Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་བགྲོ་གླེང་།

Posted on 2012-03-14 By ཁ་བརྡ་ 32 Comments on རང་བཙན་བགྲོ་གླེང་།


བོད་རང་བཙན་འཐབ་རྩོད་ཀྱི་སྒྲོམ་གཞི་དང་ཐབས་བྱུས། ཡོང་སྲིད་པའི་གནས་བབ་བཅས་ལ་བགྲོ་གླེང་།
ནིའུ་ཡོག་གྲོང་ཁྱེར་དུ། ༢༠༡༢ ལོའི་ ཟླ་གསུམ་པའི་ཚེས་ ༡༡ དང་ ༡༢

ཕྱི་ཟླ་ ༣ ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་ཀྱི་རིང་ལ་ནིའུ་ཡོག་གྲོང་ཁྱེར་དུ་ རང་བཙན་མཐུན་ཚོགས་ཀྱིས་རང་བཙན་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཤིང་། དེར་ཉེ་བའི་འབྱུང་འགྱུར་གྱི་ཁྲོད་བོད་དོན་ལ་འཕྲད་སྲིད་པའི་གནས་བབ་ཀྱི་སྐོར་དང་། ད་དུང་བོད་རང་བཙན་གྱི་དམིགས་ཡུལ་གོང་འཕེལ་དང་མཐར་མངོན་འགྲུབ་བྱེད་རྒྱུ་ལ་ཐབས་བྱུས་ངེས་པར་འདིང་དགོས་པ་དང་སྒྲོམ་གཞི་ངེས་པར་འཛུགས་དགོས་པའི་སྐོར་ལ་བགྲོ་གླེང་བྱས་ཡོད།

རྒྱ་གར་དང་ཉི་ཧོང་། སུད་སི། འཇར་མན། ཨི་ཊ་ལི་བཅས་དང་། བྱང་ཨ་མི་རི་ཁའི་མངའ་སྡེ་དང་གྲོང་ཁྱེར་དཔེར་ན། ཊོ་རོན་ཊོ་དང་། མོན་ཊི་རེལ། ཨེམ་ཧཱར་སེ་ཊི། ལོ་སེ་ཨེན་ཇི་ལེ་སི། ཁོ་ལོ་རཱ་ཌོ། ཝར་མཱོན་ཊཱི། ཝེ་སི་ཀོན་སིན། མེ་ནི་སོ་ཊ། ཁོ་ནེག་ཊི་ཀ་ཊི། ཨིན་ཌི་ཡ་ནཱ། ནིའུ་ཡོག ནིའུ་ ཇཱར་སི། ཝར་ཇི་ནི་ཡཱ། ཝ་ཤིན་ཊོན་ ཌི་སི། མི་ཤི་གཱན། ཊན་ནཱ་སི་བཅས་ནས་ཕེབས་པའི་ཚོགས་ཞུགས་པ་ ༦༢ བགྲོ་གླེང་འདི་ལ་ལྷན་འཛོམས་གནང་ཡོད།

བགྲོ་གླེང་ཚོགས་འདུ་འདིར་ཞུགས་མཁན་རྣམས་ནི་གདན་འདྲེན་ཞུས་པ་ཤ་སྟག་ཡིན། ཚོགས་ཞུགས་པ་རྣམས་ནི་རྒྱུས་མངའ་ཅན་གྱི་བོད་དོན་ལས་འགུལ་བ་དང་མཐོ་སློབ་ཀྱི་སློབ་མ་ཙམ་ཞིག་མ་ཡིན་པར། སྨན་པ་དང་ཁྲིམས་རྩོད་པ། ཇུས་འགོད་པ། རྩོམ་པ་པོ། གསར་འགོད་པ། སློབ་ཆེན་གྱི་དགེ་རྒན། སྙན་ངག་པ། གླུ་གཞས་ཆེད་ལས་པ། གློག་བརྙན་བཟོ་མཁན། རི་མོ་བ། བཟོ་ཚོང་པ། གཞུང་ཞབས་ཟུར་པ། དྭང་ཟུར། ད་དུང་གཞན་ཁག་ཅིག་སྟེ། རང་རང་གི་རྒྱབ་ལྗོངས་གཅིག་མིན་ལ་མ་ལྟོས་པར། བོད་ཀྱི་འཐབ་རྩོད་ཀྱི་འབྱུང་འགྱུར་ལ་ཆེས་ཆེ་བའི་སེམས་ཁུར་ཐུན་མོང་དུ་ཡོད་མཁན་ཁག་ཅིག་ཡིན་པ་རེད། ཚོགས་ཞུགས་པ་ཡོངས་ཀྱིས་རང་རང་གི་འགྲོ་སོང་སྒེར་ངོས་ནས་བཏང་ཞིང་། ནིའུ་ཡོག་ཏུ་བཞུགས་རིང་གི་གནས་མལ་ཀྱང་རང་འཚོལ་བྱས་ཡོད་པ་རེད།

རང་བཙན་མཐུན་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་གི་ངོ་སྤྲོད་ཀྱི་གསུང་བཤད་སྐབས་སུ། “བོད་ནང་གི་དཀའ་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་ཤིག་དང་། ཉེ་ཆར་གྱི་རང་ལུས་མེར་སྲེག་གི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པ་འདི་ཡང་བོད་ཀྱི་མཐོ་སྒང་གང་སར་ཁྱབ་བཞིན་པའི་གྱེན་རྒོལ་ཧ་ཅང་རྒྱ་ཆེ་བ་ཞིག་གི་མཐོང་ཐུབ་པའི་སྣེ་མོ་ཙམ་ཞིག་ཡིན་པ་འདྲ་བ་འདི་འདྲ་ཞིག་གི་སྐབས་སུ་བགྲོ་གླེང་ཚོགས་འདུ་འདི་བསྐོངས་ཡོད་པ་རེད།”ཅེས་གསུངས་ནས། ལོ་ངོ་བརྒྱ་ཏག་ཏག་གི་སྔོན་ ༡༩༡༢ ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་བོད་མིས་དམག་འགྱེད་བྱེད་པའི་གསལ་བསྒྲགས་བསྐྱངས་ཏེ་ལོ་གཅིག་གི་རིང་ལ་གདུག་རྩུབ་དང་དཀའ་སྡུག་གི་འཐབ་འཛིང་བྱས་པའི་རྗེས་སུ་རྒྱ་མིས་མགོ་བཏགས་ཞུས་ཤིང་། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པའི་བོད་ཀྱི་ལོ་རྒྱུས་དེ་ལུང་འདྲེན་བྱས་པ་རེད།

གསུང་བཤད་དང་པོ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གནང་ཞིང་། ཁོང་གིས་བོད་ནང་གི་དཀའ་རྙོག་གི་གནས་ཚུལ་ཞིབ་གསལ་དང་། དཀའ་ཉེན་འདི་ལ་འཛམ་གླིང་གི་དོ་སྣང་འདྲེན་ཕྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འབད་བརྩོན་བྱེད་བཞིན་པའི་སྐོར་གསུངས། ཁོང་གིས་བློ་སྤོབས་ཅན་གྱི་བོད་མི་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་གནང་བཞིན་པའི་སྐོར་གསུངས་ཤིང་། ཟས་བཅད་ངོ་རྒོལ་གནང་མཁན་གྲས་ཀྱི་ཤིང་བཟའ་མཆོག་སྤྲུལ་རིན་པོ་ཆེས་ཚོགས་འདུ་ལ་རྟེན་འབྲེལ་མཚོན་དོད་ཀྱི་ཁ་བཏགས་གནང་ཞིང་། ཁོང་སྐུ་ངོ་མ་བཅར་མ་ཐུབ་པ་ལ་བློ་ཕམ་བྱུང་བ་གསུངས་པ་རེད་ལ། ཁོང་གིས་འདུ་འཛོམས་འདི་ལ་རྒྱབ་སྐྱོར་ཆ་ཚང་བ་ཡོད་པ་གསུངས་ཡོད་པ་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས་བརྙན་འཕྲིན་བརྒྱུད་ནས་བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ཀྱི་འགྱུར་ལྡོག་སྐོར་གསུངས་པ་རེད། དེ་བཞིན་བརྙན་འཕྲིན་ཁ་པར་སི་ཁ་ཡེབ་བརྒྱུད་ནས་ཝ་ཤིན་ཊོན་ཌི་སི་ལ་བཞུགས་པའི་ཁྲིམས་རྩོད་པ་ཉི་མ་ལགས་ཀྱིས་བོད་མི་ཚོས་རང་བཙན་འཐབ་རྩོད་ཆེད་རྒྱལ་ཡོངས་ཀྱི་ཆབ་སྲིད་ཚོགས་པ་ཞིག་འཛུགས་དགོས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ་རེད། མིང་གྲགས་ཅན་གྱི་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་རྡོ་རྗེ་ལགས་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཀྲས་མཐོང་ལྷ་སྒྲོན་ལགས། བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཀྱིས་གཙོ་སྐྱོང་བྱས་པའི་ཉིན་གཉིས་ཀྱི་བགྲོ་གླེང་གི་མཇུག་ཏུ། ཚོགས་འདུ་འདི་ཡིས་ རང་བཙན་འཐབ་རྩོད་ཀྱི་ཆེད་དུ་ལས་འགུལ་གསར་པ་ཞིག་འཛུགས་རྒྱུ་དང་། དེ་བཞིན་ཉིན་གཉིས་ཀྱི་གྲོས་བསྡུར་བརྒྱུད་ནས་སླེབས་པའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཆེད་དམིགས་བསལ་གྱི་ཚོགས་ཆུང་གསུམ་གསར་འཛུགས་བྱས་ཏེ་ལས་ཀ་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་པ་རེད།

མ་ཡིག་གི་དབྱིན་ཡིག་འདི་ན་ཡོད།

གསར་འགྱུར།

Post navigation

Previous Post: སྐྱབས་རྗེ་ཤིང་བཟའ་ཚང་ལ་ཕུལ་བའི་གུས་ཕྱག
Next Post: དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག

Comments (32) on “རང་བཙན་བགྲོ་གླེང་།”

  1. རྒྱ་གར་རྨ་བྱ། says:
    2012-03-14 at 11:21 pm

    རང་བཙན་ཚང་མ་འཇམ་ནོར་ལགས་ཀྱིས་གང་བཤད་ལ་རྗེས་རྒྱུག་ཡིན་རྒྱུ་རེད། ཁོས་ཀྱང་རང་བཙན་བདེན་དཔང་དཀའ། ས་རྟགས་ཤོར་ཟོན་པའོ།། ལར་ནས་འདི་ལྟར་གནང་བ་ལེགས།

  2. རྒྱ་གར་རྨ་བྱ། says:
    2012-03-14 at 11:25 pm

    རང་བཙན་ཚང་མ་འཇམ་ནོར་ལགས་ཀྱིས་གང་བཤད་ལ་རྗེས་རྒྱུག་ཡིན་རྒྱུ་རེད། ཁོང་གིས་ཀྱང་བདེན་དཔང་དཀའ། གཞུང་འབྲེལ་ས་རྟགས་ཤོར་ཟིན་པ་བསུབ་ཏུ་མེད་པའི་ཕྱིར་རོ།།

  3. ཀླུ་སྨྱོན། says:
    2012-03-14 at 11:33 pm

    “ལོ་ངོ་བརྒྱ་ཏག་ཏག་གི་སྔོན་ ༡༩༡༢ ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་བོད་མིས་དམག་འགྱེད་བྱེད་པའི་གསལ་བསྒྲགས་བསྐྱངས་ཏེ་ལོ་གཅིག་གི་རིང་ལ་གདུག་རྩུབ་དང་དཀའ་སྡུག་གི་འཐབ་འཛིང་བྱས་པའི་རྗེས་སུ་རྒྱ་མིས་མགོ་བཏགས་ཞུས་ཤིང་། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པའི་བོད་ཀྱི་ལོ་རྒྱུས་དེ་ལུང་འདྲེན་བྱས་པ་རེད།”
    གོང་གི་ལུང་ཚིག་འདིའི་ནང་དུ་ཁམས་ཀྱི་ས་ཆ་ཕྱེད་ཀ་དང་ཨ་མདོའི་ས་ཆ་ཡོངས་རྫོགས་ཚུད་ཡོད་དམ་མེད། ???????????????????

  4. བྲག་ཞོལ་སྤེན་པ། says:
    2012-03-14 at 11:56 pm

    ཀླུ་སྨྱོན་ལགས་སེམས་ཁྲལ་བྱེད་དགོས་མེད་རེད།ཁོང་ཚོས་གོ་སྒྲིག་གི་བགྲོ་གླེང་མང་པོ་ངས་མཐོང་མྱོང་ཡོད།ཁོང་ཚོས་མིང་དེ་འདྲ་ཅིག་བཏགས་རེད་མ་གཏོགས་དོན་དུ་ཕན་ཚུན་གྲོགས་པོ་སྒྲིག་ས་དང་Partyགཏོང་ས་རེད།XXXXX

  5. བསམ་གཏན། says:
    2012-03-15 at 12:06 am

    ཁྱེད་ཚོས་ཨ་རི་ནས་བོད་སྐད་ཡག་པོ་མི་འཁྱོལ་བའི་XXXཁ་ཤས་བསྡུས་ནས་བོད་རང་བཙན་རྩོད་སྟངས་དེར་སེམས་པ་གཏིང་ནས་དགོད་རྒྱུ་སླེབས་སོང་། ད་ཁྱེད་ཚོ་མདུན་ལ་ཐོན་ནས་ལས་ཀ་མི་བྱེད་པར་བོད་རང་བཙན་ཨ་རི་ནས་ཚོགས་འདུ་བསྡུས་ནས་མི་ཡོང་བ་བླུན་པོ་ངས་ཀྱང་ཤེས།བོད་ནང་གི་མེར་བསྲེགས་ནས་འཐབ་རྩོད་བྱས་པ་དང་ཚེ་བརྟན་རྡོ་རྗེ་ཡི་ནང་མི་བློས་གཏོང་ནས་བྱས་པ་ལྟོས་དང། རྒྱ་ཆེ་མང་ཚོགས་ཁྱེད་ཚོར་ཐང་ཆད་ཀི་ཡོད།

  6. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-15 at 12:28 am

    འཇམ་དབྱངས་ནོར་བུའི་གཙོས་བྱས་པའི་ཚོགས་མི་ཚང་མར་ཐུགས་རྗེ་ཆེ་ཞུ། ཨ་རིར་ཡོད་པའི་བོད་མི་ཚོས་བོད་སྐད་ཡག་པོ་ཤེས་པས་མ་ཚད་བོད་དོན་སེམས་ཤུགས་རི་ལྟར་ཡོད། གཞིས་ལུས་བོད་མིའི་འབོད་སྒྲ་གཙོ་བོ་ནི་ བོད་རང་གཙན་དགོས་། ཞེས་པ་དེ་ང་ཚོ་ཚང་མའི་ཁས་ངེས་་པར་དུ་ཁས་ལེན་དགོས།

  7. ཀིརྟི་སྐྱབས། says:
    2012-03-15 at 1:43 am

    རང་བཙན་ཡིན་ཡང་ཆོག་་་རང་དབང་ཡིན་ཡང་ཆོག་་་ཁ་བཤད་དོན་ལ་གནས་ན་ཡག་པོ་རེད།བོད་འབངས་སྡུག་ལས་སྐྱོབ་ཐབས་ལ་རྡོག་རྩ་གཅིག་ལས་བྱེད།གང་བྱུང་མ་བྱུང་གིས་རྩོད་རྙོགས་མང་པོ་མ་གསུངས་རོགས།དྲ་གྲོགས་རྣམས་པ།

  8. འབྲོང་པའི་བུ། says:
    2012-03-15 at 1:53 am

    རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པ་རང་བཙན་ལམ་རང་དུ་སྐྱོད་ན་ཡག་ཤོས་རེད། བོད་སྐད་མ་ཤེས་ན་རང་བཙན་རྩོད་མི་ཆོག་པ་གང་ཡོད་དེ་འདྲ་ཡིན་ན་བོད་དོན་རྒྱབ་སྐྱོར་པ་ཚང་མ་ལ་དང་པོ་བོད་སྐད་སློབ་དགོས་རེད་པས། དེང་སྐབས་བོད་སྐད་གཙང་མ་རྒྱབ་ནས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ལོག་སེམས་འཆང་མཁན་ག་ཚོད་འདུག བོད་སྐད་མ་ཤེས་ཀྱང་བོད་དོན་དང་གོང་ས་མཆོག་ལ་དད་འདུན་བྱ་མཁན་ག་ཚོད་འདུག ཁ་རྒྱག་པ་མ་བཤད་ལས་དོན་སྤེལ་བ་ལ་བསྔགས་བརྗོད་མི་བྱེད་པར་ད་དུང་དེ་ལ་བཤད་རྒྱུ་ཞིག་ཡོད་མདོག ཁ་སྐྱག་པས་བཀག གཞོན་ནུ་ལ་རེ་བ་མི་བྱེད་སུ་ལ་བྱེད། གཞན་དེང་སང་རྡ་རམ་ས་ལ་ལག་རྩེད་པོ་ལོ་རྩེ་བཞིན་པ་རེད།

  9. བྲོ་འཚལ། says:
    2012-03-15 at 1:54 am

    བོད་དོན་ཆེད་ཡིན་ན་ངོ་མ་ཧྲ་གི་ར།་་་་་་ཚོགས་འདུ་འདྲ་མི་འདྲ་ལ་ཁ་གཡར་ནས་ངོ་ཤེས་སྒྲིག་པ་དང་།་་་་ཝུ་ཆང་ལ་རོལ་ནས་མཚན་ཚོགས་འདྲ་བོ་ཆགས་ན་མི་རིགས་ཀྱི་ཞབས་འདྲེན་རེད།

  10. ལུང་རྟོགས། says:
    2012-03-15 at 2:10 am

    གང་ལྟར་སྐད་ཡིག་དང་རིག་གཞུང་བརླག་ན་རང་བཙན་ཐོབ་མ་ཐོབ་ཅི་ཡོད།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-03-15 at 2:29 am

    སུའི་རང་བཙན།
    ལེན་མཁན་སུ།
    ལེན་སྟངས་གང་།
    ཧ་ཧ་རང་བཙན།།།།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-03-15 at 2:33 am

    དབུས་ལམ་ལམ་ཆེན།
    དབུས་ལམ་གཉིས་ཕན།
    ལེན་མཁན་རྒྱ་བོད།
    ལེན་སྟངས་ཞི་རྒོལ།
    གཉེན་སྒྲིག་ཆེན་མོ།
    ཀི་ཀི་བསྭོ་བསྭོ། །
    ལྷ་ཡང་རྒྱལ་ལོ། །

  13. བཙན་བྱོལ་བ། says:
    2012-03-15 at 3:23 am

    ཚོགས་འདི་དེ་ལྟ་བུ་སྐོང་བ་ལ་དགའ་བསུ་ཡོད། ད་དུང་མང་ཙམ་བསྐོང་དགོས་པ་རེད། འདི་ནི་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བཞིན་ཡོད། འཇམ་ནོར་ལགས་ལྟ་བུས་རྩོམ་ཡིག་གཅིག་སྤེལ་བ་དེ་ནི་འུ་ཅག་གི་དྷི་ལི་རུ་ངོ་རྒོལ་སྐད་འབོད་གཅིག་སྤེལ་བ་ལས་ནུས་པ་དང་ཤུགས་རྐྱེན་ཆེ་བ་ཐོན་གྱིན་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད། མུ་མཐུད་མདུན་སྐྱོང་བྱོས་འཇམ་ནོར་སོགས་གཞོན་སྐྱེས་རང་བཙན་འཐབ་རྩོད་པ་རྣམས་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བྲིས། དེ་མིན་འགན་འཁྲི་མེད་པའི་ཕྱོགས་ལྷུང་གི་རྩོམ་མང་གཅིག་སྤེལ་བཞིན་པ་རྣམས་ལ་ལག་པ་འཆང་ན་དྲི་མ་བསྒོས་རོགས་རེད།

  14. ཆབ་བྲག་ལྷ་མོ་སྐྱབས། says:
    2012-03-15 at 3:25 am

    བདག་གིས་དེ་སྔ་ནས་ཚོགས་འདུ་འདི་འདྲ་འཚོགས་ནས་བརྡར་ཤ་བཅད་དེ་བྱ་རྒྱུ་བྱེད་རྒྱུ་ཡོད་ན་ཐུན་མོང་གིས་ནུས་པ་འདོན་གལ་ཆེ་ཚུལ་བཤད་ཡོད། དེ་བས་ཐེངས་འདིར་ཚོགས་འདུ་འདི་འདྲ་བསྐོངས་པར་དགའ་བསུ་ཞུ།
    ཡིན་ན་ཡང་ངས་ཤེས་འདོད་པ་ནི། བོད་རང་བཙན་འཐབ་རྩོད་ཀྱི་སྒྲོམ་གཞི་དང་ཐབས་བྱུས། ཡོང་སྲིད་པའི་གནས་བབ་བཅས་ཀྱི་བརྗོད་གཞི་དེ་རང་ལ་སྡོམ་ཚིག་ག་འདྲ་ཞིག་བཞག་ཐུབ་ཡོད་མེད་དེ་རང་ཡིན།

  15. བསམ་གཏན། says:
    2012-03-15 at 3:52 am

    ངས་སྐད་གསེང་མཐོན་པས་བཤད་ཐུབ་པ་ཞིག་ལ་མི་འདི་ཚོའི་ཁ་ནས་རང་བཙན་ཞེས་སྙན་མོ་བཤད་ཐུབ་ཀི་ཡོད་ན་ཡང་། ར་མ་ལུག་འདི་ཚོའི་ལག་ནས་བོད་རང་བཙན་མི་ཡོང་བ་ངས་ཚེ་སྲོག་དཔང་ལ་བཞག་ཆོག། ལྷག་པར་བསྟན་རྡོར་ལབ་ཡ་དང་བཀྲས་ལྷ་ལབ་ཡ་དེ་ཚོས་བོད་ནང་གི་ན་ཟུག་དང་སྡུག་བསྔལ་ཤེས་ཀི་རེད་པས། ཚོང་བ་རེད། ཙི་ཙི་བསྟན་བརྩོན་དང་གྲྭ་རྫུན་བག་གྲོལ། ཁོ་ཚོས་བོད་དོན་ཚོང་བརྒྱབ་ནས་རང་དོན་བསྒྲུབ་པ་རེད། བུ་དགའ་ཚོ་ཤི་དང་ཤི་ཟིན་པ་རེད། ཁོ་ཚོས་ཅི་བྱེད་བལྟ་དང་ཤེས་རྒྱུ་རེད།

  16. ཐུབ་པ། says:
    2012-03-15 at 4:35 am

    ཀླུ་སྨྱོན་ལགས་སེམས་ཁྲལ་བྱེད་དགོས་མེད་རེད།ཁོང་ཚོས་གོ་སྒྲིག་གི་བགྲོ་གླེང་མང་པོ་ངས་མཐོང་མྱོང་ཡོད།ཁོང་ཚོས་མིང་དེ་འདྲ་ཅིག་བཏགས་རེད་མ་གཏོགས་དོན་དུ་ཕན་ཚུན་གྲོགས་པོ་སྒྲིག་ས་དང་Partyགཏོང་ས་རེད
    ཁྱེད་ཚོས་ཨ་རི་ནས་བོད་སྐད་ཡག་པོ་མི་འཁྱོལ་བའི་མི་ཁ་ཁོག་མི་མཚུས་པ་ཁ་ཤས་བསྡུས་ནས་བོད་རང་བཙན་རྩོད་སྟངས་དེར་སེམས་པ་གཏིང་ནས་དགོད་རྒྱུ་སླེབས་སོང་། ད་ཁྱེད་ཚོ་མདུན་ལ་ཐོན་ནས་ལས་ཀ་མི་བྱེད་པར་བོད་རང་བཙན་ཨ་རི་ནས་ཚོགས་འདུ་བསྡུས་ནས་མི་ཡོང་བ་བླུན་པོ་ངས་ཀྱང་ཤེས།བོད་ནང་གི་མེར་བསྲེགས་ནས་འཐབ་རྩོད་བྱས་པ་དང་ཚེ་བརྟན་རྡོ་རྗེ་ཡི་ནང་མི་བློས་གཏོང་ནས་བྱས་པ་ལྟོས་དང། རྒྱ་ཆེ་མང་ཚོགས་ཁྱེད་ཚོར་ཐང་ཆད་ཀི་ཡོད།
    གྲོས་ཆོད་ཅི་བྱུང་བཤད་ཡ་མི་འདུག་ག

    པ་ཊི་བཏངས་ཡོད་ཤག་རེད་འདུག ཞབས་འདྲེན་རེད། བོད་མི་རིགས་ཀྱི་ཞབས་འདྲེན་རེད།

  17. རྡ་སའི་གླུ་བ། says:
    2012-03-15 at 5:42 am

    ཤེས་ཡོན་པ་དང་སྤྱི་ཚོགས་ཀྱི་སྣེ་འཁྲིད་པ་ཡིན་ན། བགྲོ་གླེང་བློ་བསྡུར་བྱ་རྒྱུ་འདི་ཤིན་ཏུ་ནས་གལ་ཆེན་རེད། རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་འདི་ལྟར་བྱ་རྒྱུ་ལས་གཞན་མེད། ཡིན་ཡང་བགྲོ་གླེང་བ་དང་གོ་སྒྲིག་པ་ཚོས་ཤེས་རྟོགས་དང་ཆོད་སེམས་དགོས་པ་ཞིག་ལ། མི་འདི་འདྲ་ཞིག་འཛོམས་སོང་། སྐད་ཆ་འདི་འདྲ་ཞིག་བཤད་སོང་། གྲོས་གཞི་གྲོས་ཆོད་འདི་འདྲ་ཞིག་བཞག་ཡོད་ཟེར་བའི་འགྲོ་ལུགས་ལྟ་བུ་ཞིག་ཏུ་མ་སོང་བར། ཐུན་མོང་གིས་བསམ་བློའི་ནུས་པ་གཅིག་ཏུ་སྤུངས་ནས་རང་བཙན་འཐབ་རྩོད་ཀྱི་སྒྲོམ་གཞི་དང་དེ་ཇི་ལྟར་སྒྲུབ་པའི་ཐབས་བྱུས། བོད་ཕྱི་ནང་དང་རྒྱལ་སྤྱི་བཅས་ནས་ཡོང་སྲིད་པའི་རང་རེ་བོད་པའི་ཁ་སྟབས་ཀྱི་གནས་བབ་བཅས་ལ་ཕྱོགས་མཚུངས་མཐུན་བསྐྱོད་ཀྱི་དཔུང་རྡང་གང་འདྲ་བྱས་ནས་སྦྲེལ་ཐུབ་པ་བྱ་གི་ཡིན་པ་སོགས། དོན་མདོར་ལག་ལེན་དང་སྐད་ཆ་གཉིས་ཀྱི་དབར་ལ་མཚུངས་ཐིག་ཅིག་འདེབས་ཐུབ་དགོས་པ་ལས། དེ་བྱུང་གི་གཏམ་རྒྱུད་ཁ་སྣ་མི་མཚུངས་པ་ཞིག་ཏུ་མི་འགྱུར་རྒྱུ་ཅིས་ནས་ཀྱང་གཟབ་དགོས་པའི་བསམ་ཚུལ་ཞིག་ཐལ་སོང་།

  18. དམར་ཁ་ཚ། says:
    2012-03-15 at 5:59 am

    ཀ་ཡེ་ཐུབ་པ་ཟེར་བ་ཡ། ཁྱོད་ཀྱིས་པ་ཊི་ཟེར་བ་ཡང་བོད་སྐད་མ་འཁྱོངས་པ་རེད་ཡ། partyཟེར་བར་ཡང་བོད་རང་གི་སྐད་ཡོད་དེ་སྤྲོ་སྟོན་ཟེར་ནི་རེད་ཡ། ཧཧཧཧཧ་རང་གིས་སྣབས་ལུག་ནས་གཞན་ལ་སྣབས་ལུག་ཟེར་བ་ཡང་དགོད་བྲོ་བ་ཞིག་རེད་ཡ།

  19. འབྲོང་པའི་བུ། says:
    2012-03-15 at 7:32 am

    ད་དངོས་གནས་ལབ་ཧ་གོ་ཡི་མིན་འདུག་སུ་ལ་མ་དགའ་ཡིན། སོ་སོའི་ལས་འགུལ་སྤེལ་རྒྱུ་ཕར་ཟད་གཞན་ལ་ཁ་རྐྱང་བཏོང་བ་གང་རེད། སོ་སོ་ལ་གཅིག་ལྟོས་དང་།

  20. ཞལ་ལུ་དཀར་པོ says:
    2012-03-15 at 8:31 am

    ཐེངས་འདིར་རང་བཙན་གྱི་སྐོར་ནས་བགྲོ་གླེང་བྱུང་བ་དེ་བསམ་ཚུལ་བསྡུ་ལེན་ཙམ་མིན་པར་གཟི་བརྗིད་དང་ལྡན་པའི་བགྲོ་གླེང་ཞིག་བྱུང་བར་དགའ་བསུ་ཞུ།
    གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་སེམས་ནང་ན་རང་བཙན་མ་གཏོགས་རང་སྐྱོད་མི་དགོས་གསུང་མཁན་ཕལ་མོ་ཆེ་ཡིན་པ་དངོས་འབྲེལ་རེད།
    བོད་གཞུང་ཟེར་ནའང་དོན་དངོས་ཐོག་འུ་ཅག་བཙན་བྱོལ་བ་རྣམས་ཡིན་ཞིང་བོད་གཞུང་གི་ལངས་ཕྱོགས་ཟེར་ནའང་བཙན་བྱོལ་བ་དག་གི་ལངས་ཕྱོགས་ཙམ་ཞིག་རེད།
    བོད་ཀྱི་བདག་པོ་བོད་མི་ཚང་མ་ཡིན་ཞིང་དེའང་མང་ཕྱོགས་ཀྱི་འདོད་ཚུལ་ཡིན་པས་གཞིས་ལུས་མི་དམངས་བརྒྱ་ཆ་དགུ་བཅུ་ནི་རང་བཙན་གྱི་ལྟ་བ་རེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ཆོག
    གསལ་བཤད་དགོས་ན་བྱ་ཆོག་མོད། རེད་དེ་རྒྱ་མའི་སྔུན་ན་མ་ལབ་ཅེས་གསུང་ཡོང་དུས་བཟུང་ནས་བསྡད་ཡོད།
    འཇམ་དབྱངས་ནོར་བུ་ནི་རང་བཙན་རྩོད་ལེན་གྱི་ཤིང་རྟ་བ་ཆེན་པོ་ཞིག་ཡིན་པས་ཁོང་ལ་ཆ་འཇོག་བྱེད་འོས་ཤིང་བྱེད་ཀྱང་དགོས་སོ།

  21. བློ་བཟང་། says:
    2012-03-15 at 9:34 am

    ང་རང་ཚོར་རང་བཙན་དགོས་ཟེར་བ་ཅམ་གྱི་ཕན་གྱི་མི་འདུག གང་ལྟར་རང་གཅིག་པོས་ནུས་ཤུགས་འདོན་ཐུབ་ཟེར་བ་རེད། དེ་ལ་དེང་ཚོད་ཇི་ཙམ་ཡོད། ཇི་སྲིད་དགོས་དོན་མ་འགྲུབ་བར་བོད་ཀྱི་སྲོག་ལྟ་བུའི་སྐད་ཡིད་མ་རླག་པ་དགོས་ན། དེ་ལ་དེང་ཚོད་ཇི་ཙམ་ཡོད། ངས་ལྟར་ན་རང་མཙན་རྩོད་མཁན་ནང་ནས་རང་སྲོག་གཏོང་ཐུབ་ཞིག་མཐོང་མ་སོང་ལ། སྐད་ཡིག་གཙང་མ་ཡོད་པ་ཞིག་ཀྱང་མཐོང་མ་སོང་། བོད་ནང་ཡོད་པའི་བོད་མི་རྐྱང་ནས་སྡུག་མྱོང་བཅུག་རྒྱུ་རེད་དམ། ཕལ་མོ་ཆེ་རང་བཙན་དགོས་མཁན་རེད་ཟེར་ཧམ་བཤད་ཀྱིས་རང་གཞན་སུ་ལའང་མི་ཕན། དེ་ལས་རང་བཙན་པ་ཚོས་དགོས་པ། དམིགས་ཡུལ། དེང་ཚོད། ལོ་རྒྱུས། རྒྱབ་བརྟེན་བཅས་མི་མང་དཀྱུས་མ་ཡན་ལ་འགྲེལ་བཤད་དགོས་པ་རེད། དེ་མཚུངས་རིགས་གཞུང་དང་སྐད་ཡིག་བསྲུང་སྐྱོབས་ཐུབ་པའི་དེང་ཚོད་ཇི་ཙམ་ཡོད་མེད་ངེས་པར་མི་དམངས་ལ་གསལ་བཤད་དགོས།

  22. གྲགས་པ་གནམ་ཐོས། says:
    2012-03-15 at 10:01 am

    ཁ་ནས་ཐོན་པ་མ་འགྲིག་མ་བྱུང་དང་། མིག་གི་བལྟས་པ་ལོག་མཐོང་འགའ་ཞིག་ཡིན། གཞན་ལ་བཤད་རྒྱུར་ང་ཡི་འདི་བྱས་བརྗོད། དེ་ཡི་རྗེས་ལ་གཞན་སྐྱོན་འཕྱར་ན་དགའ། རང་གི་མ་འཇོན་གཞན་ལ་སྐྱོན་བརྗོད་བྱེད། རང་གི་མ་བྱས་གཞན་གྱི་བྱེད་ལམ་བཀག དེ་འདྲའི་བཤད་རྒྱུ་གླེན་པ་ལའང་ཡོད། ལས་འགུལ་སྤེལ་ན་སྤེལ་བ་ཆོག་ཡིན་པས། ཀུན་སློང་ཙམ་ལའང་བསྔགས་པ་བརྗོད་པར་གྱིས། དེ་ནི་གཅིག་བསྒྲིལ་ལས་ཀྱི་ཞལ་འདེབས་ཡིན། མ་བྱས་སྟོན་རྒྱུ་མེད་པར་སྨྲ་ན་དགའ།

  23. བྲག་ཞོལ་སྤེན་པ། says:
    2012-03-15 at 10:37 am

    ཁ་ཤས་ནས་བསྔགས་བརྗོད་ཡོད་ལུགས་གསུང་གི་འདུག་སྟེ་ཁོ་ཚོ་ལ་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པ་རེད།ཁྱོད་ཚོས་ལྟད་མོར་ལྟོས་ཤོག།དེ་འདྲ་ཇ་སྟོན་ཆང་སྟོན་ད་ལོ་གཅིག་པུར་བསྟན་རྡོར་དང་ལྷ་སྒྲོན་གཉིས་ཀྱིས་མིང་སྙན་སྣ་ཚོགས་བཏགས་ཏེ་རྡ་ས་ཁོ་ནར་ཐེངས་མ་བཅུ་གྲངས་ཤིག་བསྡུས་སོང་ང་།
    ཐེངས་མ་རེར་ཉིན་གྲངས་བཅོ་ལྔ་ཉི་ཤུ་རེད་ད།མང་ཆེ་ཤོས་ཨ་རི་དང་ཨིན་ཡུལ་སོགས་ཀྱི་མགོ་སེར་གཞོན་སྐྱེས་བསྐོར་རེ་དང་རྒྱ་གར་དང་ཕྱི་གླིང་གི་བོད་ཕྲུག་བསམ་མེད་མང་པོ་ཅིག་ཁྲིད་དེ་མཚན་མོ་རྟག་པར་ཤ་བསྲེག་ཆང་མགྲོན་རེད་འདུག
    དེ་ནས་དགའ་རོགས་སྒྲིག་རྒྱུ་རེད།དེ་འདྲའི་སྐབས་བོད་པ་ཕན་ཚུན་ནས་ཀྱང་ཨིན་སྐད་ཁོ་ན་ལས་བོད་སྐད་བསྐྱོན་གྱི་མ་རེད།
    མིང་ལ་བོད་རང་བཙན་དང་འཚེ་མེད་ཞི་བའི་སྦྱོང་བརྡར་ཅིག་ཅིག་འདྲ་བོ་འདོགས་དོན་སྦྱིན་བདག་ཆེད་རེད།
    དེ་འདྲ་ཡིན་དུས་ང་ཚོར་བོད་མི་མང་པོས་རང་ལུས་མེར་བསྲེག་བྱས་ཏེ་སྡུག་གི་མུན་ནག་འཐིབས་འདུག་སྐབས་ཁོ་རང་ཚོས་དགའ་སྟོན་ག་རེ་བྱས་ཀྱང་ཁྱད་པར་གང་མི་འདུག
    འོན་ཀྱང་།སྤྲོ་སྐྱིད་དེ་འདྲར་བོད་རང་བཙན་གྱི་འཚོགས་འདུ་སོགས་ཀྱི་མིང་བེད་སྤྱོད་བྱས་ན་དངོས་གནས་སེམས་སྡུག་སྐྱེ་གཞི་རེད།
    དེ་ནས་བོད་རང་བཙན་བརྩད་དེ་དཀའ་ལས་བརྒྱབ་མཁན་གཞོན་ནུ་ཚོགས་པ་སོགས་ལ་རྗེས་སུ་ཡིད་རངས་ཡོད།ཡིན་ནའང་།འཇམ་ནོར་དང་ལྷ་བཟང་སོགས་བོད་ཀྱི་དཔའ་བོ་དང་བསམ་བློ་བ་ཡིན་མདོག་ཁ་ཤས་ནས་བཤད་པ་བླུན་པོས་ངོ་སོ་ཁོ་ན་ཙམ་རེད།ད་ལྟ་བར་ཁོང་ཚོས་༧རྒྱལ་བ་རིན་པོ་ཆེར་ངོ་རྒོལ་གང་ཐུབ་བྱས་ཏེ་རང་ཉིད་སྐད་གྲགས་ཆགས་ཐབས་ལས་ག་རེ་སྒྲུབ་ཡོད།ཁོང་ཚོར་སེམས་ཤུགས་དང་རང་བཙན་གྱི་བསམ་བློ་དེ་འདྲ་ཡོད་ན་བོད་ནང་བོད་མི་༢༨ནས་རང་བསྲེག་སྐབས་འདིར་ལས་འགུལ་གཅིག་ཀྱང་མི་སྤེལ་རྩོམ་ཡིག་གཅིག་ཀྱང་མི་འབྲི་དོན་ག་རེ་རེད།མི་འདི་རིགས་ངོ་ཚ་མེད་པའི་མ་རུངས་ཁོག་བཅིངས་མཁན་དང་ཕྱོགས་རིས་ཀྱིས་འཚིག་བཞིན་པའི་གྲས་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།རེ་བ་བརྒྱབ་ཁུལ་བྱས་ན་ནོར་རེད།

  24. དགྲ་འདུལ་གཉེན་སྐྱོང་། says:
    2012-03-15 at 10:44 am

    ནང་ཁུལ་རྩོད་རྙོག་བརྒྱབས་ནས་ད་བར་དུས་ཚོད་སྐྱེལ་བ་རེད། སྐྱེལ་བའི་འབྲས་བུས་རང་ས་ཤོར་བ་རེད། འཇོན་པོ་ཡོད་ན་དགྲ་བོར་འཐབ་རྩོད་བྱེད་དང་། བོད་པའི་མདུན་དུ་སྟག་འདྲ་པོ་དང་། རྒྱ་མིའི་མདུན་དུ་ཞི་མི་འདྲ་པོ་མ་བྱེད།
    དེ་ནི་སྟག་ཞིམ་རང་རེད། དཔེར་ན། བྲག་ཞོལ་སྤེན་པ་བཞིན། བསམ་གཏན་ཡང་དེ་ཡིན། ཀརྡོ་གཉེར་ཕྱག་ཀྱང་དེ་དེ་ཡིན་པའི་ཕྱིར་རོ།

  25. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-15 at 11:09 am

    ༄༅།། སྐྱོ་སྣང་གི་འཕར་ལྡང་། ༼གསེར་རྟ་བསོད་ནམས་ཕུན་ཚོགས།༽
    མི་རིགས་ཤིག་གི་ལོ་རྒྱུས་ལ་ཚེ་སྲོག་གི་མཆོད་འབུལ་བྱེད་པའི་
    གདོང་དམར་དབའ་བོའི་རྒྱུན་འཛིན་ཞིག་དུར་སར་ནས་འགྱེལ་བའི་ལོ་ཟླ་
    འདི་འུ་ཅག་གི་མགོ་སྟེང་ལ་ལྷུང་བའི་སྐྱོ་སྣང་གི་དུས་ཤིག་རེད། ཕ་ཁྱིམ་གྱི་བཙན་རྫོང་ན་འགྱེང་བའི་སྤུན་ཟླའི་ཟུང་ཁྲག་དམར་པོ་དེ་
    སྣང་མེད་དུ་བཞུར་བའི་ལོ་ཟླ་རེ་རེ་མཐོང་གྱིན་མཐོང་གྱིན་ཞེ་མཁོན་གྱི་
    ཁ་རླང་ནག་པོ་ཁོག་གཏིང་ནས་མཆེད་པའི་དུས་ཚིགས་གྲངས་ཀྱི་
    ག་ལ་ཆོད། ཕ་ཁྱིམགཅིག་མཆེད་དང་ཟུང་ཁྲག་གཅིག་འདྲེས་ཀྱི་སྤུན་སྲིང་ཚོའི་
    རླབས་ཆེན་གྱི་མཛད་ཆེན་རེ་རེ་བསྐྲུན་སྐབས་མ་འོངས་གངས་ཅན་གྱི་
    གཞིས་ཁྱིམ་ལ་དྲོན་སྣང་གསར་བའི་ཁ་ཕྱོགས་དང་གཞིས་ཁྱིམ་
    བསྐྱར་གསོས་ཕུགས་ནོར་བསྐྲུན། ཆད་མ་མྱོང་བའི་ཚེ་སྲོག་གི་མཆོད་མེ་རེ་རེ་དམར་ལྷམ་ལྷམ་
    གངས་འགྲམ་ན་འབར་གྱིན་འདུག། འོད་སྣང་ལ་རེ་བའི་སྤུན་ཟླ་འདི་ཚོས་མིག་ཆུའི་ངོ་གདོང་རླན་ཅང་
    དྲན་གདུང་གི་དབྱངས་རྟ་རི་ཆུ་ལ་འཐེན་པའི་ལོ་ཟླ་མང་། གསེར་མདོག་གི་ཉི་སྣང་ཤར་ཉིན་འུ་ཅག་གི་ལས་དབང་སྨག་རིམ་ན་
    ད་དུང་ལས་ཚེ་སྲོག་གཏའ་མར་འཇོག་པའི་དབའ་རྒོད་ཚོས་
    སྙིང་སྟོབས་ཀྱིས་ཆོད་སེམས་བཞེངས་ཏེ་སྤོབས་སྟོབས་ཀྱིས་
    རོ་བོ་གྲངས་མེད་ཁུར། ཤུལ་ལས་ཀྱི་སྤུན་ཟླ་ཚོས་ཁྱེད་ཅག་གི་གཟི་བརྗིད་གླེང་བཞིན་
    འཇིགས་གཞོམ་བྲལ་བའི་མེ་དཔུང་ཁྲོད་ཀྱི་དབའ་བོ་དང་དབའ་མོ་ཚོའི་
    སྣང་བརྙན་ལ་ཅེར་གྱིན་ཁྱེད་ཅག་གི་རྗེས་སུ་བསྙེག་འདོད་ཀྱིས་དམ་བཅའ་སྦྱང་བཞིན་ཡོད་ཡ། ད་དུང་རྫོགས་མ་ཚར་བའི་གཏམ་རྒྱུད་དང་བཤད་ཚར་བའི་སྙིང་གཏམ་
    སོགས་སུ་གླེང་སྙིད་འོདད་དེས་ཕྱིར་ད་དུང་གསོན་དགོས་་་་་་་་་་་་་་་
    ་ད་དུང་་་་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་མིག་ཆུའི་ལོ་རབས་དང་སྐྱོ་སྣང་གི་དུས་རབས་སོགས་ཀྱི་ལོ་རྒྱུས་ངའི་སྙིང་ག་ནས་མཆེད་བཞིན་རྨི་ལམ་ན་འཔར་བཞིན་ཡོད་སུ་ལ་གླེང་དགོས་་་་་་་་་་་
    ད་དུང་ཚར་མེད་་་་་་་་་་ད་དུང་རྫོགས་མེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གསེར་རྟ་བསོད་ནམས་ཕུན་ཚོགས་ཀྱིས་རྡ་ས་ནས་སུག་བྲིས་སོ། 2102 3 15

  26. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-15 at 1:36 pm

    བོད་རང་བཙན་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། ཆོས་དད་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། མི་རིགས་ཐོབ་ཐང་འདྲ་མཉམ་དགོས། སྐད་ཡིག་ཐོབ་ཐང་འདྲ་མཉམ་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན།

  27. གསེར་འབྲུག་སྡེར་ལྔ་ says:
    2012-03-15 at 3:45 pm

    ཧ་ཧ། མགོ་གཏད་རིང་ལུགས་པའི་འགོ་གཙོ་ཀརྡོ་གཉེར་ཕྱག་པ།
    སུའི་རང་བཙན། བོད་དང་བོད་མི་རིགས་ཀྱི་འཐོབ་ཐང་རང་དབང་བཙན་པོ།
    ལེན་མཁན་སུ། མགོ་གཏད་རིང་ལུགས་པའི་མགོ་གཉིས་མ་མ་ཡིན་ལ་བོད་ས་རྒྱ་ལ་འཚོང་བྱེད་མཁན་གྱི་ཀླད་ལྗང་དང་ཀླད་སྟོང་དེ་བས་མིན་པར་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་མི་རབས་གསར་པ་དང་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས།
    ལེན་སྟངས་གང་། རྒྱལ་སྤྱི་དང་རྒྱལ་ཁབ་གཞན་གྱི་ངོས་ལེན་དང་རྒྱབ་སྐྱོར་ཡོད་མེད་ལ་མི་ལྟོས་པར་བོད་མི་རིགས་ཀྱི་ལོ་ངོ་སྟོང་གི་རྒྱལ་རབས་ལོ་རྒྱུས་དངོས་ཀྱིས་བདེན་དཔང་བྱས་ཏེས་ཐབས་བརྒྱ་ཇུས་སྟོང་གིས་ཞི་དྲག་གཉིས་ཀྱི་སྒོ་ནས་རང་ས་རང་ལ་བདག་པར་བྱེད་ཀྱི་རེད་ལ་བདེན་པ་བདེན་མཐར་འཁྱོལ་ཐབས་གནང་གི་རེད། ཧ་ཧ་དེ་འདྲའི་ཧབ་ཤ་རྒྱགས་དོན་ཅི།

    དེ་ནས་དབུས་ལམ་མ་རེད་ལམ་གཡོན་ཕྱོགས་པ། དེ་ཡང་རྒྱ་ཕྱོགས་པ། ལམ་ཆེན་མ་རེད་རྐང་ལམ་ཕྲ་མོ་ལས་གུ་དོག་པ་ཞིག་ཕྱིན་ནས་སླེབས་རྒྱུ་མེད་པའི་ལམ་ཀྱག་ཀྱོག། ད་ནི་ཞེན་པ་གཏིང་ནས་ལོག་སོང་།
    གཉིས་ཕན་མ་རེད་གཅིག་ཕན་རེད། དེ་ཡང་བོད་ཕན་མ་རེད་རྒྱ་ཕན་རེད། མཐའ་མཇུག་སུ་ལ་ཕན་སོང་མིག་བགྲད་ནས་བལྟོས་ཨ།
    ལེན་མཁན། རྒྱ་དམར་ཀླ་ཀློ་དང་མགོ་གཏད་རིང་ལུགས་པའི་མགོ་གཉིས་མ་དང་རང་དོན་ཁོག་བཅུག་གི་ཁེ་ཕན་གཙོ་གཉེར་མ་གཏོགས་རྒྱལ་ཁབ་དང་མི་རིགས། ལྷག་པར་དུ་འབྱུང་འགྱུར་མི་རབས་གསར་པ་ཚོར་ཅི་ཡང་མི་བསམ་མཁན་གྱི་སྲིད་དོན་ཚོང་པ་ཚོ།
    ལེན་སྟངས། ཡོད་ཚད་རྒྱ་ལ་སྦྱིན་ནས་མགོ་འབུལ་ལུས་འབུལ་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལོག་རྒྱུ་དེ་རེད་པ།
    གཉེན་སྒྲིག་ཆེན་མོ། དགའ་གྲོགས་བསྒྲིག་མྱོང་མེད་ལ་མནའ་མ་མཐོང་མྱོང་མེད་པ་མ་ཟད་མནའ་མར་བརྒྱུས་ལོན་ཙམ་ཡང་བྱ་ལོང་མེད་པར་གྲྭ་པ་མནའ་མ་ལེན་པའི་ངང་ཚུལ་འདི་དང་། རང་གི་ཕ་མ་དང་ཕུ་ནུ་མིང་སྲིང་གསོད་མཁན་གྱི་ལག་དམར་བ་དང་གཉེན་སྒྲིག་བྱེད་པའི་ལུགས་འདི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོང་རྒྱུ་མེད་པ་གཏན་མཁེལ་རེད། ཀི་ཀི་བསྭོ་བསྭོ། རྗེ་ཡི་དབུ་ལྷ་བཅུ་གསུམ་དང་འབངས་ཀྱི་སྲོག་ལྷ་བཅུ་གཉིས་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་སོགས་ཁྲེལ་ཡོང་ངོ་།

  28. ཁ་བའི་སྒྲོན་མེ། says:
    2012-03-16 at 6:18 am

    རང་དབང་ལེན་དགོས་ན་རྒྱུན་རིང་བང་སྒྲིག་ནས་བགྲོ་གླེང་གནང་དགོས།

  29. སྡོམ་ནག says:
    2012-03-16 at 7:46 am

    ཁ་བཤད་ཆུ་ཡི་ཝུ་བ།། ལག་ལེན་གསེར་གྱི་ཐིགས་པ།།

  30. ཀརྡོ་གཉེར་ཕྱག་པ་ says:
    2012-03-16 at 7:50 am

    ༢༧༽ གསེར་འབྲུག་སྡེར་ལྔ་ལགས། སེམས་ཤུགས་ལ་ཐུགས་རྗེ་ཞེས་ཞུའོ། འདི་རིང་འདི་ཙམ་མོ། བཀྲ་ཤིས་བདེ་ལེགས། རྗེས་སུ་མཇལ་ཡང་ངོ་།

  31. སྡུག་གསུམ་ནས་ says:
    2012-03-16 at 6:12 pm

    རང་དབང་ཡོད་པའི་དུས་སུ།
    སྡེ་བ་གཞུང་གི་སྐུ་དྲག།
    ཁེ་དབང་ཁོ་ནར་བསམ་ནས།
    རྒྱ་ལ་གྲོགས་པོས་འཕོངས་སོ།

    ད་ནི་རང་བཙན་ཕར་ཞོག།
    རང་སྲོག་གཏོང་བའི་དུས་སོ།
    རང་བཙན་གཙང་མའི་ཆེད་དུ།
    རང་གི་ལོ་རྒྱུས་སྦྱོངས་དང་།

  32. ལྷག་པ། says:
    2012-03-17 at 5:06 am

    བྲག་ཞོལ་སྤེན་པ། ཁྱེད་ཀྱི་ཤེས་དགོས་པར། ང་ཚོ་ལ་རིག་གཞུང་མཁས་པ་ཡང་དགོས་ལ། ཤེས་ཡོན་མཁས་པ་ཡང་དགོས། འཇམ་དབྱངས་ནོར་བུ་ཁྱོད་ཀྱིས་ཁས་མ་བླངས་ཀྱང་རུང་། ང་ཚོ་བོད་པའི་ནང་ནས་རྒྱལ་སྤྱིའི་ཐོག་ཚད་ལྡན་གྱི་རྩོམ་པ་པོ་ཉིན་མོའི་སྐར་མ་ལྟ་བུ་ནས་འཇམ་ནོར་འདི་གཅིག་རེད། ཁྱོད་ལ་འབུར་འཇོམས་གཏོང་བའི་ནུས་པ་མེད་ཀྱང་། དེ་འདྲའི་ཀུན་སློང་ཙོག་པ་དེ་ཅི་དྲག
    ཁོང་ཚོས་དེང་དུས་ཇི་ལྟར་བྱེད་ཀྱི་ཡོད་མིན་ལ་རྩད་གཅོད་མ་བྱས་པར། ཁྱེད་རང་གིས་དེང་དུས་ག་རེ་བྱེད་ཀྱི་ཡོད་དམ། བསྟན་རྡོར་དང་བཀྲས་ལྷ་སོགས་ཀྱིས་ཁྱོད་རང་Party དང་། དགའ་རོགས་སྒྲིག་པར་སྐད་བཏང་མ་བྱུང་ན། ང་ལ་ཁྱོད་ཀྱི་ཁ་པར་ཨང་གྲངས་སྤྲོད་དང་ངས་ཁོང་ཚོར་ཁྱོད་རང་Party དང་། དགའ་རོགས་སྒྲིག་པར་སྐད་གཏང་རོགས་ཞེས་རེ་ཞུ་བྱས་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme