Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་རྒོལ་གྱི་འབྱུང་རྐྱེན་གསུམ་འདི་ལྟར་ཤོད།

Posted on 2012-03-16 By ཁ་བརྡ་ 2 Comments on མེ་རྒོལ་གྱི་འབྱུང་རྐྱེན་གསུམ་འདི་ལྟར་ཤོད།

ཙ་ཡུས་ཕུན་ཚོགས།

འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལས་མཐོང་གསལ་ལྟར། བོད་མི་རིགས་ནི་རང་དབང་དང་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་ཡིན་ལ། ཤེས་རབ་དང་རིག་གཞུང་ལ་དད་འདུན་བྱེད་པའི་མི་རིགས་ཤིག་ཀྱང་ཡིན་པ་མ་ཟད། རང་བྱུང་ཁམས་ཀྱི་སྐྱེས་དངོས་སྲོག་ཆོག་གང་ལའང་བདག་གཅེས་ཤ་ཚ་བྱེད་པའི་མི་རིགས་ཤིག་ཡིན།

བོད་ཀྱི་མེར་བསྲེགས་ངོ་རྒོལ་གྱི་འབྱུང་རྐྱེན་གསུམ།
དང་པོ། སྤྱི་ལོ༡༩༤༩ལོ་ནས་རྒྱ་དམག་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང་། བོད་ཀྱི་རང་བྱུང་སྐྱེས་དངོས་སྲོག་ཆགས་མང་པོ་རྩ་མེད། མཐོ་སྒང་གི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་གཏོར་བཤིག་ཚད་མེད་བཟོས་པ། ནང་སྒོས་རིག་གནས་གསར་བརྗེ་ཞེས་པའི་རླུང་འཚུབ་འོག་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་རིག་གཞུང་རྩ་མེད། ཆོས་ལུགས་དད་མོས་བཅས་ལ་དོ་ཕོག་འདྲ་མིན་བཏང་བ་སོགས་ཀྱིས། བོད་མི་རིགས་དང་རྒྱ་ནག་དམར་གཞུང་གཉིས་བར་སེལ་ཐབས་མེད་པའི་ཞེ་འཁོན་གྱི་རྨ་ཁ་ཟབ་མོ་བཞག་ཡོད།
གཉིས་པ། སྤྱི་ལོ༡༩༥༡ལོར་རྒྱ་གཞུང་གི་བཙན་སྐུལ་འོག་བོད་རྒྱའི་གྲོས་མོལ་ཞི་བའི་དོན་ཚན་བཅུ་བདུན་ཞེས་པ་འཇོག་དགོས་བྱུང་བ་ནས་ད་ལྟའི་བར་བོད་ཀྱི་ས་ཁུལ་ཡོངས་རྒྱ་ནག་གི་མི་སེར་སྤེལ་ཡུལ་དུ་བསྒྱུར་ཞིང་། རྒྱ་ནག་གི་སྲིད་བྱུས་གང་དུའང་རྒྱ་རིགས་ཆེན་པོའི་རིང་ལུགས་(大众化) ཟེར་བའི་ཡུལ་སྲོལ་ཁྱབ་སྤེལ་བྱས་ཏེ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཉིན་རེའི་འཚོ་བ་སོགས་ལ་གནོན་ཤུགས་ཚད་མེད་འབྱུང་བཞིན་པ་མ་ཟད། རིག་གནས་བཙན་འཛུལ་གྱིས་སྲིད་བྱུས་དེ་ཡིས་བོད་ཀྱི་སྐད་ཡིག་གཙོས་པའི་སེམས་ཁམས་འདུ་ཤེས་དང་། ཀུན་སྤྱོད་རིག་གནས་སོགས་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱིན་ཡོད། སྲིད་བྱུས་འདི་ལ་བསམ་འཆར་འདོན་མཁན་པཎ་ཆེན་བཅུ་བ་མཆོག་གཙོས་པའི་བོད་ཀྱི་མཁས་དབང་རྣམས་དང་བླ་ཆེན་ཁག་ནི་ཁ་བྲལ་རིང་ལུགས་པ་དང་ནུབ་ཕྱོགས་དགྲར་འཛིན་རྒྱལ་ཁབ་ཀྱི་ཕྱོགས་གཏོགས་ཡིན་ཚུལ་གྱི་ཞྭ་མོ་གཡོགས་ཏེ། གཡོ་ཇུས་བསླུ་འགུག་འོག་དམར་གསོད་བྱེད་པ་དང་། ནག་འདེད་ཁྲིམས་མུན་དུ་འཇུག་པའི་སྲིད་བྱུས་སྤེལ་ཕྱོགས་འདི་ཡིས་བོད་དང་རྒྱ་དམར་གཞུང་གཉིས་བར་གནོན་ཐབས་མེད་པའི་ཞེ་འཁོན་གྱི་སྟོབས་ཤུགས་ཁ་སྣོན་བྱེད་ཀྱིན་པ་ཡིན།
གསུམ་པ། སྤྱི་ལོ༢༠༠༢ནས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་བྱས་པ་ནས་ད་ལྟའི་བར་འབྲེལ་མོལ་ཐེངས་དགུ་བྱས་པའི་ནང་། ༧གོང་ས་མཆོག་གཙོས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལྷག་བསམ་རྣམ་དག་གིས་བོད་ཕྱོགས་ཀྱི་ཁེ་ཕན་གང་མང་བློ་བཏང་གིས་བོད་རྒྱའི་འབྲེལ་མོལ་ཀྱི་ཐག་གཅོད་ལ་ཤུགས་སྣོན་ཇི་ལྟར་བྱས་ཀྱང་། རྒྱ་དམར་གཞུང་གིས་བོད་ཕྱོགས་ཀྱི་བསམ་འཆར་ལ་ཕྱེད་རང་བཙན་དང་རྣམ་པ་འགྱུར་པའི་རང་བཙན་སོགས་ཀྱི་མིང་ཆས་འདྲ་མིན་བཏགས་ཏེ་བོད་ཀྱི་མངོན་འདོད་ལ་རྩིས་མེད་རྡོག་རོལ་གཏོང་བའི་ཁར། བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་དམའ་འབེབ་གྱི་སྲིད་བྱུས་ཇེ་མཁྲེགས་སུ་བཏང་བར་བརྟེན། སྤྱི་ལོ༢༠༠༨ལོ་ནས་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རབས་དང་རིམ་པ་སྤེལ་དགོས་བྱུང་པ་དང་། ཞི་རྒོལ་དེར་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་སྡུག་སྦྱོང་གནར་གཅོད་འོག་བོད་མིང་མང་པོ་བཙོན་འཇུག་དང་དམར་གསོད་བཏང་པ་མ་ཟད། མི་རིགས་དབྱེ་འབྱེད་སྲིད་བྱུས་གྱིས་མུ་མཐུད་སྡུག་རྩུབ་དྲག་གནོན་བྱེད་པར་འགྱུར་བ་གང་ཡང་མ་ཐོན་བཅས་ཀྱིས། བོད་མི་མང་པོ་ཞིག་རྒྱ་གཞུང་གི་དམ་དྲག་མནར་གཅོད་འོག་སྡོད་ཐབས་མེད་པའི་དཀའ་སྡུག་གི་ཚོར་བ་ཉིན་རེ་བཞིན་མྱོང་བཞིན་ཡོད།
གོང་གསལ་རྐྱེན་འདི་དག་ལ་བརྟེན་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཚེ་སྲོག་མཆོད་མེར་འབུལ་བའི་ལས་འགུལ་འདི་ཉིད་ཐབས་ཟད་ཨུ་ཐུག་གིས་སྤེལ་དགོས་བྱུང་བ་རེད་ལ། རྒྱ་གཞུང་གིས་གོང་གསལ་འབྱུང་རྐྱེན་གསུམ་ལ་དོན་སྨིན་གྱི་འགྱུར་བ་མ་བཏང་བར་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ནང་གི་འགོ་ཁྲིད་ཁག ཡང་ན་བོད་ཀྱི་བླ་ཆེན་ཁག་སུ་གཅིག་གིས་ཀྱང་གནས་བབ་འདིར་འགྱུར་བ་གཏོང་མི་ཐུབ་པ་མ་ཟད། ད་དུང་མུ་མཐུད་ལས་འགུལ་གྱི་ངོ་བོ་ཇེ་དྲག་དང་ཇེ་རྩུབ་ཏུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ།
རིག་གནས་དང་ལོ་རྒྱུས། ཆབ་སྲིད་སོགས་ཀྱི་འགལ་འདུ་གང་ཡིན་ཡང་དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བརྒྱུད་རིམ་ཁྲོད་འབྱུང་གིན་ཡོད་ལ། བརྒྱུད་རིམ་དེར་ཉམས་ཞིབ་བྱེད་སྐབས་ང་ཚོར་ཅིས་ཀྱང་རྒྱ་བསྐྱེད་ཀྱི་བློ་ཁོག་ཡངས་པོ་ཞིག་དགོས་རྒྱུ་ནི་གལ་གནད་ཤིན་ཏུ་ཆེ། དེ་བས་བསམ་ཚུལ་འདི་ནི་བཙན་བྱོལ་ཁག་ནས་བོད་ཀྱི་མེ་རྒོལ་གྱི་འབྱུང་རྐྱེན་ལ་དཔྱད་པ་གཏོང་ཚུལ་དང་ཅུང་མི་མཐུན་ས་ཡོད་ལ། ཁྱད་པར་རྡ་སའི་ཚོགས་པ་འདྲ་མིན་གྱི་བརྗོད་སྟངས་དང་མི་འདྲ་ས་ཤིན་ཏུ་མང་། འོན་ཀྱང་བོད་ཀྱི་མེར་རྒོལ་གྱི་ལས་འགུལ་འདི་ཉིད་རྒྱལ་སྤྱིའི་ཁྲིམས་གཞི་ཁག་དང་། དངོས་ཡོད་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པའི་སྒོ་ནས་བརྗོད་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་མ་ཟད། ཧམ་བཤད་དང་། འབྲེལ་བ་མེད་པའི་ཚིག་ལྷག་མང་པོ་བཤད་པ་ནི་རྒྱལ་སྤྱིའི་དོ་སྣང་མི་ཡོང་བའི་རྐྱེན་དུ་འགྱུར་སྲིད་སྙམ་ནས། འདིེེར་དངོས་ཡོད་དང་དགོས་མཁོ་གཉིས་ཁ་མཐུན་གྱི་སྒོ་ནས་གླེང་ཁུལ་བྱས་ཡོད། དེར་བསམ་ཚུལ་གཞན་ཡོད་ན་དེ་ལུགས་ཀྱིས་འཕྲི་སྣོན་བྱ་ཆོག

སྣ་ཚོགས།

Post navigation

Previous Post: ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གཏམ་བཤད།
Next Post: རེབ་གོང་ནས་ཡོང་པའི་པར་དང་གློག་བརྙན།

Comments (2) on “མེ་རྒོལ་གྱི་འབྱུང་རྐྱེན་གསུམ་འདི་ལྟར་ཤོད།”

  1. ཐོར་རྒོད་པ་སྤྱན་ཆབ། says:
    2012-03-16 at 1:44 pm

    ཡག་གི་བསམ་ཐལ། དོན་ངོ་མར་སྲིད་ཀྱི་སྐད་ཆ་འདི་ཡོད་ཚད་དྲང་བཤད་བྱས་པས་ཁྱོན་ནས་མི་འགྲིག་ལ་ཐམས་ཅད་འཁྱོག་པོར་བརྗོད་པས་ཀྱང་གཏན་ནས་ཆོག་པ་ཞིག་མིན་པས་ངོ་མར་གཟབ་དགོས་པའི་ས་དང་གནས་རེད་བསམ་གི མ་ཟད་ད་ལན་ང་ཉིད་ཀྱི་མགྲོན་པོ་ཐོག་མ་ཡིན་པས་དགའ་བོ་བྱུང་སོང་།

  2. ཁ་བའི་སྒྲོལ་མ། says:
    2012-03-16 at 2:09 pm

    རྩོམ་རིན་འབབ་ཀི་ཨ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme