Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་ཆེན་གཙོ་བོ་བྱས་ནས་དོན་ཆུང་བློས་གཏོང་དགོས་ནི་རེད།

Posted on 2012-03-10 By ཁ་བརྡ་ 11 Comments on དོན་ཆེན་གཙོ་བོ་བྱས་ནས་དོན་ཆུང་བློས་གཏོང་དགོས་ནི་རེད།

རྒྱང་འདྲི་བ། རྡོ་རྗེ་ཚེ་རིང་།

དྲི་བ། ཐོག་མར་ཁྱོད་རང་བཞུགས་སའི་ཁོར་ཡུག་དང་འབྲེལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་འགྲིག་གམ། མཚན་སོགས་གསལ་བོར་མ་གསུངས་ཀྱང་ཆོག

ལན། རེད་ཡ། མིང་དང་ས་གནས་སོགས་དེ་ཙམ་གལ་ཆེན་དུ་མ་མཐོང་ལ་སྟབས་ཀྱང་མི་བདེ་བས། ཐད་ཀར་བཅར་འདྲི་བྱེད་རོགས། དེང་སང་རྒྱ་ནག་གཞུང་གི་ལས་བྱེད་ཡིན། ཁྱིམ་ཚང་གི་བདེ་འཇགས་ཆེད་དུ་གནས་ཚུལ་གསལ་འཁོད་བྱ་དགོས་མི་འདུག ཕ་ཡུལ་ཨ་མདོ་ཡིན། ཆེད་སྦྱང་བཅའ་ཁྲིམས་ཡིན་ལ་དེང་སྐབས་ཉེན་རྟོགས་ཁང་ན་ལས་ཀ་བྱེད་བཞིན་ཡོད།

དྲི་བ། དེང་སང་ཁྱོད་ཀྱི་ཁོར་ཡུག་ན་གཉའ་གནོན་དང་བཙན་འཛུལ་གྱི་གནས་སྟངས་རྫོབ་པོའི་རིགས་མངོན་སུམ་འཛེམས་མེད་དུ་མཐོང་རྒྱུ་ཡོད་དམ།

ལན། རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་མངོན་སུམ་དང་མངོན་སུམ་མ་ཡིན་པའི་གཅུར་བཙུར་སྣ་ཚོགས་ཡོད་པ་ས་ཆ་འདི་གཅིག་པུ་མ་རེད། འདས་ལོའི་རང་ལུས་མེ་སྦར་གྱི་ལས་འགུལ་དང་ས་བྱི་ལོའི་ཞི་རྒོལ་གྱི་ལས་འགུལ་སོགས་ནི་བཟོད་བསྲན་སྣ་ཚོགས་ཀྱི་འབོད་སྒྲ་དང་སྡུག་བསྔལ་གྱི་བདན་དབང་ཡིན་ངེས། འདི་དག་ནི་འདི་ན་རྒྱ་གཞུང་གི་སློབ་གསོ་ཐོབ་པ་མང་བོ་ཞིག་གིས་ནོར་འཁྲུལ་དང་བླུན་རྟགས་སུ་མཐོང་མཁན་ཡང་མང་བོ་ཡོད། འོན་ཀྱང་གཞི་ཆེ་ས་ནས་ཚང་མས་ཧ་གོ་ཡོང་གིན་འདུག འདི་ལྟར་མུ་མཐུད་དུ་སོང་ན་གང་ཞིག་ནས་རེ་བ་ཞིག་གི་ལམ་ཐིག་རྙེད་ཁོ་ཐག་རེད།

དྲི་བ། དེས་ན་ཁྱོད་ཀྱིས་བསམ་ན་མི་རིང་བར་སླེབས་གྲབས་ཡོད་པའི་སུམ་ཅུའི་དུས་དྲན་སྐབས་སུ་བོད་ནང་དུ་ལས་འགུལ་འདྲ་མིན་སྤེལ་རྒྱུ་རེད་བསམ་གྱིན་ཡོ་དམ། ཁྱོད་རང་ཡིན་ན་ལས་འགུལ་ཅི་ལྟར་སྤེལ་ན་རྒྱ་ནག་གི་ཁྲིམས་དང་མཐུན་པའི་འབྲས་བུ་ཅན་དུ་འགྱུར་བར་བསམ་མམ།

ལན། ལས་འགུལ་འདི་འདྲ་ཞིག་སྤེལ་ན་ཞེས་མི་གཅིག་གི་འདོད་ཐོག་ལ་ཡོང་བ་ཅུང་དཀའ་མོ་རེད། གྲ་སྒྲིག་མེད་པའི་ལས་འགུལ་ཞིག་སྤེལ་བ་ཡིན་སྟབས་དེ་ལ་གཅིག་མཐུན་གྱི་གོ་རིམ་དང་འཆར་གཞི་མེད་པས་བློ་ཁ་ཁེངས་པའི་འབྲས་བུ་ལོན་ཁག་པོ་རེད། རྩོམ་རིག་གི་བགྲོ་གླེང་དང་ཁྱབ་བསྒྲགས་ཀྱི་བརྒྱུད་ལམ་ཞིག་ནས་ཚང་མ་ལ་འབོད་སྐུལ་བྱས་ནས་ལས་འགུལ་ཞིག་སྤེལ་ན་འབྲས་བུའང་གང་འཚམ་ཞིག་ལོན་རྒྱུརེད་བསམ་གི

དྲི་བ། མ་གཞི་ཁྱོད་རང་ཉིད་ཡིན་ན་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་དང་ད་ལོའི་རང་ལུས་མེར་བསྲེག་གི་ལས་འགུལ་ལྟ་བུའི་སྐབས་སུ་ང་ཚོ་ཕྱི་སྡོད་བོད་པ་ཚའི་འགན་འཁྲི་གཙོ་བོ་དེ་གང་འདྲ་ཞིག་རེད་བསམ་གྱིན་འདུག

ལན། ང་རང་གིས་བསམ་ན་ཁྱོད་ཚོའི་འགན་ཁྲི་གཙོ་བོ་ཁྱབ་བསྒྲགས་དང་གནས་ཚུལ་རྩོམ་སྒྲིག་གིས་ཉར་ཚགས་སོགས་བྱེད་རྒྱུ་དེ་ཡིན་རྒྱུ་རེད། རབ་ཡིན་ན་བརྒྱུད་ལམ་གང་ཞིག་བརྒྱུད་ནས་བོད་ནང་ལ་འབྲེལ་མཐུད་དང་བཀོད་འདོམས་སོགས་བྱེད་ཐུབ་ན་བཟང་གི་སྙམ།

དྲི་བ། འདི་ག་ནས་ང་ཚོས་ཁྱབ་བསྒྲགས་ཅི་ཙམ་ བྱས་པ་དེ་ཙམ་གྱིས་བོད་ནང་དུ་གནོན་ཤུགས་སྤྲོད་ཀྱིན་ཡོད་པར་བསམ་ན་ངོ་མ་བཟོད་དུ་མེད་པ་རང་ཉིད་ཀྱི་ཕ་མ་རྒྱ་དམར་ལ་བཙོང་བ་ལྟ་བུའི་ཚོར་བ་འ་གིན་ཡོད་མོད་ཉིད་ཀྱིས་དེའི་ཕྱོགས་ལ་བསམ་བློ་ཨེ་བཏང་། དེར་ཁྱོད་ལ་བསམ་ཚུལ་ག་རེ་ཡོད་དམ།

ལན། འུ་ཚོའི་བོད་ལ་ཁ་དཔེ་ཞིག་ཡོད་པ་དེ་རེད། དཔའ་བོ་བཅའ་རྒྱུ་ཞིག་སྲོག་ལ་འཛེམས་རྒྱུ་ཞིག་དཀའ་ནི་རེད། དཔའ་བོ་བཅའ་ན་བཅའ་ཤ་སྟག་བྱོས་ཟེར་བ་ལྟར། དོན་ཆེན་གཙོ་བོ་བྱས་ནས་དོན་ཆུང་བློས་གཏོང་དགོས་ནི་རེད་བསམ་གི
དྲི་བ། ཁྱོད་ངོ་མ་བློ་སྤོབས་ཆེན་པོ་རེད་རྗེས་སུ་ཡི་རང་ཡོད། མཚམས་འདིར་ཁྱོད་རང་གིས་བཤད་འདོད་པའི་བསམ་ཚུལ་རྐྱང་པ་ཞིག་གསུང་རོགས་གནོངས་དང་།
ལན། སྤྱིར་བཏང། ངས་ཉེན་རྟོག་པའི་ལས་ཀ་འདི་བརྗེ་ན་འདོད་ཀི་ཡོད། ཡིན་ནའང་ང་སོང་ཤུལ་ལ་མི་གཞན་ཞིག་ཡོང་ནས་ལས་ཀ་འདི་བྱེད་དུས་དེ་མི་ངན་པ་ཞིག་ལ་ཁེལ་བ་ཡིན་ན་བོད་མི་གང་མང་ཞིག་མི་རིགས་ཀྱི་དོན་དག་ཡིན་མི་ཅི་རིགས་ཀྱིས་འགག་སྒོར་ལྷུང་ན་རོགས་པ་རེ་བྱེད་མཁན་ཞིག་མེད་སོང་བ་རེད། དེའི་རྐྱེན་གྱིས་ང་མུ་མཐུད་དུ་འདུག་འདོད་ཡོད། བོད་ཀྱི་ཁ་དཔེ་ལ་འབྲུག་མོ་ཧོར་ན་ཡོད་ཀྱང་བསམ་པ་གླིང་དཀར་སྟོད་ན་ཡོད་ཅེས་པ་དེ་ཡིན། ངས་རྒྱ་ནག་གི་ཕོགས་ལེན་གྱིན་ཡོད་མོད། བསམ་པ་ནམ་ཡང་རང་རིགས་དང་འབྲལ་མྱོང་མེད། རྒྱ་གཞུང་གི་ཕོག་ལེན་མཁན་སུ་ཡིན་རུང་།མི་རིགས་ཀྱི་ལས་དོན་ལ་དོ་སྣང་དང་རིགས་ཞེན་ཡོད་མཁན་ཞིག་ཡིན་ན་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ལམཁ་སྣ་ཚོགས་ནས་བོད་ལ་རོགས་མང་བོ་ཐུབ་ཀི བོད་ནང་གི་མི་མང་བོ་ཞིག་གིས་བོད་དོན་མ་དོན་ཅི་ཡང་ཤེས་ཀྱི་མེད་ལ་མིག་སྔར་གྱི་ཁྲ་ཁྲ་རིག་རིག་བདེན་པར་རློམ་ནས་འདུག་པས་དེ་དག་གི་འཁྲུལ་ཤས་དེ་བཅོས་ཐབས་རེ་ཁྱེད་ཚོ་ལ་ཡོད་ན་དེ་ཧ་ཅང་གལ་ཆེན་པོ་རེད།
དྲི་བ། ཁྱོད་ལ་ངོ་མ་བཀའ་དྲིན་ཆེ།མ་ཟད་ཁྱོད་རང་ངོས་སུ་ལས་ཁུངས་ཀྱི་མི་དག་གིས་ལྟ་སྟངས་ངན་པ་གང་འདྲ་ཡོད་དམ། གལ་སྲིད་ད་ལན་གྱི་འདི་ལྟ་བུ་ཞིག་ཁོང་ཚོས་ལག་ཏུ་ཤོར་མི་འགྲོའམ་བསམ་ནས་ཁྱོད་རང་ཞེད་ཀྱིན་མི་འདུག་གམ།
ལན། ང་ལ་ལས་ཁུངས་ཀྱི་མི་དག་གིས་ལྟ་སྟངས་ངན་པ་ཅི་ཡང་མེད། ཛ་དྲག་གི་བོད་དོན་ལས་འགུལ་འདྲ་བྱུང་བ་ཡིན་ན་མཚམས་མཚམས་ལ་ལས་ཀ་བྱེད་ཕྱོགས་ཀི་སྟེང་ནས་མི་འགྲིག་ས་རེ་ཡོད་ཀི་མ་གཏོགས་ནམ་རྒྱུན་དེ་ཙམ་དཀ་ངལ་ཅང་མེད་ཀི། གལ་ཏེ་ཡིག་ཆ་འདི་འདྲ་ཞིག་ཁོང་ཚོའི་ལག་ལ་ཤོར་སོང་ན་ངས་ཁས་ལེན་གི་མ་རེད། ཁོང་ཚོ་ལའང་བདེན་དབང་དམིགས་བསལ་བ་ཅང་མེད་ཀ།དེའི་སྐོར་ལ་སེམས་ཁྲལ་མེད་ཀི
དྲི་བ། དགོངས་དག ངའི་འདི་སར་བརྡ་རྟགས་ཁྱོན་ནས་མི་ཡག་པས་ཅུང་འགོར་གི་འདུག མ་གཞི་ང་རང་གི་ངོས་ནས་བསམ་ན་༸གོང་ས་མཆོག་བཞུགས་པའི་གོ་སྐབས་འདི་ང་ཚོའི་བོད་པ་ཚོས་འཕྲོ་བརླག་ཏུ་མ་བཏང་བར་༼བོད་འདི་སྟེང་ལྷ་ཡུལ་དང་མཉམན།མིན་ན་འོག་དམྱལ་བར་ལྷུང་དགོས་རུང་༽ཅི་ནུས་ཀྱིས་འཐབ་རྩོད་བྱེད་དགོས་པ་རེད་བསམ་གྱི་འདུག་མོད། ཁྱོད་ལ་དེའི་ཕྱོགས་ན་ཁ་ཕྱོགས་དང་ལམ་སྟོན་ཡང་ན་བསམ་ཚུལ་ཅང་ཡོད་དམ།

ལན། བོད་གཞིས་བྱེས་གང་ཡིན་ཡང་རྒྱལ་བ་རིན་པོ་ཆེའི་གསུང་གཅིག་མཐུན་གྱིས་བརྩིས་ན་འབྲས་བུ་ཡག་པོ་ཞིག་ཡོང་ནོ་ཁག་ཐག་རེད། མིས་མི་བརྩིས་ན་བླ་མ་དང་དཔོན་པོ་ཞེས་པ་ལྟར་ཚང་མས་དད་པ་དམ་ཚིག་དང་ནུས་ཤུགས་གཅིག་སྒྲིལ་བྱས་ན་ད་གཟོད་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡོད་ཁོ་ཐ་ཡིན།ང་ཚོ་ལ་དུས་ཚོད་ཀྱིས་སྒུག་གི་མེད་པའི་གནས་ལུགས་དེ་ཡིད་ལ་བཟུང་ནས་དོན་དག་གང་ལའང་སྣང་མེད་བྱེད་མི་རུང་བོད་ནང་ནས་ལས་འགུལ་སྤེལ་ན་ཉན་ཁ་ཆེ་མོད་འབྲས་བུའང་ཆེ།་ཕྱི་ལོག་ན་ཡོད་མཁན་ཚོས་ལོ་ལྔ་བཅུའི་རིང་ལ་བསྐ ྱངས་པའི་ལས་གཞི་ཁག་ཇེ་རྒྱས་དང་རྒྱལ་ཁབ་ཁག་ལ་མུ་མཐུད་དུ་འབྲེལ་་བྱས་ཏེ་སྐུ་ཚབ་དོན་གཅོད་ཇེ་མང་དུ་བཏང་སྟེ་ཕྱི་སྡོད་བོད་ཀྱི་ངོ་བོ་མུ་མཐུད་དུ་ཇེ་བརྟན་ལ་གཏོང་དགོས། ལྷག་པར་དུ་རྗེས་རབས་པ་ཚོའི་སེམས་ལ་བོད་ཀྱི་འདས་པའི་ལོ་རྒྱུས་དང་ཡ་ང་བའི་གནས་སྟངས་སོགས་གསལ་གསལ་དག་དག་བྱས་ནས་འཇོག་དགོས།
དྲི་བ། རེད་རེད།དེས་ན་བོད་ནང་གི་བོད་པ་རྒྱ་མིའི་ལས་བྱེད་པ་དག་གི་ཁྲོད་ན་ཁྱོད་དང་ཁྱོད་ལྟ་བུའི་སེམས་ནང་ལ་ཕྱོགས་པ་དང་དཔའ་ལག་ན་ཡོད་པ་མང་པོ་ཡོ་པ་རེད་བསམ་གྱིན་འདུག་གམ་ཡང་དེ་ལས་ལྡོག་པ་མང་པོ་ཡོད་རེད་བསམ་གྱིན་འདུག
ལན། དེ་ད་ཕྱོགས་གཉིས་ཀ་ན་མང་བོ་ཡོད་རྒྱུ་རེད་།ད་དུང་ཕྱོགས་གཉིས་ཀ་ནས་ནུས་པ་མང་བོ་ཐོན་མཁན་ཡང་ཡོད་རྒྱུ་རེད།
དྲི་བ། མ་གཞི་ང་རང་གིས་བསམ་ན་བོད་ནང་གི་ཁྱོད་དང་ཁྱོད་ལྟ་བུ་དག་གིས་མི་མང་ཡིག་རྨོངས་བ་དང་བློ་དམན་པ་དག་ལ་ཐབས་བརྒྱ་ཇུས་སྟོང་གིས་ལམ་སྟོན་དང་སྣེ་ཁྲིད་བྱེད་དགོས་པ་རེད་བསམ་ཀི དེར་ཁྱོད་ལ་བསམ་ཚུལ་གང་འདྲ་ཡོད་དམ།
ལན། དེ་གཞི་ཆེ་ས་ནས་སློབ་གསོ་དང་ལས་འགུལ་སྤེལ་དགོས་པ་རེད་མ་གཏོགས་མི་གཅིག་གཉིས་ཤིག་གམ་ཡང་ན་ཉུང་ཤས་ཤིག་གིས་ནམ་ཡང་ཡོང་གི་མ་རེད་ལ་ཉེན་ཁའངཆེན་པོ་རེད།ང་ཚོ་ལའང་རང་རང་གི་ནང་མི་སྤུན་མཆེད་ཡོད་པས་རྒྱུགས་རྐྱང་མཆོང་རྐྱང་དཀའ་ནི་རེད།
དྲི་བ། དེར་ངོ་མ་ཅི་ཁག ངས་ཀྱང་གསལ་བོར་ཤེས་ཡོད་མོད་མ་གཞི་ཁྱོད་ཉིད་ལྟ་བུའི་བསམ་པ་རང་ལ་དཀར་མཁན་གྱི་མི་སྣ་ནི་ནམ་མཁའི་པདྨ་དང་རི་བོང་གི་རྭ་ལྟར་ཡིན་པས་ངས་ཁྱོ་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བ་དང་ད་ལན་གྱི་གོ་སྐབས་འདི་བརྒྱུད་ནས་ང་ཚོའི་ཕྱི་སྡོད་བོད་མི་ཚོར་བསམ་ཚུལ་དང་རེ་སྐུལ་ཅི་ཞིག་ཞུ་རྒྱུ་ཡོ།
ལན། གོང་དུ་མང་པོ་ཞིག་བཤད་ཡོད་པས་དེ་ལས་ལྷག་པ་ཅང་ཞུ་རྒྱུ་མེད་མོད།ང་ཚོ་ནི་གནོན་ཤུགས་དང་མེ་མདའི་ཁ་ན་ལངས་པའི་སྲོག་དམར་པོ་དེ་ཡིན་པས་ན་ང་ཚས་ནམ་ཡང་དགྲ་བོར་མགོ་མི་སྒུར་བར་གདོང་མཆོང་གིས་རང་གི་རྒྱལ་ཁབ་དང་རང་ཁྱིམ་རྩོད་ཅེས་ཞུ་འདོད་བྱུང་།
རྒྱང་འདྲི་བས། ཁྱོད་ཀྱི་སྤོབས་སེམས་དང་སྐད་ཆ་དེ་དག་གིས་རང་སེམས་ལ་དྲོད་ཅིག་སྤྲད་བྱུང་ལ་འདི་ནི་བོད་ཕྱི་ནང་གི་སེམས་དང་བསམ་པ་དངོས་དེ་ཡིན་པས་ན་རྒྱ་ཆ་བའི་ཀློག་པ་པོ་དག་གིས་ཀྱང་གདེང་འཇོག་བྱེད་སྲིད་ལ་ཉིད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་གཙང་མ་དང་ང་རང་གི་ངོས་ནས་ཉིད་ཀྱི་ངའ་རྒྱང་འདྲི་འདི་དང་ལེན་བྱས་པ་ཞེ་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན ་ལགས།
དྲི་ལན་འདེབས་མཁན་གྱིས། དེ་ལ་བཀའ་དྲིན་ཞུ་ཆེ་དགོས། འདི་དག་གི་ང་རང་གི་བཤད་འདོད་པའི་སེམས་ཀྱི་སྐད་ཆ་དེ་ཡིན་པས་ཁྱོད་ཀྱིས་འདི་ཉིད་ཚགས་ཤོག་སམ་དྲ་རྒྱར་བཀོད་ནས་ཁྱབ་བརྡལ་གཏོང་རྒྱུ་བྱས་པར་ཀའ་དྲིན་ཆེ།

བཅར་འདྲི།

Post navigation

Previous Post: དེ་རིང་བལ་ཡུལ་ནང་གི་ལས་འགུལ་དང་བོད་མི་འཛིན་བཟུང་།
Next Post: མེ་དཔུང་ལིང་ལིང་ཁྲོད་ཀྱི་དུས་དྲན་ང་གསུམ་པ།

Comments (11) on “དོན་ཆེན་གཙོ་བོ་བྱས་ནས་དོན་ཆུང་བློས་གཏོང་དགོས་ནི་རེད།”

  1. ཟངས་རྡོ། says:
    2012-03-10 at 10:47 pm

    ཁོང་གི་གསུང་པ་བདེན་གཏམ་དུ་རློམ་ཁོང་དང་ཁོང་ལྟ་བུ་མང་དག་ཅིག་གིས་རང་ཉིད་བོད་མི་ཞིག་ཡིན་པས་ཆ་ནས་རྒྱ་མའི་ཟླ་ཕོག་བླང་ན་ཡང་བོད་ཀྱི་རྩ་དོན་ཆེན་བློས་གཏོང་རྒྱ་ཆེན་གནང་མཁན་མི་ཉུང་བ་ཞིག་ཡོད་འདུག ཕྲན་ཆུང་ང་ཡང་ས་བྱི་ལོའི་ཞི་རྒོལ་སྐབས་བཙོན་ཁང་དུ་སོང་བ་ཡིན་དེའི་སྐབས་ང་ཚོ་མི་བཅུ་གྲངས་ཞིག་ཡོད་ང་ཚོ་བཙོན་འཇུག་བྱེད་ས་དེ་བཙོན་ཁང་་ངོ་མ་དེ་མ་རེད་ངོ་མ་དེ་རྒྱ་སྐྱེད་གཏོང་དགོས་ནི་རེད་ཟེར་བས་ང་ཚོ་འཇུག་ས་དེ་ཁོང་ཚོས་འདྲི་གཅོད་བྱེད་ས་རེད་ཡིན་ཡང་བཙོན་ཁང་ངོ་མ་ཞིག་དང་ཁྱད་པར་མི་འདུག་ཁང་བ་དེའི་ནང་དུ་ལྕག་གི་བར་ཅོད་བྱས་འདུག་བཙོན་ཁང་ལྔ་འདུག་ཚང་མ་ཆབ་སྲིད་བཙོན་མའི་ཁེངས་འདུག དེའི་སྐབས་ངས་གཞི་ནས་རྟོགས་སོང་རྒྱའི་ཉེན་རྟོག་པ་ཞིག་དང་བོད་ཀྱི་ཉེན་རྟོག་པ་གཉིས་ཀྱི་བར་ལ་ཁྱད་པར་ཧ་ཅང་ཆེན་པོ་འདུག དེའི་ནང་བོད་མོ་ཉེན་རྟོག་པ་ཞིག་ཡོད་ང་ཚོའི་ནང་དུ་ཐ་མག་འཐེན་མཁན་རེ་ཟུང་འདུག་ཁོང་ཚོ་ཐ་མག་མེད་དུས་སེམས་པ་སྐྱིད་པོ་མི་འདུག་པ་འདྲ་ཉོབ་ནས་འདུག་གི་བོད་མོ་ཉེན་རྟོག་པ་དེས་ཁོང་ཚོར་ཐ་མག་བག་ཆག་བཞི་ལྔ་ཞིག་ཉོས་དེ་སྤྱིན་སོང་ཁོང་མོ་གཞན་ལ་མཐོང་གི་མ་འཇུག་ཟེ། དེ་གཅིག་པོ་མ་ཡིན་པར་བོད་མི་ཉེན་རྟོག་པ་ཚོས་རྒྱ་མའི་ལས་བྱེད་པ་ཚོས་མི་མཐོང་ས་ནས་ཧ་ཅང་བཟང་གི། ད་དུང་ངའི་བཙོན་རོགས་ཞིག་གི་བརྗོད་པ་ལྟར་ན་ཁོང་ཚོ་ས་གནས་ག་གེ་མོ་ཞིག་ནས་མི་མང་པོ་ཞིག་མཉམ་དུ་འཛིན་བཟུང་བྱས་དེ་འདིའི་བཙོན་ཁང་གི་མདུན་ཕྱོགས་ཀྱི་ཁང་རྙིང་ཞིག་ཡོད་པ་དེའི་ནང་དུ་མི་གཉིས་རེ་བྱས་ནས་ལག་ལྕག་རྒྱབ་སོང་ཟེ་དེ་ནས་ཅུང་འགོར་རྗེས་མགོ་ཞྭ་མོ་ནག་པོས་གཡོག་འདུག་པའི་བོད་མི་ཉེན་རྟོག་པ་ཞིག་གིས་ང་ཚོའི་ལག྄་ལྕག་དེ་བླང་ནས་འགྲོ་སོང་ཟེ་བདེན་པ་རེད་ཁོས་ང་རྫུན་བཤད་དགོས་དོན་གང་ཡང་མེད། དེ་དང་དེ་འདྲ་དོན་དུ་བོད་མི་རིགས་ཀྱི་ཤ་ཞེན་ཡོད་ས་མང་པོ་ངས་མཐོང་མྱོང་། ངའི་སྐད་ཆ་ཚང་མ་བདེན་པ་ཡིན་ས་གནས་དེའི་མིང་མི་བཤད་ཉེན་རྟོག་པ་དེ་ཚོའི་བདེ་འཇག་བསམ་པ་ཙམ་ཡིན།

  2. ཨ་ཁུ་སྐྱང་ཁ། says:
    2012-03-10 at 10:57 pm

    ཐུགས་རྗེ་ཆེ་ཉེན་རྟོག་པ་ཁྱེད་ཚོས་མི་རིགས་ཀྱི་ལས་དོན་སྒྲུབས་ན་ནུས་པ་ཤུགས་ཆེན་ཐོན་རྒྱུ་རེད།

  3. ཐུབ་པ། says:
    2012-03-10 at 11:42 pm

    དངོས་གནས་དཔའ་བོ་དང་ཐབས་ལ་མཁས་པ་རེད།
    བོད་ནང་དུ་མི་འདི་ལྟ་བུ་གང་མང་ཡོད་རེད་འདོད།
    འབྲུག་མོ་ཡོད་ས་ཧོར་ན་ཡོད་ཀྱང་། བསམ་པ་གླིང་དཀར་སྟོད་ཅེས་པ་ལྟར་བོད་མི་ཚང་མའི་བསམ་ཕྱོགས་གཅིག་ཡིན་པ་ཧ་ཅང་གསལ།

  4. ཐོར་རྒོད་པ་སྤྱན་ཆབ། says:
    2012-03-11 at 4:34 am

    འདིར་དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་བཏོན་པར་དགའ་ཡོད། འདི་ནི་ཁོ་མོ་གཙོ་བྱས་རང་ངོས་ནས་ཀྱང་དྲ་ཉུལ་གྱི་ཆུ་ཚོད་མང་པོ་ཞིག་བཏང་བའི་གྲུབ་འབྲས་འབའ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་ནས་བཀའ་དྲིན་ཞུས་ཡོད།

  5. གསང་གྲོལ། says:
    2012-03-11 at 6:58 am

    ཉེན་རྟོག་པའི་ལས་གནས་བརྗེ་བོ་རྒྱག་བསམ་པ་དེ་ངོ་མ་ཡིན་རྒྱུ་རེད། བོད་ནང་དགེ་རྒན་གནང་བཞིན་པའི་ངེད་ཀྱི་སློབ་གྲོགས་ཁ་ཤས་ཀྱིས་ལས་གནས་བརྗེ་བོ་རྒྱག་པ་དང་ཡང་ན་སྔ་ས་ནས་ལས་ཁྱུར་བྱ་རྒྱུ་འབད་བརྩོན་གནང་བཞིན་པ་ངས་མཐོང་མྱོང་། དུས་དྲན་གནད་འགག་ཅན་ཐོན་ལ་ཉེ་སྐབས་སློབ་གྲའི་ནང་དམ་དྲག་དང་ཐ་ན་གུང་གསེང་སྐབས་ལ་རང་རང་གི་སློབ་ཕྲུག་དེ་ཚོ་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད་འདུག

  6. རིག་པའི་བུ says:
    2012-03-11 at 7:59 am

    བསམ་བློ་པ་རེད། དེ་ལྟར་བསམ་བློ་ཅན་བོད་ནང་དུ་ཡོད་པ་ཧ་ཅང་དགའ་བྱུང་། རྒྱ་ནག་གི་ཟླ་ཕོགས་ལེན་གྱི་ཡོད་ཀྱང་། རྒྱ་གཞུང་གི་རྒྱུ་མི་མང་ནས་ཡོང་བས་མི་མང་ལ་ཞབས་འདེགས་སྒྲུབ་ན་ལུགས་མཐུན་ཡིན་པས་ཁྲེལ་མེད་མིན།

  7. མོ་སྟོན་ཕག་ལོ says:
    2012-03-11 at 8:15 am

    སྤོབས་པ་ཅན་རེད་སྙིང་སྟོབས་ལ་ཡི་རངས་ཞུ། ཁྱེད་ལྟ་བུ་ལ་ངས་ནམ་ཡང་དགའ་བསུ་བྱེད།

  8. ཁ་བ་སྐྱབས says:
    2012-03-11 at 8:53 am

    མི་འདི་ངོ་མ་ཁ་ཞེ་གཉིས་མེད་ཀྱིས་སེམས་ཤུགས་འདུག་པ་མ་ཟད།རྣམ་དཔྱོད་ལྡན་པ་ཞིག་ཀྱངརེད། རྗེས་སུ་ཡོད་གྲོགས་པོ་ལགས་ང་ཚོ་གཞི་བྱེས་གཉིས་ཀྱིས་འབད་བརྩོན་བྱེད་རྒྱུ་གལ་ཆེ། སྔོན་མ་ང་རང་ཡང་ཉེན་རྟོག་པ་ཁ་ཤས་ཀྱིས་འདྲི་གཅོད་མང་པོ་བྱས་མྱོང་།བོད་མི་ཉེན་རྟོག་པ་ཁ་ཤས་ཞིག་ངོ་མ་ཏང་ལ་བློ་དཀར་རེད།ཁ་ཤས་ཞིག་ཁྱེད་རང་ནང་བཞིན་མངོན་སུམ་གྱིས་སེམས་ཚོར་ཕྱི་རུ་མངོན་མཁན་འདུག ངོ་མ་ཐུགས་རྗེ་ཆེ།

  9. བློ་བཟང། says:
    2012-03-11 at 9:43 am

    བོད་མི་ཞིག་ཡིན་ཚར་དུས་བོད་རིགས་ལ་ཕན་སེམས་ཞིག་ཏན་ཏན་ཡོད་པ་རེད་ཡིན་ན་ཁོ་ཚོའི་ལྟ་བ་མ་འདྲ་བ་ཡོད་སྲིད་པ་རེད། གལ་སྲིད་ཁྱོད་ཚོས་བོད་ནང་གི་ཆ་རྒུས་ཡག་པོ་ལོན་ན་དེ་ལ་ཧ་ལས་དགོས་པ་ཅི་ཡང་མ་མཐོ
    ང། དེ་ལ་ཧ་ལས་པ་འཛིན་པ་ནི་བོད་ནང་ཆ་རྒྱུས་ཡག་པོ་མེད་པའི་རྟགས་རེད།

  10. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-03-11 at 12:14 pm

    བཀའ་དྲིན་ཆེ། བློ་བདེ་སོང་།

  11. རག་ཕྱགས་རྡོར says:
    2012-03-11 at 12:34 pm

    བོད་ནང་དུ་བོད་མི་མང་པོ་ཞིག་རྒྱ་མི་ཡི་ལས་བྱེད་ཡིན་མང་པོ་ཞིག་རྒྱ་མི་ཡི་ཉིན་རྟོགས་པ་ཡིན་མང་པོ་ཞིག་རྒྱ་མི་རྒྱུགས་ཆུ་ཡིན་མང་པོ་ཞིག་རྒྱ་མི་སོ་ཧ་ཡིན་མང་པོ་ཞིག་རྒྱ་མི་ཡི་གྲོགས་པོ་ཡིན་མང་པོ་ཞིག་རྒྱ་མི་ཡི་ཉེ་འབྲེལ་ཡིན་མང་པོ་ཞིག་རྒྱ་མི་ཡི་ཚོང་གྲོགས་ཡིན་མང་པོ་ཞིག་རྒྱ་མི་ཡི་བསློབ་གྲོགས་ཡིན་མང་པོ་ཞིག་རྒྱ་ཡི་དགེ་བའི་གཤེས་གཉེན་ཡིན་ཡིན་ན་ཡིང་སོ་སོའི་མི་རིགས་ཀྱི་འུས་འགེན་འཕྲག་ཏུ་འཁོར་དགོས་རྒྱ་བོད་བར་གྱི་འཛའ་མཐུན་དགོས་སོ་སོའི་མི་རིགས་ཀྱི་གྱོང་ཁ་འཁོར་དགོས་དོན་མེད་།།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme