་གསལ་བཤད།”

  1. རླུང་སྐོར་ནག་པོ། says:
    2009-05-26 at 9:44 am

    ཧ་གོ་སོང་། གསལ་བཤད་གནང་བ་ཐུགས་རྗེ་ཆེ།
    འོན་ཀྱང་“གཅིག་བྱས་ན་ཁྱེད་ཀྱིས་བཤད་པ་བདེན་པ་ཡིན་གྱི་རེད། ཡིན་ན་ཡང་མིང་རྫུན་མ་ཞིག་བཀོལ་ནས་ངས་བཤད་པ་བདེན་པ་ཡིན་ཟེར་ན་ར་སྤྲོད་བྱེད་ཐུབ་པའི་བདེན་པ་ཞིག་ཏུ་འགྱུར་དཀའ་རྒྱུ་རེད།”ཟེར་བ་དེ་ངོས་ལེན་གཏན་ནས་མེད། གང་ཡིན་ཟེར་ན་ཕྱིའི་རྒྱལ་ཁབ་ཁག་གི་རྩོམ་པོ་གྲགས་ཅན་སྟོང་ཕྲག་དུ་མས་དགག་དགོས་ལ་བརྟེན་ནས་སྨྱུག་མིང་བེད་སྤྱོད་བྱེད་པ་ཡོད་པ་རེད་ལ་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་པ་རེད། ངས་རྒྱ་གཞུང་གི་མཚངས་འབྱིན་པའི་དེབ་འདྲ་ཞིག་འབྲི་ཨེ་ཤེས་བལྟ་བཞིན་ཡོད། ངས་གྲོགས་མོ་མགོ་སེར་ཁྲིམས་རྩོད་པ་ཁྲིམས་ལུགས་རབ་འབྱམས་པ་ཞིག་གིས། “ཁྱོད་ཀྱིས་དེབ་དེ་མིང་ངོ་མའི་ཐོག་པར་སྐྲུན་བྱས་ན་ཁྱོད་དང་ཁྱོད་ཀྱི་ནང་མི་སོགས་ལ་ཉེན་ཁ་ཆེ་བས་སྨྱུག་མིང་གི་ཐོག་པར་སྐྲུན་བྱས་ན་ཡག་གི་རེད་”ཟེར། ངས་“སྨྱུག་མིང་ངམ་མིང་ཚབ་ཅིག་གི་ཐོག་ནས་བྲིས་ན་ཁུངས་མི་ཕེར་པའི་ཡིག་འཁྱར་འདྲ་བོ་ཞིག་ཆགས་ཀྱི་མ་རེད་དམ་”ཞེས་དྲིས་པས། མོ་དགོད་ཞོར་ལ་“ལོ་བརྒྱ་ཕྲག་མང་པོའི་རིང་གི་གྲགས་ཅན་རྩོམ་པ་པོའི་ཁྲིམས་མཐུན་གྱི་ལུགས་སྲོལ་རེད་”ཟེར། དེས་ན་མིང་ཚབ་བམ་མིང་ཚབ་ལ་མིང་རྫུན་ཞེས་བཏགས་པ་གང་ཡིན་ཡང་ཁུངས་སྐྱེལ་ཐུབ་ཀྱི་ཡོད་ངེས་རེད།

    དེར་མ་ཟད་ལོ་མང་པོའི་སྔོན་ཧོར་འཇིགས་ཀྱིས་འཇམ་ནོར་ལ་དགག་པ་རྒྱག་སྐབས། འཇམ་ནོར་ཕྱོགས་ཀྱི་མི་མང་པོ་ཡོང་ནས་ཧོར་འཇིགས་ཀྱི་རྡོ་རི་ཚང་གཡུ་རྩེ་ཚོང་ཁང་ཟེར་བ་དེར་གཏོར་བཅོམ་ཆེན་པོ་བཏང་བ་ལྟར་སྐྱོན་བརྗོད་དགོས་ཚད་མིང་ངོ་མའི་ཐོག་ནས་སྤེལ་ན་རྒྱུ་ནོར་དང་ཚེ་སྲོག་དཔལ་འབྱོར་སོགས་ལ་ཉེན་ཁ་ཡོད་སྲིད་པས་སྐབས་རེ་མིང་ཚབ་ཀྱི་ཐོག་ནས་སྐྱོན་བརྗོད་དང་ཐེར་འདོན་བྱས་ན་དགོས་པ་ཆེ་ལ་ཁྲིམས་མཐུན་ཁུངས་ཕེར་ཡིན་པ་མིང་དངོས་མ་དང་གཅིག་པ་རེད་སྙམ། དེ་རིང་འདི་ཙམ་ཞུ། མང་པོ་བཤད་རྒྱུ་ཡོད་ཀྱང་ང་འགྲོ་རན་སོང་། ཞུ་དག་ཀྱང་ཁོམ་མེད་པས་དགོངས་དག

    ཨོ་ཨོ། ད་དུང་གལ་ཆེན་ཞིག་ལ།  རྡ་རམ་ས་ལར་ཡོད་པའི་མགོ་ལོག་པ་ཞིག་དང་། ཡོ་རོབ་ཏུ་ཡོད་པའི་སེང་སྟག་རིན་པོ་ཆེ་ཟེར་བ་ཞིག་གིས་ཨ་ཁུ་དམ་ཆོས་ལ་སྐྱོན་འཛུགས་མང་པོ་བྱེད་བསྡད་མཁན་དེ་ཚོ་ཨམ་སྐྱག་ཁྱི་ཕྲུག་ཚོ་རེད། གཉོམ་འདང་བལྟ་གི་ཡོད་པ་རེད། སུ་ཡིན་ཞིག་གོ་རྒྱུ་ཞིག་ཡོད་དུས་གཅིག་མི་འཐམ་ན་དཀོན་མཆོག་གསུམ་ཟེར་གྱི་ཡོད་འདུག་པས་དྲ་གྲོགས་བསམ་གཏན་དང་། སྲོག་བདག   ད་དུང་བསྟན་འཛིན་ཟླ་བ་ཟེར་བ་སོགས་མགོ་དམ་གྱི་བྱ་སྤྱོད་ཐེར་འདོན་བྱེད་མཁན་ཚོས་གཟབ་པར་འཚལ་ལོ།།   ང་ནི་ཞེད་སོང་།   

  2. གསར་བརྗེ་སྐྱབས། says:
    2009-05-26 at 10:14 am

    རླུང་ནག་འཚུབ་མས་བཤད་པར་སྤྱིར་བཏང་གི་གནས་ལུགས་འདུག ཡིན་ནའང་༼ ལོ་མང་པོའི་སྔོན་ཧོར་འཇིགས་ཀྱིས་འཇམ་ནོར་ལ་དགག་པ་རྒྱག་སྐབས། འཇམ་ནོར་ཕྱོགས་ཀྱི་མི་མང་པོ་ཡོང་ནས་ཧོར་འཇིགས་ཀྱི་རྡོ་རི་ཚང་གཡུ་རྩེ་ཚོང་ཁང་ཟེར་བ་དེར་གཏོར་བཅོམ་ཆེན་པོ་བཏང་བ་༽ཞེས་པ་འདི་ཅུང་ཐལ་ཆ་མེད་དམ་འདོད། དེ་ཡང་༼ འཇམ་ནོར་ཕྱོགས་ཀྱི་མི་མང་པོ ༽ ཞེས་པ་དང་ ༼ ཚོང་ཁང་ལ་གཏོར་བཅོམ་ཆེན་པོ་བཏང་༽ཞེས་པ་བདེན་པ་མ་རེད། ཉིན་དེར་ང་ཡང་མག་གྷན་ན་ཡོད། ཙོང་ཁ་ཟ་ཁང་གི་ཡང་སྟེང་ནས་ཇ་འཐུང་སྐབས་ཤིག་རེད། ར་བཟི་གཉིས་ཡོང་ནས་ཧོར་གཙང་གི་ཚོང་ཁང་མདུན་སྐད་བརྒྱབ་ནས་ཟིང་སླངས་པ་རེད། ཡིན་ནའང་ཚོང་ཁང་ལ་གཏོར་བཅོམ་གཏོང་བའི་འཁྲུག་འཛིང་དེ་འདྲ་ཤོར་མ་སོང་། རྗེས་སུ་དོན་དག་ཆེ་ཕྲ་གང་ཡིན་ཡང་སྒྲོ་འདོགས་བྱས་ནས་ཆེན་པོ་མ་བཟོས་ན་ཡག་གི་རེད་འདོད།

  3. རླུང་སྐོར་ནག་པོ། says:
    2009-05-26 at 2:39 pm

    ཨ་རོགས། གསར་བརྗེ་སྐྱབས། ཁྱེད་ཀྱིས་མཐོང་བའི་ར་བཟི་གཉིས་ཡོང་ནས་ཧོར་གཙང་གི་ཚོང་ཁང་མདུན་སྐད་བརྒྱབ་པ་རེད་ཟེར་བ་དེ་འཇམ་ནོར་ཕྱོགས་ཀྱི་མི་རེད་དམ། ཡང་ན་ངས་ཟེར་བ་དེ་དང་ཁྱེད་ཀྱིས་གཟིགས་པ་དེ་གཉིས་ཕལ་ཆེར་ལོག་ཀ་ཡིན་རྒྱུ་རེད། གང་ཡིན་ཟེར་ན་ང་ལ་ཧོར་འཇིགས་ཕྱོགས་ཀྱི་མིས་དངོས་སུ་བཤད་སོང་། ད་དུང་རྙོག་དྲ་བཟོས་པའི་དུས་ཚོད་དེ་ས་རུབ་ཁར་རེད་ཟེར། དེས་མི་ཚད་ཧོར་འཇིགས་ཕྱོགས་ཀྱི་མིས་འཇམ་དབྱངས་ནོར་བུ་རྗེས་འབྲང་དང་བཅས་པའི་གྲིབ་མ་དགྲར་ལངས་ལ་བརྟག་པའི་ཚོམས་ཟེར་བའི་དེབ་ཆུང་ཞིག་ཀྱང་བཏོན་པ་དེ་རིང་ངའི་ལག་ཏུ་ཡོད། ང་ལ་ཀླུ་ཚང་འདས་པོ་དང་། ད་དུང་ཧོར་གཙང་ལེགས་བཤད་སོགས་ཀྱིས་བཤད་སོང་། ཀླུ་ཚང་འདས་པོས་བཤད་སྐབས་ཁ་རྒྱ་ཕུན་ཚོགས་དང་ང་ཚོ་མི་མང་པོས་ཀེ་རམ་བརྩེ་བསྡད་ཡོད་སྐབས་ཡིན། ཁོང་ཚོ་ད་དུང་གསོན་པོ་རེད། ཚོང་ཁང་གི་ཤེས་སྒོ་བཅག་ཧྲུག་བཏང་བ་ཕྱིར་ཉིན་ད་དུང་བརྗེས་མི་འདུག་ཟེར། དེ་བདེན་པ་ཡིན་མིན་སྐུ་ཞབས་ཧོར་ཁོང་གིས་གསལ་བོར་མཁྱེན་གྱི་རེད།

  4. རླུང་སྐོར་ནག་པོ། says:
    2009-05-26 at 2:40 pm

    འོ་ད་དུང་ཁོང་ཚོས་བཤད་རྒྱུར།  མི་དེ་ཚོ་ཏྲི་སི་བིས་ནས་མར་ཡོང་བ་རེད། ཕོ་གསར་བཞི་འདུག་ཟེར།

  5. མགོན་པོ་ཕྱག་གཉིས་པ། says:
    2009-05-26 at 4:19 pm

    རྕོམ་པ་པོས་མིང་རྫུན་བེད་སྤྱོད་གཏོང་བ་འདི་རྒྱལ་ཁབ་གང་སར་ཁྱབ་ཡོད་པ་ཞིག་ཡིན་པ་དེ་བདེན་པ་རེད། ཡིན་ན་ཡང་། རྩོམ་མཁན་དེའི་རྩོམ་དང་ཡང་ན་དཔེ་ཆར་འབྲེལ་བ་ཡོད་པ་དང་འགན་འཁུར་མཁན་གྱི་བཟོ་ཚོང་ངམ་ཚོགས་པ་གང་ཞིག་ལ་མི་དེའི་མིང་དང་ཁ་བྱང་གིས་མཚོན་པའི་གནས་ཚུལ་གསལ་པོར་ཡོད་པ་རེད། དེ་བས་དེའི་རིགས་ནི་ཡིག་འཁྱམ་དུ་འགྲོ་ག་ལ་སྲིད།
    ང་ཚོའི་འདིར་མཆན་རྒྱག་མཁན་དང་ལྷག་པར་དུ་གཞུང་སྒེར་གང་རུང་ཞིག་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ན་དེའི་མིང་དང་ཁ་བྱང་སོགས་གང་ཡང་མེད་པ་ཡིན་ན་དེ་ནི་ཡིག་འཆར་དང་དཀྲོག་གཏམ་ལས་འགྲོ་ས་མེད་པས་དེ་ལ་བདག་པོ་རྒྱག་མཁན་སུ་གང་ཡང་ཡོད་མ་རེད། སྤྱིར་བཏང་མི་སུ་ཞིག་ཡིན་ན་ཡང་འདིར་མཆན་རྒྱག་རྒྱུའི་གོ་སྐབས་ཡོད་པ་དེ་ནི་ཆེས་གུ་ཡངས་ཤིག་དང་ཕན་ཐོགས་ཡོད་པ་ཞིག་རེད། ཡིན་ན་ཡང་། གཞུང་སྒེར་གང་རུང་ལ་སྐྱོན་བརྗོད་ཀྱི་རིགས་དེ་རང་གི་མིང་དང་ཁ་བྱང་སོགས་བྲིས་ནས་ཁ་བརྡ་ལ་བསྐུར་བ་ཡིན་ན་ཁ་བརྡས་ཀྱང་དེ་ལ་འགན་ཁུར་གྱི་རེད་བསམ།
    ཁ་བརྡའི་ནང་སྤེལ་བའི་རྩོམ་ཡིག་ཡིན་ན་དེ་ཁ་བརྡ་དྲ་ཚང་ལ་འབྲེལ་བ་ཡོད་པ་དང་དོ་བདག་ལའང་འབྲེལ་བ་ཡོད་པས་དེ་ཡིག་འཆམ་དུ་མི་འགྲོ། གལ་སྲིད་སྐྱོན་བརྗོད་བྱེད་ཡུལ་གྱིས་ཁྲིམས་གཏུག་བྱེད་དགོས་བྱུང་བ་ཡིན་ན་ཡང་དེ་ལ་འགན་འཁུར་མཁན་ཞིག་ཡོད་པ་རེད།
    ང་ཚོས་སྨྱུག་མིང་ཟེར་བ་དེ་དབྱིན་ཡིག་གི་ pen ནས་ཡོང་བ་ལྟར་རེད། ཕེན་ནི་སྨྱུག་གུའི་དོན་ཡིན་པ་རེད། དོན་དངོས་སུ་འདིའི་སྐབས་ཀྱི་P.E.N. ནི་སྨྱུ་གུའི་དོན་མིན་པར་སྙན་ངག་མཁནPoets གཏམ་བརྗོད་འབྲི་མཁན།Playwright རྩོམ་བྲིས་པ།Essayist རྩོམ་སྒྲིག་པ།Editor རྩོམ་སྒྲུང་བྲིས་མཁན་Novelist བཅའ་ཀྱི་བསྡུས་མིང་ཡིན་པ་འདི་ཡང་ཞོར་འཕྲོས་སུ་ཐལ།

  6. གསར་བརྗེ་སྐྱབས། says:
    2009-05-26 at 4:26 pm

    ཁྱེད་ཀྱིས་ཐོས་པ་དང་ངས་མཐོང་བ་གཉིས་ལོག་ཀ་མ་རེད། གཅིག་རེད། ར་བཟི་གཉིས་བུ་ཁྱིམ་ནས་བསམ་བཞིན་རྙོག་དྲ་སློང་བར་ཡོང་མིན་མི་ཤེས། གང་ལྟར་ནང་གི་གཅིག་སྐབས་དེར་བུ་ཁྱིམ་གྱི་ཚན་རིག་དགེ་རྒན་རེད། རྗེས་སུ་རྩ་དགོངས་ཞུས་འདུག རྙོག་དྲ་བྱུང་དུས་ས་རུབ་ཁ་མ་རེད། ཉིན་རྒྱབ་ཆུ་ཚོད་བཞི་པ་ལྔ་བ་ཙམ་ཞིག་ཡིན་པ་ཡོད། གཞན་མི་ཁ་ཤས་འདུག་པ་དེ་ཚོ་ར་བཟི་གཉིས་ཀྱི་ངོ་ཤེས་དང་གྲོགས་པོ་གང་ཡིན་ཆ་མ་འཚལ་ནའང་ཉིན་དེར་བར་ཕྱེ་མཁན་རེད། ཟིང་སློང་མཁན་མ་རེད། དུས་ཡུན་ཡང་རིང་པོ་མ་རེད། ཀླུ་ཚང་འདས་པོ་སྐབས་དེར་མག་གྷན་དང་ནོར་གླིང་གང་ན་ཡོད་མེད་མི་དྲན་ནའང་ཉིན་དེར་ཁོ་ཟིང་སློང་སར་མེད། དེ་ངས་ཁེག་ཐག་བྱེད་ཐུབ་འདོད། མ་གཞི་སྐབས་དེར་ཡོད་མཁན་ད་ལྟ་མག་གྷན་ན་ཡོད་མཁན་ཁ་ཤས་ཡོད་པ་རེད། འོན་ཀྱང་དོན་མེད་ལ་མིའི་མིང་དྲ་ཐོག་ནས་འདོན་རྒྱུ་དེ་བདེ་བོ་ཞིག་མ་རེད་ལ། བཟང་སྤྱོད་དང་མི་མཐུན་པར་འདོད། ཧོར་གཙང་ཡང་ཁ་ཐུག་དེར་མཐོང་མ་སོང་། ཧོར་གཙང་དང་འཇམ་ནོར་གཉིས་ཀྱི་གླེང་རྙོག་སྐོར་དུས་བབ་ཟིན་བྲིས་ནང་མཁན་པོ་ངག་རྣམ་ཞེས་པས་བདེ་ཆེན་སྒྲོལ་མར་ལན་འདེབས་བྱས་འདུག དེ་གཟུ་བོར་གནས་པ་རེད་འདོད། དེ་ཙམ་ཡིན།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-26 at 5:30 pm

    དྲ་གྲོགས་ཚོ་འདི་ནས་མཆན་འདེབས་པ་ལ་ཡང་། མ་མཐའ་ཡིག་འཕྲིན་གྱི་ཁ་བྱང་དགོས་ཀྱི་ཡོད་པ་ལྟར། ཁ་བརྡ་ཚང་གི་མཆན་པུ་འདེབས་རྒྱུར་ཡིག་འཕྲིན་གྱི་ཁ་བྱང་དགོས་ཀྱི་ཡོད་པ་དེ་ཡང་སྐད་ཆ་གང་ཞིག་འགན་དེ་ཉིད་འཁུར་མཁན་མཆན་པུ་འདེབས་མཁན་ཁོ་རང་ཆགས་ཀྱི་ཡོད་པ་བསྟན་པ་མ་ཡིན་ནམ། གང་ལྟར། སྨྱུག་མིང་ཟེར་ན་འདྲ་དངོས་མིང་་ཟེར་ན་འདྲ། དེ་གཉིས་ཀྱི་གང་ཞིག་སྤྱད་ཀྱང་དེའི་ས་མཚམས་ཕྱེ་འདོད་ཡོད་པ་དག་གིས་ཐོག་མར་བསམ་བློ་ཞིབ་དུ་བཏང་ནས་སྐད་ཆ་ཞིག་གསུང་ཐུབ་ན་དངོས་ནས་ཡག་པོ་ཡོད་པ་མིན་འགྲོ དེ་མིན་སྨྱུག་མིང་སྤྱོད་མཁན་གྱི་སྐད་ཆ་ཆོལ་མེད་བཤད་ཀྱི་ཡོད་པ་དངོས་མིང་སྤྱོད་མཁན་གྱི་སྐད་ཆ་དོན་རྩ་ཡོད་པ་དང་འགན་ཡོད་པ་བཤད་ཀྱི་ཡོད་མེད་ད་ལྟའི་བར་དུ་ངེད་ཅག་གིས་ཀློག་པ་དང་ཀློན་ཟིན་པ་ཀློག་ངེས་པའི་རྩོམ་ཡིག་དེ་དག་གི་ཁྲོད་ནས་གང་ཙམ་ཤེས་ཡོད་ངེས་རེད།

  8. རབ་འབྱོར། says:
    2009-05-26 at 11:14 pm

    རླུང་སྐོར་ནག་པོའི་དོགས་སློང་ལ་མགོན་པོ་ཕྱག་གཉིས་པ་ལགས་ནས་དོགས་གཅོད་ཡག་པོ་བྱས་འདུག ཐུགས་རྗེ་ཆེ།
    རླུང་སྐོར་ནག་པོ་ལགས་ཀྱི་གླེང་གཞི་དེ་ལས་སྨྱུག་མིང་གི་སྐོར་ལ་ངས་ཀྱང་ཚིག་འགའ་བཤད་འདོད་བྱུང་། ཁྱེད་ཀྱིས་ “ཕྱིའི་རྒྱལ་ཁབ་ཁག་གི་རྩོམ་པོ་གྲགས་ཅན་སྟོང་ཕྲག་དུ་མས་དགག་དགོས་ལ་བརྟེན་ནས་སྨྱུག་མིང་བེད་སྤྱོད་བྱེད་པ་ཡོད་པ་རེད་ལ་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་པ་རེད།”ཟེར་བའི་ཚིག་འདིའི་གོ་དོན་ཆ་ཚང་ངས་གོ་མ་སོང་། གོ་དོན་གཙོ་བོ་ནི་ཕལ་ཆེར་པྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་སྟོང་ཕྲག་མང་པོས་སྨྱུག་མིང་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ཟེར་གྱི་ཡོད་པ་འདྲ། དེ་འདྲ་ཡིན་ན།
    ༡། ངས་སྨྱུག་མིང་གི་སྐོར་ལ་དོ་སྣང་ཅུང་ཙམ་བྱས་པ་ཡིན། ཁྱེད་ཀྱིས་འདིར་བཀོད་པའི་རྩོམ་པ་པོ་གྲགས་ཅན་ནི་སྒྲུང་རྩོམ་དང་སྙན་ངག་ལྟ་བུའི་རྟོག་བཟོའི་བརྩམས་ཆོས་ཀྱི་རྩོམ་པ་པོ་རྣམས་ལ་གོ་ཡི་ཡོད་ན་ཁྱེད་རང་བརྗོད་ཐལ་ཤོར་གྱི་ཡོད་པ་འདྲ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྒྲུང་རྩོམ་དང་སྙན་ངག་གི་རྩོམ་པ་པོ་རྣམས་ལ་སྨྱུག་མིང་བེད་སྤྱོད་གཏོང་སྲོལ་དེ་ང་ཚོ་དེང་སང་གི་བོད་ལས་དར་ཁྱབ་ཆུང་ཆུང་རེད། རྩོམ་པ་པོ་མང་ཆེ་བས་རང་རང་གི་བརྩམས་ཆོས་ཀྱི་ཐོག་ལ་བཀོད་པའི་མིང་རྣམས་ཁོང་ཚོའི་མིང་ངོ་མ་རེད། ཁྱེད་ཀྱིས་ཁོང་ཚོའི་ཁྲོད་དུ་སྨྱུག་མིང་བེད་སྤྱོད་གཏོང་མཁན་སྟོང་ཕྲག་ཁ་ཤས་ཕར་ཞོག བརྒྱ་ཕྲག་ཁ་ཤས་ཀྱང་རྙེད་རྒྱུ་ཁག་པོ་ཡིན་པ་འདྲ།
    ༢། རྟོག་བཟོའི་ངོ་བོ་ཅན་གྱི་སྒྲུང་རྩོམ་དང་སྙན་རྩོམ་སོགས་ཀྱི་བརྗོད་གཞི་ལ་ཁྲིམས་ཐོག་ནས་ཁུངས་སྐྱེལ་བདེན་པ་ར་སྤྲོད་ཟེར་བའི་དོན་དག་དེ་ཡོང་གི་མ་རེད། དེ་ནི་རྟོག་བཟོ་རེད། རྟོག་བཟོའི་ནང་དུ་ཕག་པ་ཞིག་ལ་གཤོག་པ་ཐོགས་ནས་ནམ་མཁའ་ལ་འཕུར་ཡང་ཆོག་གི་རེད།

  9. རླུང་སྐོར་ནག་པོ། says:
    2009-05-26 at 11:37 pm

    འོ་ཡ།   གསར་བརྗེ་སྐྱབས་དང་།  རབ་འབྱོར་སོགས་ཀྱི་མཆན་ཆ་ཚང་ཀློག་ཡིན།   ད་ཁྱེད་ཚོ་བདེན་རྒྱུ་བྱོས།   ངོ་མས་ཐང་ཆད་ཀི་འདུག   བཤད་རེས་རྒྱག་ཚོད་མི་འདུག   དུས་ཚོད་རིང་པོ་རེ་ཡོད་དུས་སླར་ཡང་ཅིག་འབྲི་ཨེ་ཤེས་བལྟ་ཡོང་།   

  10. བསྟན་འཛིན་ཟླ་བ། says:
    2009-05-28 at 8:23 pm

    དྲ་གྲོགས་རླུང་སྐོར་ནག་པོ་ལགས་ཀྱིས་ཉེན་བརྡ་གསལ་སྟོན་གནང་བར་ཐུགས་རྗེ་ཆེ།
    ང་ཚོས་ངོ་མ་གཟབ་གཟབ་བྱེད་དགོས་མ་གཏོགས།  རྡ་རམ་ས་ལར་ཡོད་པའི་མགོ་ལོག་པ་དེ་སུ་ཡིན་མི་ཤེས་མོད།   ཡོ་རོབ་ཏུ་ཡོད་པའི་སེང་སྟག་རིན་པོ་ཆེས་ཕ་ཡུལ་མགོ་ལོག་ནས་རྩོད་རྒྱུ་ཅི་ཡང་མེད་པར།   མི་ཞིག་གི་མིག་བཞར་ནས་བྲོས་བྱོལ་དུ་ཕེབས་པའི་རིན་པོ་ཆེ་སྙིང་སྟོབས་རྒྱ་སྟག་དར་མ།    དཔའ་རྒོད་བྲེ་སེར་འབྲོང་གཡག་ལྟ་བུ་ཞིག་ཡིན་པས།   ཁོང་ལ་གཟབ་གཟབ་མ་བྱས་ན་ངོ་མ་ཉེན་ཁ་ཡོད་པས།   དྲ་གྲོགས་བསྟན་པ་དར་རྒྱས་དང་།   བསམ་གཏན།   བློ་གྲོས།   མི་རྒོད་སོགས་ཀྱིས་ངེས་པར་གཟབ་གཟབ་གནང་རོགས་ཞུ།

  11. བསམ་གཏན། says:
    2009-05-30 at 1:06 pm

    ཨ་ལ་ལ་ལ་ལ་ལ་ལ་ལ། མིག་བཅར་མཁན་གྱི་རིན་པོ་ཆེ་ཞིག་ཀྱང་ཡོད་ནི་ཨི་རེད། དི་ཡིན་དུས་ཁོའི་མིང་ལ་མིག་བཅར་རིན་པོ་ཆེ་ཟེར་བ་ཡིན་རྒྱུ་རེད་པ། དེང་སང་རིན་པོ་ཆེ་རྫུན་མ་ཚོས་རྒྱུ་ནོར་གྱི་ཆེད་དུ་སྐྱག་རྫུན་བཤད། བུད་མེད་ལ་མགོ་སྐོར་བཏང་། ཆོས་ལོག་དབང་ལོག་བསྐུར་བའི་མི་ཚད་ད་རང་རིགས་གཅིག་པའི་བོད་མིའི་མིག་ཀྱང་བཅར་དགོས་ནི་ཨི་རེད། འདི་ཚོའི་ངོ་གཅིག་རྫོགས། ད་དུང་ནུབ་ཕྱོགས་ཁྲིམས་ཀྱི་ལུང་པ་ལ་བསྡད་ནས་འཇིག་སྐུལ་བྱེད་པ་ངོ་མས་བྱ་རྩོག་གི མིག་བཅར་རིན་པོ་ཆེ།¬¬ ཨ་ལ་ལ་ལ།

  12. ཟླ་བ་གཞོན་ནུ says:
    2009-05-31 at 1:53 am

    ཅང་མི་འགོར་བར་ཡར་རྒྱས་སུ་འགྲོ་གི་རེད་བསམ། ཁ་བརྡ་ད་དུང་བུས་ཕྲུག་ཡིན་པས་འདི་འདྲ་ཡོང་སྲིད་པ་རེད།
    ང་ཚོས་རེ་བ་བཟང་ས་ནས་བརྒྱབ་ཆོག ཁ་བརྡ་ལ་ཡོང་མཁན་མང་ཤོས་ང་ཚོ་ཡིན་པས། ང་ཚོ་ནས་མགོ་བརྩམ་སྟེ་ཇེ་ཡག་ཏུ་གཏོང་དགོས་པར་འདོད། མ་རེད་དམ།

  13. སྐལ་ནོར། says:
    2009-06-08 at 1:52 am

    བྱང་ལྷ་རྟ་མགྲིན་དམར་པོ་མཁྱེན།།
    ཕོ་ང་དང་ང་ངོ་མ་ཤེས་ན།།
    ང་ཨ་ཁུ་དམ་ཆོས་དཔལ་བཟང་ཟེར།།
    སྐྱེ་བ་འདི་ཡི་ཡར་སྔོན་ལ།།
    བག་ཆགས་དྲི་མས་མ་གོས་གོང་།
    ཤར་ཁྲ་བོ་གླིང་གི་ས་ཆ་ནས།།
    གདོང་ཁུ་བོ་ཁྲོ་ཐུང་རྒྱལ་པོ་ཟེར།།
    ལྷ་རྟ་མགྲིན་དམར་པོའི་སྤྲུལ་པ་ཡིན།།
    སྲིན་ཁེ་ཚེ་རལ་བ་བཏུལ་མི་ཡིན།།
    ལུག་མགོའི་ཡ་ཐོད་ཟ་མི་ཡིན།།
    ཚང་རའི་ལྷུ་མགོ་གཏོར་མི་ཡིན།།
    བུ་ཨ་བརྟན་དཔའ་ངར་ཆེ་དང་གཅིག།
    སྲུ་རག་བཟའི་ཁ་དྲི་འཇམ་དང་གཉིས།།
    མཁར་ཕོ་རོག་སྙིང་རྫོང་བཙན་དང་གསུམ།།
    སྐྱིད་དེ་གསུམ་འཛོམས་པའི་མི་ཚེ་དེ།།
    དུས་དེང་སང་དྲན་ན་སེམས་རེ་སྐྱོ།།
    དགྲ་གུར་དཀར་སྟག་ཞུ་རྒྱལ་པོ་དེས།།
    ང་ཁྲོ་ལུ་གསོན་བཟུང་བྱས་པའི་ཉིན།།
    སྲོག་དམར་པོ་རིན་ཐང་ཆེ་ཆེ་ནས།།
    ཆུས་རྫ་མ་ཕྱི་ནང་བརྗེ་དགོས་བྱུང་།།
    དེ་མི་བརྗེ་ཁྲོ་ལུའི་མགོ་ལག་ཤོར།།
    ང་ཁག་མེད་ཡིན་པ་ཤེས་ན་ཡང་།།
    ཁོ་རྒྱ་བཟའི་བུ་རོ་ག་བསྡད་དེས།།
    ང་ཕུ་ནུའི་གྲལ་ནས་ཕུད་དགོས་ཟེར།།
    སྲུ་རག་བཟའི་བཟའ་འཐོར་བྱེད་དགོས་ཟེར།།
    བུ་ཨ་བརྟན་གྱིས་ཨ་ཕ་མི་དགོས་ཟེར།།
    གླིང་ཕུ་ནུས་གསོན་བཤའ་བྱེད་དགོས་ཟེར།།
    རྗེ་གེ་སར་བྱང་ནས་བྱོན་པའི་ཉིན།།
    ཐུགས་ཁྲོས་ཁྲོས་ཨ་ཁུ་ང་ལ་ཁྲོས།།
    ཕྱག་ལྕགས་ཚན་བསམ་པའི་དོན་གྲུབ་དེ།།
    རྫི་བོས་འུར་རྡོ་བསྐོར་བསྐོར་རེད།།
    དགུང་ནས་གློག་དམར་ཁྱུག་ཁྱུག་རེད།།
    ང་གོམ་གང་བྲོས་ལོངས་མ་བྱུང་བར།།
    གཅེར་བུར་ཕུད་དེ་ལྕག་གིས་བྲབས།།
    རྟ་འདོ་རྗེ་རྐྱང་རྒོད་ཕེར་བོ་དེས།།
    དེའི་ཉིན་མོ་མི་ཤ་ཟ་དགོས་ཟེར།།
    སྲོག་ཐེངས་དགུ་ཆད་པའི་འཇིག་སྣང་དེ།།
    སྐབས་དེ་དུས་ཁྲོ་ལུ་ང་ལ་བྱུང་།།
    རྗེ་སེང་ཆེན་ནོར་བུ་དགྲ་འདུལ་དང་།།
    གྲོགས་ཕུ་ནུའི་སེམས་རྩ་དཀྲུགས་པ་ཡི།།
    ལས་ངན་པའི་སྡིག་སྒྲིབ་མ་དག་པས།།
    ད་རེས་ཀྱི་སྐྱེ་བ་འདི་ལ་ཡང་།།
    སྡུག་ཁྱོད་ཚོས་མི་ཟེར་དགུ་ཟེར་རེད།།
    རོ་ཞིག་མིན་པ་བཀལ་ནས་བྱུང་།།
    རྡོ་ཞིག་མིན་པ་བཏགས་ནས་བྱུང་།།
    དེ་སྟེ་དེ་རིང་ཉི་མ་འདིར།།
    ང་བན་རྒན་ཞེ་རྒོད་གཏིང་ནས་འཁྲུགས།།
    དཔུང་པའི་ཤ་རྒོད་འཕག་ནས་བྱུང་།།
    མཐེ་མོའི་མདའ་གསེང་རྒྱས་ནས་བྱུང་།།
    དྲན་པ་སྐོར་ལོག་བརྒྱབ་ནས་བྱུང་།།
    ཡར་ལྟོས་ཨ་སྔོན་གནམ་ལ་ལྟོས།།
    གནམ་སྔོན་མོ་ས་ཡ་མི་གཡུག་རི།།
    མར་ལྟོས་དོག་མོ་ས་ལ་ལྟོས།།
    ས་དོག་མོ་མགོ་གཏིང་མི་སློག་རི།།
    ངས་ཟླ་ཕོག་མཛོ་མོ་བཞོ་བཞོ་ཡིན།།
    ནངས་ཇ་ནུབ་ཇ་ཆད་མ་མྱོང་།།
    རོགས་དགའ་ལོ་མེ་ཏོག་འཐུ་འཐུ་ཡིན།།
    ཉིན་ཉལ་མཚན་ཉལ་གང་འདོད་ཡིན།།
    ད་དུང་དེ་བས་ག་ལ་ཚད།།
    མཐོན་པོར་ངོ་དགའ་བལྟ་རྒྱུ་དང་།།
    དམའ་མོའི་ཞེ་ཤ་གཅོད་རྒྱུ་ལ།།
    ང་འཇིག་རྟེན་འདི་ན་འགྲན་ཟླ་མེད།།
    སྡུག་ཁྱོད་ཚོ་འདྲ་བ་ཨའུ་ཙི།།
    ད་མང་པོ་བཤད་ཀྱང་ཨ་དགོས་ཆུང་།།
    བརྒྱ་བཤད་ཚིག་གི་མདོ་འགག་དེ།།
    དེ་རིང་ཉི་མ་ཕན་ཆད་ལ།།
    ངའི་ཕྱོགས་ལ་ཚིག་གཅིག་ལབ་མི་ཆོག།
    མིག་གིས་ང་ལ་བལྟ་མི་ཆོག།
    རྣ་བས་ང་ལ་ཉན་མི་ཆོག།
    སེམས་ཀྱིས་ང་རང་བསམ་མི་ཆོག།
    ད་ཡག་པོར་སྡོད་དང་ཁྱི་ཕྲུག་ཚོ།།
    གལ་ཏེ་ད་དུང་མི་འདུག་ན།།
    ངས་གནམ་ས་མགོ་བཏིང་མི་བསྒྱུར་རི།།
    ཉི་ཟླ་ཆ་ལང་མི་རྡེབ་རི།།
    རྡ་རམ་ས་ལའི་རི་ཆུང་འདི།།
    ངས་ཁུ་ཚུར་གཅིག་གིས་མི་གཏོར་རི།།
    ཨ་མདོའི་གྲོང་གསེབ་ཆུང་ཆུང་འདི།།
    ངས་ལྕེ་ལྡག་གཅིག་གིས་མི་ཟ་རི།།
    ང་ཕྱིར་ལ་གོམ་གང་བྲོས་པ་ན།།
    སེམས་ཤོར་སའི་བུ་མོ་ལྔ་བཅུ་དཔང་།།
    གླུ་གོ་ན་རྣ་བའི་བདུད་རྩི་གྱིས།།
    མ་གོ་གླུ་ལ་འགྲེལ་བ་མེད།།
    དགྲ་ཁྱོད་ཚོའི་སེམས་ལ་དེ་འདྲ་ཞོག།

  14. མྱིག་རྫོད་ says:
    2009-06-09 at 1:28 am

    གྲོགས་པོ་ཚོ། ངའི་མིང་ལ་མྱིག་རྫོད་ཟེར། ངའི་རང་ཉིད་མྱིག་རྫོད་ཞིག་ཡིན་མིན་མི་ཤེས་ཡང། དམ་ཆོས་དཔལ་བཟང་གིས་ང་ཚོ་སྒོར་མོ་མེད་མཁན་སྐོར་ཅིག་གི་མིང་ལ་མྱིག་རྫོད་བཏག་འདུག་པས་ང་ཚོ་ངོ་མའི་མྱིག་རྫོད་ཅིག་ཡིན་ས་རེད་བསམ་གྱི་ཡོད། དེང་སང་ང་ཚོས་ཕན་ཚུན་ཁ་པར་རྒྱག་སྐབས། ཡ་ཨ་རོགས་མྱིག་རྫོད། ཅི་བྱེད་ཀིན་ཡོད་ཞེས་འདྲི་གི་ཡོད། གང་ཡིན་ཟེར་ན་མྱིག་རྫོད་ཟེར་བ་འདི་ང་ཚོའི་མི་ཚེའི་ནང་གི་དྲན་རྟེན་གལ་ཆེན་ཞིག་ཡིན། མྱིག་རྫོད་ཟེར་བའི་མིང་འདི་གོ་དུས་སྔོན་རྡ་རམ་ས་ལ་ནས་མུ་གེས་ཤི་གྲབ་བྱས་པའི་ལོ་རྒྱུས་དེ་ཚོ་མིག་ལ་འཁོར་ཡོང་གི་འདུག ང་ཚོ་རྡ་རམ་ས་ལར་སྡོད་སྐབས་ཟླ་ཕོག་མེད་ལ་ལས་ཀ་ཡང་མེད། སྦྱིན་བདག་མེད་ལ་སྤུན་མཆེད་ཡང་མེད་པས་ས་ལེ་རྒྱལ་མ་རྒྱལ་མི་ཤེས་ཏེ་གང་ལྟར་ཕྱི་གླིང་གི་གྲོགས་པོ་གྲོགས་མོ་དྲིན་ཆེན་ཚོའི་སྐུ་དྲིན་མིན་ན་མུ་གེས་ཤི་ཚར་བ་རེད། ནངས་དགོང་ནུབ་གསུམ་ལ་གོ་རེ་སྐམ་པོ་རེ་ལས་ཅི་ཡང་འཆའ་རྒྱུ་མེད་སྐབ་དམ་དཔལ་གྱིས། “མྱིག་རྫོད་འདི་ཚོ་ངོ་མི་རིགས་ས་ཞིག་ལ་བུད་སོང་ན་འགའ་བ་ལའང། ཞབས་འདྲེན་རེད། ཕ་ཡུལ་གཅིག་པ་ཚོའི་ལ་རྒྱ་དང་མགོ་རྣ་ལ་གནོད་ཀྱི་འདུག་”ཞེས་ཟེར་མྱོང་། ད་སྐབས་ང་ཚོས་ཕྱི་གླིང་ལྷ་ཡི་ཞིང་ཁམས་ཁག་ཏུ་རང་ཁ་རང་གསོ་བྱས་ནས་དམ་ཆོས་ཀྱི་སྔུན་དུ་མྱིག་རྫོད་ཀྱི་མེད་མོད། དེང་སང་ཁོས་མྱིག་རྫོད་རྒྱུ་དང། ཞབས་འདྲེན་ཞུ་རྒྱུ་མང་སོང་བས་ངོ་མས་ང་ཚོ་ཡང་ངོ་ཚ་གི་འདུག དེས་ན་མྱིག་རྫོད་ཀྱི་རྒྱལ་པོ་འདི་གངས་སྐྱིད་བོད་ཀྱི་རྒྱལ་ས་གཉིས་པ་ནས་མ་བསྡད་པར་མྱིག་གིས་མི་རིག་རྣ་བས་མི་གོ་ས་ཞིག་ལ་བུད་སོང་ན་དགའ་བ་ལའང། དེ་མིན་གྲོགས་རླུང་སྐོར་ནག་པོ་ལུ་ཁེ་ལགས་ཀྱིས་བདེན་བའི་རྒྱབ་ལངས་གནང་བར་ཐུག་རྗེ་ཆེ་ཞུ་བ་ཡིན། ངོ་མ་རེད། ལོ་མང་པོའི་ཡར་སྔོན་དམ་དཔལ་གྱིས་ང་ཚོའི་མིང་ལ་མྱིག་རྫོད་བཏག་མྱོང་བ་དེ་སེམས་ནས་བརྗེད་རྒྱུ་ཞིག་མི་འདུག
    མྱིག་རྫོད་ཐམས་ཅད་མྱིག་རྫོད་མིན།
    མྱིག་རྫོད་ལ་ལ་མྱིག་རྫོད་ཡིན།
    མྱིག་རྫོད་ནང་ན་མྱིག་རྫོད་ཡོད།
    མྱིག་རྫོད་རྒྱལ་པོ་མྱིག་རྫོད་མཆོག།

  15. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-09 at 4:48 am

    ཚིག་གཅིག་མ་ཆག་པར་ལོ་མང་བྱིན་པའི་མྱིག་རྫོད་ལགས། སེམས་མ་སྡུག རང་གིས་འཇོན་འདུག ད་ནི་འཇོན་ས་དེ་ནས་ཤུ་རེ་བྱོས་དེ། རང་དང་འདྲ་མཚུངས་ཀྱི་གྲོགས་པོ་དག་མ་བརྗེད་པར་ཤུ་རེ་བྱོས་ཤིག

  16. མྱིག་རྫོད་ says:
    2009-06-09 at 10:13 am

    ཨ་ཅག་བསོད་ནམས་བུ་ཁྲིད་ལགས་ཀྱིས་བསླབ་བྱ་གནང་བར་ཐུགས་རྗེ་ཆེ།

  17. Gedun says:
    2009-06-09 at 10:26 am

    སྨྱིག་རྫོད་མཚན་ཅན་ལགས། དམ་ཆོས་དཔལ་བཟང་གིས་ཁྱེད་ལ་ཚིག་གིས་སྤྱོས་ནས་ཁྱེད་རང་རླུང་ལངས་ཡོད་ན། དེ་ཁ་ཐུག་དམ་ཆོས་དཔལ་བཟང་ལ་ཤོད། ཁ་བརྡ་ལ་འཁྱེར་མ་ཡོང་། ཁ་བརྡ་འདི་ཁྱེད་རང་སྒེར་གྱི་ཤ་འཁོན་ལེན་ས་མ་རེད། ཐུགས་རྗེ་ཆེ།

  18. མྱིག་རྫོད་ says:
    2009-06-09 at 11:18 am

    སྐུ་ཞབས་དགེ་རབ་ལགས། ངས་དམ་ཆོས་དཔལ་བཟང་ལ་ཤ་འཁོན་ལེན་གྱི་མེད། ཁ་བརྡ་འདི་ཡུལ་གྱར་སྤུན་ཟླ་ཚོས་དགའ་སྐྱོ་རེ་དོག་ཀྱི་ཚོར་སྣང་གི་ཁ་བརྡ་བྱེད་ས་ཅིག་རེད་ཟེར་གྱི་འདུག་པས་ངས་ཀྱང་དགའ་སྡུག་གི་ཁ་བརྡ་ཞིག་བྱས་པ་ཙམ་ཡིན། དྲ་ཁང་འདི་ལ་གྲལ་རིམས་ཀྱི་ཁྱད་པར་ཡོད་པ་ངས་མ་ཤེས། ཁ་བརྡའི་ཁྲིམ་ལ་བརྩིས་པ་ཡིན། གལ་ཏེ་ཁ་བརྡའི་ཁྲིམ་ལ་མ་བརྩིས་ན་དམ་ཆོས་དཔལ་བཟང་ལ་དེ་མ་གཏོགས་སྐྱོན་རྒྱག་རྒྱུ་མེད་པ་ག་ལ་ཡིན། ཁྱེད་ཀྱིས་དམ་ཆོས་དཔལ་བཟང་གི་ཕྱོག་ལ་རླུང་ཞིག་གཡུགས་གིན་འཇོག་རྒྱུ་མིན་ན་ཐོག་མར་དམ་ཆོས་ཁོ་རང་མི་ཡགས་པོ་ཞིག་བཟོས་ཤིགས། ཁྱོད་ནི་ཕྱོགས་གང་ཐད་ནས་ཁོ་རང་གི་ཡན་ཡིན་སྟབས་ཁོས་ཁྱོད་བཟང་རབ་རྒྱན་རབས་མང་པོ་བཤད་ཀྱི་འདུག དེས་ན་ཁྱོད་ཀྱིས་ཁོ་ལ་ཁ་ཏ་སློབ་གསོ་བྱས་ན་ཁྱོད་ལ་བརྩི་ཁོ་ཐག་རེད། དམ་ཆོས་ལ་ཁ་རྡུངས་གཏོང་མཁན་མང་པོ་འདུག་པས་ཁྱེད་མི་རེའི་གདོངས་ལེན་ལ་བུད་དགོིས་ན་དཀའ་རྒྱུ་རེད། ས་སྟེང་འདི་དག་ཀོས་གཡོགས་ན། དེ་སྙེད་ཀོ་བས་ག་ལ་འདང། ལྷམ་མཐིལ་ཙམ་གྱི་ཀོ་གཡོག་ན། ས་སྟེང་ཀོ་བས་གཡོགས་དང་མཚུངས་ཟེར་བ་ལྟར་། ཐོག་མར་དམ་ཆོས་ལ་སློབ་གསོ་བྱས་ནས་ཁོ་རང་མི་ཡག་པོ་ཞིག་ཆགས་གི་ཆུག་དང། དེ་ནས་རྣ་བ་འཇམ་འགྲོ་ན་ཐང། དེ་མ་གཏོགས་ཁ་བརྡའི་ཐོག་དམ་ཆོས་གླེང་མི་ཆོགས་པའི་ཁྲིམ་བཞག་རུང། ཡང་མི་ཚོས་དྲ་རྒྱ་གཞན་ཚོས་སྟེང་ནས་རྣ་སྡུག་སྐུར་ཡོང་གི་རེད་ཡ། འོན་ཀྱང་དགེ་རབ་སྒེར་ལ་གུས་བརྩི་ཡོད་པས་དགོང་པ་མ་ཚོམ། མྱིག་རྫོད་ཀྱིས།

  19. Tenzin Deshal says:
    2009-06-09 at 1:34 pm

    Trace Foundation’s Latse Library Lecture Series presents:

    Hortsang Jigme’s A History of Amdo:
    in celebration of a new publication
    Saturday, 13 June 2009, 3:00 p.m.

    Latse Library celebrates the release of the much-anticipated History of Amdo (Mdo smad lo rgyus chen mo; Library of Tibetan Works & Archives, 2009) by author and scholar Hortsang Jigme. This 6-volume work is the result of nine years of careful research by the author, and covers a considerable span of time, from the first evidence of inhabitants to the 1950s. Each area of the region is examined, and within each region the forts, monasteries, temples, and individuals that comprise the rich fabric of Amdo history.

    Hortsang Jigme will discuss the background and his approach to the project, most helpful sources, and greatest challenges in compiling this work.

    This event is free and open to the public.

    Trace Foundation’s
    Latse Contemporary Tibetan Cultural Library
    132 Perry St., #2B
    New York City
    Tel. 212-367-8490
    info@latse.org
    http://www.latse.org

  20. མེ་སྒྱོགས་རྒྱ་མཚོ། says:
    2009-06-09 at 1:48 pm

    འཛད་རྒྱུ་མེད་པའི་གང་ཟག་སྒེར་ལ་རྒོལ་བརྡུང་བྱེད་པ་(Character assissnation)འདི་རིགས་ད་མཚམས་འཇོག་ན་ཡག་གི་མོ། དེ་མིན་ས་གང་འགྲོ་བརྫད་ཀྱིན་འདུག་ན་ཡག་མོ་མི་གདའ། གལ་སྲིད་འདི་འདྲས་སྡུག་རུས་ཅིག་ཡོད་ན་Hu Jintao གིས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་བཟུང་པ་ནས་ད་བར་དུ་བྱས་ངན་ཚང་མ་ལ་སྡུག་ཡུས་ཅིག་བགྲོངས་དང་། དེ་ནས་ང་ཚོས་ཁྱེད་རང་གིས་འདིར་བཀོད་པ་དེ་དག་སྡུག་ཡུས་རེད་དང་ཤ་འཁོན་རེད་བལྟ་ཆོག

  21. མྱིག་རྫོད་ says:
    2009-06-09 at 3:35 pm

    མེ་སྒྱོགས་ཁྱོད་ཀྱིས་མིག་ཞར་ཅིང་རྣ་འོན་སོང་བ་མིན་ན་ང་ཚོས་ལོ་ནས་ལོར་མཐུད་དེ་ཟས་བཅད་ངོ་རྒོལ་སོགས་ཀྱིས་ཧུ་ཅིན་ཐོ་ལ་ངོ་རྒོལ་བྱེད་ཀྱི་ཡོད། ད་དུང་ཡང་མཚམ་འཇོག་གི་མེད། ང་ནི་བོད་ཡིག་ཐབ་ཆག་ཤིག་ཀློག་ཤེས་པ་ཙམ་མ་གཏོགས་ཁྱོད་དང་འདྲ་བར་ཤེས་ཚད་ཧ་ཅང་སྐྱོ་བོ་ཡིན་པས། ཧུ་ཅིན་ཐོ་ཡི་སྲིད་ཅུས་ལ་ཡིག་ཐོག་ནས་དགག་བཞག་བྱེད་པའི་ཡོན་ཚད་མེད། དེར་བརྟེན་གོང་དུ་ཡང་དམ་ཆོས་ཀྱིས་ང་རང་སྒེར་ལ་ཁྱད་གསོད་བྱས་ཚུལ་ཙམ་ཞིག་དྲན་གསོ་བྱས་པ་མ་གཏོགས། དམ་ཆོས་ཀྱི་མགོ་ལོག་ལོ་སྒྱུས་དང་། ཆོས་གསུམ་ལོ་སྒྱུས་སོགས་ལ་ཅི་ཡང་བཤད་ཀི་མེད། ཡང་གཅིག་བཤད་ན་དེང་སང་གི་མི་ཚོས་ནང་ཆོས་དང་། གོང་ས་མཆོག ཟམ་གདོང་རྒྱ་རི་རྒྱལ་ལོ་སོགས་ལ་སྐྱོན་བརྗོད་ཚད་མེད་བྱེད་ཀྱི་ཡོད་ཀྱང་ཁྱོད་ལ་ཁ་ཤིག་གི་སྐྱག་ཁུང་རྩམ་ཞིག་གདང་སྒྱུ་མེད་པར་ངས་དམ་ཆོས་ཀྱི་ཁྱད་གསོད་བྱས་ཚུལ་ཞིག་བཤད་དུས་ཁྱོད་ཀྱིས་ང་ལ་ཁ་གཏད་གཅོག་དགོས་དོན་ཅི་ཡོད། ངས་དགེ་རབ་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཀྱང་སྐྱག་འབུ་ཁྱོད་ལ་རྩི་བཀུར་བྱེད་དོན་མེད་པས་སྐྱག་འབུ་ཁྱོད་ཀྱིས་མི་དོན་མེད་ལ་དགྲ་བཟོ་དོན་ཡོད་མེད་ཁྱོས་ལྟོས།

  22. བསམ་གཏན། says:
    2009-06-09 at 3:52 pm

    རེད་རེད། སྐུ་ཞབས་མྱིག་རྫོད་ཀྱིས་བཤད་པ་དེ་བདེན་པ་རེད། སྤྱིར་བཤད་ན་ནམ་རྒྱུན་རང་ཉིད་ལ་ཆུ་ཕོར་བ་གང་གི་རིན་ཐང་ཡང་མེད་པར་མི་ལ་སློབ་གསོ་འདྲ་ཞིག་གཏོང་འདུག་ཁུལ་བྱེད་བསྡད་པ་དེ་ཚོ་མང་ཕྱོགས་རྩ་མི་ཚང་མཁན་ཚོའི་ལས་ཀ་རེད། མེ་སྒྱོགས་ཟེར་བ་འདི་ངས་དང་པོ་ནས་རྩ་མི་ཚང་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། ༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་སྐྱོན་བརྗོད་བྱེད་ཆོག་ས་ནས་མི་གཞན་ལ་སྐྱོན་བརྗོད་བྱེད་མི་ཆོག་རྒྱུ་ཅི་ཞིག་ཡོད། ཨ་རོགས་མེ་སྒྱོགས། ཁྱོད་ཁོམ་བསྡད་ཡོད་ལུགས་ལ་བལྟས་ན་དེ་རིང་བང་ཆེན་ནང་དུ་རྒྱག་རེས་རྒྱག་པར་འགྲོ་མི་དགོས་པ་ཡིན་ནམ། ཨ་ཡ་མཚན། ཁྱོད་ལ་ཡང་གུང་སེང་འདུག་གྰ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme