Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ན་ནིང་ལས་ད་ལོར་སྐྲག

Posted on 2009-05-182009-05-18 By lungrik No Comments on ང་ན་ནིང་ལས་ད་ལོར་སྐྲག

བོད་ནས་ལྷམ་ཀོག་གིས་་་་་་་་་་་་་་་་་་་་་་་་་་་་

ན་ནིང་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་དགུང་མོར་གྲོགས་པོ་ཞིག་གིས་མགྲོན་འབོད་བཏང་བ་ལྟར་ང་དེ་གར་སོང་བ་ཡིན། ངེད་ ཅག་གྲོགས་པོ་འགའ་མཉམ་དུ་འཛོམས་ནས་དུས་རྒྱུན་ལྟར་གླེང་མོལ་སྣ་ཚོགས་བྱས་ནས་ སྡོད་པའི་སྐབས་སུ་མི་ཞིག་གིས་ཁ་པར་འོང་ནས་སྲང་བར་ན་འཁྲུག་རྩོད་རྒྱག་གིན་ འདུག་པའི་སྐད་ཆ་འགའ་ཐོས་མོད་ངེད་ཅག་གིས་སྣང་མེད་དུ་བསྐྱུར་ནས་མུ་མཐུད་དུ་ གླེང་མོལ་སྣ་ཚོགས་བྱས་ཏེ་བསྡད་པ་ཡིན་མོད། མཇུག་མཐར་ཕྱི་ལོག་ནས་དབུགས་ཧད་ཧད་ཀྱིས་མི་ཞིག་འོང་ནས་འཁྲུག་རྩོད་ཉོག་འཛིངས་ཡིན་པའི་རྒྱུ་མཚན་འགའ་བཤད་ན་ཡང༌། ང་ཚོ་ཅུང་མི་རློམ་པའི་ཚུལ་དུ་རང་རང་གི་གྲོགས་པོ་དག་ལ་ཁ་པར་བཏང་ནས་དྲིས་པ་ན་དོན་དེ་ངོ་མ་ཡིན་པའི་ཚུལ་མང་དུ་ལབ་བྱུང༌། དེ་ ནས་ཆུ་ཚོད་ཀྱང་བཅུ་གཅིག་ལ་སླེབས་གྲབས་བྱེད་ཀྱིན་འདུག་པས་ང་གྲོགས་པོ་གཞན་ ཞིག་དང་ལྷན་དུ་སྲང་ལམ་བརྒྱུད་ནས་འོང་སྐབས་ལམ་གྱི་གཡས་གཡོན་ཡོད་ཚད་དམག་མི་ དང་སྤྱི་བདེ་དཔོན་དམག་གིས་ཁེངས་འདུག་པས། རང་སེམས་ན་གནོང་ཅི་ཡང་མེད་མོད་མཚམས་རེར་འཇིགས་དངངས་སྐྱེས་པ་བྱུང་སོང༌། དེ་ནས་རང་གི་ཤག་ལ་འོང་ནས་མི་གཞན་ཞིག་ལ་འཁྲུག་རྩོད་དེའི་རྒྱུད་རིམ་དྲིས་པ་ཡིན། ཁོས་ བཤད་རྒྱུར་དང་པོ་ཧེ་རིགས་ཀྱི་དབུགས་ལྒང་འཚོང་མཁན་གྱི་མི་ཞིག་དང་བོད་ཀྱི་ བྱིས་པ་ཞིག་གི་རྩོད་གཞི་བྱུང་བར་རྐྱེན་བྱས་ནས་དེ་ལྟར་འཁྲུག་པ་རེད་ཟེར། མཐར་ ཉིན་རེ་ནས་ཉིན་རེར་དོན་དག་ཆུང་རིམ་ནས་ཆེ་རིམ་ལ་འཕར་ནས་ཟིང་ཆ་ཆེན་པོ་ལངས་པར་ བསྟུན་ང་ཚོར་དུས་མི་བདེ་བ་བྱུང་དོན་དངོས་དེ་ཕྱི་ནང་ཀུན་ལ་གསལ་བ་རེད། དེའི་ཕྱིར་ལོ་ཡི་ཁོར་མོ་གཅིག་ཏུ་དངངས་འཚུབ་དང་ཡི་མུག་གིས་ངང་དུ་འདུག་དགོས་བྱུང་སོང༌། ད་ལོ་ལ་མཚོན་ན་ང་ཚོའི་དམངས་ཚོགས་ཀྱི་ངོས་ནས་རང་གི་འདོད་མོས་ལྟར་ལོ་གསར་བར་རོལ་རྒྱུའི་འཕེན་པ་བཏང་ནས་སྡོད་དུས། གོང་རིམ་གྱིས་སྒྲིག་ལམ་སྣ་ཚོགས་ཤིག་བཅོས་ནས་སུན་བཙིར་མང་དུ་བྱས་པར་མ་ཟད། ཧོར་ ཟླ་དང་པོའི་ཚེས་མགོ་ནས་བཟུང་སྟེ་དམག་མི་འབོར་ཆེན་བཏང་ནས་དགོན་པ་དང་སྲང་ལམ་ གྱི་གཡས་གཡོན་ཐམས་ཅད་ལྐོག་ལྐོག་སུད་སུད་ཀྱིས་ཁེངས་པར་བྱས་པ་དང༌། མེ་ མདའ་དང་མེ་སྒྱོགས་སོགས་ཀྱི་ཟིལ་ཤུགས་བཟོད་མི་བདེ་བ་དག་ངོམ་པའི་ཁར་དགོན་པའི་ ལྟག་རྒྱབ་ཀྱི་བསང་ཁྲི་དང་སྒྲོལ་མའི་ཐང་ཆེན་སོགས་ནས་ཆོས་ལུགས་ཀྱི་བྱེད་སྒོ་ སྤེལ་མི་ཆོག་པར་བཟོས་པ་རེད། འགྲོ་ སྟངས་འདི་དང་གནས་སྟངས་འདིར་བསམ་བློ་རེ་བཏང་ན་ང་ཚོ་ནི་ཀྲུང་གོ་གུང་ཁྲན་ཏང་ གི་སྤྱི་འབངས་ཤིག་ཡིན་པའི་རྟགས་གང་ཡང་བསྟན་མི་འདུག་པར་མ་ཟད། ང་ཚོའི་བོད་མི་ཡོངས་ཁྲིམས་འགལ་ནག་ཉེས་ཅན་ཤ་རྟགས་སུ་ངོས་བཟུང་འདུག་པའི་རྣམ་པ་མངོན་འདུག འདི་ ལྟ་བུའི་བཀོད་སྒྲིག་ནི་རྒྱལ་ཁབ་ཀྱི་བརྟན་བརླིང་དང་གཅིག་གྱུར་གྱི་ཆེད་དུ་ སྤེལ་བ་ཞིག་མ་ཡིན་པར་ཆེ་བས་ཆུང་བར་གཉའ་གནོན་དང་བརྙས་བཅོས་ཀྱི་ཆེད་དུ་སྤེལ་ བ་ཞིག་དང་འདྲ་བོ་འདུག དབུས་ སྲིད་གཞུང་གི་ཐུགས་འཁུར་ནི་རྒྱ་ཆེ་ཡང་བར་ལམ་སྐེད་ལམ་གྱི་དཔོན་ངན་འགའ་རེས་ འཕྲལ་ཀྱི་བྱ་བ་ལམ་ལྷོངས་འོང་བའི་ཆེད་དུ་ང་ཚོར་དྲག་ཆོས་སྤྲོས་པའི་ངང་ཚུལ་ འདིས་ང་ཚོའི་རྒྱུད་ལ་གནོན་མི་ཚུགས་པའི་སྙིང་ནད་བཟོས་ཡོད་པས་མི་ཚད། ཏང་གི་མཚན་སྙན་ལ་ཡང་ནག་ཐིག་ཕབ་ཡོད་པ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་སྤྲད་པ་རེད། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་ཀྱི་འགྲོ་སྟངས་ནི་དངོས་ཐོག་བདེན་འཚོལ་ཡིན་ཞིང༌། དམངས་ ལ་བརྟེན་པ་དང་དམངས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱེད་པ་ཞིག་ཡིན་ན་ འདི་ལྟ་བུའི་དམངས་ལ་རྒྱུས་ལོན་མེད་པར་རྒྱུག་པ་ལེབ་རྡུང་བྱེད་པའི་སྣང་ཚུལ་ ནི་གཏན་འགོག་བྱ་དགོས་པར་སྙམ། ནམ་རྒྱུན་དཔོན་ངན་རེ་འགས་རང་གི་ཁེ་དང་ངོ་སྲུང་གི་ཆེད་དུ་དམངས་ལ་གནོན་བཙིར་དང༌། དབུས་སྲིད་གཞུང་ལ་དཀྱོགས་བཤད་དང་རྫུན་བཟོ་བྱེད་པ་འདི་ནི་ང་ཚོས་འཁུར་ནུས་པ་ཞིག་གཏན་ནས་མ་རེད། མར་ལེ་གཞུང་ལུགས་ན་ཡང་བྱ་བ་ནི་ཚད་གཞི་ཅན་དང་ལྟོས་གཞི་ཅན་ཡིན་པར་གསུངས་པའི་དགོངས་པ་དང་མཐུན་ན་རེད། ང་ཚོ་ལ་དབུས་སྲིད་གཞུང་གིས་སྒོར་ཁྲི་ཕྲག་མང་པོ་ཕངས་མེད་དུ་གནངས་པ་ཡིན་རུང༌། བར་ལམ་གྱི་བྱེད་ཕྱོགས་འདིས་ང་ཚོའི་དུངས་ཞེན་ལ་ཕོག་ཐུགས་མང་དུ་བཏང་རྐྱེན་དམངས་ཀྱི་སེམས་ལ་དཔལ་འབྱོར་གྱི་ངོ་སོ་ནི་ཆུང་དུ་སོང་ཡོད། ད་དུང་དེ་ལས་ཡིད་ཕངས་པ་ཞིག་ལ་ད་ལོ་ལྟ་བུར་ང་ཚོའི་བོད་མི་དག་ས་ཕྱོགས་གང་ནས་ཀྱང་བཀག་སྡོམ་ཤུགས་དྲག་བྱས་པ་དང༌། ཐོབ་ཐང་འཛིན་ཡིག་ལ་མི་བལྟ་བར་བོད་མི་ཡིན་མིན་ལ་བལྟས་ནས་འགྲིམ་འགྲུལ་བྱ་སའི་གཞི་གང་ན་ཡང་ལྟ་སྟངས་མི་མཛེས་པར་བྱེད་པ་སོགས་ལ་གཞིགས་ན། མི་རིགས་ཆེན་པོའི་རང་ལུགས་ནི་སྔར་བཞིན་སོ་ན་གནས་པའི་ཆ་ཡར་ལྡན་དུ་འདུག་གམ་སྙམ་པ་བྱུང་སོང༌། དོན་ འདིའི་བྱེད་སྟངས་ལ་བལྟས་ན་ང་ཚོའི་གྲངས་ཉུང་མི་རིགས་ཀྱིས་རང་སྲུང་གི་ཆེད་དུ་ ཀུ་ཅོ་རེ་མི་འདོན་རང་འདོན་དུ་སོང་ཡོད་པའི་གནས་སུ་ལྷུང་ཡོད་པའི་ངང་ཚུལ་ཡང་ དྲན་འོང༌། མར་ལེ་གཞུང་ལུགས་ན་ཡང་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་འདི་གལ་ཆེན་དུ་བསྟན་འདུག་པས། གོང་རིམ་གྱིས་ང་ཚོའི་གནས་བབ་ལ་དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན་རེད། ནམ་རྒྱུན་བར་ལམ་གྱི་དཔོན་ངན་རེ་འགས་དབང་ཤུགས་བཀོལ་ནས་ཏང་གི་དགོངས་པ་དང་མར་ལེ་རང་ལུགས་ཀྱི་གོ་རྟོགས་དམན་པ། མ་འོངས་པའི་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་བསམ་བློ་མི་གཏོང་བའི་ཡོག་ལི་རེ་ལག་གཡོག་ཏུ་བླངས་ནས། མང་ཚོགས་ལ་བཀའ་འབབ་རྐྱང་བྱེད་པ་ནི་མ་འོངས་པར་ཁ་བྲལ་གྱི་ལམ་ལ་བསྐྱོད་རྒྱུའི་སྔོན་འགྲོ་ལྟ་བུ་རེད། ཐད་ཀར་བལྟས་ན་དེ་འདྲའི་གནད་ཅིག་ཏུ་མི་སྣང་ཡང་བྱ་དངོས་ནི་འཕེལ་རིམ་ཅན་གྱི་རང་བཞིན་དང་རིམ་བསགས་ཅན་གྱི་ཡུལ་ཡིན་པ་ཆོས་ཉིད་ཡིན། དེའི་ཕྱིར་ང་ཚོས་བྱ་དངོས་ཀྱི་ཚད་དེ་འཛིན་མཁས་པོ་བྱེད་དགོས། ཚད་ལས་བརྒལ་བ་དང་ཚད་དུ་མ་ལོངས་པ་གཉིས་གང་ཡིན་རུང་རྩོད་སྒྲུབ་རིག་པ་དང་འགལ་བ་ཡིན་པ་ང་ཚོས་ཁས་ལེན་དགོས་པ་རེད། དཔེ་འདི་དང་མཐུན་པའི་གཏམ་རྒྱུད་ཅིག་དྲངས་ན། གོ་ ཐོས་སུ་ཞིང་བ་ཞིག་གིས་ཁོ་རང་གི་བོང་བུར་དངོས་རྫས་བཀལ་ནས་སྣང་བ་སྐྱིད་པོའི་ ངང་དུ་འགྲོ་གི་ཡོད་པ་མཐོང་ནས་ཁོས་རྒྱུན་ཆད་མེད་པར་དངོས་རྫས་སྲང་གང་རེ་གང་ རེ་བསྣན་སྟབས། མཐར་བོང་བུས་ཐེག་མ་ཐུབ་པར་འགྱེལ་བ་རེད་ཟེར། གཏམ་ རྒྱུད་འདིའི་ཁྲོད་ཀྱི་བོང་བུ་དེ་དང་འདྲ་བར་ངོ་ཚོའི་བོད་མི་རིགས་ཀྱི་སྟེང་ལ་ ཡང་མངོན་ལྐོག་ཡོད་ཚད་ནས་གཉོམ་འཁེལ་མང་དུ་བཞག་དྲག་ན་མཐར་སྡུག་བསྔལ་གྱི་འཕག་ འཚག་རེ་བྱེད་སྲིད་པ་ཞིག་རེད། དེ་བྱེད་འོས་པ་ཞིག་ཀྱང་རེད། རྒྱུ་མཚན་ནི་ང་ཚོའི་མི་སྒེར་དང་སྤྱི་གང་ཡིན་རུང་སྡུག་བསྔལ་ལས་གྲོལ་འདོད་པ་དེ་རེད། ད་ དུང་ང་ཚོའི་མི་ནི་མཐོ་རིམ་གྱི་སྲོག་ཆགས་ཤིག་ཡིན་པའི་ཆ་ནས་ཟས་དང་གོས་ཀྱིས་ ལྡེང་བ་ཙམ་གྱིས་འདོད་པ་ཁེངས་པ་དང་བདེ་བ་ལྡན་ཡོད་པར་འདོད་པ་ཞིག་ལར་ནས་མ་ རེད༌། མ་གཞི་མི་ཞིག་ཡིན་ན་རང་རང་གི་ཁེ་དབང་དེ་ལ་བརྩིས་ཆེན་བྱེད་པ་དང་དུངས་ཞེན་དེ་ལ་དགའ་གུས་བྱེད་པ་ཞིག་རེད་འདུག དེ་བས་གཙོ་བོ་བཏང་ནས་ཕལ་བར་གཅེས་པའི་གནས་ཚུལ་འདི་ནི་གཏན་ནས་འོས་པ་ཞིག་མ་ཡིན་པས། དུས་ཚོད་དང་གོ་སྐབས་ལ་བརྟེན་ནས་ང་ཚོ་ནི་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་འདིའི་ཆ་ཤས་ཤིག་ཏུ་ངོས་འཛིན་པར་ངེས་པ་དོན་གྱིས་རེ་བ་ཡོད། དེང་གི་དུས་སུ་རྣམ་པ་ཙམ་གྱིས་གོ་སྐོན་བློ་འགུག་བྱ་ཐུབ་པར་འདོད་པ་ནི། ཕྱི་རོལ་གྱི་བྱ་དངོས་ཀྱི་ཆོས་ཉིད་དང་འཕེལ་རིམ་ལ་སྣང་ཆུང་བྱས་པ་ཞིག་ཡིན་ཞིང༌། དངོས་པོ་ཨང་དང་པོ་འདུ་ཤེས་ཨང་གཉིས་པར་འཇོག་པའི་གཞུང་ལུགས་ཤིག་གི་དགོངས་དོན་དང་ཡང་རྦད་དེ་འགལ་འདུག་པ་རེད་དོ།།

རྩོམ་རིག

Post navigation

Previous Post: ༡༩༦༡ གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་སོགས།
Next Post: གནའ་ཤུལ་སྔོགས་འདོན་དཔྱད་ཞིབ་ཀྱིས། །གནའ་བོའི་བོད་ཀྱི་རང་ཞལ་ལྟ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme