Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཎི་དུང་སྒྲུབ་དང་གོམ་བགྲོད་པར་རྒྱབ་སྐྱོར།

Posted on 2012-03-15 By ཁ་བརྡ་ 9 Comments on མ་ཎི་དུང་སྒྲུབ་དང་གོམ་བགྲོད་པར་རྒྱབ་སྐྱོར།


གསར་འགོད་པ། རྡོ་རྗེ་ཚེ་རིང་གིས།

སྤྱི་ཟླ་༠༣པའི་ཚེས་༡༥་ཉིན་ཏེ་རེས་གཟའ་ཕུར་བུའི་ཉིན་༼ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་༽ཀྱི་ཚོགས་གཙོ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གསུང་དོན། ང་ཚོའི་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༨ལོ་ནས་མཐུན་ཚོགས་གསར་བ་ཚུགས་པ་ཡིན་ལ་དེ་ཚུགས་དགོས་པའི་རྒྱུ་མཚན་ནི། ༢༠༠༨ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ནས་བོད་ལ་ཧང་སང་བའི་དཀའ་ངལ་འཕྲད་པའི་རྒྱུ་མཚན་དེ་ལ་བརྟེན་ནས་༼ཆོལ་ཁ་གསུམ་གཙོ་བོར་གྱུར་བའི་རྡ་ས་མདོ་སྟོད་ཚོགས་པ་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་རྒྱལ་ཡོངས་བཙོན་གྲོལ་ཚོགས་པ། རྡ་ས་ཆོལ་གསུམ་དྭང་བླང་མི་མང། ཚོང་ཁང་སྐྱིད་སྡུག ཟ་ཁང་སྐྱིད་སྡུག ༽བཅས་བཅུ་གཅིག་གིས་གྲུབ་པ་ཞིག་ཡིན་ལ། གང་ལྟར། བོད་དུ་བོད་མི་དེ་འདྲའི་མང་པོ་ཞིག་འདས་གྲོངས་སུ་འགྲོ་བཞིན་ཡོད་རེད་ལ། རྒྱ་མིས་བཙན་གནོན་དེ་འདྲ་ཞིག་བྱེད་ཀྱིན་ཡོད་པ་རེད། དེ་བས་ང་ཚོས་དེ་ལ་མཚོན་པའི་ལས་ཀ་ཞིག་བྱེད་རྒྱུ་བྱས།

ང་ཚོ་བོད་འདི་ནི་ནང་པ་སངས་རྒྱས་པ་རེད། ཡིན་ན་ཡང་། བོད་དུ་དེང་སང་དེ་འདྲའི་རྐྱེན་ངན་བྱུང་ཡང་རོགས་རམ་དང་ཆག་སྐྱོར་བྱེད་ཐབས་མེད་པས་ཁོང་ཚོར་ང་ཚོས་རོགས་རམ་གང་བྱེད་དགོས་ཞེ་ན། བོད་ཀྱི་སྔ་མའི་དུས་རིང་ཀྱི་སྐུ་ཕུང་མེར་མཆོད་བཏང་བ་རེ་རེའི་ཆེད་དུ་དཀོན་མཆོག་ལ་མཆོད་འབུལ་དང་མི་ཎི་དུང་སྒྲུབ་ཀྱི་དགོངས་རྫོགས་ལྟ་བུ་དེ་འདྲའི་ལས་ཀ་རྒྱ་ཆེན་པོ་དེ་འདྲ་ཞིག་བྱས་པ་ཡིན།

ང་ཚོས་མ་ཎི་དུང་སྒྲུབ་འཚོགས་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། གཙོ་ཆེར་བོད་དུ་ཡོད་པའི་བོད་རྒྱ་ཆེའི་མི་མང་དེ་དག་ལ་དངོས་གནས་དྲང་གནས་ཐོག་རྒྱ་མིས་བཙན་ཤུགས་ཀྱིས་སོ་སོ་རང་གི་ཆོས་དང་རིགས་གཞུང་ལས་རིགས་ལ་སོགས་པ་ཆ་ཚང་རྩ་བརླག་བཏང་བས། རྒྱལ་གཅེས་དཔའ་བོ་དག་གིས་འཚེ་མེད་ཞི་བའི་ལྟ་བའི་ཐོག་ནས། འཚེ་མེད་ཞི་བ་དང་མ་འགལ་བའི་ཐོག་ནས་དགོངས་པ་བཞེས་ཏེ་༼ང་ཚོ་ལ་༸གོང་ས་མཆོག་དང་མཇལ་ཐུབ་པ་དགོས་ཀྱི་ཡོད། ང་ཚོ་ལ་རང་དབང་སྤྲོད་དགོས་ཀྱི་ཡོད། ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཡོད་༽སོགས་ཀྱི་འབོད་སྐུལ་སྒྲོག་བཞིན་རང་ཉིད་ཀྱི་སྐུ་ལུས་མེར་མཆོད་གཏོང་གི་ཡོད་པ་རེད། སྤྱིར་འཛམ་བུ་གླིང་འདིར་ལོ་ངོ་སྟོང་ཕྲག་མང་བོའི་ལོ་རྒྱུས་ལྡན་ཞིང་ཞབས་འདེགས་ཞུ་ཐུབ་པའི་ཆོས་དང་རིག་གཞུང་དེ་རྩ་མེད་གཏོང་བཞིན་པས་ན། ང་ཚོས་འདིར་མཆོག་གསུམ་ལ་གསོལ་བ་སྨོན་ལམ་བཏབ་ནས་རྒྱ་ནག་ཁོང་ཚོས་ཚོགས་ངན་དེ་འདྲ་བསག་མ་དགོས་པ་དང་གཙོ་ཆེར་བོད་རྒྱ་ཆའི་མི་མང་གི་མངོན་འདོད་འགྲུབ་རྒྱུའི་སླད་དུ་མ་ཎི་དུང་སྒྲུབ་འདི་བཀོད་སྒྲིག་བྱས་པ་ཡིན་གསུངས།

ང་ཚོས་ཁ་སང་སྤྱི་ཟླ་༠༣པའི་ཚེས་༡༢ཉིན་ནས་དབུ་འཛུགས་གནང་པ་ཡིན་ལ། དེ་དུས་བལྟས་ཡོང་དུས་མི་གྲངས་དེ་དེ་འདྲའི་མང་པོ་མེད་པ་འདྲ་ཞིག་འདུག་མོད། ད་ལྟ་དཀའ་ངལ་ཅང་མི་འདུག རྒྱུད་སྟོད་གྲྭ་ཚང་དང་། སྒྲོལ་མ་གླིང་། གཞུང་གསར་བཅས་སུ་མ་ཎི་བསགས་རྒྱུ་དང་སྐུ་འགྱེད་ང་ཚོས་འདི་ནས་འབུལ་རྒྱུ་བྱས་པ་ཡིན།

དེ་ཡང་། ང་ཚོའི་དམིགས་ཡུལ་གྱི་རྩ་བ་དེ་འཛམ་བུ་གླིང་འདིར་ཞི་བདེ་ཡོང་རྒྱུ་དང་༸གོང་ས་མཆོག་གི་དགོངས་པ་དང་མ་འགལ་བའི་སྟེང་ནས་རྒྱ་མིའི་དྲག་སྤྱོད་གདུག་རྩུབ་ཞི་སྟེ་ང་ཚོ་རྒྱ་བོད་གཉིས་ཕན་གྱི་སྟེང་ནས་རྒྱལ་གཅེས་འདས་པོ་རྣམས་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་ཞིང་དག་པའི་སྨོན་ལམ་འདེབ་རྒྱུའི་རྒྱུ་མཚན་དེ་ཡིན་གསུངས་སོ།
བོད་ཀྱི་པང་ཆེན་གསར་འགོད་པའི་དྲི་བར་ལན་བསྐྱོན་དོན། ང་ཚོ་ཆོལ་གསུམ་མཉམ་ལས་ཀྱི་སྟེང་ནས་ལས་ཤོག་བཟོས་ཡོད་རེད་ལ་ལས་རྟགས་ཀྱང་བཟོས་ཡོད་པ་རེད། ད་ལྟ་ཉེ་བའི་ཆར་ཆ་བཞག་ན་བོད་བསྟན་སྲིད་ཀྱི་དོན་དུ་༼རྡ་ས་ནས་ལྷ་སར་ཞི་བའི་གོམ་བགྲོད་༽ཞི་བདེ་རང་གི་ཐོག་ནས་གོམ་བགྲོད་གནང་མཁན་མདོ་སྨད་ཀྱི་མི་གསུམ་པོར་ང་ཚོ་ཚོགས་པ་བཅུ་གཅིག་གི་ངོས་ནས་མར་འཚམས་འདྲིར་ཕྱིན་པ་དང་ང་ཚོ་ཚོགས་པ་བཅུ་གཅིག་གིས་རྒྱབ་སྐྱོར་ཡོད་པས་ཁྱོད་རང་ཚོའི་རྒྱབ་ཏུ་མི་མེད་བསམ་དགོས་ཀྱིན་མེད་ཅེས་༼ཕྱག་ཡིག་༽ཀྱང་ཕུལ་ཡོད་པ་དང་། ད་དུང་ཁྱོད་ཚོར་དཀའ་ཁག་ཅི་ཡོད་དྲིས་པར། ཁོང་ཚོར་དཀའ་ངལ་ཆེ་རིགས་ཅང་མི་འདུག་མོད། བུ་མོ་ལོ་ཆུང་བ་དང་ཨ་མ་ལགས་ལོ་ན་ཅུང་ཆེ་བས་ཁོང་གཉིས་ཀྱིས་རྡོག་ཁྲེས་ཞེ་དྲག་འཁུར་ཐུབ་ཀྱིན་མེད་སྟབས་ང་ཚོར་འདྲུད་འཐེན་འཁོར་ལོ་ཆུང་ཆུང་ཞིག་རག་ཐབས་འགྲིག་ན་ཧ་ཅང་ཕན་ཐོག་ཆེན་པོ་འདུག་ཞུས་པས། ང་ཚོ་འདི་ནས་མར་བཅར་ནས་༼ཨམ་༽གྱི་ནང་དུ་བཙལ་བ་དང་རག་མ་སོང་། དེ་ནས་༼ཨུག་ན༽རུ་སོང་ནས་དེ་རུ་བཙལ་མོད་རག་མ་སོང་སྟབས། ཁ་སང་ཞོགས་པར་འདི་ག་རྡ་སར་ཡོང་ནས་འཁོར་ལོ་ཆུང་ངུ་གཉིས་དེ་ནས་ཉོ་རྒྱུ་རག་པ་དང་གཱ་གལ་ནས་ལྕགས་རིགས་ལྗིད་ཁོག་ཞེ་བོ་མེད་པའི་རིགས་ཀྱི་༼འདྲུད་འཐེན་འཁོར་ལོ་༽ཆུང་ངུ་དེ་བཟོས་པ་ཡིན་ལ་དེ་རིང་ང་ཚོ་མར་བསྐྱལ་བར་ཧི་མ་ཅལ་གྱི་ས་མཚམས་སུ་ཕྱིན་པ་ཡིན་གསུངས་པ་དང་། ད་དུང་ཁ་སང་ཐེངས་སྔོན་མར་བལྟ་བར་ཕྱིན་སྐབས་ང་ཚོས་ཁོ་རང་ཚོར་འབྲེལ་བ་བྱེད་ས་ཁ་པར་གཅིག་མ་གཏོགས་མེད་ན་ཅུང་དཀའ་ལས་ཡོད་པར་གཞིག་ནས་ལག་ཐོག་༼ཁ་པར་གསར་བ་ཞིག་༽ཉོས་ནས་ཁོ་རང་ཚོར་ཕུལ་བ་བཅས་རྩ་བའི་ཆ་ནས་ཕྱག་རོགས་གང་ཐུབ་བྱེད་ཀྱིན་ཡོད་ལ། མ་འོངས་པའི་ཆ་ལའང་བོད་བསྟན་ཆབ་སྲིད་ཆེད་དུ་ང་ཚོའི་ལངས་ཕྱོགས་གཅིག་དང་དམིགས་ཡུལ་གཅིག་ཡིན་པས་ཕྱོགས་གང་ཐད་ནས་རོགས་རམ་ཞུ་རྒྱུ་དང་འཛམ་གླིང་སྟེང་ཆེས་གལ་འགངས་ཆེ་བའི་བོད་ཀྱི་ཆོས་དང་རིགས་གཞུང་འདི་རྒྱ་ནག་གིས་རྩ་མེད་གཏོང་རྩིས་ཡོད་པར་ང་ཚོས་ངོས་ནས་ཀྱང་ཅི་ནུས་ཀྱིས་ལས་འགུལ་དེ་འདྲ་སྤེལ་དགོས་ཀྱིན་འདུག་ཅེས་གསུངས་སོ།།

མཐར། སྤྱི་ཚོགས་མེ་ལོང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་དོན། ད་ལྟར་མ་ཎའི་གྲངས་ཀ་དེ་འབུམ་སུམ་བརྒྱ་བཞི་བརྒྱ་ལྷག་ཅིག་ལས་བསགས་ཐུབ་མེད་ལ། མ་གཞི་འབུམ་ཆིག་སྟོང་བསག་དགོས་པས་ང་ཚོའི་ཉིན་བདུན་གྱི་འཆར་གཞི་དེ་ཕྱིར་བསྣུར་གྱིས་ཉིན་བརྒྱད་ཙམ་དུ་བསག་དགོས་ནའང་ཕྱོགས་གང་ཐད་ནས་དཀའ་ངལ་མེད་སྟབས་ཅི་ནུས་ཀྱིས་མ་ཎི་དུང་སྒྱུབ་ཀྱི་མཇུག་སྐྱོང་གི་ཡིན་ཞེས་གསུངས་སོ།།

གསར་འགྱུར།

Post navigation

Previous Post: མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས།
Next Post: དཔལ་གྱི་ལྷ་མོ།

Comments (9) on “མ་ཎི་དུང་སྒྲུབ་དང་གོམ་བགྲོད་པར་རྒྱབ་སྐྱོར།”

  1. ཀརྨ་ཡེ་ཤེས says:
    2012-03-15 at 4:50 pm

    རོགས་དན་པ་ཚོ་སྐུ་ཚེ་བརྟན། དཔའ་བོ་དང་དཔའ་མོ་མ་བུ་གསུམ་པོ་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག ། བོད་རང་དབང་རྒྱལ་ལོ།

  2. རིག་པའི་རྡོ་རྗེ། says:
    2012-03-15 at 5:23 pm

    ཁྱེད་མ་བུ་གསུམ་གྱི་རྒྱལ་ཞེན་དང་ལྷག་བསམ་ལ་སྙིང་ནས་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད།
    ང་ཚོ་བོད་མི་ངོ་རེས་འདི་འདྲ་རེ་གནང་ཐུབ་ན་གྲུབ་འབྲས་ཞིག་ཐོན་སྲིད་པ་རེད།   རྒྱལ་གཅེས་མ་བུ་གསུམ་དང་གཞན་འབྲེལ་ཡོད་སུས་མཆན་འདི་མཐོང་ན་ང་ལ་ཁོང་རྣམ་པའི་འབྲེལ་གཏུགས་ཁ་པར་ཨང་གྲངས་མཁོ་སྤྲོད་གནང་རོགས་ཞུ་བ་ཡིན།
    ཐུགས་རྗེ་ཆེ།

  3. ཀླུ་སྨྱོན། says:
    2012-03-15 at 9:19 pm

    འདི་འདྲའི་གོམ་བགྲོད་སྐབས་འཁོར་ལོའི་རིགས་ཡག་པོར་མཐོང་སོང་། སྔོན་མར་ཕྱི་རྒྱལ་གྲྭ་པ་ཞིག་གིས་འཁོར་ལོ་ཞིག་རྒྱབ་ཏུ་དྲུད་ནས་བོད་དོན་གོམ་བགྲོད་བྱས་པ་ཞིག་ཀྱང་དྲན་སོང་།

  4. རག་ཕྱགས་རྡོར says:
    2012-03-15 at 9:34 pm

    ཚེ་བསྟན་རྡོ་རྗེ་དང་མ་དང་བུ་མོ་་གསུམ་ལ་བྱ་བ་ལམ་བསློང་ཡོང་བའི་སྨོན་འདུན་ཞུ་ཁྱེད་རྣམ་པ་གསུམ་ལ་སྐུ་ལུས་ལ་བར་ཆད་མེད་པར་ཤོག་བོད་རྒྱལ་ས་ལྷ་ས་ལ་མགོ་ཐོན་ལམ་དྲང་ཡོང་བར་ཤོག་བོད་གང་ཅན་པ་རྣམས་ཀྱིས་ཅི་བསམ་འགྲུབ་པར་ཤོག

  5. རྒྱ་གར་རྨ་བྱ། says:
    2012-03-15 at 10:43 pm

    འགྲུད་འཐེན་འཁོར་ལོ་དེ་དེ་ཙམ་གྱི་སྟབས་བདེ་ཞིག་མ་མཐོང་ཡང་། ཁྱེད་གསུམ་གྱི་ལམ་ཆེན་བདེ་མོར་སྨོན། འདི་ནི་ཆེས་དོན་ཆེ་བའི་ཆབ་སྲིད་ལས་འགུལ་ཞིག་ཡིན་ངེས་ལགས་སོ།།

  6. གཙན་ནག་པ་ says:
    2012-03-15 at 10:55 pm

    ཚོགས་པ་ཁག་གི་རོགས་རམ་གནང་བ་དེར་རྗེས་སུ་ཡིད་རང་ཡོད། གོམས་བགྲོད་པ་གསུམ་ལ་ཉལ་ཆས་འཁྱེར་ཆེད་འཁོར་ལོ་ཞིག་ཡོད་ན་བསམ་པ་ཞིག་བྱུང་ཡང་ས་ཁད་ཀྱི་རོགས་པ་བྱ་རྒྱུའི་གོ་སྐབས་མ་བྱུང་། གོམས་བགྲོད་པ་མ་བུ་གསུམ་ནི་བོད་སྐྱོབས་པའི་དཀོན་མཆོག་གསུམ་དངོས་རང་ཡིན། ཁྱོད་རྣམས་བྱ་བ་ལམ་འགྲོ་ཡོངས་བ་དང་བཟོད་མེད་ཀྱི་དཀའ་སྡུག་ནམ་ཡང་མ་ཕྲད་པ་ཤོག

  7. ཆུ་ཤེལ་དྭངས་མོ། says:
    2012-03-16 at 12:33 am

    ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ལྟར་སྐྱིད་སྡུག་མཉམ་མྱོང་བྱས་པ་ནི་ང་ཚོའི་མི་རིགས་འདིའི་རེ་བའི་མེ་སོན་འབར་བའི་རྟེན་འབྲེལ་ཙམ་མ་ཟད། འབྱུང་འགྱུར་གྱི་ལམ་བུ་ཧ་ཡངས་པའི་རྟགས་མཚན་རེད། བོད་རྒྱལ་ལོ།

  8. བསམ་གཏན། says:
    2012-03-16 at 12:47 am

    སྤྱི་བསམ་སྤྱི་དོན་གྱི་ལས་ཀ་འདིར་ཚོགས་པ་འདི་དག་གིས་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ང་ཚོའི་ཐུན་མོང་གི་བསྒྲུབ་བྱ་ཞིག་གི་ཆེད་དུ་ཁོ་ཚོས་བློས་གཏོང་ཀི་ཡོད་དུས་དེར་རྒྱབ་རོགས་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་བོད་མི་ཚང་མར་འགན་ཡོད།

  9. ཡང་ཀྱཱ་མ་དགོན says:
    2012-03-16 at 3:51 am

    རོགས་སྐྱོར་ཚོགས་པས་ཁོང་ཚོ་མ་བུ་གསུམ་རྒྱབ་སྐྱོར་བྱེད་པར་ལག་བཟུང་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གངས་རིའི་་མ་ཡུམ་གཙོ་བྱེས་ཏེ་གངས་རིའི་དཔའ་སྲས་གཉིས་སྐུ་ཚེ་རི་རྒྱལ་བཞིན་བརྟན་ཅིང་ཅི་བསམ་ལྷུན་གྱིས་གྲུབ་པའི་སྨོན་འདུན་གྲངས་མེད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme