Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་དུ་བོད་ཡིག་སློབ་དེབ་བརྗེ་བསྒྱུར་ལ་ངོ་རྒོལ་གནང་འདུག

Posted on 2012-03-112012-03-11 By ཤར་ཕྱོགས་ཁུག་རྟ། 15 Comments on རེབ་གོང་དུ་བོད་ཡིག་སློབ་དེབ་བརྗེ་བསྒྱུར་ལ་ངོ་རྒོལ་གནང་འདུག

ཨ་མདོ་རེབ་གོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོར་བོད་ཡིག་སློབ་དེབ་ཀྱི་ཚབ་ཏུ། རྒྱ་ཡིག་སློབ་དེབ་བགོ་འགྲེམ་བྱས་པའི་རྗེས། སློབ་མ་ཚོས་སྐད་ཡིག་གི་རང་དབང་སྤྲོད་དགོས་པའི་ངོ་རྒོལ་བྱས་འདུག དེ་ཡང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་བྱས་ན། ཨ་མདོ་རེབ་གོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་འདི་ལོའི་དགུན་དུས་ཀྱི་གུང་གསེང་རྫོགས་ཏེ་ཕྱིར་སློབ་གྲར་བསྐྱོད་པའི་སྐབས། སློབ་གྲྭ་དེར་འཛིན་རིམ་དང་པོ་དང་། གཉིས་པའི་དབར་གྱི་འཛིན་གྲྭ་བཅུ་གྲངས་ཤིག་ཡོད་པ་རྣམས་ཀྱི་སློབ་མ་ཚོར་དེ་སྔ་དང་མི་འདྲ་བར་འདི་ལོ་ཆབ་སྲིད་དང་ལོ་རྒྱུས། ཨང་རྩིས། ས་ཁམས་རིག་པ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་བཅས་ཀྱི་སློབ་དེབ་ཡོངས་རྫོགས་ རྒྱ་ཡིག་ཐོག་མཁོ་སྤྲོད་བྱས་པའི་རྗེས། འཛིན་གྲྭ་དེ་དག་གི་སློབ་མ་ཡོངས་ཀྱིས་སློབ་གྲྭའི་སྒོ་རའི་ནང་འཛོམས་ཏེ། རྒྱ་ཡིག་ཐོག་ཡོད་པའི་སློབ་དེབ་རྣམས་དབྲལ་ཏེ། སློབ་མཚན་དེ་དག་སྔར་བཞིན་བོད་ཡིག་ཐོག་སློབ་འཁྲིད་བྱེད་དགོས་པ་དང༌། བོད་མིར་རང་གི་སྐད་ཡིག་གི་རང་དབང་སྤྲོད་དགོས་པ་སོགས་ཀྱི་ངོ་རྒོལ་སྐད་འབོད་བྱས་པ་མ་ཟད། དེ་རྗེས་གྲོང་ཁྱེར་ཕྱོགས་སུ་གོམ་བགྲོད་དུ་བསྐྱོད་ཐབས་བྱས་པའི་རྗེས། རེབ་གོང་རྫོང་གི་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་དང་སློབ་འབྲིང་དེའི་འགོ་འཁྲིད་གཉིས་ཀྱིས། བོད་ཡིག་གི་སློབ་དེབ་ཁག་དུས་ཐོག་དཔར་བསྐྲུན་བྱེད་མ་ཐུབ་པར་སོང༌། རྒྱ་ཡིག་གི་སློབ་དེབ་བགོ་འགྲེམ་བྱེད་དགོས་པ་ཆགས་ལུགས་དང་། བོད་ཡིག་གི་སློབ་དེབ་ཆ་ཚང་ཕྱི་ཟླ་དགུ་བའི་ནང་དཔར་བསྐྲུན་བྱ་ཐུབ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག་ཀྱང༌། སློབ་ཕྲུག་རྣམས་ཀྱིས་དེར་ཡིད་ཆེས་མ་བྱས་པར། འགོ་འཁྲིད་དེ་དག་གིས་འགྲེལ་བཤད་བྱས་པ་དེ་ནི་མགོ་སྐོར་གཏོང་རྒྱུའི་ཐབས་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
རེབ་གོང་ཐུན་རིན་མི་རིགས་སློབ་འབྲིང་དང་ཆབ་ཆའི་ཁོངས་གཏོགས་ཀོས་ནན་མི་རིགས་སློབ་འབྲིང་གཉིས་མ་གཏོགས། བོད་ཁུལ་གྱི་ལྗོངས་དང་ཁུལ་རྫོང་ཁག་སོ་སོའི་འབྲིང་རིམ་སློབ་གྲྭ་ཁག་ཏུ་བོད་ཡིག་ལས། སློབ་ཚན་གཞན་ཡོངས་རྫོགས་དེ་སྔ་ནས་རྒྱ་ཡིག་ཐོག་སློབ་འཁྲིད་བྱེད་ཀྱི་ཡོད་ལུགས་མིང་འབོད་གནང་འདོད་མེད་པའི་མཚོ་སྔོན་ཞིང་ཆེན་སློབ་དེབ་ཕྱོགས་བསྒྲིགས་ལས་ཁུངས་ཀྱི་མི་སྣ་ཤིག་གིས་འགྲེལ་བརྗོད་གནང་གི་འདུག་ལ། ཡང་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲ་ཁག་དུ། བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་ཐོག་སློབ་འཁྲིད་བྱེད་པའི་རྒྱུ་མཚན་ནི། བོད་མིའི་ངོ་བོ་དང༌། རིག་གཞུང་བཅས་པ་རྩ་མེད་བཟོ་ཐབས་སུ་དམིགས་པའི་སྲིད་བྱུས་ཤིག་ཡིན་པར་བོད་ནང་གི་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགྱུར་ཡོངས་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། http://www.rfa.org/tibetan/sargyur/chinese-language-textbooks-ripped-as-students-demand-books-in-tibetan-03102012222704.html

གསར་འགྱུར།

Post navigation

Previous Post: མེ་དཔུང་ལིང་ལིང་ཁྲོད་ཀྱི་དུས་དྲན་ང་གསུམ་པ།
Next Post: གསུམ་བཅུ་དུས་དྲན།

Comments (15) on “རེབ་གོང་དུ་བོད་ཡིག་སློབ་དེབ་བརྗེ་བསྒྱུར་ལ་ངོ་རྒོལ་གནང་འདུག”

  1. ལྷུན་འགྲུབ་ says:
    2012-03-11 at 9:50 am

    བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ནས་བཟུང་སྟེ་ཁ་བརྡའི་ལེ་ཚན་ལ་ཞུགས་པ་ཡིན།

  2. གཅན་བཟོད་རྒྱམ། says:
    2012-03-11 at 10:40 am

    རེབ་གོང་གི་སློབ་ཕྲུག་ཚོར་བསྟོད་བསྔགས་འབུལ་ལོ། །
    རང་དབང་གི་གོ་རྟོགས་འདི་ལྟར་སད་ཡོང་ན་བརྟན་པོ་ཡིན།

  3. རག་ཕྱགས་རྡོར says:
    2012-03-11 at 11:16 am

    བློབ་མ་ཚོ་ལ་རྗེས་སུ་ཡི་རང་ཡོད་སོ་སོའི་མི་རིགས་དང་རིགས་གཞུང་ལ་འཐབ་བརྩོད་དེ་འདྲ་བྱས་ན་རྟེན་རྟེན་བོད་མི་རིགས་འདི་ལ་རེ་བ་ཏོག་ཙམ་ཡོད

  4. ཤར་ཕྱོགས་ཁུག་རྟ། says:
    2012-03-11 at 11:35 am

    བོད་ལྗོངས་ཀྲུའུ་ཞི་ཡིས་བོད་ལྗོངས་ཀྱི་གཞོན་ནུ་འགའ་བོད་དང་བྲལ་ཏེ་ཏཱ་ལར་སྐྱབས་བཅོལ་བའི་སྐོར་གྱི་དྲི་བར་ལན་བསྐྱོན་པ།

    སྤེལ་དུས། 2012-03-09   ཡོང་ཁུངས། SOHU    རྩོམ་སྒྲིག་པ།  བསྟན་འཛིན་གྱིས་བསྒྱུར།

    ཟླ་བ༣པའི་ཚེས༧ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པའི་བོད་རང་སྐྱོངས་ལྗོངས་ཀྱི་ཚང་འཛོམས་གྲོས་ཚོགས་ཚོགས་པ་མ་ཟད་རྒྱལ་སྤྱི་རྒྱལ་ནང་གི་གསར་འགོད་པར་སྣེ་ལེན་བྱས་པ་རེད།
    གསར་འགོད་པ་ཞིག་གིས“བོད་རིགས་ཀྱི་གཞོན་ནུ་འགའ་ཤས་བོད་ལྗོངས་ཀྱི་ས་ཁོངས་ནས་ཁ་བྲལ་ཏེ་ཏཱ་ལར་སྐྱབས་བཅོལ་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས་དེར་བྱ་ཐབས་གང་ཞིག་འཛིན་གྱི་ཡོད་དམ”ཞེས་དྲིས་པར་རང་སྐྱོངས་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ལན་བཏབ་པ་རེད།
    པད་མ་འཕྲིན་ལས་ཀྱིས་གསུངས་པར། “ང་ཚོ་དོན་དངོས་ལ་ཁ་ཕྱོགས་ན་འགྲིག་གི་ཡོད། ད་ལྟ་ཏཱ་ལས་དངོས་འབྲེལ་ང་ཚོའི་གཞོན་ནུ་འཕྲོག་ལེན་བྱེད་ཀྱི་ཡོད་མོད། ང་ཚོའི་འོས་འགན་ནི་སློབ་གསོ་ཡག་པོ་གཉེར་རྒྱུ་དང་དམངས་འཚོ་ལེགས་བཅོས་ཡག་པོ་བྱ་རྒྱུ་དེ་རེད། བོད་ལྗོངས་ཀྱི་འོས་འགན་སློབ་གསོའི་ཡུན་ཚད་ནི་ལོ་བཅོ་ལྔ་ཡིན་པ་དང་སློབ་ཞུགས་སྔོན་གྱི་སློབ་གསོ་ལོ་གསུམ་དང་སློབ་ཆུང་ལོ་དྲུག དམའ་རིམ་སློབ་འབྲིང་ལོ་གསུམ། མཐོ་རིམ་སློབ་འབྲིང་ལོ་གསུམ་བཅས་ཚང་མ་རིན་མེད་ངང་སློབ་གསོ་མྱོང་རྒྱུ་ཡོད་པ་རེད།”
    ང་ཚོས་ཏཱ་ལ་དང་འཕྲོག་ལེན་བྱེད་ཀྱི་མེད། འདིར་བཤད་པའི་དོན་སྙིང་ཡང་དེ་མ་ཡིན། གཙོ་གནད་ནི་ང་ཚོས་རང་གིས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་པ་དང་ཏང་གི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུ་དང་དེ་ལྟར་བྱས་པ་ཡིན་ཚེ་རྒྱ་ཆེའི་མང་ཚོགས་ཚོས་ཡང་གོང་བཀུར་བྱེད་ངེས་རེད།
    པད་མ་འཕྲིན་ལས་ཀྱིས་མཇུག་ཏུ་གསུངས་དོན། དོན་དངོས་ཐོག“བོད་རིགས་ཀྱི་གཞོན་ནུ་བོད་ལྗོངས་ཀྱི་ས་ཁོངས་ནས་ཁ་བྲལ་ཏེ་ཏཱ་ལར་ཁ་ཕྱོགས་མཁན”མང་པོ་མེད། ལོ་སྔོན་མར་བོད་ལྗོངས་ཀྱི་སློབ་ཆུང་ལོ་ཚད་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད༩༨%ཟིན་ཡོད་པ་རེད།
    བོད་ལྗོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི༡༢༠ཡོད་པ་དང་མི་འབོར་འདི་ལྟར་ཁ་འཐོར་ཡིན་པས་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་དངོས་གནས་ལས་སླ་པོ་ཞིག་མ་ཡིན། འོན་ཀྱང་གྲུབ་འབྲས་འདི་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས་པ་དང་སློབ་གསོའི་ཐད་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད། དེར་བརྟེན་མང་ཚོགས་རྣམས་ཏང་གི་རྗེས་སུ་འབྲངས་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

  5. ཟངས་རྡོ། says:
    2012-03-11 at 11:45 am

    སློབ་མ་དེ་ཚོ་བོད་མི་རིགས་ཀྱི་མ་འོངས་པའི་སོ་རྩ་རེད་སྙིང་སྟོབས་དེ་འདྲ་ལོས་དགོ། ༢༠༠༨ལོ་ནས་བཟུང་བོད་ཀྱི་གཞོན་སྐྱེས་ཚོའི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་འདུག ཁོང་ཚོའི་དམིགས་ཡུལ་བོད་ཀྱི་སྐད་ཡིག་སྲུབ་སྐྱོབ་བྱ་རྒྱུ་དེ་རེད་རྗེས་སུ་ཡི་རངས་ཞུ།

  6. ཨ་ཁུ་སྐྱང་ཁ། says:
    2012-03-11 at 11:52 am

    རྒྱ་དམར་ཚང་གི་གཡོ་རྒྱུ་འཁྲབ་གང་འཁྲབ་ཀྱང་འདོད་ཐོག་ཏུ་ཡོང་རྒྱུ་ལས་སླ་བོ་མ་རེད། སྙིང་སྟོབས་ཅན་གྱི་སློབ་མ་དག་སེམས་ཤུགས་སྐྱེད་བདེན་པའི་སྟེག་བུ་ལས་མ་བརྒལ།

  7. ལྷོ་པ་ལུང་རིགས says:
    2012-03-11 at 12:19 pm

    བོད་ཀྱི་ས་ཁུལ་མང་ཆེ་བར་སློབ་དེབ་རྒྱ་ཡིག་ཅན་སྤྱོད་བཞིན་ཡོད་པ་རེད། དེར་བལྟས་པ་ཡིན་ན། བོད་སྤྱི་ཡོངས་ནས་ཤུགས་བརྒྱབ་ན་མ་གཏོགས་གྲུབ་འབྲས་སོན་དཀའ། སྐད་འབོད་དང་ཞུ་གཏུགས། སློབ་མཚམས་འཇོག་པ་སོགས་མུ་མཐུད་ནས་སྤེལ་དགོས་པ་རེད། ཁྲིམས་ཡིག་ནང་གསལ་བ་དང་རང་སྐྱོང་སྲོལ་ཡིག་ནང་གསལ་བའི་ཐོབ་ཐང་དེ་ཚོ་དགོས་འདུན་བརྩོན་ལེན་གྱི་ཁ་ཕྱོགས་སུ་བེད་སྤྱོད་བྱེད་པ་དང་། ནུས་པ་ཁ་ཐོར་དུ་མ་སོང་བ་ཞིག་གི་སྟེང་ནས་མདུན་བསྐྱོད་བྱས་པ་ཡིན་ན། རེ་བ་ཆེ།

  8. མིག་བརྒྱད་པ། says:
    2012-03-11 at 2:14 pm

    རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་བ་མིང་དོན་མཚུངས། བཙན་བྱོལ་ནང་ལའང་དེ་བཞིན་བུ་ཁྱིམ་སློབ་གྲྭ་ཁག་གི་ནང་ཁྲིད་གཞི་གཙོ་བོ་དབྱིན་ཇིའི་སྐད་ཡིག་ཐོག་ཡིན་པ་དང་བོད་ཡིག་མ་ཡིན། ཀློག་དེབ་ཀྱང་ཕལ་ཆེ་བ་དབྱིན་ཡིག་ཐོག་ཡིན་པ་ལས་བོད་ཡིག་མ་ཡིན། བཙན་བྱོལ་སློབ་མ་ཚོ་ལ་དེ་ལྟ་བུའི་བསམ་ཁྱེར་ཕལ་ཆེར་དབེན་པས་བོད་ནང་གི་སློབ་མ་ཚོ་ལ་བསྔགས་བརྗོད་ཞུ་འོས།

  9. འདོད་ལྷ་ཁམས་པ། says:
    2012-03-11 at 7:41 pm

    ཡུལ་འདིའི་སློབ་མ་ཚོས་སྔ་ལོར་ཡང་རང་གི་མི་རིགས་རིག་གནས་ལ་ཤ་ཚ་སྙིང་ཉེ་བརྩོན་པ་རེད། ད་ལོར་ཡང་འདི་ལྟར་རེད། གཞན་དག་གིས་ཁོང་ཚོར་མིག་དཔེ་བལྟ་འོས་པ་རེད། ཁོང་ཚོར་མིག་དཔེ་བལྟས་ན་ཁོང་ཚོ་དང་འདྲ་བ་ཆགས་གི་རེད། རིག་པའི་བུ་དང་བུ་མོ་ག་ས་གང་དུ་མིག་གིས་མཐོང་རྒྱུ་ཡོད་པ་རེད། ཁོང་ཚོས་བྱས་པ་གནང་བཞིན་བྱེད་ན་ཁོང་ཚོ་འདྲ་བ་ཆགས་གི་རེད། ཁེ་མ་གཏོགས་གྱོང་ཡོད་པ་རེད། རྫོང་དང་ཞང་། ཁུལ་དང་ལྗོངས་རིམ་པའི་བོད་རིགས་འདུས་སྡོད་ས་ཁུལ་ཚང་མ་ནས་ཁོང་ཚོར་དཔེ་བལྟ་དགོས་པར་འདུག
    བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཅིག་གིས་ཀྱང་ངེས་པར་དུ་ཁོང་ཚོར་མིག་དཔེ་བལྟ་དགོས་པར་འདུག ལྷག་པར་དུ་་༼ T.C.V ༽ སོགས།

  10. ལུང་རྟོགས། says:
    2012-03-12 at 12:50 pm

    བོད་ནང་གི་སློབ་མ་ཚོའི་སོ་སོའི་སྐད་ཡིག་གི་བརྩེ་ཞེན་ལ་གཅིག་བལྟོས་དང་། བཙན་བྱོལ་རང་དབང་ལུང་པའི་སློབ་མ་ཚོ་ངོ་མ་ངོ་ཚ་དགོས་པ་ཞིག་རེད།

  11. བསྟན་དར་ says:
    2012-03-13 at 2:21 am

    རེབ་གོང་རིག་པ་འབྱུང་གནས་ནི་མིང་དོན་མཐུན་པའི་བོད་མི་རིགས་ཀྱི་རྣམ་པ་ངོ་མ་ཡོད་སའི་གྲོང་ཁྱེ་ར་ཞིག་རེད་་་་་་་་་་་་་་་ང་ཚོ་དུས་རྟག་ཏུ་ཁྱེད་ཅག་དང་ལྷན་དུ་ཡོད་་་་་་་བཀའ་དྲིན་ཆེ་་་་་་་ད་དུང་མུ་མཐུད་་་་་་་་་་་་་་་་་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སེམས་ཤུགས་མ་ལྷོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  12. ཡང་ཀྱཱ་མ་དགོན says:
    2012-03-13 at 3:54 am

    ་བོད་ནང་གི་སློབ་མ་ཚོའི་རང་གི་རིག་གནས་དང་སྐད་ཡིག་གི་བརྩེ་ཞེན་ལ་འདི་འདྲའི་གནང་་པར་བསྟོད་བསྔགས་ཡོད། བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་ད་ལྟ་བསམ་བློ་ཞིག་གཏོང་རན་འདུག།

  13. ཀརྡོ་གཉེར་ཕྱག་པ་ says:
    2012-03-13 at 6:15 am

    བོད་ནང་ལ་རྒྱ་ཡིག་ལས་ཨིན་ཡིག་གལ་ཆེ་བའི་ལས་འགུལ་དང་སློབ་སྦྱོང་འཛིན་གྲྭ་གང་མང་དགོས་མི་འདུག་གམ།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-03-13 at 6:22 am

    བོད་རིགས་ས་ཡ་དྲུག་གིས་བོད་ཡིག་དང་བོད་སྐད་གཉིས་ཀ་ཤེས་དགོས། བོད་རིགས་ས་ཡ་གསུམ་གྱིས་ཨིན་སྐད་ཤེས་དགོས། བོད་མི་ས་ཡ་གཅིག་གིས་རྒྱ་ཡིག་ཤེས་ན་ཡང་དེ་གས་འཐུས་པ་མི་འདུག་གམ། ཧ་ཧ། འདི་ནི་རྨི་ལམ་རེད་རེད་ལགས།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-03-13 at 6:24 am

    ཧ་ཧ། དི་ནི་རྨི་ལམ་རེད་རེད་ལགས། ཞེས་པ་འདི། ཧ་ཧ། འདི་ནི་ངའི་རྨི་ལམ་རེད་ལགས། ལ་བཅོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme