Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་རེབ་གོང་ཁུལ་དུ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།

Posted on 2012-03-19 By ཤར་ཕྱོགས་ཁུག་རྟ། 7 Comments on བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་རེབ་གོང་ཁུལ་དུ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།

༢༠༡༢ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།

ཉེ་ལམ་བོད་བྱང་ཤར་རེབ་གོང་ཁུལ་དུ་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ལ་བློ་འཚབ་ཧ་ཅང་ཡོད། ཁ་སང་ཕྱི་ཚེས་ ༡༧ ཉིན་རང་ལོ་ ༤༤ སོན་པ་བོད་མི་ཞིང་པ་བསོད་ནམས་དར་རྒྱས་ལགས་ཀྱིས་༧གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་དུ་རང་ལུས་མེར་སྲེག་བཏང་འདུག སྐབས་དེར་ས་གནས་བོད་མི་ཚོས་མེ་གསོད་ཐབས་བྱས་ཀྱང་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་ཡོད། མེ་གསོད་མཁན་བོད་མི་ཚོས་སྐབས་དེར་ཤེས་གསལ་ལྟར་ན། བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་སྐབས་ཁོང་གི་གྲོད་ཁོག་རྡོལ་བ་དང་ཁོང་གི་ལྟེ་བའི་མཐའ་སྐོར་དུ་ཟངས་སྐུད་ཕྲ་བོའི་སྲིན་བལ་གྱི་བཏུམ་པ་ཞིག་བཅིངས་ཡོད་པ་མཐོང་ཡོད། གནས་ཚུལ་ཐོན་གསལ་བསོད་ནམས་དར་རྒྱས་ལགས་ཀྱིས་ཉེ་ལམ་ལོ་ཤས་ནང་༸གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱ་རྒྱུ་དེ་ནི་ཁོང་གི་ལས་དོན་གལ་ཆེ་ཤོས་སུ་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད། ༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱུང་ཚེ་བོད་ཀྱི་གནད་དོན་སེལ་ཐུབ་རྒྱུར་ཡིད་ཆེས་གནང་བཞིན་ཡོད་པའི་དགོས་འདུན་ཡང་ཡང་འདོན་བཞིན་ཡོད་འདུག དམ་པ་པ་ཁོང་གི་སྐུ་ཕུང་དེ་བཞིན་རེབ་གོང་དགོན་པའི་མདུན་དུ་སྒྲོལ་མ་ཐང་ཞེས་པ་དེར་ཞུགས་འབུལ་སྐབས་ས་གནས་བོད་མི་དང་གཞན་ཡང་ཉེ་འདབས་ཀྱི་ས་ཁུལ་བཅས་ནས་ཁྱོན་བོད་མི་ ༧༠༠༠ ཙམ་འདུ་འཛོམས་བྱུང་ཡོད། སྐབས་དེར་མཚོན་ཆ་ཐོགས་པའི་རྒྱ་མིའི་ཉེན་རྟོག་དམག་མི་དང་བོད་རིགས་དབར་དངོས་སུ་མདོང་ཐུག་བྱུང་ཡོད། འདུ་འཛོམས་ཆེན་པོ་དེ་འདྲ་དེ་སྔ་བྱུང་མྱོང་མེད། དེར་བརྟེན་རྒྱ་མིའི་ཉེན་རྟོག་དམག་མི་རྣམས་རེ་ཞིག་ཕྱིར་འཐེན་མ་བྱས་ཐབས་མེད་བྱུང་ཡང། དམག་མི་དང་དྲག་ཆས་ཉེན་རྟོག་མི་སྣ་མང་པོ་ཞིག་དགོན་པའི་མཐའ་སྐོར་དུ་གནས་བཞིན་དུ། རེབ་གོང་དགོན་པའི་ནང་དུ་དམ་པ་ཁོང་གྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། བསོད་ནམས་དར་རྒྱས་ལགས་ནི་འདི་ཟླའི་ཕྱི་ཚེས་ ༡༦ ཉིན་རང་ལུས་མེར་སྲེག་བཏང་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་པ་འཇམ་དབྱངས་དཔལ་ལྡན་ལགས་དང་སེམས་ཐག་ཉེ་བོ་ཡོད་འདུག དེང་སྐབས་ཁོང་རེབ་གོང་དགོན་པའི་ནང་རང་གི་གཟིམ་ཤག་ཏུ་གནས་སྟངས་ཛ་དྲག་འོག་སྨན་བཅོས་གནང་མུས་ཡིན་ཀྱང་། ད་ཆ་ཁོང་གི་ཀླད་རྩའི་བྱེད་ལས་ལ་སྨན་གྱི་ཕན་འབྲས་མེད་སྟབས། ཉིན་རེ་བཞིན་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་མུས་ཡིན་འདུག
འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་རེབ་གོང་དགོན་པ་དང་སློབ་གྲྭ་སོགས་ཀྱི་ནང་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་ས་གནས་ལས་ཁུངས་ཀྱི་ལས་བྱེད་པ་དང་། སློབ་གྲྭའི་སློབ་མ་རྣམས་ལ་ཞི་རྒོལ་བྱེད་པའི་གནས་ཚུལ་ཐོན་ཚེ་འབྲེལ་ཡོད་ལས་ཁུངས་དང་སློབ་གྲྭ་སོགས་ནས་ཕྱིར་འབུད་གཏོང་རྒྱུའི་སྡིགས་ར་བཏང་བ་སོགས་མདོར་ན་བོད་མི་དགེ་འདུན་པ་ཙམ་མ་ཟད། སེར་སྐྱ་མང་ཚོགས་ལའང་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ལ་བརྟེན། ད་ཆ་རེབ་གོང་བོད་མི་རྣམས་ཀྱི་འགྲོ་བསྐྱོད་དང་འདུ་འཛོམས་བྱ་རྒྱུར་དམ་བསྒྲགས་ཧ་ཅང་བྱེད་བཞིན་པར་བརྟེན་གནས་སྟངས་ཛ་དྲག་ཏུ་འགྲོ་མུས་ཡིན་འདུག

རྒྱ་ནག་གཞུང་གིས་རེབ་གོང་ཁུལ་དུ་བོད་མི་ཚོར་ཆེད་མངགས་སུན་གཙེར་བཟོ་རྒྱུའི་སྲིད་བྱུས་འོག་བོད་མི་ཚོའི་བདེ་སྡུག་གི་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཧ་ཅང་ཡོད། བོད་རིགས་ཕོན་ཆེ་གནས་སྡོད་བྱེད་བཞིན་པའི་མཚོ་སྔོན་ས་གནས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་དང་མི་འདྲ་བར་བོད་མི་ཞི་རྒོལ་བ་ཚོར་ཞི་འཇམ་ལྡན་པའི་ཐབས་ལམ་ཐོག་ནས་སྟངས་འཛིན་བྱ་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད་ཅེས་འབོད་སྐུལ་གནང་འདུག

གསར་འགྱུར།

Post navigation

Previous Post: བྱང་ཨ་མེ་རི་ཀར་གནས་འཁོད་རྡ་ས་སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་ཟུར་པ་རྣམས་ལ་འབོད་སྐུལ།
Next Post: དཔའ་བོ་བསོད་ནམས་དར་རྒྱས་མཆོག་གི་གདུང་ཐལ་ཕ་ཡུལ་ཤ་སྦྲང་དུ་འཁྱེར་ཡོང་འདུག

Comments (7) on “བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་རེབ་གོང་ཁུལ་དུ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།”

  1. འདོད་ལྷ་ཁམས་པ། says:
    2012-03-19 at 6:17 am

    ཞུ་འབུལ་དང་། བརྡ་ལན བསྒྲགས་གཏམ། གནས་ཚུལ་གསལ་འདོན་སོགས་ཀྱི་རྣམ་པ་ལོགས་སུ་ཡོད་པ་རེད། སྐབས་བསྟུན་གྱིས་ནུས་པ་དང་གྲུབ་འབྲས་ཀྱང་དམིགས་བསལ་ཐོན་ཐུབ་པ་ཞིག་ཡིན།

    གལ་ཏེ་་འདོད་རྔམ་གྱི་ཁ་ཆུ་འཛར་བཞིན་འབྲོང་གཡག་གི་མཐའ་ལ་བསྐོར་བའི་སྤྱང་ལྟོགས་ཁྱུ་ཞིག་ལ་མཚོན་ན་ག་རེ་བྱེད་དགོས་གི་ཟེར་ན་ཞུ་བ་བྱས་ན་ཁ་ངོ་མི་བལྟ་བ་སེམས་ཐག་གཅོད་དགོས་གི་རེད།
    དེས་ན་ག་རེ་བྱ་དགོས་གི་ཟེར་ན། སྙིང་མེད་རུང་གློ་བ་འཕར་རྒྱག་དང་རྭ་མེད་ཀྱང་རྔ་མ་གྱེན་བསླངས་ཤིག་ངེས་པར་དུ་བྱེད་དགོས་གི་རེད།
    དེ་འདྲ་བྱས་སྐབས་འགར་སྤྱང་ལྟོགས་ལ་ལ་བྲོས་འགྲོ་གི་རེད། ང་ཚོས་མ་མཐར་ཡང་ཚོད་ལྟ་ཞིག་བལྟ་ཆོག་གི་རེད། མི་རབས་ནས་མི་རབས་བར་སྤྱང་ཀི་ལ་འགོ་འདོགས་རེ་བྱེད་པ་ནི་རང་ལུས་ཚེ་གཡོག་བྱེད་པར་ས་ཡིག་རྒྱག་པ་དང་འདྲ་བ་རེད།
    གནས་ཚུལ་འདི་འདྲ་ཛ་དྲག་རེད། ཞུ་བ་བྱེད་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད། བསྒྲགས་གཏམ་སྤེལ་ནས་བརྡ་ལན་ཞིག་ཏན་ཏན་སྤྲོད་དགོས་གི་རེད། གཞིས་བྱེས་བོད་མི་ཡོངས་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གི་དུས་ཚོད་ལ་བསླེབས་ཡོད་པ་རེད།

  2. ཇ་མ་ says:
    2012-03-19 at 8:51 am

    བོད་མིའི་སྒྲིག་འཛུགས་ལགས། རྔ་བའི་དམ་དྲག་དེ་རེ་གོང་ལས་ལྡབ་འགྱུར་གྱིས་་་་་་་་་་་་་་་་་་་ཡ།

  3. ལོག་སྨྲ་ཚར་གཅོད། says:
    2012-03-19 at 10:42 am

    བོད་མིའི་སྒྲིག་འཛུགས་ཀྱིས་ང་ཚོ་བློ་ཚབས་ཡོད་ཀྱང་ཀྱང་གསུང་གིན་བཞུག་ན་རྒྱ་གུང་ཁྲན་གྱིས་ཡ་ང་སྙིང་རྗེ་འདྲ་བྱེད་ཨེ་ཡོང་། དེ་ལས་ཤུགས་ཆེ་ཙམ་གྱིས་ལས་འགུལ་སྤེལ་ན་མི་ལེགས་སམ།

  4. ལྷ་རིག says:
    2012-03-19 at 12:02 pm

    བཀའ་སྤྱི་ལྷན་ཚོགས་སུ། བརྡ་ལན བསྒྲགས་གཏམ ཞི་འབུལ རེ་འདུན འདི་ལས་གཞན་ང་ཚོ་ངོས་ནས་ཅི་བྱེད་རྒྱུ་འདུག གོང་དུ་བཀོད་པ་རྣམས་མི་ལོ་ལྔ་བཅུ་ལ་འདི་ལྟར་ཡོང་བ་རེད། བཀའ་ཁྲིས་ད་དུང་གཞུང་ལ་སྒུག་མི་དགོས་པ་དང་བལྟ་མི་དགོས་བ་ཞིག་བཤད་ནས་མི་མང་ཡིན་ན་འདྲ་སྤྱི་འཐུས་ཚོགས་ས་ཡིན་ན་འདྲ་འདི་ལྟར་བཤད་དགོས་དོན་ཅི? བཀའ་ཁྲིས་རྒྱ་ནག་གི་སོལ་མྱུལ་དང་དོལ་རྒྱལ་གྱི་རྗེས་འབྲང་ཟེར་བཞིན་གྲངས་ཀ་བགྲང་སྟེ་འདི་ལྟར་འདུག་རྒྱུའམ། གཞུང་ངོས་ནས་ཅི་ཡང་མི་བྱེད་པར་རྡོག་རྩ་གཅིག་སྒྲིལ་ཟེར་བས་ཅི་ཡང་ཕན་ཐོག་མི་འདུག བཀའ་སྤྱི་ལྷན་རྒྱས་མར་མི་མང་མདུན་དུ་ཐོན་ཤོག་དང་མི་མང་དང་ཆོལ་ཁ་ཟེར་བ་རྣམས་རང་བཞིན་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ཡོང་ངེས་རེད།

  5. རག་ཕྱགས་རྡོར says:
    2012-03-20 at 12:45 am

    བོད་མིའི་སྒྲིག་འཛུགས་ལ་མང་པོ་བཤད་སྟོན་ས་ཡོད་མ་རེད་བཀའ་ཁྲི་སྲིད་སྐྱོང་མཆོག་གིས་བཤད་པ་ནང་བཞིན་རེད་གསལ་འགོད་གསལ་བསྒྲགས་འཛིན་སྐྱོང་གང་བྱས་ན་ཡང་བཀའ་ལས་ཁག་པོ་འདུག་ཕྱི་ཡིས་གནོད་སྐྱོན་ནང་གིས་གནོད་སྐྱོན་སྐྱེན་དུ་མ་ཡིས་འཁོད་དུ་བཀའ་ལས་ཁག་པོ་རེད་ཐ་ན་སྐུལ་བར་འོས་པའིི་སྤྱི་མཐུས་ཡི་ནང་དུ་ཕྱི་ཡི་གནོད་སྐྱོན་ཡོད་ཡོད་པ་རེད་དྲ་རྒྱ་ཁག་ནས་ཡང་མིང་རྫི་མ་སྤྱོད་ནས་གང་ཐོབ་ཐོབ་གནོད་སྐྱོན་བྱེད་དང་བྱེད་བཞིན་པ་རེད་ཡིན་ན་ཡིང་བོད་མི་ཡིས་ལས་དབང་དང་གོང་ས་མཆོག་གིས་སྨོན་ལམ་ཡིས་སྟོབས་ཀྱིས་དངོས་ནས་གཏན་གཏན་བོད་ལ་རང་དབང་རང་སྐྱོང་ཞིག་ཤར་ཡོང་བའི་སྨོན་འདུན་ཞུ་ཞུ

  6. རག་ཕྱགས་རྡོར says:
    2012-03-20 at 1:23 am

    ང་ཚོའི་གཞིས་བཞུགས་དག་ལ་དཀའ་ལས་ཁག་པོ་བཟོས་སོང་བྱང་ཆུབ་སེམས་པ་ཆེན་པོ་དག་གིས་ཡོད་ཚད་བློས་བཏང་ཚར་སོང་ད་དུང་ཡང་སྒྲ་བོ་རྒྱ་གཞུང་གིས་ཡ་ལེན་གང་ཡང་བྱས་མ་སོང་དེ་ལས་དྲགས་གནོན་ཁོ་ན་ཡིས་སྐྱེ་བུ་དམ་པ་མང་པོ་དམར་བསད་བཏང་ཚར་སོང་ད་ཡིན་ན་ང་ཚོས་ཞི་རྒོར་གྱིས་མ་ཕན་ན་ཕྱི་ལོགས་ཀྱི་དྲགས་སྤྱོད་པ་ལ་མིག་དཔེ་ཡལ་འདྲེན་བྱེད་ནས་ང་ཚོས་ཡང་དྲགས་སྤྱོད་པ་བྱེད་དགོས་ཞུ་འབོད་བྱས་ན་ཡང་ཤུ་དགོས་པ་རེད་དྲགས་རྒོལ་བྱས་ན་ཡང་ཤི་དགོས་པ་རེད་འཆི་སྟང་ལ་དཀར་ནག་མི་འདུག་ང་ཚོས་དྲགས་པོ་བྱས་ནས་འཆི་ཁར་རྒྱ་གཞུང་གི་སྲིད་བྱོས་འཁྲིགས་བཟུང་བྱེད་ཉིན་དག་གང་སོད་སོད་བྱས་ན་དེ་ནས་དགྲ་བོ་རྒྱ་གཞུང་གིས་ཡ་ལེན་བྱེད་པ་ཐང་རྒྱལ་ཚོགས་ཀྱིས་མ་བལྟས་རང་བལྟས་ཞིག་ཡོང་སྲིད་པ་རེད།།།།

  7. ལྷ་རིག says:
    2012-03-21 at 8:21 am

    རག་ཕྱགས་རྡོར་ལགས་བསམ་ཚུལ་འབྲི་དུས་དགཆར་གཟབ་གཟབ་བྱས།ཀློག་དུས་དོན་ཅི་ཡིན་མི་ཤེས་པས་དགོངས་ཅག་གལ།དག་ཆར་མཤེས་ན་བསམ་ཚུལ་མ་བཀོད་རོགས་གལ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme