Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་མ་སྨད་གསུམ་ལ་ལྡི་ལི་མདོ་སྨད་ས་རྒྱུན་གྱི་ཉིན་རེར་འཚམས་འདྲི།

Posted on 2012-03-22 By ཤར་ཕྱོགས་ཁུག་རྟ། 30 Comments on གླིང་ཚ་མ་སྨད་གསུམ་ལ་ལྡི་ལི་མདོ་སྨད་ས་རྒྱུན་གྱི་ཉིན་རེར་འཚམས་འདྲི།

ཕྱི་ཟླ་༣ ཚེས ༢༡ ནས་ལྡི་ལི་མདོ་སྨད་ས་རྒྱུན་གྱིས་རྡ་ས་ནས་ལྷ་ས་བར་གོམ་བགྲོད་གནང་མཁན་གླིང་ཚ་མ་སྨད་གསུམ་ལ་ལྡི་ལི་དང་སྤྱི་ལེ ༡༧༥ ཡོད་ས་ཨམ་བྷ་ལ (embalia) ཟེར་བ་ནས་རྒྱལ་ས་ལྡི་ལིར་མ་འབྱོར་བར། ཉིན་རེར་ཁོང་མ་སྨད་གསུམ་ལ་རོགས་པ་མི་གཉིས་རེ་ཆེད་གཏོང་བྱ་རྒྱུ་གཏན་འཁེལ་འདུག

གླིང་ཚ་མ་སྨད་གསུམ་དང་ལྡི་ལི་མདོ་སྨད་ས་རྒྱུན་གྱི་ཚོགས་གཙོ་སོགས།

གསར་འགྱུར།

Post navigation

Previous Post: འདྲ་མཉམ་ཡིན་ས་མ་རེད།།
Next Post: གླིང་ཚ་མ་སྨད་གསུམ་ལ་ལྡི་ལི་མདོ་སྨད་ས་རྒྱུན་གྱི་ཉིན་རེར་འཚམས་འདྲི།

Comments (30) on “གླིང་ཚ་མ་སྨད་གསུམ་ལ་ལྡི་ལི་མདོ་སྨད་ས་རྒྱུན་གྱི་ཉིན་རེར་འཚམས་འདྲི།”

  1. ཀླུ་རྒྱལ་དོན་འགྲུབ says:
    2012-03-22 at 8:34 pm

    མདོ་སྨད་ས་རྒྱུན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ས་རྒྱུན་གྱི་འབྲེལ་བ་བྱེད་སའི་ཁ་བྱང་ངམ་ཡང་ན་ཁ་པར་ཨང་གྲངས་ཤིག་འདིར་འགོད་རོགས་ཞུ་གི་ཡོད།

  2. ཁ་བའི་རྡུལ་བརྩེགས། says:
    2012-03-22 at 8:41 pm

    གླིང་ཚ་མ་བུ་གསུམ་གྱི་སྐུ་ཚེ་ལ་བར་ཆད་མེད་པའི་ངང་མི་རིགས་ཀྱི་བདེན་གསལ་བའི་སྨོན་འདུན་ཞུ།

  3. རྡོ་ལུང་མདོ་བ། says:
    2012-03-22 at 8:46 pm

    གླིང་ཚ་མ་བུ་གསུམ་གྱི་སྐུ་ཕྱཱ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་རྒྱུ་དང་ཆབས་ཅིག དེང་སྐབས་བོད་ཀྱི་གནས་སྟངས་ལ་བལྟས་ཡོང་དུས་བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་རྒྱུ་དེ་མདོ་སྨད་ཀྱི་ལས་འགན་དམིགས་བསལ་ཡིན་པ་འདྲ་བོ་དང་། བོད་གཞུང་དང་འཛིན་སྐྱོང་ཁོངས་སུ་མདོ་སྨད་ལ་ཐོབ་ཐང་མེད་པའི་ཟོལ་ལ་ལྟོས་ན་སེམས་པ་སྐྱོ་བ་ཞིག་འདུག བཀའ་བློ་རླུང་རྐྱལ་བུ་མོ་བདེ་སྐྱིད་ཡང་མདོ་སྨད་ལ་མགོ་སྐོར་གཏོང་ཆེད་ཙམ་ལས་དོན་ངོ་མ་བློ་བཟང་སེངྒེའི་བློ་ཐུབ་གྲོགས་པོ་ཁོ་བས་ཨ་རི་ནས་མཉམ་འཁྲིད་བྱས་པའི་འཆར་འགོད་པ་དེའི་བཟའ་ཟླ་ཡིན་པའི་འབྲེལ་བའི་ཐོག་བཀའ་བློན་དུ་སླེབས་པ་ད་དུང་མང་པོ་ཞིག་ནས་ཤེས་ཀྱི་མེད་པ་འདྲ།

  4. གཉན་གཡག་ཕྲུག says:
    2012-03-22 at 9:05 pm

    ༄༅།། རྡོ་ལུང་མདོ་བ་ལགས། ཁྱེད་ཀྱི་བཀའ་མོལ་གཟབ་གཟབ་གནང་ན་མ་གཏོགས་ཁུངས་ལུང་མེད་ན་ཕན་ཚུན་དཀྲུག་ཤིང་གི་རྒྱུ་ལས་དོན་ཕན་གང་ཡང་མེད་པ་མཁྱེན་ངེས་རེད། བོད་ལ་བདེ་སྐྱིད་བྱུང་ན་ལུང་མཚན་གི་ཁྱད་པར་གང་ཡང་མཐོང་གི་མིན་འདུག་རྒྱུ་མཚན་ནི་ཚང་མ་བོད་སྐད་བཤད་མཁན་དང་རྩམ་པ་བཟའ་མཁན་གཅིག་འགྱུར་རེད།

  5. དཔྱིད་འགོའི་མེ་ཏོག says:
    2012-03-22 at 9:48 pm

    ཚང་མ་ལ་ཐུགས་རྗེ་ཆེ་ཞུ། གླིང་ཚ་མ་བུ་གསུམ་གྱིས་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་ཡིན་ཕྱིར་ངེས་པར་དུ་བོད་གཞུང་གི་བདག་པོ་རྒྱག་རོགས་ནདོ་སྨད་པ་གཅིག་པོའི་ཆེད་མ་རེད་བོད་ཆོལ་ཁ་གསུམ་གྱི་རྩ་དོན་ཆེད་རེད་་་་་་་་་་་

  6. བྱམས་པ་རྒྱལ་མཚན། says:
    2012-03-22 at 10:09 pm

    དུས་ནམ་ཡང་གླིང་ཚ་མ་བུ་གསུམ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་རྒྱུ་ཅི་ཡང་མི་འཇོག་གི ངོ་མ་བཤད་ན་ད་བོད་མི་རིགས་ཀྱི་འཐབ་རྩོད་ལ་ཆ་ཤས་ལེན་འདོད་མཁན་ཡོད་ན་བློས་གཏོང་བྱེད་རན་མ་གཏོགས་རྗེས་ཕྱོགས་གོ་སྐབས་རེག་ཁག་པོ་ཡིན་པའི་ཚོར་སྣང་ང་ལ་རྟག་པར་ཡོང་གི་འདུག

  7. རྡོ་ལུང་མདོ་བ། says:
    2012-03-22 at 10:30 pm

    གཉན་གཡག་ཕྲུག་གི་བཀའ་མོལ་གནང་སྟངས་ལ་བལྟས་ཡོང་དུས། མི་ཚང་མས་བཀའ་མོལ་ཚང་མ་བློ་གནད་དུ་མ་འཁེལ་བ་སྨྱོ་ལབ་ཡིན་པ་ཟོལ་འདྲ། གུས་པའི་དངོས་ཡོད་གནས་སྟངས་ཞིག་མཆན་བུར་བཏབ་པ་དཀྲུགས་ཤིང་དུ་འགྲོ་གི་ཡོད་ན། ཕྱི་གསལ་ནང་གསལ་transparentཞེས་པའི་བཀའ་མོལ་དེ་ཅི་འཚལ། ཚང་མ་བོད་རིགས་གཅིག་པ་ཡིན་གུས་པས་ལོས་ཤེས། གུས་པ་ཆོལ་ཞེན་མེད་པའི་དབུས་པ་ཞིག་གོ།

  8. གངས་ཅན། says:
    2012-03-22 at 11:53 pm

    གཞུང་གི་འཛིན་སྐྱོང་ཁོངས་སུ་མདོ་སྨད་པ་ཐོབ་ཐང་མེད་པ་མ་རེད། ཨ་མདོ་མི་ཨོང་དོང་མེད་ཟེར་བའི་དཔེ་ལྟར་རྐུབ་སྟེགས་གཅིག་གི་སྟེང་དུ་རྐང་སྙི་མོ་ས་སྲ་མོ་གཏད་མ་ཐུབ་པ་རེད། ལས་གནས་སྟེང་དུ་སླེབས་པ་དང་ལས་ཀ་སྡུག་རུས་ཚ་བོ་འཇོན་ཐང་ཆ་ཚང་ངོམས་ཡོང་གི་རེད། གང་འཚམ་འགོར་ཏེ་དགོས་མཁོ་ཆེ་བའི་སྐབས་སུ་རྐུབ་ལ་ཟ་འཕྲུག་ལངས་ཚར་བ་རེད། ཧོབ་ཏུ་སྒང་ལ་གཅིག་འགྲོ་ཚར་དུས་ལས་གནས་དེའི་སྟེང་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེ་མ་གཏོགས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར། གཞུང་གི་ལས་གནས་སྟེང་ལ་ཡིག་རྒྱུགས་ཀྱི་ལམ་ནས་ཡོང་གི་ཡོད་པ་ལས་ལྟག་སྒོ་བརྒྱུད་ཀྱི་ཡོད་པ་མ་རེད། ཡིག་རྒྱུགས་གཏོང་བ་ལ་རང་ངོས་ནས་ཆ་རྐྱེན་མང་པོ་བསྒྲུབ་དགོས་པ་ལས་དེ་གནམ་ནས་ཟགས་ཀྱི་མ་རེད། རང་ངོས་རྩོད་ལེན་མ་བྱས་པར་ཡས་མི་འདུག མས་མི་འདུག་ཟེར་ན་ཡག་པོ་མི་འདུག

  9. བསྟན་འཛིན་ says:
    2012-03-23 at 1:00 am

    འདི་ལ་ཁ་པར་ཨང་གྲངས་མ་འགོད་མ་གཏོགས། ཁ་བརྡའི་ཀློག་མཁན་ནང་ན་རྒྱ་མིའི་རྒྱུག་ཁྱི་མང་བས་གནོད་རེ་ཨེ་སྐྱེལ་མི་ཤེས། ངས་གསལ་བརྡ་བྱས་པ་ཙམ་ཡིན།

  10. མེ་ཏོག་དཀར་པོ། says:
    2012-03-23 at 1:15 am

    ཀུན་ལ་དོགས་པ་ཟ་བ་གྲུང་པོར་རློམ། །བོད་པའི་མཚན་ཉིད་ཀྱི་ཟུར་གཅིག་ལྡན་འདུག་ཨ།

  11. རྡོ་རིག་པའི་མདའ་མོ། says:
    2012-03-23 at 1:22 am

    ཆོལ་ཁ་ཕན་ཚུན་བར་མ་དཀྲུག་རོགས་གནང།་ལྷག་པར་གླིང་ཚ་མ་བུ་གསུམ་གྱི་རླབས་ཆེན་ལས་འགུལ་འདི་བཞིན།་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་དང་ངོས་ལེན་འགྲོ་བཞིན་པའི་སྐབས་འདིར།་གུ་དོགས་རིང་ལུགས་པ་ཚོས་ལུང་ཚན་ཅན་དུ་མ་བསྒྱུར་རོགས་གནང།་ཐུགས་རྗེས་གཟིགས

  12. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-23 at 1:46 am

    གངས་ཅན་ལགས། ཨ་མདོ་མི་ལ་ཨོང་མདོ་མེད་ཟེར་བའི་དོན་དག་དེ་མ་རེད། ཨ་མདོའི་ཕྱུ་པ་སྐེད་པ་དམའ་བོ་བཅིང་བ་ཡིན་ཙང་། རྒྱབ་ནས་ལྟ་ཡོང་དུས་ཨོང་མདོ་མེད་པ་ལྟ་བུ་མཐོང་གི་ཡོད་ཙང་། དེ་འདྲ་ལབ་པ་ངའི་རྒན་རབས་རྒྱུད་ནས་གོ་ཐོས་བྱུང་བ་ཞར་བྱུང་དུ་བྲིས་པའོ།

  13. བྲོ་འཚལ། says:
    2012-03-23 at 1:59 am

    ལྡི་ལི་མདོ་སྨད་ས་རྒྱུན་ལ་བཤད་རྒྱུ་ཞིག་མེད་མོད།་་་ཡིན་ན་ཡང་གོམ་བགྲོད་པ་མདོ་སྨད་ཡིན་པའི་ཆ་ནས་མདོ་སྨད་ས་རྒྱུན་མ་གཏོགས་གཞན་པ་ཁམས་དབུས་གཉིས་ནས་འཚམས་འདྲི་དང་རྒྱབ་སྐྱོར་གནང་པའི་ལས་འགུལ་ཕར་ཞོག་ཐ་ན་དགའ་བའི་རྣམ་འགྱུར་ཙམ་ཡང་བསྟན་པའི་གནས་ཚུལ་མེད་པ་ནི་ངོ་མ་བཤད་དཀའ་བ་ཞིག་ཡིན་པས་བསམ་ཚུལ་གཞན་ཞིག་མི་སྐྱེས་རང་སྐྱེས་རེད།་་་དེ་མིན་ན་གླིང་ཚ་མ་བུ་གསུམ་པོ་ནི་བོད་མི་རིགས་དང་མི་རིགས་དེའི་བདེན་དོན་དུ་ཆེད་དུ་གོམ་བགྲོད་བྱེད་པ་ལས་ཁོང་མ་བུ་གསུམ་པོས་ལྟོ་མ་ཕྱིད་པར་གོམ་བགྲོད་ལ་ཕེབས་པ་ནི་མིན་ལས་ཆེ་ཡང་།་་་ཁམས་དབུས་ས་རྒྱུན་གཉིས་ཀྱིས་མ་གོ་མ་ཐོས་ལྟ་བུར་བསྡད་འདུག་པ་འདི་ནི་རྒྱུ་མཚན་ག་འདྲ་ཞིག་ལ་བརྟེན་ནས་བྱུང་བ་རེད་དམ།་་་ཡང་ན་ལས་བྲེལ་ཆེ་བས་མ་ཁོམ་པ་བྱུང་བ་རེད་དམ།་་་བོད་དོན་ལ་ལས་འགུལ་བརྩམས་ནས་མགུ་གང་བ་རེད་དམ།་་་སྐབས་འདི་ལ་འབྲེལ་ཡོད་དང་འབྲེལ་ནས་གསལ་བཤད་གསལ་བོར་ཞིག་བྱ་རྒྱུ་བྱུང་ན་སྤྱི་སྒེར་སུ་ཡིན་རུང་བློ་སེམས་བདེ་ངེས་ཡིན་པས་སྐབས་དང་འབྲེལ་བའི་གནས་ཚུལ་ཞིག་ཅིས་ཀྱང་ཡོད་པར་ཞུ།

  14. ཨ་རུ་ར། says:
    2012-03-23 at 2:05 am

    བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་དོན་རེ་འགོ་འཛུགས་མ་ཐུབ་ཀྱང་། ཆོལ་གསུམ་རྡོག་རྩ་གཅིག་
    སྒྲིལ་ལ་གནོད་པའི་དབྱེན་སྦྱོར་དཀྲུག་ཤིང་གི་སྐད་ཅོར་མ་རྒྱག་རོགས།

  15. ཨ་རུ་ར། says:
    2012-03-23 at 2:45 am

    གཏམ་བཟང་།
    ཟས་བཅད་ངོ་རྒོལ་མཚམས་འཇོག
    འདོན་སྤེལ། ༢༠༡༢/༠༣/༢༣
    དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པ་དག་གིས་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་ཡོད་འདུག

    དེ་རིང་ཨ་རིའི་ནེའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་རོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སློབ་སྟོན་པ་ན་བཱེ་ཕེལའེ་(Navi Pillay)མཆོག་གཙོས་པའི་ལས་བྱེད་ཁག་ཅིག་རྒྱལ་ཚོགས་མདུན་དུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པའི་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་བཅས་ཀྱིས་སར་ཕེབས་ཏེ། ཁོང་ཅག་གི་དགོས་འདུན་ཁག་ལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཞིབ་འཇུག་བྱས་ཏེ། གང་མགྱོགས་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་པ་ལྟར། ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་སྟེ་ཁོང་རྣམ་པ་སྨན་ཁང་ཞིག་ཏུ་ཕེབས་ཡོད་འདུག སྐབས་དེར་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གལ་སྲིད་རྒྱལ་ཚོགས་ཀྱིས་བོད་བློས་གཏོང་བྱ་རྒྱུ་ཡིན་ན། ང་ཚོ་འདི་གར་རང་སྲོག་གཏོང་རྒྱུར་བློ་འགྱོད་སྤུ་ཙམ་ཡང་མེད། ང་ཚོས་ཐེངས་འདིར་རྒྱལ་ཚོགས་ཀྱིས་ཁས་ལེན་གནང་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག དུས་བབ་ནས་བཤུས། བཀའ་ཁྲོལ་མ་ཞུས་པ་དུས་བབ་ཚང་ལ་དགོངས་དག་ཞུ།

  16. བྲོ་འཚལ། says:
    2012-03-23 at 3:02 am

    དྲ་གྲོགས་ཨ་རུ་ར་ལགས།་་་དོན་དངོས་ལ་དེ་འདྲ་ཞིག་མ་རེད་དམ།་་་དེ་མིན་ན་ཁྱེད་ཀྱིས་གསལ་བཤད་ཅིག་སྐྱོན་དང་ངས་ཕུང་དཀྲུགས་བྱེད་མེད་དེ་གསལ་བོར་ཤེས་ཡོང་།

  17. རྡོ་ལུང་མདོ་བ། says:
    2012-03-23 at 3:48 am

    དྲང་པོའི་བསམ་ཚུལ་བརྗོད་ན་ཆོལ་ཁ་དང་ཆོས་ལུགས་དབར་ལ་དབྱེན་སྦྱོར་དཀྲུགས་ཤིང་དང་། ཐ་ན་རྒྱ་གཞུང་གི་སོ་བ་འམ་རྒྱ་གཞུང་གི་ལས་དོན་སྒྲུབ་མཁན་ཡིན་ཚུལ་གྱི་ནག་ཉེས་གཡོགས་པའི་ལུགས་སྲོལ་འདི་རང་ཅག་ནར་མ་སོན་པའམ་ཐ་ན་རང་ཅག་ལ་རྩ་མ་ཚང་བའི་རང་རྟགས་ཕྱིར་མངོན་པ་མ་ཡིན་ནམ། གཞུང་གི་ལས་འཆར་དང་དྲང་པའི་ལས་དོན་རིགས་ལ་རང་རའི་རྒྱབ་སྐྱོར་དང་བསྟོད་བསྔགས། དྲང་པོ་མིན་པ་དང་ནོར་འཁྲུལ་རིགས་ལ་སྐྱོན་བརྗོད་ཐ་ན་བརྒྱུད་ལམ་ཞིག་བརྒྱུད་ནས་སྲིད་སྟེགས་ལས་འབབ་འཇུག་པའི་ཐོབ་ཐང་མི་མང་ལ་ཡོད་པ་རེད།

  18. བྲོ་འཚལ། says:
    2012-03-23 at 5:39 am

    དངོས་ཡོད་ལ་དངོས་ཡོད་ཀྱི་ལམ་ནས་གསལ་བཤད་སྐྱོན་ན་ངའི་བསམ་པར་དེ་ལ་འགལ་རྐྱེན་ཅི་ཡང་མེད་པ་མ་ཟད་ད་དུང་ཆོལ་གསུམ་དབྱེན་སྦྱོར་བྱེད་པའི་ཕུང་དཀྲུགས་ཀྱི་ངོ་བོར་འགྲོ་གི་མ་རེད་བསམ་ལ།་་་ལྷག་པར་དངོས་ཡོད་ཀྱི་གླིང་ཚ་མ་བུ་གསུམ་པོ་གོམ་བགྲོད་ལ་ཕེབས་བཞིན་པ་ནི་བཤད་མ་དགོས་པ་ཞིག་ཡིན་ཡང་།་་་གནས་ཚུལ་ཁག་ནས་གསལ་བ་ནི་ལྡི་ལི་མདོ་སྨད་དབུས་རྒྱུན་ཕེབས་པ་རེད་མ་གཏོགས་གཞན་ཅི་ཡང་མེད་པ་ནི་དངོས་ཡོད་མ་རེད་དམ།་་་དངོས་ཡོད་ལ་དངོས་སུ་འཁྱོག་བརྗོད་བྱས་ནས་ཡིན་མདོག་བྱེད་པ་ནི་དོན་ངོ་མ་བཤད་རྒྱུ་ཕོངས་པའི་གླེན་རྟགས་ཙམ་རེད།

  19. རྨུ་ཐག་གི་བུ་རྒྱུད། says:
    2012-03-23 at 8:06 am

    ཨ་མདོ་བ་ལ་ཨོང་མདོ་མེད་ཟེར་བ་དང་། ཨ་མདོའི་དགོངས་པ་རང་གནང་། ཟེར་བ་གཉིས་གཅིག་པ་རེད་དམ་མ་རེད། ང་ཡང་ཨ་མདོ་བ་རྣལ་མ་ཞིག་ཡིན། འོན་ཀྱང་ངས་ཨ་མདོའི་བའི་མི་གཤིས་ལ་དེ་འདྲའི་དྲི་མ་ཞིག་མཐོང་གི་འདུག ཡིན་ནའང་བོད་གཞུང་གི་སྲིད་སྟེགས་ཐོག་ཏུ་དེ་ཙམ་གྱི་མང་པོ་མེད་པ་དེ་འདི་དང་འབྲེལ་བ་ཡོད་པ་ཞིག་ཏུ་མཐོང་གི་མེད། དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཨ་མདོ་བ་ཉུང་ཤོས་ཡིན་པའི་རྐྱེན་གྱིས་རེད་སྙམ། ད་དུང་དེ་ལས་ལྡོག་སྟེ་དབང་ཆའི་སྲིད་སྟེགས་སུ་ཤིན་ཏུ་ཉུང་ནའང་ཤེས་ཡོན་གྱི་སྲིད་སྟེགས་སུ་ཧ་ཅང་མང་བ་དེ་མི་གཤིས་ཡག་པོ་ཞིག་མཚོན་གྱིན་འདུག་སྙམ། རྣམ་པ་ཚོས་གཟིགས་ན་་་་་།

  20. ཐུབ་པ། says:
    2012-03-23 at 11:11 am

    གླིང་ཚ་མ་བུ་གསུམ་གྱི་སྐུ་ཕྱཱ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས་རྒྱུ་དང་ཆབས་ཅིག དེང་སྐབས་བོད་ཀྱི་གནས་སྟངས་ལ་བལྟས་ཡོང་དུས་བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་རྒྱུ་དེ་མདོ་སྨད་ཀྱི་ལས་འགན་དམིགས་བསལ་ཡིན་པ་འདྲ་བོ་དང་། བོད་གཞུང་དང་འཛིན་སྐྱོང་ཁོངས་སུ་མདོ་སྨད་ལ་ཐོབ་ཐང་མེད་པའི་ཟོལ་ལ་ལྟོས་ན་སེམས་པ་སྐྱོ་བ་ཞིག་འདུག བཀའ་བློ་རླུང་རྐྱལ་བུ་མོ་བདེ་སྐྱིད་ཡང་མདོ་སྨད་ལ་མགོ་སྐོར་གཏོང་ཆེད་ཙམ་ལས་དོན་ངོ་མ་བློ་བཟང་སེངྒེའི་བློ་ཐུབ་གྲོགས་པོ་ཁོ་བས་ཨ་རི་ནས་མཉམ་འཁྲིད་བྱས་པའི་འཆར་འགོད་པ་དེའི་བཟའ་ཟླ་ཡིན་པའི་འབྲེལ་བའི་ཐོག་བཀའ་བློན་དུ་སླེབས་པ་ད་དུང་མང་པོ་ཞིག་ནས་ཤེས་ཀྱི་མེད་པ་འདྲ།
    འདི་གནད་འགག་ཅན་ཞིག་དྲུད་ནས་སླེབས་འདུག
    འདི་ལ་ཚང་མས་དཔྱད་པ་གནང་རོགས།

  21. ཐུབ་པ། says:
    2012-03-23 at 11:26 am

    ཨ་མདོ་བ་བོད་གཞུང་གི་སྲིད་སྟེགས་ཐོག་ཏུ་དེ་ཙམ་གྱི་མང་པོ་མེད་པ་དེ་འདི་དང་འབྲེལ་བ་ཡོད་པ་ཞིག་ཏུ་མཐོང་གི་མེད། དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཨ་མདོ་བ་ཉུང་ཤོས་ཡིན་པའི་རྐྱེན་གྱིས་རེད་སྙམ། ད་དུང་དེ་ལས་ལྡོག་སྟེ་དབང་ཆའི་སྲིད་སྟེགས་སུ་ཤིན་ཏུ་ཉུང་ནའང་ཤེས་ཡོན་གྱི་སྲིད་སྟེགས་སུ་ཧ་ཅང་མང་བ་དེ་མི་གཤིས་ཡག་པོ་ཞིག་མཚོན་གྱིན་འདུག་སྙམ། རྣམ་པ་ཚོས་གཟིགས་ན་་་་་།

    གང་དུ་ཤེས་ཡོན་ཅན་དེ་རུ་ཤེས་ཡོན་ལ་བརྩི་བཀུར་ཡོད། གང་དུ་ཤེས་ཡོན་ལ་བརྩི་བཀུར་ཡོད་ན། དེ་རུ་སྤྱི་ཚོགས་ལ་བདེ་སྐྱིད་ཡོད། དེ་ལྟ་བུའི་སྤྱི་ཚོགས་ལ་ལུས་སེམས་གཉིས་ཀྱི་བདེ་སྐྱིད་ཡོད།

    གང་ལྟར་ང་ཚོ་ལ་ཆིག་སྒྲིལ་དགོས་ངེས་རེད། དངོས་ཡོད་ཀྱི་སྐྱོན་བརྗོད་ཏོག་ཙམ་བྱས་མ་ཐག་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐད་ཆུ་དྲུད་ཡོང་མཁན་དངོས་གནས་དྲང་གནས་རང་དབང་དང་གུ་ཡངས་ཀྱི་བགྲོ་གླེང་གི་ཁོར་ཡུག་བརླག་མཁན་གྱི་བྱེད་གཏེ་ཏག་ཡིན་ངེས། སྐད་ཆ་བདེན་པ་ནི་བདེན་པ་རང་ཡིན་པས། ཁྱོད་རང་དགའ་ནའང་རེད། མི་དགའ་བ་ཡིན་ནའང་རེད། དེ་ལ་ཐབས་ཤེས་ཡོད་མ་རེད།
    སྐད་ཆ་བདེན་པ་བཤད་ན་སྙན་པོ་མེད་ཀྱིས་དེས་འཕྲལ་ཕུགས་གཉིས་ཀ་ལ་ཕན་པས། དེ་ལ་མང་ཙམ་ཉན་ན་ད་གཟོད་རང་ཉིད་ཡར་རྒྱས་འགྲོ་གི་རེད་ལ། མི་གཞན་ལའང་ཡར་རྒྱས་འགྲོ་བའི་གོ་སྐབས་ཡོད་པ་རེད།

    རྫུན་མ་དང་སྤྲེལ་ལད་རྐྱང་རྐྱང་ལ་དགའ་ན་མི་རབས་སྔོན་མའི་སྐུ་དྲག་དག་སྐྱོ་གར་བསྐྱར་དུ་འཁྲབ་དགོས་པ་ཞིག་ཡོང་ངེས།
    སྲིད་སྐྱོང་པ་བློ་སེང་ལའང་སྐྱོན་ཡོད་སར་སྐྱོན་བརྗོད་ཤུགས་ཆེར་བྱེད་དགོས། མཐོང་ཚོད་ཁོང་ཡང་སྐད་ཆ་སྙན་པོ་ལ་མ་གཏོགས་མཉེས་པོ་མེད་པ་འདྲ་ཞིག་འདུག དེ་ཡག་པོ་མ་རེད།
    སྐད་ཆ་ཡག་སྡུག་གཉི་གར་ཉན་དགོས་པ་རེད། རྒྱུ་མཚན་ནི་བདེན་པ་ཟེར་ཡ་དེ་ཁྱོད་ལ་སྙན་པོ་རྐྱང་རྐྱང་ཡིན་པས་ཁྱབ་གི་མ་རེད།

  22. ཁ་རུ་ཁ་ཐུག says:
    2012-03-23 at 12:46 pm

    ཁོང་མ་བུ་གསུམ་པོའི་ཆོད་སེམས་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ཁོང་གསུམ་གྱི་མངོན་འདོད་ལྟར་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཐོག་བྱས་རྗེས་ཆེན་པོ་ཞིག་འཇོག་ཐུབ་པའི་རེ་བའང་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།

  23. གཉིས་མེད་སེངྒེ says:
    2012-03-23 at 1:37 pm

    ཁ་བཤད་ཆུ་ཡི་ཝུ་བ།།ལག་ལེན་གསེར་གྱི་ཐིགས་པ།། ཞེས་པ་ལྟར་གླིང་ཚ་མ་བུ་གསུམ་གྱིས་མི་རིགས་ཤིག་གི་ཆེད་རང་དོན་རྒྱབ་ཏུ་གཡུགས་ཏེ་དཀའ་སྡུག་དང་། ཞེད་སྣང་། ཉེན་ཁ་སོགས་ལ་མ་འཛེམས་པར་ཞི་བའི་གོམ་བགྲོད་བྱེད་བཞིན་པར་རྒྱབ་སྐྱོར་དང་། སེམས་གསོ་བྱེད་པའི་ཚབ་ཏུ་མི་རྐང་རྩ་མེད་མཁན་འགས་ཆོལ་ཁ་དང་ལུང་ཚན་གྱི་སྐད་ཆའི་དཀྲུགས་ཐུར་འདྲ་མིན་སྤེལ་བར་ངོ་མི་ཚ་བ་ཡ་མཚན།

  24. སྟག་སྨྱོན། says:
    2012-03-23 at 5:53 pm

    བློ་བཟང་སེང་གེ་བཀའ་ཁྱི་ཆགས་པ་ནས་བོད་ཀྱི་གནས་སྟངས་ལ་འགྱུར་བ་ག་རེ་ཕྱིན་མིན་ལ་དཔྱད་རྩོམ་ཞིག་འབྲི་འདོད་ཀྱང་། བོད་མིའི་སྤྱི་ཚོགས་ལ་ཕན་རྒྱུའི་རེ་བ་མེད་པས་ངལ་བ་མ་བྱས། མདོར་ཙམ་བཤད་ན། བློ་བཟང་སེང་གེར་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི་མི་ལ་མགོ་སྐོར་གྱི་སྐད་ཆ་བཤད་མཁས་པོ་ཡོད་པ་གཅིག། ལག་ཁྱེར་མཐོ་བོ་སྟོན་རྒྱུ་ཡོད་པ་གཉིས་ལས་གཞན་བཟང་ཕྱོགས་ཀྱི་ཡོན་ཏན་གང་ཡང་བགྲང་རྒྱུ་མི་རྙེད། སྡུག་ཕྱོགས་ནས་ལྐོག་ནས་ཆོལ་ཁ་མིང་སྤྱད་ནས་རང་ཉིད་ལ་རྒྱབ་སྐྱོར་བྱེད་རྒྱུར་བསྐུལ་སློང་བྱེད་མཁས་པོ་འདུག དམིགས་བསལ་མདོ་སྨད་མི་མང་ལ་མངོན་ལྐོག་གཉིས་ཀ་ནས་དབྱེ་འབྱེད་བྱེད་བཞིན་འདུག དེ་ནི་དྲ་ཐོག་རྩོམ་པ་ཁ་ཤས་ཀྱིས་བློ་སེང་བཟང་སེང་གེའི་ངན་འཚང་གསལ་འདོན་བྱེད་བཞིན་པར། བཀའ་ཁྱི་སེང་ངུས་དགྲ་ཤ་ལེན་པའི་ཁུལ་རེད། འོན་ཀྱང་ནོར་འཁྲུལ་དང་ཉེན་ཁ་ཚ་ཤོས་ནི། དྲ་ཐོག་ནས་བཀའ་ཁྱི་སེང་གེའི་སྐྱོན་བཤད་མཁན་ཆོལ་ཁ་གཅིག་ནས་ཡིན་པའི་ངེས་པ་མི་འདུག གང་ལྟར་བཀའ་ཁྱིས་མདོ་སྨད་མི་མང་ལ་དགྲར་འཛིན་གྱི་འདུ་ཤེས་འཛིན་བཞིན་པ་གསལ་བོ་རེད། འདི་ནི་བོད་སྤྱི་དོན་ཉམས་ཆགས་སུ་འགྲོ་རྐྱེན་ཆེ་ཤོས་རེད། བཀའ་ཁྲིས་བྱེད་སྟངས་དེས་དམིགས་བསལ་མདོ་སྟོད་མི་མང་ལ་ཁེ་བཟང་གསར་བ་གང་ཡང་བསྐྲུན་ཐུབ་ཀི་མེད་ཀར། བོད་མི་ནང་ཁུལ་ཕན་ཚུན་དགྲར་བསླངས་པའི་གྱོང་གུད་གསུབ་ཐབས་མེད་པ་ཆགས་ཀི་རེད། ད་དུང་བློ་སེང་བཀའ་ཁྱི་ཆགས་པ་ནས། བོད་ཡིག་གི་བསྟན་པ་ཉམས་འགོ་ཚུགས་པ་དང། ཆོལ་ཁའི་འཐེན་ཁྱེར་བཀའ་ཤག་གི་སྲིད་ཇུས་ནང་སླེབས་ཡོད་པ་རེད། ཐ་ན་བཀའ་ཁྱི་ཕྱག་ལས་དང་པོ་བཀའ་བློན་འདེམས་སྟངས་ཀྱང་ཆོལ་ཁ་གཞི་བཟུང་གི་ཐོག་ནས་བྱས་ཡོད་པ་རེད།
    བློ་བཀའ་ཁྱི་ཆགས་པ་ནས་བོད་ཡིག་བསྟན་པ་ཉམས་འགོ་ཚུགས་པ་རེད།
    བློ་་བཟང་ཕ་མ་སྐྱོ་བོ་ཞིག་གི་ཕྲུ་གུ་ཡིན་ཙང་ནམ་ཞིག་རང་ཉིད་ལ་དངུལ་བྱུང་ན་འཛམ་གླིང་གང་སར་གནམ་གྲུའི་ནང་བསྡད་ནས་འགྲོ་ཐུབ་རྒྱུའི་རྨི་ལམ་་བཅིངས་མྱོང་བ་རེད། དེའི་་ཕྱིར་བཀའ་ཁྱི་ཆགས་པ་ལས་ནུབ་ཕྱོགས་ཁག་ཡང་ཡང་སོང་ནས་སྐད་ཆ་རྫུན་མ་རྫུན་་མ་རེ་བཤད་ཞོར་ལ། བོད་མི་ཚོར་སྣེ་ལེན་བྱེད་དུ་བཅུག་ནས་སྐྱིད་པོ་བཏང་བསྡད་པ་རེད། མ་ཟད་ནུབ་ཕྱོགས་ཀྱི་བོད་མི་ཚོའི་ཆུ་ཚོད་ཆུད་ཟོས་སུ་བཏང་བ་ཆུང་ཆུང་མ་རེད། དེའི་ཕྱིར་བཀའ་ཁྲི་སེང་གེ་སླེབས་པ་ནས་བོད་མི་མང་གི་བཀའ་ཁྲིའི་རྐུབ་སྟེགས་ཟླ་བ་དྲུག་ལ་སྟོང་པ་ལྷག་བསྡད་པ་རེད།

  25. ཀླུ་རྒྱལ་དོན་འགྲུབ། says:
    2012-03-23 at 6:19 pm

    བསྟན་འཛིན་ལགས།
    ཁྱེད་ཀྱི་དོགས་ཟོན་གྱི་ཚིག་ཁ་ཤས་བྲིས་འདུག་པར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། དེའི་རྒྱུ་མཚན་ཁྱེད་ཀྱིས་ཀྱང་མཁྱེན་སྲིད་པ་འདྲ། དྲ་འབུ་འདི་དག་གིས་དོག་པ་ཟ་ཤེས་པ་དེ་ཡང་དོན་དག་གསར་པ་ཞིག་གི་དྲི་རྟགས་རེད།
    ཁ་པར་ཨང་གྲངས་འདྲི་མཁན་དེས་མིང་ངོ་མ་བེད་སྤྱོད་བྱེད་ཡོད་མེད་དེ་ཡང་ཁྱེད་ཀྱི་མིག་གཉིས་ཐང་དུ་ལྷུང་མེད་ན་ཤེས་ཚོད་དུ་འདུག ཁྱེད་ལ་འདི་ལྟར་མི་གཞན་ལ་དོགས་པ་ཟ་ཐུབ་པའི་བློ་ཟུར་པོ་ཞིག་ཡོད་ན་ཁྱེད་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བསྒྲུབས་དགོས་མིན་དང་གླིང་ཚ་མ་བུ་གསུམ་པའི་འཐབ་རྩོད་དེ་ནུས་པ་ཅན་ཞིག་ཏུ་ཅི་ལྟར་གཏོང་དགོས་པའི་བློ་བསྐྱེད་ཅིག་མེད་དོན་གང་ཡིན་ནམ།
    ཁྱོད་ལྟ་བུའི་རང་ཉིད་ཀྱི་མིང་དངོས་མ་ཡང་བེད་སྤྱོད་མི་ཐུབ་པ་ཚོར་མཚོན་ན་དྲ་ཐོག་ནས་སྐྱག་ལབ་སྐམ་པོ་རེ་རྒྱག་རྒྱུ་དང་། སྤྱི་ཚོགས་ལ་འགན་འཁུར་མི་དགོས་པའི་སྐད་ཆ་རེ་བཤད་ནས་འགྲོ་རྒྱུ་ལས། རང་ཉིད་ཀྱི་སྐད་ཆ་ལ་ཡང་མགན་འཁུར་ཐུབ་མཁན་ཞིག་མིན་པ་ཤེས་ན་ཁྱེད་ལ་རྩོད་པ་བྱེད་རྒྱུ་རིན་ཐང་མི་འདུག་མོད། འོན་ཀྱང་འབོད་བསྐུལ་ཞུ་རྒྱུ་ཞིག་ནི་རང་གིས་བཤད་པའི་སྐད་ཆ་ལ་འགན་འཁུར་ཐུབ་པའི་གོམས་གཤིས་དེ་སྦྱང་ན་ཡག་པོ་ཡོད་པ་རེད། ང་ཆེས་མི་དགའ་ས་ནི་སྤྱི་ཚོགས་ལ་གདབ་གསིག་གཏོང་མཁན་ཁྱོད་དང་ཁྱེོད་ལྟ་བུ་དྲ་ཐོག་ལ་རང་གི་དངོས་མིང་ཡང་འཇོག་མི་ཐུབ་མཁན་ཚོ་ཡིན།

  26. རྒྱ་གྲོལ་གངས་རི says:
    2012-03-24 at 1:43 am

    ཨ་རོ་རྡོ་ལུང་མདོ་བ། སྐད་ཆ་བཤད་ན་མཉམ་བཞག་ནས་ཤོད་ཨ།

  27. རྡོ་ལུང་མདོ་བ། says:
    2012-03-24 at 2:40 am

    མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་རྒྱ་གྲོལ་གངས་རི་ཅན་གང་དེར། དོན་དང་ཚིག་འབྲུ་རེ་རེ་ཡང་རང་སེམས་མཉམ་པར་བཞག་པའི་གཏམ་མ་གཏོགས་ལབ་ཏུ་བརྡོལ་བཞག་པ་གང་ཡོང་མེད་ཞུ་བ་དེའོ། Health minister སྲིད་སྐྱོང་མཆོག་གི་བཟའ་ཟླའི་སྐུ་མཆེད་དང་ཡིན་པ་དང་། Information & Relation minister སྲིད་སྐྱོང་མཆོག་གི་གྲོགས་སྤུན་འཆར་འགོད་པ་ཨ་རི་ནས་མཉམ་འཁྲིད་ཞུས་ཡོད་པ་དེའི་དགའ་རོགས་ཡིན་པ་ལ་གང་ཉིད་དངངས་འཚབ་དང་ཤ་འདར་རྒྱུགས་དགོས་པའི་རྒྱུ་གང་ཡིན་གུས་པས་མ་རྟོགས་པས་ན། ཨོཾ་ཨཱ་ཧཱུཾ།

  28. རྡོ་རིགས་པའི་མདའ་མོ། says:
    2012-03-26 at 1:17 am

    བཀའ་ཁྲི་མཆོག་ལ་བཀའ་ཁྱི་ཟེར་བ་དང།་བཀའ་ཁྲི་མཆོག་མདོ་སྨད་མི་མང་དགྲར་འཛིན་བཞིན་པ་རེད་ཟེར་བ་སོགས་ནི།་དངོས་སྒེར་འཁོན་གྱི་ཆེད་དུ་བཀའ་ཁྲིའི་ཆེ་མཐོང་ལ་མཚན་སྨོད་དང།་ལྷག་པར་སྒེར་འཁོན་གྱི་ཆེད་དུ་ཆོལ་ཁའི་རྒྱབ་སྐྱོར་འགུག་ཐབས་ཀྱི་གཡོ་ཇུས་སྐྱུགས་བྲོ་བ་ཞིག་ཡིན་པ་མ་ཟད།་འདི་ཕལ་ཆེར་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་མིན་འགྲོ་སྙམ།

  29. རྡོ་རིགས་པའི་མདའ་མོ། says:
    2012-03-26 at 1:18 am

    བཀའ་ཁྲི་མཆོག་ལ་བཀའ་ཁྱི་ཟེར་བ་དང།་བཀའ་ཁྲི་མཆོག་མདོ་སྨད་མི་མང་དགྲར་འཛིན་བཞིན་པ་རེད་ཟེར་བ་སོགས་ནི།་དོན་དངོས་སྤྱི་སེམས་ཆེད་མིན་པར།་སྒེར་འཁོན་གྱི་ཆེད་དུ་བཀའ་ཁྲིའི་ཆེ་མཐོང་ལ་མཚན་སྨོད་དང།་ལྷག་པར་སྒེར་འཁོན་གྱི་ཆེད་དུ་ཆོལ་ཁའི་རྒྱབ་སྐྱོར་འགུག་ཐབས་ཀྱི་གཡོ་ཇུས་སྐྱུགས་བྲོ་བ་ཞིག་ཡིན་པ་མ་ཟད།་འདི་ཕལ་ཆེར་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་མིན་འགྲོ་སྙམ།

  30. རྡོ་རིགས་པའི་མདའ་མོ། says:
    2012-03-26 at 1:21 am

    བཀའ་ཁྲི་མཆོག་ལ་བཀའ་ཁྱི་ཟེར་བ་དང།་བཀའ་ཁྲི་མཆོག་གིས་མདོ་སྨད་མི་མང་དགྲར་འཛིན་བཞིན་པ་རེད་ཟེར་བ་སོགས་ནི།་དོན་དངོས་སྤྱི་སེམས་ཆེད་མིན་པར།་སྒེར་འཁོན་གྱི་ཆེད་དུ་བཀའ་ཁྲིའི་ཆེ་མཐོང་ལ་མཚན་སྨོད་དང།་ལྷག་པར་སྒེར་འཁོན་གྱི་ཆེད་དུ་ཆོལ་ཁའི་རྒྱབ་སྐྱོར་འགུག་ཐབས་ཀྱི་གཡོ་ཇུས་སྐྱུགས་བྲོ་བ་ཞིག་ཡིན་པ་མ་ཟད།་འདི་ཕལ་ཆེར་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་མིན་འགྲོ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme