Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར།

Posted on 2012-03-162012-03-16 By ཁ་བརྡ་ 23 Comments on མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར།


ཨ་རིག་འགྱུར་མེད་ཀྱིས།
(༢༠༡༢ ལོའི་ཟླ་ ༠༣ ཚེས་ ༡༥ ། རེས་གཟའ་ཕུར་བའི་ཉིན།)

ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཡས་མས་སྟེང་། ང་རང་མདོ་སྨད་དབུས་རྒྱུན་གསར་རྙིང་གི་རྒྱུན་ལས་མི་སྣ་བརྒྱད་ཀྱིས་གྲུབ་པའི་ཚོགས་ཆུང་ཞིག་དང་ལྷན་དུ་བཞུགས་སྒར་གངས་ཅན་སྐྱིད་གཤོངས་ནས་རྡོག་ཐོན་བྱས། ཚོགས་ཆུང་འདི་ནི་ཉེ་ཆར་གྲུབ་མ་ཐག་པའི་མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་བའི་ཚོགས་ཆེན་གཉིས་པའི་སྟེང་བདམས་ཐོན་བྱུང་བའི་སྐབས་བཅོ་ལྔ་བའི་རྒྱུན་ལས་གསར་བ་ཁག་ཅིག་དང་། སྐབས་བཅུ་བཞི་བའི་རྒྱུན་ལས་རྙིང་པ་ཁག་ཅིག་རེད། ཐེངས་འདིར་ཁོང་ཚོ་ཆད་དུ་ཟླ་འདིའི་གསུམ་བཅུའི་དུས་དྲན་ཉིན་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་འགོ་འཛུགས་གནང་བའི་ “ངྷ་ས་ནས་ལྷ་ས་བར་” གྱི་གོམ་བགྲོད་གནང་མཁན་གླིང་ཚ་རྡོ་རྗེ་ཚེ་བརྟན་མ་བུ་གསུམ་ལ་གཟིགས་སྐོར་དུ་ཕེབས་པ་རེད།

ངྷ་ས་ནས་ཆུ་ཚོད་ལྔ་ཙམ་ལ་འགྲུལ་བཞུད་བྱས་རྗེས་གཞི་ནས་སྤྱི་ལེ་ ༡༥༠ ཙམ་ཡོད་པའི་པན་རྗེབ་མངའ་སྡེའི་ན་གྷལ་གྲོང་ཁྱེར་དུ་འབྱོར་བ་དང་། ཁོང་མ་བུ་གསུམ་གྱིས་ལམ་ཟུར་གྱི་ཟ་ཁང་ཆུང་ཆུང་ཞིག་ཏུ་ངལ་གསོ་བཞིན་པ་དང་སྟབས་འཁེལ། ངྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཟོད་པ་ལགས་ཀྱང་ཁོང་ཚོ་དང་མཉམ་དུ་གོམ་བགྲོད་གནང་གིན་འདུག་ལ། ཚེ་བརྟན་རྡོ་རྗེས་ “ཁོང་ནི་ཐེངས་འདིར་ཁོང་མ་བུ་གསུམ་དང་མཉམ་དུ་དང་བླངས་ངང་ཕེབས་པའི་གསར་འགོད་པ་ཡིན་པ་དང་། ཁོང་གི་བཀའ་དྲིན་ཏུ་ཁོང་མ་བུ་གསུམ་གྱི་གནས་སྟངས་སོགས་དྲ་རྒྱ་ཁག་ཏུ་ཐོན་གི་ཡོད” ཟེར།

ས་གནས་དེར་མདོ་སྨད་དབུས་རྒྱུན་གསར་རྙིང་གི་རྒྱུན་ལས་རྣམས་ཀྱིས་ཁོང་མ་བུ་གསུམ་ལ་འཚམས་འདྲི་གནང་བ་དང་། དབུས་རྒྱུན་གསར་རྙིང་གི་རྒྱུན་ལས་རྣམས་ངོ་སྤྲོད། ཐེངས་འདིར་ཁོང་མ་བུ་གསུམ་ལ་ཆེད་དུ་གཟིགས་སྐོར་དུ་ཕེབས་པའི་སྐོར་གསུངས་པར་མ་ཟད། མདོ་སྨད་དབུས་རྒྱུན་མགོན་པོ་དོན་གྲུབ་ལགས་ཀྱིས་ “ཁྱེད་མ་བུ་གསུམ་གྱི་དཀའ་ཁག་དང་ཉེན་ཁར་མ་འཛེམ་པར་འདི་ལྟར་ངལ་བ་ཁྱད་བསད་ཀྱིས་བོད་མི་རིགས་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཞི་བའི་གོམ་བགྲོད་གནང་བར་ང་ཚོས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ་གིན་ཡོད། དེ་རིང་ང་ཚོ་འདིར་ཆེད་དུ་ཡོང་སྟེ་ཁྱེད་ཚོའི་གནས་སྟངས་ལ་གཟིགས་སྐོར་དང་། མ་འོངས་པར་ཡང་ང་ཚོས་ལྡི་ལི་དང་བལ་ཡུལ་སོགས་ཀྱི་ས་གནས་རྒྱུན་ལས་རྣམས་ལ་ཁྱེད་ཚོའི་བདེ་སྡུག་དང་གནས་སྟངས་ལ་གཟིགས་སྐོར་བྱ་དགོས་པའི་མངགས་བཅོལ་བྱ་རྒྱུ་ཡིན། ང་ཚོ་ནམ་ཡིན་རུང་ཁྱེད་ཚོའི་རྒྱབ་ཏུ་ཡོད་” ཅེས་གསུངས།

དེ་བཞིན་རྒྱུན་ལས་གཞན་རྣམས་ཀྱིས་ཀྱང་ཁོང་མ་བུ་གསུམ་ལ་གླེང་མོལ་སྣ་ཚོགས་བྱས་པ་དང་། ཁོང་ཚོའི་ཞིམ་པ་མེད་པའི་སྙིང་སྟོབས་ལ་ཡི་རང་བསྔགས་བརྗོད། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་གདེང་འཇོག་གནང་།

འདི་ནི་ཁོང་མ་བུ་གསུམ་གྱིས་ངྷ་ས་ནས་འགོ་བརྩམས་པའི་ཞི་བའི་གོམ་འགྲོད་འདིའི་ཉིན་དྲུག་པ་རེད་ལ། ཚེ་བརྟན་རྡོ་རྗེས་བརྗོད་ན་ཁོང་ཚོ་ཞོགས་པའི་ཆུ་ཚོད་ ༦ ཡས་མས་དགོང་མོར་ས་མ་རུབ་བར་དུ་གོམ་བགྲོད་བྱ་གིན་ཡོད་ཟེར། བལྟས་ཚོད་ལའང་ཁོང་མ་གསུམ་ངྷ་ས་ནས་ཁ་བྲལ་བའི་ཉིན་མོ་དང་བསྡུར་ན། གདོང་པ་ཉི་འོད་ཀྱིས་བསྲེགས་པ་དང་ཚེ་བརྟན་རྡོ་རྗེ་སྐམ་པོ་ཆགས་པ། ལྷ་མོ་སྐྱིད་ཀྱི་རྐང་པར་ཆུ་བུར་བུད་པ་སོགས་བྱུང་འདུག

གསར་འགོད་པས་ཨ་མ་སྡོམ་པོ་སྐྱིད་ལགས་སུ་ངྷ་ས་ནས་ད་བར་གོམ་བགྲོད་གནང་སྐབས། ཁྱེད་ལ་དཀའ་ངལ་གཙོ་བོ་གང་དག་འཕྲད་མིན་དྲིས་པར། ཁོང་མོས་ “ཉེ་ཆར་རྒྱབ་ཁུག་ལྗིད་ཁོག་ཆེ་བ་སོགས་ཀྱི་རྐྱེན་པས་རྒྱབ་ཏུ་རྨ་བཟོས་པ་སོགས་དཀའ་ངལ་ཅུང་ཙམ་བྱུང་མོད། དེ་ནི་དཀའ་ཁག་ཅིག་ཏུ་སེམས་བཞིན་མེད། གོམ་བགྲོད་འདི་འགོ་མ་བཙུགས་གོང་ནས་དཀའ་ངལ་འདྲ་མིན་འཕྲད་ཡོང་བ་ཤེས་ཡོད། ལྷག་པར་དུ་ཁ་སང་ཡང་བོད་ནང་དུ་རང་ལུས་མེར་བསྲེགས་བཏང་འདུག གནས་ཚུལ་དེ་དག་དང་བསྡུར་ན་ངའི་དཀའ་ཁག་འདི་གང་ཡང་མ་རེད།” ཅེས་དང་། ཡང་ “ད་ལྟ་ངའི་སེམས་ཁྲལ་ཆེ་ཤོས་བུ་མོ་རེད། མོ་ལོ་ཆུང་ཆུང་དང་དཀའ་ཚེགས་མྱང་མྱོང་མེད་སྟབས། མོའི་རྐང་པར་ཆུ་བུར་བུད་པ་དང་གདོང་པ་ཉི་འོད་ཀྱིས་བསྲེགས་པ་མཐོང་དུས་སེམས་ཁྲལ་ཆེན་པོ་འདུག” ཅེས་ཁོང་གི་ཆོད་སེམས་དང་བུ་མོར་བཅངས་པའི་ཨ་མ་ཞིག་གི་དུང་ཞེན་ཟབ་མོ་ཕྱིར་མངོན།

བུ་མོ་ལྷ་མོ་སྐྱིད་ཀྱིས་གསར་འགོད་པར། “ང་ཚོས་ཞི་བའི་འཐབ་རྩོད་འདི་ཚེས་བཅུ་ནས་འགོ་བརྩམས་ཏེ་ད་བར་ཉིན་དྲུག་མ་གཏོགས་ཕྱིན་མེད། ཉིན་འདི་དག་རིང་ང་ཚོར་ཟ་འཐུང་གི་དཀའ་ངལ་གང་ཡང་མ་བྱུང་མོད། ཉིན་དྲུག་ལ་རྐང་ཐང་དུ་གོམ་བགྲོད་བྱས་རྐྱེན་རྐང་པར་ཆུ་བུར་བུད་པ་སོགས་བྱུང་། འོན་ཀྱང་། དེ་ནི་དཀའ་ཁག་ཅིག་ཏུ་མཐོང་གི་མེད། ལྷག་པར་དུ་མི་མང་གིས་ང་ཚོར་རྒྱབ་སྐྱོར་དང་སེམས་ཁུར་ཤུགས་ཆེར་བྱེད་ཀྱིན་པར་ང་རང་ཧ་ཅང་དགའ་བོ་བྱུང་།” ཟེར།

གསར་འགོད་པས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་ཁྱེད་ཀྱིས་ཐེངས་འདིའི་གོ་སྐབས་འདི་བརྒྱུད་ནས་བྱེས་སྡོད་བོད་མི་རྣམས་ལ་བརྗོད་ན་འདོད་པའི་སེམས་ནང་གི་སྐད་ཆ་གང་ཡིན་ཞེས་དྲིས་པར། ཁོང་གིས་ “ད་ལྟ་ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་མི་རྣམས་གཞིས་ལུས་མི་མང་གི་མགྲིན་ཚབ་པ་བྱེད་པའི་དུས་ཚོད་གནད་འགག་ཅན་ཞིག་ཏུ་བསླེབས་འདུག ང་ཚོ་མགྲིན་ཚབ་པ་བྱེད་རྒྱུའི་འོས་འགན་འདུག་དང་མི་འདུག གལ་སྲིད་ཡོད་ན་ང་ཚོས་ཅི་ཞིག་བྱ་ཐུབ་ཀྱི་རེད། དེ་ལ་མི་ཚང་མས་རང་རང་གི་ངོས་ནས་བསམ་བློ་བཏང་སྟེ། ལག་ལེན་དུ་འཁྱོལ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད།” ཟེར།


མདོ་སྨད་དབུས་རྒྱུན་ལས་བསྟན་པའི་དངོས་གྲུབ་ལགས་ཀྱིས། “ཉེ་ཆར་མདོ་སྨད་ཚོགས་ཆེན་གྱི་དབང་གིས་ད་བར་ཡོང་ཐུབ་མ་སོང་མོད། དེ་རིང་ང་ཚོ་ཆེད་དུ་འདིར་ཡོང་སྟེ་ཁོང་མ་བུ་གསུམ་ལ་ང་ཚོ་མདོ་སྨད་དབུས་རྒྱུན་གསར་རྙིང་གང་ཡིན་རུང་། ཁྱེད་མ་བུ་གསུམ་གྱིས་བོད་མི་རིགས་ཀྱི་ཆེད་དུ་འདི་ལྟར་རླབས་ཆེ་བའི་ལས་འགུལ་སྤེལ་གྱིན་པར་རྒྱབ་སྐྱོར་དང་། ཁྱོད་ཚོར་ས་གནས་གང་དུ་དཀའ་ངལ་འཕྲད་རུང་ང་ཚོ་དེ་རུ་ཡོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཞུས་ཡོད།” ཟེར།

དེ་ལྟར་ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་དབུས་རྒྱུན་རྣམས་དང་གོམ་བགྲོད་པ་རྣམས་ཀྱིས་ཕན་ཚུན་གྱི་ལག་ནང་དུ་ལག་པ་བཞག སེམས་པའི་ནང་དུ་སེམས་པ་བཞག་སྟེ་གླེང་མོལ་བྱས་རྗེས། ཁོང་མ་བུ་གསུམ་གྱིས་མུ་མཐུད་དེ་གོམ་བགྲོད་འགོ་འཛུགས་ཀྱིས་ལམ་ལ་བུད། ལྷ་མོ་སྐྱིད་ཀྱིས་འདེད་འཁོར་ཆུང་ངུ་དེ་དེད་ཅིང་། ཚེ་བརྟན་རྡོ་རྗེས་ཉལ་ཆས་སོགས་རྡོག་ཁྲེས་ཡང་མོ་འགའ་ཁུར། ཨ་མ་སྡོད་པོ་སྐྱིད་ཀྱིས་བཤད་ན། “འདེད་འཁོར་དེ་ཡོད་སྟབས་ད་ལྟ་དཀའ་ངལ་གང་ཡང་མེད་པར། སྟབས་ཧ་ཅང་བདེ” ཟེར།

འདི་ལྟར་ཁོང་མ་བུ་གསུམ་པོ་ཡང་བསྐྱར་ང་ཚོའི་མཐོང་ལམ་ནས་རྒྱང་རིང་དུ་ཕྱིན་སོང་།

གསར་འགྱུར།

Post navigation

Previous Post: དཔལ་གྱི་ལྷ་མོ།
Next Post: ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།

Comments (23) on “མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར།”

  1. ཀླུ་སྨྱོན། says:
    2012-03-16 at 2:11 am

    ཁོང་གིས་དཀའ་ལས་བརྒྱབ་སྟེ་བྲིས་པའི་བརྩམས་སྒྲུང་དེབ་་་་་གྲྭ་པ་མི་བྱེད། སྦྱིན་བདག་མི་དགོས་་་ཞེས་པ་དེ་ཚར་གཅིག་ཀློག་གི་ཡིན། ངས་འདི་ཙམ་མ་གཏོགས་ཅི་ཡང་མི་འཇོན། རྒྱབ་སྐྱོར་ཡོད་ཅིག་ཡོད་མུག་ཡོད་སོགས་ཁ་སྟོང་ནང་གི་ཚིག་སྟོང་དེ་ཡང་ལབ་མི་ཐུབ།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-03-16 at 2:35 am

    གླིང་ཚ་རྡོ་རྗེ་ཚེ་བརྟན་མ་བུ་གསུམ་རྒྱལ་ལོ། །

    ལོ་ཆུང་བུ་མོའི་ངོ་གདོང་ཉི་མར་བསྲེགས། །
    ཨ་མ་བཟང་མོའི་སེམས་པ་མི་བཟོད་ངང་། །
    ཨ་ཕ་ངར་མའི་སེམས་ཤུགས་ནུས་པ་ཡིས། །
    དྷ་ས་ནས་ཐོན་བོད་དོན་་གོམ་བགྲོད་བཟང་། །

    བདེན་པ་རྒྱལ་ལོ། བོད་རིགས་རྒྱལ་ལོ། གླིང་ཚ་ནང་མི་རྒྱལ་ལོ། །

  3. རྒྱ་མཚོ་ཆེན་པོ་ says:
    2012-03-16 at 2:59 am

    རྒྱལ་གཅེས་དཔའ་བོ་མ་བུ་གསུམ་ལ་སྙིང་ནས་བསྟོད་ཅིང་རྗེས་སུ་ཡི་རང་ངོ་། ཐུགས་དགོངས་མཐར་ཕྱིན་པ་སྨོན་འདུན་ཞུའོ།

  4. དཔྱིད་འགོའི་མེ་ཏོག says:
    2012-03-16 at 5:30 am

    ལས་སླ་བོ་མ་རེད་ཁོང་རྣམས་ཀྱི་སྙིང་སྟོབས་འདི་བོད་མིའི་གཟི་བརྗིད་རེད།

  5. ཟངས་རྡོ། says:
    2012-03-16 at 5:33 am

    དཔའ་བོ་རེད་ལྷག་བསམ་འདུག་ཡི་རངས་ཞུ།

  6. ཀརྨ་ཡེ་ཤེས says:
    2012-03-16 at 6:08 am

    ཀརྨ་མཁྱེན་ནོ། ཁྱེད་མ་བུ་གསུམ་ལམ་འགྲོ་དང་བར་ཆད་མེད་པར་ཤོག བོད་རྒྱལ་ལོ། །

  7. སྨུ་ཐག་གི་བུ་རྒྱུད། says:
    2012-03-16 at 6:26 am

    ཀརྨ་ཡེ་ཤེས་ལགས་ཀྱིས་སྨོན་ལམ་འདེབས་སྟངས་དེར་འགྱུར་བ་ཞིག་བཏང་ན་གང་འདྲ་འདུག གོ་བ་ཁྱད་མཚར་ཞིག་མི་ལེན་པའི་ངེས་པ་མི་འདུག

  8. དབྱི་ཆུའི་རླབས་སྒྲ། says:
    2012-03-16 at 7:34 am

    ང་ཚོའི་བཙན་བྱོལ་བོད་པའི་མི་ཚང་འདི་དང་ལྟ་བུ་ཞིག་ཧ་ཅང་དཀོན་པའི་ཡུལ་དུ་གྱུར་སྔགས་བརྗོད་དང་ཡི་རང་སེམས་གཏིང་ནས་ཡོད་། གཞན་བོད་པའི་སྤྱི་ཚོགས་འཁྲོད་དུ་ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་ནས་ཁ་རླབས་རེ་རྒྱབ་ནས་འདུག་པ་ལས་ད་དུང་གོང་ས་མཆོག་གིས་དགོངས་གཞི་ལ་ལོག་པར་ལྟ་མཁན་ཁ་ཤས་ཡོད་དེ་ཚོས་ལས་འགུལ་ཞེས་དུས་ཁ་རླབས་རེ་རྒྱབ་པ་མ་གཏོགས་ཅི་ཡང་མི་འདུག་

  9. གངས་ཅན་དོན་སྒྲུབ་ says:
    2012-03-16 at 10:17 am

    ཁྱོད་ཚོ་མ་བུ་གསུམ་གྱི་བྱས་རྗེས་ལ་ང་ཚོ་བོད་རིགས་སྤུན་ཟླ་ཡོངས་ནས་དགའ་བསུ་དང་བྱ་བ་ལྷུན་གྱི་སྒྲུབ་པའི་སྨོན་ལམ་ཞུ།

  10. རྒྱལ་བསྟན། says:
    2012-03-16 at 11:01 am

    སྙིང་སྟོབས་ཅན་གྱི་མ་བུ་གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  11. མྱི་ལྟིག says:
    2012-03-16 at 11:12 am

    ཨ་མ་སྡོམ་པོ་སྐྱིད་མ་བུ་གསུམ་པོར་རྗེས་སུ་ཡི་རངས་ཡོད་མོད།
    དེ་མིན་གྱི་ད་ལོའི་འུ་ཚང་གི་ལས་བྱེད་པ་ཁག་ཅིག་གི་ཚུགས་ཀར་བལྟས་ན
    བོད་ཀྱི་གཏམ་དཔེ་ཞིག་དྲན་ཡོང་གི་འཇུག་གི
    དེ་ནི རྟ་འདོ་བའི་ཡ་ཁར་བལྟས་ན རྩ་ཟ་བའི་ཨེབ་ཁ་མེད་ཀི
    ཟེར་བ་འདི་ཡིན།

  12. ཀ་དག་ཆོས་དབྱིངས། says:
    2012-03-16 at 11:39 am

    འཇིག་རྟེན་གྱིས་ཁ་དཔེར། མི་འུ་ཐུག་ནས་ལྷ་ལ་གསོལ་བ་འདེབས་ཞེས་པ་ལྟར། ཀརྨ་ཡེ་ཤེས་འདིས་དའང་ཅི་ཟེར། ཕལ་ཆེར་བརྗོད་འདོད་དངོས་ནི་ཀརྨ་པ་མཁྱེན་ནོ་ཞེས་པ་དེ་ཡིན་ཤས་ཆེ། ཤ་ཚ་ཀླད་ལྗང་ནང་གི་རྨོངས་དད་ཀྱི་འཆོལ་གཏམ་དང་ཆོས་ལུགས་ཞེན་ཁོག་གིས་རྒྱུད་སྦོས་ཤིང་ཤེས་རབས་ཀྱི་མིག་ཟུང་ཞར་བའི་དམུ་ལོང་གིས་འོ་འདོད་ཤིག་ལས་དངོས་བདེན་འཚོལ་བའི་འབོད་སྒྲ་ཞིག་མིན་པར་ཀུན་གྱིས་ཧ་གོང་ཡོང་། ཤ་ཚ་མིའུ་ཁྱོད། བོད་རྒྱལ་ལོ།

  13. བསམ་གཏན། says:
    2012-03-16 at 12:05 pm

    གླིང་ཚ་མ་བུ་གསུམ་གྱིས་བློས་གཏོང་འདིར་རྗེས་སུ་ཡི་རངས་ཞུ།་མགོ་ཐོག་ན་བཙན་བྱོལ་བའི་མིང་དོན་ཡོད་པའི་མི་རྣམས་འདི་ལྟར་ལམ་ལ་ཆས་ཐུབ་ཚེ་གདོང་དམར་བ་ཚང་རེ་བ་ཡོད་ངེས་ཡིན།

  14. ཀརྨ་ཡེ་ཤེས says:
    2012-03-16 at 12:52 pm

    དགྱེས་རྡོར་ཟེར་བ་དེ་ཀ་དག་ཆོས་དབྱིངས་སུ་རྫུས་ནས་ཡང་ཁོ་པའི་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་མཚན་སྨོད་ག་ཚོད་བཏང་སོང་དེ་ཁྲིམས་འགལ་མིན་ན་གུས་པ་ཁྲིམས་འགལ་དོན་མེད། འབྲི་གུང་གི་ཁྱི་རོ་འདི་ཚོ་དྲི་མ་ཐུལ་བ་ལ་དྲ་གྲོགས་ཚོས་སྣ་ཡ་མ་བྱས་ན་ཡག་ཤོས་རེད།

  15. ཀིརྟི་སྐྱབས། says:
    2012-03-16 at 1:18 pm

    “རང་དོན་བསྒྲུབས་ལ་ནམ་ཡང་མི་རེ་ཞིང་”ཞེས་གསུངས་པ་ལྟར་་་གུར་འུས་བའི་གླིང་ཚ་མ་གསུམ་གྱིས་གཞན་དོན་དང་དྲང་བདེན་བསྒྲུབས་བཞིན་པ་ལ་་་་་དཀར་ཕྱོགས་དང་དྲང་བདེན་ལ་དགའ་བའི་ལྷ་མི་ཀུན་ཀྱིས་རྒྱབ་རྟེན་མཛད་པར་ཤོག གླིང་ཚ་མ་བུ་གསུམ་རྒྱལ་གྱུར་ཅིག་་་་ཤིང་ཟ་གཞོན་ནུགསུམ་རྒྱལ་གྱུར་ཅིག་་་་་ཁྱེད་རྣམས་པའི་སྐུ་སྲོག་ལ་བར་ཆད་མེད་པར་སྨོན་་་མེད་སྨོན་་་མེད་པར་སྨོན་་་ང་ཡིས་་་མིག་ཆུ་གཅིག་་་མིག་ཆུ་གཉིས་་་མིག་ཆུ་གསུམ་་་མིག་ཆུ་བཞི་་་མིག་ཆུ་ལྔ་་མིག་ཆུ་དྲུག་་་ཨ་ཨ་ཨ་ཁ་ཁ་་་དངོས་གནས་སྐྱོ་ཀི་ཡ་་་ང་ལ་ནུས་ཤིག་མེད་ཀི་་་བོད།

  16. དཔལ་དགྱེས་པ་རྡོ་རྗེ། says:
    2012-03-16 at 1:47 pm

    དའང་དཀོན་མཆོག་མཁྱེན་ཀརྨ་ཡེ་ཤེས་འདིས་སྡོད་བཅུགས་མ་ཐལ། ངའི་ཆོས་བརྒྱུད་ཀྱང་ད་དུང་མི་ཤེས་བ་ཁྱོད་ར་བཟི་ནི་མིན་འགྲོ། ད་ང་གཉིས་མ་བཤད་ན་དགའ་ནི་རེད། གུ་རུ་རིན་པོ་མཁྱེན་མི་ངན་འདིས་ད་ག་རེ་དྲག

  17. ཆོས་འགྲུབ། says:
    2012-03-16 at 1:49 pm

    གླིང་ཚ་ཚེ་བརྟན་མ་བུ་གསུམ་གྱི་བློ་སྟོབས་དང་། ཆོད་སེམས་ལ་ཡིད་རང་ཞུ། དཔར་ནང་གི་ཨ་མའི་གཡས་ཕྱོགས་ཀྱི་བླ་རྒན་རྒྱགས་པ་དེས་ཨ་མ་སྡོམ་མོ་སྐྱིད་ལ་སེམས་ངན་འཆང་ཡོད་ན་ཤེས་ས་མ་རེད། ཁོ་ཚེ་བརྟན་རྡོ་རྗེའི་ཕ་གཡར་བྱེད་འདོད་ཡོད་ས་རེད།

  18. སྡུག་གསུམ་ནས་ says:
    2012-03-16 at 1:51 pm

    སེམས་གཤུགས་ཅན་གྱི་མ་བུ་གསུམ།
    རུས་སྦལ་འགྲོས་ཀྱི་གོམ་གྲོད་ཀྱི།
    སེམས་ཀྱི་བསམ་པའི་དགོས་འཁོ་དེ།
    རེ་བ་ཇི་བཞིན་འགྲུབ་པར་ཤོག།

    དྲན་ཚད་ཐམས་ཅད་བོད་དོན་དུ་འགྱུར་བར་ཤོག།
    བྱས་ཚད་ཐམས་ཅད་གཞུང་དོན་དུ་འགྲོ་བར་ཤོག།
    བཤད་ཚད་ཐམས་ཅད་དྲང་པོ་ཡིན་པར་ཤོག།
    གཞུང་ལས་ཐམས་ཅད་གེར་ལས་མིན་པར་ཤོག།

  19. མངར་སྐྱུར་ says:
    2012-03-16 at 5:51 pm

    ཆོས་ལུགས་ཕྱོགས་རིས་ཀྱི་ཞེ་ལྟ་མཐུག་ཅིང་ཅུང་ཟད་ཚིག་ལ་ཕོག་ཚེ་དུག་སྦྲུལ་བཞིན་ལུགས་བཟང་དག་ལ་ཁྱི་རོ་ཞེས་སྨོད་ཚིག་དེ་འདྲ་མ་ཐོན་ན་དགའ། དེ་བས་སྤུན་ཟླ་རྣམས་ཀྱིས་ང་དང་ཁྱོད་གཙོས་པའི་ས་ཡ་དྲུག་གི་ལས་དབང་གི་ཕྱིར་གཅེས་པའི་ཚེ་སྲོག་འབུལ་བཞིན་པའི་གནས་ཚུལ་ལ་གཟིགས་ནས་རྒྱ་དམར་ལ་རྒོལ་བའི་བ་སྤུ་རེ་ཡང་ཡར་ཟེངས་ཐུབ་ན་མི་དགའ་འམ།

  20. སྟག་སྨྱོན། says:
    2012-03-16 at 6:17 pm

    གྲུབ་འབྲས་གང་འདྲ་ཞིག་ཐོབ་མིན་བཤད་དཀའ་ཡང་། སྤོབས་པ་ནི་སྤོབས་པ་རང་ཡིན་པས་རིན་ཐང་ཆེན་པོ་རེད། འོན་ཀྱང་སྐྱབས་བཅོལ་འབུམ་བརྒལ་བའི་ནའང་འདི་ལྟར་དཀའ་ལས་བརྒྱག་མེད་ས་ཞིག་ནས། ཁྱོད་ཚོས་རང་སྡུག་རང་གིས་ཁུར་ནས་འདི་ལྟར་འགྲོ་བ་མི་གཤིས་དྲང་དྲགས་པ་རེད། ལས་རྒྱུས་འབྲས་ཡོད་ན་ཁྱེད་རང་ཚོ་ལས་རྒྱུ་འབྲས་ཀྱིས་མི་སླུ་བའི་རེ་བ་ཡོད། དེ་མིན་རྡ་སའི་སྐུ་ངོ་ཚོས་སླུ་གི་རེད་གདའ།

  21. རྡོ་རིགས་པའི་མདའ་མོ། says:
    2012-03-18 at 12:42 am

    བཙན་བྱོལ་བའི་སྤྱི་ཚོགས་ཁྲོད། ཆེས་མོད་པ་ནི་འགན་མི་འཁུར་བའི་སྐད་ཆ་དག་ཡིན། ཁ་ནས་སྙིང་རྗེ་ཟེར་བ་དང་ཁ་གཡང་འབོད་པ། སྒོར་ལྡོག་འགས་ཞལ་འདེབས་རྒྱག་པ། ད་དུང་མིག་ཆུ་དང་ཁ་ཏགས་དེ་ལས་མང། ངས་བལྟས་ན་མི་རེ་ངོ་རེ་ནས་འགན་ཞིག་ཁུར་ན་རེད། གང་ཞིག་ན་ཆད་ཡོད་པ་དང་ཁ་སྐོང་དགོས་ས་ཡོད་ན་དེ་ལ་རྒྱུགས་ཐུབ་དགོས་པར་འདོད་ཡོད།

  22. ཏ་ར་ says:
    2012-03-19 at 12:49 am

    Jgyut

  23. གནམ་གྱི་བུ། says:
    2012-03-19 at 12:08 pm

    མཆན་འདེབ་ན་ཡང་ངོ་ཤེས་དགོས་་་དེ་མེད་ན་མཆན་རྩིས་མེད་ཡིན ངོ་ཤེས་པ་ཡོད་ན་རིན་ཐང་ཡིན་ རྒྱབ་སྐྱོར་ནི་ཡོད་ན་གཟི་་བརྗིད་ཡིན འདི་བོད་པའི་འགྲོ་སྟངས་རེད འདི་བོད་པའི་ཕམ་ཁ་འང་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme