Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་དུས་ཉིན་གྱི་བུ་ཆུང་ཞིག་གི་མཐོང་ཐོས།

Posted on 2012-03-122012-03-13 By ཁ་བརྡ་ 1 Comment on གསུམ་དུས་ཉིན་གྱི་བུ་ཆུང་ཞིག་གི་མཐོང་ཐོས།

ང་བུ་ཆུང་ཞིག་གིས་མིག་མཐོང་བ་རྒྱ་མིས་༧གོང་ས་མཆོག་གི་དབྱར་ཀའི་ཕོ་བྲང་ནོར་བུ་གླིང་ཁར་འབར་རྫས་གཏོར་བ།
ཨ་མྱེས་ཚང་ཐུབ་བསྟན།
—————-
༡༩༥༩ ལོའི་ནང་དུ་ལྷ་ལྡན་སྨོན་ལམ་ཆེན་མོ་ཡོངས་སུ་གྲུབ་པའི་རྗེས་སུ་རྒྱ་མིས་བོད་ཀྱི་ལྷ་སར་བཙན་འཛུལ་བྱས་སོང༌། ང་ཚོས་གོ་ཐོས་ལ་རྒྱ་མིའི་དམག་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་ཁྲིད་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང༌། རྒྱ་མིའི་དམག་སྤྱི་ལས་ཁུངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་སྐྱིད་ཆུའི་ཕ་རོལ་དུ་འཁྲབ་སྟོན་ཞིག་ཏུ་གདན་འདྲེན་ཞུས་ཏེ། ༧གོང་ས་མཆོག་ལ་སྐུ་སྲུང་བ་དང་ཞབས་ཞུ་བ་སུ་ཡང་མེད་པར་སྐུ་རྐྱང་དུ་ཕེབས་རྒྱུའི་རེ་བ་བཏོན་པ་རེད། གནས་ཚུལ་འདིས་རྐྱེན་པས་བོད་མི་མང་ཚོགས་ཀྱིས་རྒྱ་མིས་གཡོ་ཇུས་ཡིན་པར་ངོས་འཛིན་བྱས་པ་རེད། གནས་ཚུལ་དེ་བོད་མི་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐར་མང་ཚོགས་ལ་ཁྱབ་སྟེ་མི་དམངས་དང་གྲྭ་བཙུན་ཐམས་ཅད་ནོར་བུ་གླིང་ཁར་འཛོམས་ཏེ་༧གོང་ས་མཆོག་ལ་སྲུང་སྐྱོབ་བྱེད་དེ་ཁོང་རྒྱ་མིའི་འཁྲབ་སྟོན་དུ་ཕེབས་རྒྱུར་འགོག་ཐབས་བྱས་པ་རེད། ངས་སེ་ར་དགོན་པའི་ཐོག་ཁ་ནས་ནོར་བུ་གླིང་ཁར་བྱུང་བའི་གནས་ཚུལ་རྣམས་གསལ་པོ་མཐོང་ཐུབ་ཀྱི་འདུག ང་ཚོས་གོ་ཐོས་ལ་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གིས་ལྷ་སའི་སྐྱིད་ཆུ་ནས་རྒྱ་དམག་ལ་རྒོལ་འཛིང་བྱས་ཏེ་༧གོང་ས་མཆོག་ཉེན་ཁ་ལས་སྐྱོབ་ཐབས་གནང་གི་ཡོད་འདུག ང་ཚོས་ཡིད་ཆེས་བྱེད་རྒྱུར་སྐབས་དེ་དུས་ངའི་ཨ་ཕ་སེ་ར་དགོན་པར་ང་ཚོ་ཁྲིད་དུ་ཡོང་གི་རེད་སྙམ། ཉིན་མ་གཅིག་རྒྱ་མིའི་དམག་སྤྱི་ལས་ཁུངས་ནས་བོད་ཀྱི་བཀའ་བློན་འཕགས་པ་ལྷ་ཞེས་པ་དེ་ནོར་བུ་གླིང་ཁར་༧གོང་ས་མཆོག་རྒྱ་མིའི་འཁྲབ་སྟོན་སར་སྐུ་སྲུང་མེད་ཀྱང་ཉེན་ཁ་མི་ཡོང་བའི་སྐོར་གསལ་བཤད་བྱེད་དུ་བཏང་ཡོད་འདུག ཁ་ཤས་ཀྱིས་ཟེར་རྒྱུར་ཁོང་རྒྱ་མི་མོ་ཊར་ (Jeep) ཞིག་གི་ནང་དུ་འཛུལ་ནས་འགྲོ་སོང་ཟེར། ཡང་འགའ་ཤས་ཀྱིས་ཁོང་གིས་ལྕགས་རྟ་ཞིག་ཞོན་ནས་འགྲོ་སོང་ཟེར། གང་ལྟར་ནོར་བུ་གླིང་ཁའི་སྒོའི་ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་བཀའ་བློན་དེ་རྒྱ་མི་དང་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་པའི་དྭོགས་པ་ཟོས་ནས་ཕོ་བྲང་ནང་དུ་ཡར་མ་བཏང་བར་རྡོ་བཞུས་པ་རེད། བོད་མི་ཡོངས་རྫོགས་ངལ་གསོ་རྒྱབ་རྒྱུའི་དུས་ཚོད་མེད་པར་ཐབ་ཚང་ནང་གི་གྲི་ཆུང་ཡན་ཆད་དམག་འཐབ་གི་ལག་ཆ་ལ་གྲ་སྒྲིག་བྱས་པ་རེད། ང་དང་ངའི་གཅེན་པོ་ངེད་གཉིས་དགོན་པའི་ཐོག་ཁ་ནས་བལྟས་པས་གྲྭ་པ་བརྒྱ་ཕྲག་མང་པོ་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་མེ་མདའ་དང་རྫས་མདེལ་ལེན་དུ་མདུན་བསྐྱོད་བཞིན་འདུག སེ་ར་དགོན་པ་ལ་ཡོད་པའི་བོད་མདའ་དང་བྷ་རྫོག་ཀ་ཁ་ཤས་ཡོད་པ་དེ་དག་ལྷ་སར་རྒྱ་མི་དམག་སྒར་གྱི་ཕྱོགས་སུ་ཁ་གཏོད་དེ་བཞག་འདུག མེ་མདའ་ལེན་དུ་འགྲོ་བའི་གྲྭ་པ་དེ་ཚོས་མེ་མདའ་མང་པོ་ཁུར་རྒྱུ་རྙེད་འདུག་ཀྱང་མདེའུ་ཁ་ཤས་ལས་ཁུར་རྒྱུ་རྙེད་མི་འདུག གཏམ་འཆལ་གོ་ཐོས་ལ་ཕོ་བྲང་པོ་ཏ་ལའི་གོ་མཛོད་བདག་གཉེར་བྱེད་མཁན་དེ་རྒྱ་མི་དང་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་སྟབས་ཁོང་གིས་མདེའུ་མ་སྤྲོད་པ་རེད་ཅེས་བཤད་ཀྱི་འདུག གློ་བུར་དུ་ཕོ་བྲང་པོ་ཏ་ལའི་མདུན་དུ་སྒྱོགས་མདེལ་བཀས་པ་མཐོང་སོང་ལ་ནོར་བུ་གླིང་ཁའི་ཁྲིས་སུའང་སྒྱོགས་མདེལ་ཁ་ཤས་ཤིག་བཀས་སོང༌། སེ་ར་གྲྭ་པ་པོ་ཏ་ལ་ནས་མེ་མདའ་དང་མདེའུ་སྒྲུག་ནས་ཚུར་ལོག་ཡོང་མཁན་དེ་ཚོས་མེ་མདའ་དང་མདེའུ་དེ་དག་ཁྱེར་ཏེ་ཕྱིར་པོ་ཏ་ལའི་ཕྱོགས་སུ་མཆོངས་སོང༌། ང་ཚོས་རྒྱ་དམག་གིས་ནོར་བུ་གླིང་ཁའི་མཚོན་པའི་ལྷ་སའི་ཁུལ་གྱི་ས་ཆ་གནོད་ཡོད་ཚང་མ་ཁྲབ་ལྡན་འཐབ་འཁོར་གྱིས་མཐའ་སྐོར་བཞིན་ཡོད་པར་མཐོང་གི་འདུག རྒྱུན་རིང་མ་སོང་བར་གྲྭ་པ་དེ་ཚོ་སེ་ར་དགོན་པའི་ནང་དུ་འཛུལ་སོང༌། རྒྱ་དམག་ཚོས་དགོན་པར་དབང་བསྒྱུར་བྱེད་རྒྱུར་མགོ་བཙུགས་ཏེ་སེ་ར་དགོན་པའི་ཀླད་དུ་ཡོད་པའི་སེ་རའི་སྒྲུབ་ཕུག་ལ་མེ་སྒྱོགས་རྒྱབ་སོང༌། དེ་བཞིན་ཁོང་ཚོས་དབྱར་ཁའི་ཕོ་བྲང་དང་དེའི་གཡས་གཡོན་སོགས་སུ་རྒོལ་འཛིང་བྱེད་བཞིན་འདུག མི་བརྒྱ་ཕྲག་བརྒལ་བ་བར་སྣང་དུ་གཡུག་ཡོང་གི་འདུག་ལ། དེ་མ་ཐག་སར་ལྷུང་སྟེ་སྲོག་ཉེས་ལས་ཐར་ཕྱིར་རྒྱུགས་པ་དང་ཡིབ་པ་སོགས་བྱས་པ་མཐོང་གི་འདུག ང་དང་ངའི་གཅེན་པོ། ད་དུང་ཕྲུ་གུ་གཞན་པ་ཚོ་བཅས་གཙུག་ལག་ཁང་གི་ཐོག་ཁ་ནས་རྒྱང་ཤེལ་རྒྱབ་ནས་བལྟས་པས་ལྷ་སའི་ཕྱོགས་ཀྱི་གནས་ཚུལ་ཚང་མ་མཐོང་གི་འདུག ང་ཚོས་བསམ་པར་མེ་སྒྱོགས་རྒྱབ་ནས་བར་སྣང་དུ་གཡུགས་ཡོང་བའི་མི་དེ་ཚོ་རྒྱ་མིའི་དམག་མི་ཡིན་ཤག་བྱས་པ་ཡིན། ཡིན་ཡང་དོན་དངོས་སུ་ཁོང་ཚོ་ནི་རེ་བ་གཏན་བྲལ་དུ་གྱུར་པའི་བོད་མི་ཚོས་དབྱར་ཁའི་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་སྲུང་སྐྱོབ་བྱེད་བཞིན་པ་དེ་ཚོ་རེད་འདུག མེ་སྒྱོགས་མང་པོ་ཞིག་སེ་ར་དགོན་པའི་ཕྱོགས་སུ་གཡུགས་ཡོང་གི་འདུག ཁོང་ཚོས་དགོན་པར་མ་རྒྱབ་པའི་སྔོན་དུ་མེ་སྒྱོགས་མང་པོ་ཞིག་ང་ཚོའི་ཀླད་ནས་ཕར་འཕེན་ཡོང་གི་འདུག ང་ཚོའི་ཁང་ཚན་དགེ་རྒན་གྱིས་བདེ་འཇགས་ཀྱི་ཆེད་དུ་ཕྲུ་གུ་ཚང་མ་འོག་ཏུ་མར་ཡོད་དགོས་པའི་བཀའ་བཏང་སོང༌། ང་ཚོས་ཁོང་གི་ཞལ་ལ་ཉན་ནས་མར་བབས་ཏེ་ཁང་ཚན་གྱི་འདུ་ཁང་གི་ཁྲིས་ནས་ཡོང་གི་ཡོད། མེ་སྒྱོགས་ཅིག་ང་ཚོའི་ཁང་ཚན་ལ་རྒྱབ་སོང༌། ང་དང་ངའི་སྤུན་མཆེན་གཉིས་ཀ་མེ་སྒྱོགས་ཀྱི་ཤུགས་ཀྱིས་བར་སྣང་དུ་གཡུགས་སོང༌། ང་ལ་མདེལ་ཧྲུག་གིས་ཐེབས་ཏེ་སྒལ་ཚིགས་ལ་རྨས་སྐྱོན་ཕོག་སོང༌། སྟབས་ལེགས་ནས་སྐབས་དེ་དུས་རྨས་སྐྱོན་ཆེན་པོ་དེ་ཙམ་ཕོག་མི་འདུག ཡིན་ཡང་རྗེས་མར་དེས་རྐྱེན་པས་སྒལ་ཚིགས་ལ་རྨས་སྐྱོན་ཆེན་པོ་བྱུང༌། ངའི་སྤུན་མཆེད་ཀྱི་མགོ་ལ་མདེལ་ཧྲུག་གིས་ཕོག་སྟེ་ཁྲག་ཤུགས་ཆེན་ཐོན་གྱི་འདུག ངས་སྐད་རྒྱབ་ནས་ “ཨ་དགའ་་་་ ཁྱེད་རང་གང་འདྲ་འདུག” ཅེས་དྲིས༌། ཨ་དགའ་ནི་ཁམས་སྐད་ཡིན་ཞིང་གཅེན་པོ་དང་དོན་འདྲ། ཁོང་གིས་ “སེམས་ཁྲལ་མི་དགོས། མགྱོགས་པོ་མར་བོབས་” ཅེས་ཟེར། ང་ཚོ་འོག་ཏུ་མར་བབས་ནས་དགོན་པའི་ཕྱི་ལོག་ཏུ་ཨ་ཕ་སླེབས་ཨེ་འདུག་བལྟ་རུ་ཡོང་བ་ཡིན། ཕྱི་ལོག་ཏུ་གྲྭ་པ་བརྒྱ་ཕྲག་མང་པོ་ཡན་ལག་བཅད་ནས་ས་ཐོག་འགྱེལ་བ་དང༌། མང་པོ་ཞིག་རྨས་སྐྱོན་ཚབ་ཆེན་ཕོག་འདུག ཁོང་ཚོ་འཆི་ལ་ཉེ་ཡང་མེ་མདའ་རྙིང་པ་དེ་དག་ཁུར་ནས་སྒོ་ཆེན་སར་དགོན་པ་སྲུང་སྐྱོབ་བྱེད་བཞིན་འདུག དགོན་པའི་གཡས་གཡོན་དུ་འཁོར་བའི་ཁྱི་ལྡོམ་འགའ་ཤས་ཀྱང་ཤི་བའི་ཕུང་པོའི་གོང་ནས་ཁྲག་ཐོན་བཞིན་འདུག སྐབས་དེ་དུས་གྲྭ་པ་མང་པོ་རྒྱ་མིས་མེ་སྒྱོགས་ཀྱི་ཉེས་གཡོའི་ཆེད་དུ་རི་འགོར་བྲོས་འགྲོ་ཡི་འདུག ང་ཚོ་ཏྲེ་ཧོར་ཁང་ཚན་གྱི་གླིང་ཁའི་ལྡུམ་རའི་ནང་དུ་རྒྱུགས་ཕྱིན་པ་ཡིན། གླིང་ཁ་འདི་ནི་གྲྭ་པ་ཚོ་ལོ་གསར་སྤྲོ་སྐྱིད་དང་ཨ་སྦྱིན་ལྷ་མོ་དང་གར་འཆམ་སོགས་དམིགས་གསལ་དུས་ཆེན་ཁག་ཏུ་སྤྲོ་སྐྱིད་བཏང་ས་རེད། ཁང་ཚན་ཚང་མ་ལ་འདི་འདྲའི་གླིང་ཁ་ལྟ་བུ་རེ་རེ་དང་དེར་ལས་ཀ་བྱེད་མཁན་རེ་ཡོད་རེད། ང་ཚོའི་ཁང་ཚན་གྱི་གླིང་ཁའི་ནང་དུ་ལས་ཀ་བྱེད་མཁན་དེ་ང་ཚོའི་གྲོང་པ་ནས་ཡིན་ཙང༌། དེ་གར་ཕྱིན་པ་ཡིན་ན་གནས་སྐབས་རིང་བདེ་འཇགས་ཡོང་གི་རེད་སྙམ།
ལྷ་ས་ནི་རྒྱ་དམག་གིས་རྒོལ་འཛིང་གིས་ཁྲག་གི་ཡུལ་ཁམས་ཞིག་ཏུ་འགྱུར་ཟིན། ང་ཚོས་གོ་ཐོས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྔོན་མ་ནས་ནོར་བུ་གླིང་ཁ་ནས་ཁམས་པའི་བསྟན་སྲུང་དང་བླངས་དམག་གིས་གདན་འདྲེན་ཞུས་ཚར་ཡོད་པར་གོ། དེ་ནས་ང་ཚོས་བསམ་པར་ང་ཚོའི་ཨ་ཕ་ང་ཚོ་ལེན་དུ་ཡོང་གི་མ་རེད་སྙམ། གང་ཡིན་ཟེར་ན། ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་གདན་འདྲེན་ཞུས་ཏེ་རྒྱ་གར་གྱི་ས་མཚམས་སུ་ཕེབས་སྐྱེལ་ཞུ་དགོས་པས་སོ། གོ་ཐོས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དམག་ཆས་བསྣམས་ཏེ་ཁམས་པའི་དམག་ཡིན་ཁུལ་གྱིས་ཕེབས་ཡོད་འདུག དེ་ནི་རྒྱ་མིས་འཁྲབ་སྟོན་དུ་གདན་ཞུ་འགོག་ཆེད་དུ་ནོར་བུ་གླིང་ཁ་མཐའ་སྐོར་ནས་སྡོད་ཡོད་པའི་བོད་མི་རྣམས་འདུ་འཛོམས་མངོན་གསལ་ཅན་མི་ཡོང་བའི་ཆེད་དུ་ཡིན་འདུག གནས་ཚུལ་འདི་དག་གོ་རྗེས་ང་ཚོ་ཧ་ཅང་བློ་བདེ་པོ་བྱུང༌། ང་ཚོ་ཏྲེ་ཧོར་ཁང་ཚན་གླིང་ཁ་ལ་སྡོད་པའི་རིང་དུ་གླིང་ཁ་བདག་གཉེར་བ་དེས་ང་ཚོ་གསོ་སྐྱོང་གནང་སོང༌། ཁོང་གིས་ཟེར་རྒྱུར་ “ཁྱེད་ཚོ་ངེས་པར་དུ་རི་འགོར་བྲོས་འགྲོ་དགོས་ཀྱི་རེད། ཉིན་མ་ཁ་ཤས་ཀྱི་རྗེས་སུ་ང་ཚོས་དམག་རྒྱལ་ཁ་ཐོབ་ཀྱི་རེད། དེ་དུས་ང་ཚོ་དགོན་པའི་ནང་དུ་ཚུར་ལོག་ཆོག་གི་རེད་” ཅེས་ཟེར། ང་ཚོས་ཁོང་གི་བཤད་པར་ཉན་ཏེ་དགོན་པའི་ནང་དུ་ཚུར་ལོག་ཏེ་ཁང་ཚན་དུ་ཕྱིན་པ་ཡིན། ང་ཚོས་ནང་ནས་གྲྭ་ཆས་རྣམས་ཕུད་དེ་སྐྱ་ཆས་གོན་ཏེ་ཕྱིར་ཐོན་ཡོང་བ་ན། རྒན་ནམ་མཁའ་རིན་ཆེན་དང་ཐུག་སོང༌། ཁོང་གིས་ “ངས་ཁྱེད་ཚོ་ད་ལྟར་ཕྱོགས་གང་སར་འཚོལ་བཞིན་ཡོད། ཕྲུ་གུ་ཁྱེད་ཚོས་ང་ལ་ངོ་མ་སེམས་ཁྲལ་བཟོ་སོང༌། ཁྱེད་ཚོ་གསོན་པོ་སྡོད་ཡོད་དང་རྒྱ་མིས་མེ་སྒྱོགས་ཀྱིས་བསད་ཚར་ཡོད་མེད་མི་ཤེས་ནས་སྡོད་ཡོད། ཁྱེད་ཚོ་བདེ་ཐང་ཡིན་ཙང་ང་བློ་བདེ་སོང་” ཅེས་གསུངས་སོང༌། ངས་ “ང་ཚོས་ཀྱང་ཁྱེད་བཙལ་བ་ཡིན་” ཅེས་ཞུས། དེ་ནས་ང་ཚོ་ཁང་ཚན་གྱི་ཕྱག་མཛོད་དང་ཐུག་སོང༌། ཁོང་གིས་ང་ཚོར་རི་འགོར་བྲོས་དགོས་པའི་བཀའ་གནང་སོང༌། ཁོང་ཁང་ཚན་བཞག་ནས་འགྲོ་ཐུབ་ཀྱི་ཡོད་མི་འདུག ཁོང་གིས་ཟེར་རྒྱུར་ “ང་ད་ལྟར་ཕྱག་མཛོད་ཡིན་ཙང་འགྲོ་ན་འགྲིགས་ཀྱི་མི་འདུག” ཟེར།
ལྷ་སའི་ནང་གི་གནས་ཚུལ་ཇེ་སྡུག་རེད། ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་དམག་གིས་ལྷ་ས་དང་དེའི་ཕྱོགས་ཚང་མར་མེ་སྒྱོགས་རྒྱབ་བཞིན་འདུག དེ་ནས་རྒན་ནམ་མཁའ་རིན་ཆེན་དང༌། ངའི་གཅེན་པོ་སྐལ་བཟང་དར་རྒྱས། ང་བཅས་སྲོག་ཉེས་ལས་ཐར་ཕྱིར་སེ་ར་དགོན་པའི་ཀླད་ཀྱི་རི་འགོར་འཛེགས་ནས་བྲོས་པ་ཡིན། ང་ཚོས་བསམ་པར་ཁམས་པའི་བསྟན་སྲུང་དང་བླངས་དམག་མི་ཆུ་བཞི་སྒང་དྲུག་དང་བོད་གཞུང་གི་དམག་མི་རྣམས་ཀྱིས་རྒྱ་དམག་རྣམས་ལྷ་ས་ནས་ཕྱིར་ཕུད་ཚར་སོང་ན། ང་ཚོ་རི་འགོ་ནས་དགོན་པའི་ནང་དུ་མར་འགྲོ་ཆོག་གི་དྲན་པ་རེད། ཡིན་ནའི་རིམ་པའི་རྒྱ་གར་སྐྱབས་བཅོལ་ཆགས་།་སེམས་སྐྱོ་བ་ཞིག་ལ་ད་ལྟ་ལོ་ངོ་༥༠་ལྷག་རྗེས་སུ་མིའི་ལུང་པར་གནས།་བོད་དུ་བོད་མིའི་མཚོ་དབུ་ཐུགས་ནས་རང་ལུས་མེ་སྲེག་་བཏང།་བོད་རྒྱལ་ལོ།་བོད་རང་བཙན་།༧་གོང་ས་མཆོག་སྐུ་ཚེ་ཡུལ་རིང་གནས་འགྱུར་ཅིག་་།

རྩོམ་རིག

Post navigation

Previous Post: ཁོང་མ་བུ་གསུམ་པོ་བུད་ཐལ།
Next Post: གསུམ་བཅུ་དུས་དྲན་ཉིན་རང་ལུས་མེར་སྲེག་བཏང་བ།

Comments (1) on “གསུམ་དུས་ཉིན་གྱི་བུ་ཆུང་ཞིག་གི་མཐོང་ཐོས།”

  1. ཐུབ་པ། says:
    2012-03-12 at 10:04 pm

    འདས་པའི་ལོ་རྒྱུས་མངོན་སུམ་བཞིན་དུ་མིག་ལ་བསྟན་མཁན་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།
    རབ་ཡིན་ན་ཁྱེད་ཀྱིས་དེའི་སྐབས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་འབྲི་ཐུབ་ན་ཡག་པོ་རེད།
    ང་ཚོ་ལ་ལོ་རྒྱུས་མི་སྣ་མང་པོ་ཡོད་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme