Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།

Posted on 2012-03-122012-03-13 By ཤར་ཕྱོགས་ཁུག་རྟ། 10 Comments on རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།


གསུམ་བཅུ་དུས་དྲན་ཐེངས ༥༣ པར་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་རྡ་སར་ཕེབས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ། མང་གཙོའི་ཀྲུང་གོ་ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཚེ་ཁྲུའུ་དང་། དེའི་ཨིན་ཡིག་རྩོམ་སྒྲིག་པ་འཇེ་ལུས། གཞན་ཡང་བོ་ཞུན་boxunདྲ་བའི་རྩོམ་སྒྲིག་པ། གནམ་བདེ་སྒོ་མོ་ཆེའི་དུས་བབ་ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲང་བཅས་དེ་རིང་ཕྱི་ཚེས ༡༢ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་ཁག་ཅིག་ལ་ཐུག་འཕྲད་ཀྱིས། དབུ་མའི་ལམ་དང་འབྲེལ་བའི་མ་འོངས་བོད་རྒྱ་གཉིས་ཀྱི་མང་གཙོ་དང་རང་དབང་སྐོར་བཀའ་མོལ་གནང་བ་རེད།

སྐབས་དེར་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་དྲི་བ་རྒྱུན་རིང་གནང་ཞིང་དྲི་བ་དང་དྲིས་ལན་རེ་རེའི་བར་ནས་ཁོང་ཚོའི་དོགས་པ་སྣ་ཚོགས་སེལ་ཡོད། དོགས་པ་སྣ་ཚོགས་སེལ་བ་དང་རྒྱ་བོད་མི་མང་གི་རང་དབང་སྒྲུབ་ཕྱོགས་ཀྱིས་ཁོང་ཚོའི་བཀའ་མོལ་གནང་སྟངས་ནི་ཧ་ཅང་གཟབ་ནན་ཆེ་བ་ཞིག་རེད། བཀའ་མོལ་འཕྲོས་ནས་ཉེ་ཆར་ཀྲུའུ་ཝེ་ཆོན་གྱིས་བཏོན་པའི་རྩོམ་ཡིག་དེའི་སྐོར་ལའང་བསམ་ཚུལ་བཤད་པ་དང། རྩོམ་ཡིག་དེའི་ཐད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བཤད་རྒྱུར། “བསམ་ཚུལ་དེ་ནི་ཤོག་བུའི་ལམ་དང་རྩོམ་ཡིག་གི་ལམ་ནས་ད་ཐེངས་གསར་བ་ཙམ་མ་གཏོགས། བསམ་ཚུལ་དེ་ནི་ཆེས་རྙིང་པ་ཞིག་རེད། ང་ཚོ་ཨ་རིར་ཡོད། ཨ་རི་བས་ང་ཚོར་རྒྱ་སྐད་བཤད་མི་ཆོག སོ་སོའི་ཡུལ་གོམས་གཤིས་ལུགས་སོགས་ཨ་རི་བ་དང་གཅིག་པ་བྱེད་དགོས་ལབ་ན་དེས་སུས་ཁས་ལེན་གནང་ཐུབ་ཀྱི་རེད་དམ། དེ་ནི་དངོས་ཡོད་ཀྱི་གཞི་རྩ་མེད་པའི་བསམ་ཚུལ་ཞིག་རེད། ང་ཚོས་སྔོན་ནས་བཤད་བཞིན་པ་ལྟར་དེ་ནི་ཀྲུང་གོ་འཐོར་བཤིག་འགྲོ་གཞི་ངོ་མ་དེ་རེད། རྩེད་མཚར་ཞིག་ཞུས་ན། དེས་རྣམ་དཔྱོད་དང་ཤེས་རབ་ལྡན་པའི་བོད་ཀྱི་དབུ་མའི་ལམ་ལ་ལན་ཐེབས་ཀྱི་མ་རེད་”ཅེས་གསུངས་པ་དང་།

དེ་བཞིན་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་རྒྱུན་ལས་རྣམས་ཀྱིས། “༧གོང་ས་མཆོག་ལས་གཞན་བོད་དོན་ཐད་ནུས་ཤུགས་མེད་པ་དང་། ༧གོང་ས་མཆོག་གི་སྐུ་ཚེ་ཚོད་རྩིས་རྒྱག་པའི་རྒྱ་ནག་གི་བྱེད་ཕྱོགས་ནི་རྦད་དེ་དངོས་ཡོད་མ་མཐོང་བ་ཞིག་ཡིན་པ་དང་། བོད་མི་ཚོས་༧གོང་ས་མཆོག་གི་གསུངས་ལ་བརྟག་ཅིང་དཔྱད་དེ་རྒྱུ་མཚན་གྱི་རྗེས་སུ་འབྲངས་བ་ཡིན་སྟབས། ༧གོང་ས་མཆོག་གི་དབུ་ཁྲིད་དང་བོད་མིའི་རང་གི་མི་རིགས་ཀྱི་འདུ་ཤེས་གཉིས་ལ་རྒྱ་ནག་གིས་དུས་གཏན་དུ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བཟུང་ནས། མ་འོངས་པར་རྒྱ་བོད་མི་མང་བར་ལ་ཞེ་འཁོན་ཡོང་གཞི་མ་བསྐྲུན་ན་ལེགས་ཚུལ་”སོགས་གསུངས་ནས་བཀའ་མོལ་ཞིབ་ལྷུག་གནང་འདུག
གཞན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་སྐབས་མི་མང་བརྒྱ་ཆ་དགུ་བཅུ་གོ་གྲངས་ཀྱིས་དབུ་མའི་ལམ་ལ་ཡིད་ཆེས་ངེས་རྙེད་ཀྱི་འགེངས་ཤོག་ཡིག་སྣོད་ཕོན་ཆེ་ཡོད་པ་ཁོང་ཚོས་མཁྱེན་རྟོགས་བྱུང་རྗེས། ” བོད་མི་མང་རང་ངོས་ནས་དབུ་མའི་ལམ་ལ་འདི་འདྲའི་ངེས་པ་བརྟན་པོ་རྙེད་པ་དངོས་སུ་མཐོང་བ་ཐེངས་དང་པོ་ཡིན་”ཞེས་གསུངས་ཏེ་ཧ་ཅང་མོས་པ་ཆེན་པོ་གནང།

མཐར་རྒྱ་བོད་མི་མང་གི་རང་དབང་ནི་ཁོང་ཚོ་ཐུན་མོང་གི་སྒྲུབ་བྱ་ཡིན་པ་དང་། མ་འོངས་པར་འབྲེལ་བ་དམ་ཟབ་ཀྱིས་གཅིག་གིས་གཅིག་ལ་རོགས་འདེགས་བྱེད་པ། བློ་འདོན་བྱེད་པ། བརྒྱུད་ལམ་བྱེད་པ་བཅས། ཁོང་ཚོ་མ་འོངས་པར་དབུ་མའི་ལམ་མི་མང་ལས་འགུལ་བ་དག་གི་བརྒྱུད་ལམ་ཞིག་ཆགས་ངེས་ཀྱི་ཁས་ལེན་ཡང་གནང་འདུག་པ་མ་ཟད། ད་དུང་ལས་འགུལ་ཁང་གི་ཚོགས་འདུ་སོགས་སུ་བཅར་འདོད་ཡོད་རིགས་གསུངས་བཞིན་མཛའ་བརྩེའི་ངང་བཀའ་མོལ་མཇུག་གྲུབ་འདུག

གསར་འགྱུར།

Post navigation

Previous Post: ཚོགས་སྐྱིད་མཉམ་སྦྲེལ་དང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ།
Next Post: ཟས་བཅད་ངོ་རྒོལ་དང་རྒྱལ་དར་མེར་སྲེག་གི་ལས་འགུལ།

Comments (10) on “རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དབུ་མའི་ལམ་ལས་འགུལ་བའི་མཇལ་འཕྲད།”

  1. ཁྱི་ཕྲུག says:
    2012-03-12 at 11:49 am

    གསར་འགྱུར་འདི་ཀྲུང་ནན་ཧའེ་དང་འཐབ་ཕྱོགས་གཅིག་གྱུར་གྱི་སྙིང་ན་བ་ཞིག་རེད། མ་འོངས་པར་རྒྱ་བོད་གཉིས་ཀྱིས་ཚོགས་ཆེན་ཞིག་དབུ་མའི་ལམ་གྱི་ཚོགས་པས་གོ་སྒྲིག་ཞུས་ན།

  2. བློ་བཟང་། says:
    2012-03-12 at 9:40 pm

    ཕྱག་ལས་གནང་སྟངས་འདིའི་རིགས་ཕྲལ་ཕུག་གཉིས་ལ་བལྟ་ས་དང་གཞི་འཛིན་ས་ཡོད་པ་ཞིག་རེད་བཀའ་དྲིན་ཆེ། ཁ་ཞེ་གཉིས་མེད་ཀྱི་གཞི་ལུས་བོད་མི་དང་བོད་ས་ཡོངས་རྫོགས་ཞི་བདེ་ལྷང་འཇགས་ཤིག་དགོས་ན། གཞིས་བྱས་གཉིས་སུ་ཡོད་པའི་ཡོད་པའི་རྒྱ་མི་རིགས་ལ་མཐུན་ལམ་དང་ལྷག་པར་རྒྱ་རིགས་མང་གཙོ་དོན་གཉེར་པ་ཚོར་མཐུན་ལམ་བརྡོག་རྩ་གཅིག་སྒྲིལ་གནང་ན་ལམ་ཁ་ཞིག་རྙེད་ཤས་ཆེ།
    གཞན་གཞོན་ནུའི་ལས་ཀ་གནང་སྟངས་འདི་རང་གི་མི་རིགས་རིག་གཞུང་དང་བཅས་པར་གནོད་པ་ལས་ཕན་པའི་ཆ་མཐོང་མ་སོང་།

  3. བཀྲ་ཤིས་རྒྱལ says:
    2012-03-12 at 11:59 pm

    ཕམ་ཁ་བྱུང་ཟིན་པས་ལམ་བུ་ཞིག་ལ་ཨུ་ཚུགས་རྒྱབ་པ་ནི་སྤྲེལ་ལད་རང་རེད།

  4. ཁྱི་ཕྲུག says:
    2012-03-13 at 5:21 am

    བློ་སེང་གིས་མདོ་སྨད་མི་མང་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆུང་བཏང་བཞག་པ་གསལ་བོ་རེད།
    ༡ བཀའ་བློན་འདེམས་ཕྱོགས་ནས་རེད། དེ་ནས་མགོ་རུལ་ཚར་བ་རེད།
    ༢ བོད་ས་ཡོངས་ནས་མེར་བསྲེགས་གཏོང་མཁན་ཉི་ཤུ་རྩ་གྲངས་ཤིག་ཨ་མདོ་བ་རེད། ཁོང་ལ་འདི་ལྟར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཁོང་གིས་ཅི་ཞིག་འཇོན་ཡོད་དམ།
    ༣ ལྷག་པར་མདོ་སྨད་རྔ་པའི་སེར་སྐྱ་མི་མང་བོད་ལ་བཀའ་དྲིན་ཆེན་པོ་རེད། ཀིརྟི་གྲྭ་ཚང་དང་དེའི་འབྲེལ་མཐུད་པ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད་དེ། བློ་སེང་གིས་ཀིརྟིའི་ཕྱག་མཛོད་མདོ་སྔགས་ལ་ལན་གནང་སྟངས་དེ་རེད་པཱས།
    ༤ ལན་གནང་སྐབས་ཁོང་གིས”ཀིརྟི་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན། གཏམ་བཤད་གནང་རོགས་ཅེས་ལབ་ཡིན་ཟེར།” གསུངས་སྟངས་དེ་འདྲ་རེད་པཱས། དེ་བཀའ་ཤག་གི་ཞེ་དྲག་ཅིག་སྒྲུབ་པའི་ཟོལ་རེད་དམ།
    ༥ ཕྱག་མཛོད་མདོ་སྔགས་ཀྱིས་བཏོན་པའི་རེ་བ་དེ་རྔ་བ་མི་མང་མདོ་སྨད་མི་མང་གི་རེ་བ་རེད། བོད་གཞུང་གི་ངོས་ནས་དངོས་སུ་བོད་ནང་ལ་ཞིབ་འཇུག་ཅིག་བྱས་ནས། གནས་ཚུལ་མ་རེག་པ་རྣམས་རེག་རྒྱུའི་རེ་བ་བྱས་པ་རེད་དེ། དེ་ལ་ག་རེ་བྱས་ནས་བཀའ་ཁྲིས་ལན་མ་རྒྱབ་པ་རེད་དམ།
    ༦ བཀའ་ཤག་ཡོད་དགོས་པ་དང་སྲིད་སྐྱོང་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་དམ། བོད་ནང་གི་ཆབ་སྲིད་གནས་སྟངས་འོག་དཀའ་ངལ་འཕྲད་པ་རྣམས་ལ་ཞིབ་འཇུག་བྱེད་མི་ཐུབ་ན། ཀིརྟི་གྲྭ་ཚང་གི་འབྲེལ་མཐུད་པའི་ཕྱག་ལས་དེ་འདྲ་ཞིག་བཀའ་ཤག་གིས་གནང་མ་ཐུབ་ན། ད་ང་ཚོ་ག་བར་སླེབས་འདུག དོན་དག་འདི་བོད་ནང་ནས་མཁྱེན་ན་ག་རེ་བྱེད་དམ།
    ༧ རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་བ་ཁྱབ་བསྒྲགས་ལུང་བསྒྲགས་བྱ་རྒྱུར་དགའ་ན། སྲིད་དབང་གི་འགན་ཅུང་ཙམ་འགྲུབ་དགོས་པ་མ་གཏོགས། ཚིག་དེ་ལོ་གཅིག་གི་རིང་སྐྱོར་བསྡད་པས་ག་རེ་ཕན་ཐོག་གི་རེད་དམ།
    ༨ དངོས་གནས་བྱས་ན། བློ་གཟུ་བོར་གནས་ནས་བཤད་ན། ད་བར་བོད་ཀྱི་རྩ་དོན་ལ་རྩོམ་པ་པོ་འོད་ཟེར་ལགས་ཕན་ཐོག་ཆེ་བ་ལས། བློ་སེང་གིས་བྱས་རྗེས་བཞག་པ་ག་རེ་འདུག་གམ། སྣ་གཅིག་སྟོན་རྒྱུ་འདུག་གམ། ཁ་འགུལ་ཚད་ལ་རང་བསྟོད་རྒྱབ་ནས་རྫིག་ཉམས་བསྟན་ནས་འདུག་རྒྱུ་ལས་ག་རེ་འཇོན་སོང་ངམ།
    ༩ མཛངས་མ་འོད་ཟེར་གྱི་ལྷག་བསམ་རྣམ་དག་ལ་བོད་སྐད་མི་ཤེས་མདོག་མདོག་གི་མཚང་འབྲུ་བྱས་པ་དེ་ཐབས་སྐྱོ་བོ་མ་རེད་དམ། ༧རྒྱལ་བ་རིན་པོ་ཆེས་སྲིད་དབང་གནང་ས་ཞིག་གི་བྱ་སྤྱོད་རེད་དམ།
    ༡༠ མཛངས་མ་འོད་ཟེར་ལ་དེ་ལྟར་གསུངས་ཀྱང་ཁོང་མོ་རྒྱ་ཡིག་ལ་ཡོངས་གྲགས་ཚད་ལྡན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཚན་གནས་ཡོད་པ་རེད། བློ་སེང་གིས་དབྱིན་ཡིག་ཐོག་རྩོམ་བྲིས་པ་གང་ཞིག་འགྲིག་འདུག་གམ།
    ༡༡ ཐ་ན་ཁོང་གི་འབུམ་རམས་པའི་ཆེད་རྩོམ་ཀྱང་ཚད་ལྡན་ཆགས་ཡོད་པ་མ་རེད། དེའི་ཐད་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཞིབ་འཇུག་གནང་ནས་གསལ་བོ་བཟོས་འདུག ད་འོ་ན། བློ་སེང་ལ་ག་རེ་ཡོད་པ་རེད་དམ། བོད་ཡིག་མེད། དབྱིན་ཡིག་མེད། མཛངས་མ་འོད་ཟེར་ཡོན་ཏན་ཆེན་པོ་མ་རེད་དམ།
    ༡༢ འདི་དག་ཚང་མ་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་རེད། བློ་སེང་ལ་བྱས་རྗེས་ཁབ་རྩེ་ཙམ་ཞིག་འདུག་གམ།

  5. ཆབ་བྲག་ལྷ་མོ་སྐྱབས། says:
    2012-03-13 at 9:49 am

    དབུ་མའི་ལམ་ན། རྒྱ་བོད་མི་རིགས་འདྲ་མཉམ་ཡོད།
    དབུ་མའི་ལམ་ན། ཁྱིམ་ཚང་གཅིག་གི་མཛའ་བརྩེ་ཡོད།
    དབུ་མའི་ལམ་ན། འཛམ་གླིང་ཞི་བདེའི་ཕྱོགས་སྟོན་ཡོད།

    དབུ་མའི་ལམ་ན། ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་མེད།
    དབུ་མའི་ལམ་ན། རང་རྒྱལ་གཞན་ཕམ་གྱི་ཆགས་སྡང་མེད།
    དབུ་མའི་ལམ་ན། གཡོ་སྒྱུ་ཁྲམ་གསུམ་གྱི་བསླུ་བྲིད་མེད།

    དབུ་མའི་ལམ་ནི། དོན་དངོས་འདྲ་མཉམ་དང་འཆམ་མཐུན་གྱི་གཞུང་ལམ་ཡིན།
    དབུ་མའི་ལམ་ནི། ཕུགས་རྒྱང་རིང་བའི་བདེ་སྐྱིད་ཀྱི་གཞུང་ལམ་རིང་མོ་ཡིན།
    དབུ་མའི་ལམ་ནི། བོད་ཀྱི་རིག་གཞུང་གི་འོད་ཟེར་སྟོང་ལྡན་གསེར་ལམ་ཡིན།

    དབུ་ལམ་ལ་ཆས་ཤོག བདེན་ལུགས་ཀྱི་མིག་གིས་བལྟས་ནས་ཆས་ཤོག
    དབུ་མའི་ལམ་ལ་སྐྱོད་ཅིག མཛའ་བརྩེའི་དཔུང་གདང་སྦྲེལ་ནས་སྐྱོད་ཅིག
    དབུ་མའི་ལམ་ནི་ང་ཚོ་མི་རིགས་ཐུན་མོང་གི་གཞུང་ལམ་ཡིན།
    ཆས་ཤོག སྐྱིད་སྡུག་གཅིག་གི་མི་རིགས་རྣམས།
    སྐྱོད་ཅིག འཚོལ་སྙེག་གཅིག་པའི་སྤུན་ཟླ་ཚོ།

  6. ཁ་བའི་སྒྲོལ་མ། says:
    2012-03-13 at 10:32 am

    རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་དབུ་མའི་ལམ་ཕམ་སོང་ཞེས་མི་དམངས་ལ་ཁྱབ་བསྒྲགས་གནངས་སོང་།
    ད་ནི་ང་ཚོ་ཚང་མས་ཐབས་ལམ་གསར་བ་ཞིག་ལ་བསམ་བློ་གཏོང་རན་རེད།

    དབུ་མའི་ལམ་ལས་འགུལ་ཁང་ལའང་དེ་བཞིན་དུ་རེ་བ་ཞུ་ཡི་ཡོད།

  7. འཇམ་དཔལ་ཚུལ་ཁྲིམས། says:
    2012-03-13 at 11:34 am

    རྒྱ་རིགས་འདི་དག་གིས་དབུ་མའི་ལམ་འདི་ནས་ཁོང་ཚོ་ཁེ་བཟང་ཆེན་པོ་ལེན་རྒྱུ་ཡོད་པ་ཤེས་ནས་ཡོང་བ་རེད། དེའི་དོན་ནི་ང་ཚོ་ལ་གྱོང་ཆེན་པོ་ཞིག་རག་རྒྱུ་ཡིན་པ་དེ་རེད། རྒྱ་ནག་གཞུང་གིས་ད་སྐབས་དབུ་མའི་ལམ་ལ་ཡ་མ་བྱས་པ་ནི་རང་རེའི་རྩ་དོན་ལ་མཚོན་ན་སྟབས་ལེགས་པ་རང་རེད། རང་ལས་གཞན་གཅེས་ཀྱི་བྱང་སེམས་ཉམས་ལེན་བྱེད་པར་ངོ་མ་རང་ཅག་མཆོག་ཏུ་གྱུར་འདུག དབུ་མའི་ལམ་གྱིས་རང་ལ་ཁེ་ཕན་ཡོད་མེད་མི་ཤེས་ཀྱང་གཞན་ལ་ཁེ་ཕན་ངེས་པར་དུ་ཡོད། དབུ་མའི་ལམ་པ་བ་ཚོས་འབྱུང་འགྱུར་གྱི་རང་མི་རིགས་དང་གཞི་རིམ་དངོས་ཡོད་གནས་ཚུལ་ལ་དགོངས་པ་ཟབ་མོ་ཞིག་བཞེས་ཀྱིན་ཡོད་དམ།

  8. ལྷག་པ། says:
    2012-03-14 at 1:30 am

    གོང་དུ་ཁྱི་ཕྲུག་ལགས་ཀྱིས་གསུངས་པ་བཞིན་བློ་བཟང་སེང་གེས་མདོ་སྨད་མི་མང་ལ་མཐོང་ཆུང་བྱས་པའི་ཡིད་ཆེས་མེད། འོན་ཀྱང་འོད་ཟེར་ལགས་སུ་བོད་སྐད་མི་ཤེས་ཞེས་པའི་འཕྱ་སྨོད་བྱས་པ་དེར་ཧང་བསང་པའི་གནས་ཚུལ་ཞིག་རེད། རང་ཉིད་ཀྱི་འདོད་པར་མ་མཐུན་ཕྱིན་རྒྱབ་མདུན་དུ་ལྟ་མི་དགོས་པར། སུ་ཡིན་རུང་སྡིག་པ་མིག་བཙུམ་གྱིས་བསྙད་འདོག་བྱེད་པའི་རང་གཤིས་རེད། འོད་ཟེར་འཚར་ལོངས་བྱུང་བའི་དུས་རིམ་བོད་ཀྱི་རིག་གཞུང་སྟོར་བཤིག་བཏང་བའི་དུས་ཡིན་པ་དང་། བཀའ་ཁྲི་བློ་སེང་ཆེད་དུ་བོད་ཀྱི་རིག་གཞུང་དང་མི་རིགས་ཆེད་༸གོང་ས་མཆོག་དང་བོད་གཞུང་གིས་གསོ་སྐྱོང་གནང་བའི་མི་ཞིག་རེད། འོན་ཀྱང་བཀའ་ཁྲི་བློ་སེང་གི་བོད་ཡིག་གནས་ཚད་ཚང་མས་ཤེས་གསལ་རེད། དེ་གཉིས་བར་གྱི་ཁྱད་པར་གསལ་པོ་རེད།
    ད་དུང་བཀའ་ཁྲིས་བཀའ་མོལ་གང་འདྲ་ཞིག་གནང་རུང་དེ་སྒྲིག་འཛུགས་ཤིག་གི་གསུང་བཤད་མཚོན་མི་ནུས་པར་རང་ཉིད་སྒེར་ཁྱབ་བསྒྲགས་ཆེད་དུ་ཡིན་པའི་སྣང་ཚུལ་ཤུགས་ཆེ་ཞིག་གཟུར་གནས་ཀུན་ལ་ཡོང་གི་ཡོད།
    ༸རྒྱལ་བ་རིན་པོ་ཆེས་བཀའ་ཁྲིར་རྒྱབ་སྐྱོར་གནང་དགོས་པ་བློ་སེང་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་མ་ཡིན་པར། བོད་མི་མང་གིས་མང་མོས་བདམས་པའི་བཀའ་ཁྲི་ཡིན་པར་བརྟེན་ནས་རྒྱབ་སྐྱོར་གནང་བ་གསལ་པོ་དྲན་དགོས། ད་དུང་ཧ་ལས་པ་ཞིག་ལ། མི་རྣམས་ཀྱིས་རེ་བ་ཆེན་པོ་བྱེད་པའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་། བཀའ་ཁྲིས་འུར་བརྒྱབ་པའི་གསར་གཏོད་དང་རང་ཁ་རང་གསོ་ཇི་ལྟར་བྱེད་རྒྱུའི་སྐོར་ཚིག་གཅིག་མེད།

  9. དོན་ཡོད།་ཚེ་རིང། says:
    2012-03-14 at 11:52 am

    རྒྱ་ལ་མཇལ་འཕྲད་དང་། བོད་ལ་ཁ་རྡུ་འདི་ངོ་མ་བཟང་གི།

  10. དོན་ཡོད་ཚེ་རིང། says:
    2012-03-14 at 11:53 am

    ཁ་རྡུང་ཞེ་བཅོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme