Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསུམ་བཅུ་དུས་དྲན།

Posted on 2012-03-112012-03-11 By འབྲོང་བུ་ཟླ་བ་ཚེ་རིང་ 6 Comments on གསུམ་བཅུ་དུས་དྲན།

གཅན་ཡེ་རྒྱམ།
ཨ་རིའི་ཝེ་སི་ཀོན་སིན་ནང་བཞུགས་བོད་རིགས་རྣམས་ཀྱིས་གསུམ་བཅུ་དུས་དྲན་སྲུང་བརྩི་བྱས། །

ཕྱི་ལོ་༢༠༡༢པའི་ཟླ་གསུམ་པའི་ཚེས་བཅུའི་ཉིན་གྱི་ཆུ་ཚོད་བཅུ་བའི་སྟེང་ཝེ་སི་ཀོན་སིན་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་མི་སུམ་བརྒྱ་ལྷག་མལ་ཌེ་སིན་གྲོང་ཁྱེར་སྤྱི་ཁྱབ་ཁང་གི་མདུན་དུ་འཛོམས་ཏེ། ཨ་རིའི་རྒྱལ་གླུ་དང་བོད་ཀྱི་རྒྱལ་གླུ་ལེན་བཞིན་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་ཨ་རིའི་རྒྱལ་དར་དང་བོད་ཀྱི་རྒྱལ་
དར་བསྒྲེངས་འཛུགས་བྱས། དེ་ནས་གསུམ་བཅུའི་དྲན་གླུ་དང་མི་དམངས་ལངས་གླུ་ཕུལ་རྗེས་བོད་རྒྱལ་ཁབ་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་བོད་རིགས་སྤུན་ཟླ་སྤྱི་དང་། ཉེ་ཆར་རང་ལུས་མེར་བསྲེག་འབུལ་མཁན་ཚོར་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས།
དེ་ནས་མཛད་རིམ་ལྟར་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཁམས་ལུང་རིན་པོ་ཆེ་མཆོག་གིས་དུས་དྲན་ངོ་སྤྲོད་ཞུས། མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཚེ་རྒྱལ་དང་བཀྲ་ཤིས་ཚེ་རིང་གཉིས་ནས་བཀའ་བློན་ཁྲི་བའི་གསུངས་འཕྲིན་ལྗགས་ཀློག་ཞུས།

བཟང་མོ་ལགས་ནས་མངའ་སྡེ་སྲིད་སྐྱོང་མཆོག་གིས་གསུམ་བཅུའི་དུས་དྲན་ཉིན་མོ་འདི་ནི་བོད་ཀྱི་ཉིན་མོ་ཞིག་ཏུ་སྲུང་བརྩི་ཞུ་བཞིན་ཡོད་ཅེས་དང་། བོད་དེ་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པར་ཆ་བཞག་གི་ཡོད་ལ། རང་དབང་ལ་དགའ་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་མི་གཏོང་བར་བོད་མི་རིགས་ལ་སེམས་གསོ་དང་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་བ་སོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་།གྲོང་ཁྱེར་སྤྱི་ཁྱབ་ཇའོ་ཕེ་རི་སི་Joe Parisi མཆོག་ནས་ང་དེ་རིང་ཁྱེད་རང་ཚོ་མཉམ་དུ་བོད་ཀྱི་གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་ཐུབ་པར་དགའ་བོ་བྱུང་སོགས་དང་། དེ་རིང་བོད་ཀྱི་རྒྱལ་དར་འདི་ཀ་ས་གནས་སུ་བསྒྲེངས་འཛུགས་བྱས་པ་རེད་དེ། མི་འགྱང་བར་བོད་ཀྱི་སའི་སྟེང་དུ་འཛུགས་ཐུབ་པ་བྱེད་དགོས་ཡོད། ང་ཚོས་ཁྱེད་རང་ཚོ་བོད་མི་རིགས་ཀྱི་ཆེད་རོགས་པ་མུ་མཐུད་དུ་བྱེད་རྒྱུ་ཡིན་སོགས་ཀྱི་དམ་བཅའ་ཡང་གནང་སོང་། བོད་དོན་རྒྱབ་སྐྱོར་བ་ལོའེ་སི་ Luis Maetino མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་མཐུས་མི་སྐུ་ཞབསSenatorHarb Kohl མཆོག་གི་གསུང་འཕྲིན་ནང་ང་དེ་རིང་དངོས་སུ་བཅར་མ་ཐུབ་ཀྱང་། ང་རང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་མི་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ལ། ད་དུང་ཡང་མུ་མཐུད་དུ་བྱེད་རྒྱུ་ཡིན་ཞེས་པའི་གསུང་འཕྲིན་སྒྲོག་སྦྱང་བྱས། དབུས་ཨ་རིའི་གྲོས་ཚོགས་ཀྱི་མཐུས་མི་ལྕམ་སྐུ་ཊའ་མེ་ Tammy Baldwin མཆོག་གིས་གསུང་འཕྲིན་སྐུ་ཚབ་Keith Nevitt ནས་སྒྲོགས་རྒྱང་གནང་། དེའི་རྗེས་ས་གནས་གཞོན་ནུ་ཚོགས་གཙོའི་བཀའ་སློབ་གནང། དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བཀའ་སློབ་དང་། བདེན་ཚིག་སྨོན་ལམ་དང་བཅས་པ་གྲུབ་མཚམས་ངོ་རྒོལ་སྐད་འབོད་ཀྱི་མགོ་བཙུགས་ནས་ཡིག་ཆ་བཀྲམས་པ་སོགས་མཛད་རིམ་ཡག་ཐག་ཆོད་བྱུང་སོང་ལ། མཐའ་མཇུག་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་ལ་བཞུགས་མཁན་ཤིང་བཟའ་རིན་པོ་ཆེ་སོགས་ལ་རྒྱབ་སྐྱོར་མཚོན་བྱེད་ཞལ་འདེབས་འསྡུ་རུབ་ཀྱིས་ཨ་སྒོར་༤༦༠་༠༠བྱུང་བ་སོགས་ཀྱི་གནས་ཚུལ་ཡོད།

གསར་འགྱུར།

Post navigation

Previous Post: རེབ་གོང་དུ་བོད་ཡིག་སློབ་དེབ་བརྗེ་བསྒྱུར་ལ་ངོ་རྒོལ་གནང་འདུག
Next Post: རང་དབང་ཆེད་འབར་བཞིན་པའི་བོད་གླེང་བ།

Comments (6) on “གསུམ་བཅུ་དུས་དྲན།”

  1. གཅན་བཟོད་རྒྱམ། says:
    2012-03-11 at 10:37 am

    ཧ་ཅང་ཡག་པོ་བསྒྲུབས་འདུག་ན་སེམས་ནས་བསྔགས་པར་བྱའོ། །

  2. ཀིརྟི་སྐྱབས། says:
    2012-03-11 at 11:38 am

    རིང་གཞན་གཉིས་ལ་་་ཐུགས་རྗེ་ཆེ་་་་བདེ་མཐའ་མྱུར་དུ་གསལ་བར་ཤོག བོད་རྒྱལ་ལོ།

  3. གཅན་འོད་འབར། says:
    2012-03-11 at 11:58 pm

    ཨ་རི་ནས་ལས་འགུལ་འདི་ལྟ་བུར་སྤེལ་བར་སྙིང་ནས་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།

  4. ཐུབ་པ། says:
    2012-03-12 at 3:05 am

    ཁ་བྲོ། ཐུགས་རྗེ་ཆེ་ཞུ

  5. བྲོ་འཚལ། says:
    2012-03-12 at 3:28 am

    ཁྱེད་ཚོའི་རྒྱལ་གཅེས་ལྷག་བསམ་ལ་རྗེས་སུ་ཡི་རང་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-03-12 at 4:38 am

    གསུམ་བཅུ་དུས་དྲན་།

    ཆོས་ཁ་གསུམ་པོ་ཡོངས་ཀྱིས།
    ང་དགུའི་གསུམ་པའི་བཅུའི་ཉིན།
    སྒེབ་ལངས་མི་ལོ་ཅུ་ཕྲག
    ལྔ་དང་ལོ་གསུམ་རིང་ལ།

    རྒྱ་དམར་གུང་བྲན་གཞུང་ལ།
    ཁ་གཏད་བཅོག་བཞིན་བཅོག་བཞིན།
    དྲང་བདེན་དགའ་བའི་མི་རིགས།
    རྒྱབ་སྐྱོར་སྣ་མང་ཇེ་མང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme