Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་མགོ་འཛུགས་གནང་སོང་།

Posted on 2012-03-102012-03-10 By ཤར་ཕྱོགས་ཁུག་རྟ། 49 Comments on ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་མགོ་འཛུགས་གནང་སོང་།

དེ་རིང་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ། རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་དེ། ངྷ་ས་གཙུག་ལག་ཁང་དུ་མང་ཚོགས་ཀྱིས་མིག་ཆུའི་ཕེབས་སྐྱེལ་ཁྲོད་མགོ་འཛུགས་གནང་སོང་།

དེ་རིང་ཕྱི་ཟླ་༣ཚེས་༡༠ཉིན་ནི་བོད་ས་ཤོར་ཏེ་ཁྱོན་མི་ལོ་ ༥༣ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། ཉིན་མོ་འདིར་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་དུས་གསུམ་བཅུའི་དྲན་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། ད་ནངས་ངྷ་ས་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དུས་དྲན་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡི་སྣེ་ཁྲིད་འོག ངྷ་སའི་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཁྲོད་འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོའི་པུར་སྒམ་འཁུར་ཏེ་འབོད་ཚིག་སྣ་ཚོགས་སྒྲོག་བཞིན། ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ངྷ་ཤོད་ཀཱ་ཅཱ་རིའི་ས་གནས་ཁྲིམས་ཁང་བར་ཞི་བའི་གོམ་བགྲོད་གནང་སོང་།

གོམ་བགྲོད་མགོ་འཛུགས་མ་གནང་གོང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་ཀྱིས། མང་ཚོགས་ལ་ད་ལོའི་གསུམ་བཅུའི་དུས་དྲན་སྐབས་བཞུགས་སྒར་ངྷ་ས་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་གནང་མཁན་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ནང་མི་ངོ་སྤྲོད་དང་། ཁོང་གི་ནང་མིས་འདི་ལྟ་བུའི་བློས་གཏོང་ལས་འགུལ་སྤེལ་དགོས་དོན་སྐོར་བརྗོད་སོང་།

དེའི་རྗེས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དུས་ཡུན་སྐར་མ་བཞི་ཙམ་རིང་ཁོང་གི་ནང་མི་ཡོངས་ཀྱི་ཚབ་བྱས་ཏེ། ཞི་བའི་འཐབ་རྩོད་འདིའི་ནང་མཉམ་ཞུགས་གནང་དགོས་དོན་སྐོར་ངོ་སྤྲོད་གནང་སོང་ལ། བཙན་བྱོལ་གནས་སྡོད་བོད་མི་ཚོས་ཀྱང་རང་འགན་རང་འཁུར་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཅི་རིགས་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཡང་ཞུས་སོང་། གཏམ་བཤད་གྲུབ་རྗེས་ཨི་ཊི་ལིའི་གྲོས་ཚོགས་འཐུས་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། བོད་མི་མང་སྤྱི་འཐུས།གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་སའི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་བ་བཅས་ཀྱིས། ཁོང་མ་བུ་གསུམ་གྱི་སྙིང་སྟོབས་ལ་ཡི་རངས་གནང་སྟེ། མཇལ་དར་གཡོགས་པ་དང་མིག་ཆུ་འདོན་པ། ཚོགས་རའི་ནང་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པ་སོགས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་སོང་།

གསར་འགོད་པས་གསུམ་བཅུའི་དུས་དྲན་ལས་འགུལ་སྣེ་ཁྲིད་མཁན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ། ད་ལོའི་གསུམ་བཅུའི་དུས་དྲན་ཐོག་མང་ཚོགས་ཀྱི་ལས་འགུལ་སྤེལ་སྟངས་ཐོག་བཀའ་འདྲི་ཞུས་པར། “ ད་བར་བོད་ནང་བོད་ ༢༦ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། ཁོང་ཚོའི་གནས་སྟངས་རྒྱལ་སྤྱིའི་སྟེང་གསལ་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལོའི་གསུམ་བཅུའི་དུས་དྲན་གྱི་མངོན་གསལ་དོད་ཤོས་དེ། ཚོགས་པ་ཁག་ལྔ་ཡི་ཐོག་ནས་བོད་ནང་མེར་བསྲེགས་གཏོང་མཁན་གྱི་བྱས་རྗེས་མཚོན་ཆེད། པུར་སྒམ་ ༢༦ བཟོས་ཏེ་འཁུར་ཏེ་འགྲོ་བཞིན་ཡོད་པ་རེད། དེ་རིང་སྒེར་གྱི་ཐོག་རྒྱ་གར་ནས་བོད་ལ་གོམ་བགྲོད་གནང་མཁན་རིགས་གཅིག་དང་། རྒྱ་གར་ནང་ཁུལ་ལ་གོམ་བགྲོད་གནང་མཁན་རིགས་གཅིག་ཡོད་པ་རེད། ཉེན་ཁ་ཚ་ཤོས་དེ་བོད་ནང་བོད་མི་ཚོས་མུ་མཐུད་མེར་བསྲེགས་གཏོང་བཞིན་དེ་རེད། ང་ཚོས་དེར་གཟབ་གཟབ་མ་བྱས་ན། བོད་ནང་ཙམ་མིན་པར་རྒྱ་གར་ནང་དུའང་འདིའི་རིགས་ཡོང་མི་སྲིད་པ་མ་རེད། ཚོགས་པ་ལྔའི་ཐོག་ནས་ཚོར་བ་རྣོན་པོའི་ཐོག་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་ན། གཅིག་བྱས་ན་འགན་མ་བཟོད་པའི་ཉེན་ཁ་ཆེན་པོ་འབྱུང་སྲིད་སྟབས། གང་ཐུབ་ཀྱིས་གཟབ་གཟབ་བྱེད་ཀྱི་ཡོད་ ” ཅེས་བརྗོད་བྱུང་།

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་ཐོག་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་པར། “ དེ་རིང་ཁོང་ཚོས་མགོ་བགྲོད་མགོ་འཛུགས་གནང་ཡོད་པ་རེད། རྗེས་མ་ས་ཁུལ་གང་དུ་ཁོང་ཚོར་ལས་འགུལ་སྤེལ་ཕྱོགས་ཐོག་དཀའ་ངལ་འཕྲད་པ་ཡིན་ན། ཚོགས་པ་ལྔའི་ཐོག་གང་ཐུབ་ཀྱི་མཐུན་འགྱུར་གནང་འཆར་ཡོད། མ་གཞི་ལས་འགུལ་དེ་མི་སྒེར་གྱིས་ཐག་བཅད་པ་ཡིན་སྟབས། ཚོགས་པ་ཞིག་གིས་རྒྱབ་ལོགས་ནས་འདི་ལས་དགོས་པ་རེད་ཅེས་ལབ་ན་འགྲིག་གི་ཡོད་པ་མ་རེད། ཡིན་ནའང་། ཁོང་རྣམ་པ་བོད་མི་ཞིག་དང་ནང་མི་ཐུན་མོང་གིས་དང་བླངས་ཐོག་གོམ་བགྲོད་གནང་གི་ཡོད་དུས། ང་ཚོས་ལྟད་མོར་བལྟས་བསྡད་ན་འགྲིག་གི་ཡོད་པ་མ་རེད་ ” ཅེས་བརྗོད་བྱུང་།

ངྷ་སའི་གསུམ་བཅུའི་དུས་དྲན་འདི་ངྷ་ཤོད་ཀཱ་ཅཱ་རིའི་ཁྲིམས་ཁང་མདུན་ཐང་དུ་མཇུག་སྒྲིལ་ཡོད་ཅིང་། མཇུག་སྡོམ་མཛད་སྒོའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་རྒྱ་གར་དཔོན་རིགས་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་ལ། སྐབས་དེར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་པ་དར་རྒྱས་དང་། བཀྲ་ཤིས། གངས་རི་ཆོས་དགའ་བཅས་ཀྱིས་། ལྡི་ལི་ནས་ངྷ་ས་བར་གྱི་ལྕཊ་རྟ་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།

དུས་བབ་ནས་དྲངས།

གསར་འགྱུར།

Post navigation

Previous Post: གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
Next Post: མིག་སྒྲིབ་རྒྱལ་དཀྲོགས་གོམ་བགྲོད།

Comments (49) on “ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་མགོ་འཛུགས་གནང་སོང་།”

  1. ཤར་ཕྱོགས་ཁུག་རྟ། says:
    2012-03-10 at 7:08 am

    ཁྱེད་མ་བུ་གསུམ་གྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་བཅངས་བའི་ལྷག་བསམ་ཡིད་བཞིན་འགྲུབ་པར་སྨོན། སྐྱེལ་མ་ལྟ་བུའི་ཚིག་གཅིག་ཀྱང་ཁ་ནང་དུ་ཐོན་གི་མི་འདུག ཞུ་ཤེས་པ་རྣམས་ད་ནངས་གཙུག་ལག་ཁང་དུ་ཞུས་ཚར་བ་ཡིན། ཁྱེད་མ་བུ་གསུམ་སྐུ་ཚེ་རྒྱལ་མཚན་བརྟན་ཤོག

  2. འཇིགས་མེད་བློ་གྲོས། says:
    2012-03-10 at 7:16 am

    ཁོང་མ་སྨད་གསུམ་གྱི་རླབས་ཆེན་སྙིང་སྟོབས་དང་ཆོད་སེམས་ལ་གུས་བརྩི་དང་ལས་དོན་ལམ་ལྷོང་གི་སྨོན་འདུན་བྱེད་པ་ཙམ་ལས་གཞན་གང་ཡང་བྱ་ཐབས་མ་བྱུང་།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

  3. བྲག་རྡོ། says:
    2012-03-10 at 7:32 am

    ངས་ཁྱེད་མ་བུ་གསུམ་ལམ་སྐྱེལ་ཙམ་ཡང་བྱེད་མ་ཐུབ་མིག་སྐྱེལ་དང་མི་ཆུ་འགྲོགས་ནས་ཡང་ཡང་བལྟས་བསྡད་པ་ཡིན། ང་ཡང་ཡང་ངུས་ནས་བསྡད་པ་ཡིན་དགོངས་པ་མ་ཚོམས།

  4. འབའ་སྲས། says:
    2012-03-10 at 7:37 am

    ཁོང་མ་བུ་གསུམ་གྱིས་བོད་མི་ཡོངས་ལ་བཅངས་པའི་ལྷག་བསམ་དང་། ཞི་བའི་གོམ་བགྲོད་ཀྱི་སྙིང་སྟོབས་ལ་ཐ་མལ་བ་ངས་རྗེས་སུ་ཡིད་རངས་ཞུ་བ་དང་། ཁོང་མ་བུ་གསུམ་གྱི་ལས་དོན་འདིར་བར་ཆད་ཅི་ཡང་མི་འབྱུང་བའི་སྨོན་ལམ་འདེབས།

  5. ཀླུ་བཙན says:
    2012-03-10 at 7:45 am

    དེ་རིང་མ་བུ་གསུམ་ལ་སྐྱེལ་མ་ཙམ་ཡང་བྱུང་མ་སོང་དགོངས་དྭངས་་་་་་་་་ཁྱེད་མ་བུ་གསུམ་གྱིས་ཕུག་འདུན་ཡོད་ཚད་འཚེ་མེད་ཞི་བའི་ངང་ནས་འགྲུབ་པའི་སྨོན་འདུན་ཡང་ནས་ཡང་དུ་ཞུ་རྒྱུ་ཡིན་་་་་་་

  6. ལ་སྟོད་པ་ says:
    2012-03-10 at 7:53 am

    ཚེ་བརྟན་རྡོ་རྗེ་ནང་མིའི་བསམ་དོན་བསྒྲུབས་པ་དང་ ལྷག་བསམ་ལ་མིག་ཆུ་ཤོར་བཞིན་རྗེས་སུ་ཡིད་རང་ཡོད།

  7. རུ་ཤུལ‚ཆོས་གྲུབ་ says:
    2012-03-10 at 8:23 am

    ལྷག་བསམ་སྙིང་སྟོབས་ཀྱིས་ཕྱུག་པའི་ཁྱེད་མ་བུ་གསུམ་ལ་རྒྱང་ལྟ་ཙམ་བྱེད་རྒྱུ་ལས་སྡར་མ་ངས་ཅི་ཡང་བྱེད་མི་ཐུབ་ཀི ཐ་ན་སེམས་གཙོ་ཙམ་ཡང་བྱེད་མི་ཐུབ་ཀི ཁྱིད་མ་བུ་གསུམ་གྱི་བྱ་བ་ལམ་ལྷོང་ཡོང་བ་དང་། རྐྱེན་ངན་གོད་ཆག་མེད་པའི་སྨོན་ལམ་འདེབས།

  8. ཆབ་མདོ་ངག་ཕུན། says:
    2012-03-10 at 8:31 am

    བོད་གཞིས་བྱེས་གཉིས་སུ་འགྱེལ་ནས་མི་ལོ་ལྔ་བཅུ་ང་གསུམ་འཁོར་བའི་དེ་རིང་གི་ཉིན་མོ་འདི་ནི་བོད་ནང་རྒྱ་དམར་གྱིས་དྲག་པོའི་བཙན་བཟུང་བྱས་ནས་ཁྲག་དང་མིག་ཆུའི་ཉིན་མོ་ཞིག་ཡིན་པས་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་སྐུ་སྲོག་ཤོར་བ་ཡོངས་ལ་རྗེས་དྲན་ཞུ་བ་དང་། དེ་བཞིན་བོད་མི་རིགས་ཀྱི་དཔའ་བོ་བཀྲ་བྷེ་ནས་མགོ་བཙུགས་ཏེ་སྐུ་ལུས་མཆོད་མེ་སྒྲོན་མཁན་ཡོངས་ལ་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་རྗེས་དྲན་ཞུ་བ་ཆབས་ཅིག་ཏུ་དེ་རིང་ནས་མགོ་བཙུགས་ཏེ་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ནང་མིས་བོད་མི་རིགས་ཀྱི་བདེན་ཆེད་དུ་ཞི་བའི་གོམ་བགྲོད་གནང་བ་དེར་གུས་པའི་ངོས་ནས་བཀའ་དྲིན་རྗེས་དྲན་གྲངས་མེད་ཞུ་བ་དང་། བསམ་དོན་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། བོད་རྒྱལ་ལོ།

  9. ཆབ་སྐྱེས་བཙན་པོ། says:
    2012-03-10 at 9:01 am

    གངས་ཅན་པའི་ལས་དབང་སྙིང་ལ་བཅིངས་བའི་ཁྱེད་མ་བུ་གསུམ་གྱི་ལས་འགུལ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

  10. ཟངས་རྡོ། says:
    2012-03-10 at 9:11 am

    ཁྱེད་མ་བུ་གསུམ་ལ་ཐུགས་རྗེ་བླ་མེད་ཞུ། འགོ་བརྩམས་པའི་བྱ་བ་གལ་ཆེན་འདི་འགྲུབ་པའི་རེ་བ་འདུག་ཁྱེད་གསུམ་གྱི་སྙིང་སྟོབས་ལ་ཡི་རངས་ཡོད།

  11. བཀྲ་རྡོར།། says:
    2012-03-10 at 9:51 am

    སྙིང་སྟོབས་ལ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།

  12. འཚོ་བྱེད་བུ་t.p says:
    2012-03-10 at 9:55 am

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ལུས་སེམས་གུས་པའི་ཡིད་སྨོན་ཞིག་ཞུ་འདོད་པ་ནི་ལྷན་རྒྱས་ཚང་མ་རྐྱེན་ངན་གོད་ཆག་གང་ཡང་མི་འབྱུང་པར་བོད་མི་རིགས་ཀྱི་བདེན་མཐའི་ཆེད་སྐུ་གཟུགས་བདེ་ཐང་ངང་ཡིན་རིང་བོར་བརྟན་པའི་རེ་འབོད་འདི་ཞུ་བཞིན་ཡོད། སེམས་འཚབ་ཇེ་ཆེ་རེད། སྐྱོ་སེམས་ཡལ་མེད་རེད། སྐད་ཆ་གང་ཞིག་ནས་མགོ་རྩམ་དེ་གང་ནས་མཇུག་སྒྲིལ་དགོས་ཤེས་གིན་མི་འདུག དེ་ཙམ་ཡིན་ཐུགས་རྗེ་ཆེ།

  13. ཐུབ་པ། says:
    2012-03-10 at 10:14 am

    གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་བཟུང་སྟེ་བཙན་བྱོལ་གྱི་བོད་མི་ཆ་ཚང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་འཐབ་རྩོད་བྱེད་རོགས།
    ཁོང་ནི་བོད་ཀྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་རེད།
    རང་གི་ཡོད་ཚད་བློས་གཏོང་ཕོད་པའི་སྐྱེས་བུ་རླབས་ཆེན་ཞིག་རེད། ད་དུང་ཁོང་གི་ཡུམ་ཆེན། ད་དུང་ཁོང་གི་སྲིང་མོ། དངོས་གནས་ང་ཚོ་བོད་ལ་འདི་ལྟ་བུའི་སྐྱེས་བུ་ཁ་ཞེ་མཚམས་པ་ག་ཚོད་ཅིག་ཡོད་དམ།
    རླབས་ཆེན་གྱི་སྐྱེས་བུ་ལགས།
    ང་ཚོ་ནམ་ཡང་ཁྱེད་ཅག་གི་རྒྱབ་ཏུ་ཡོད།
    ནམ་ཞིག་ཁྱེད་ཀྱུ་དྲུང་དུ་བཅར་ངེས་ཡིན། བོད་མི་གང་མང་ཞིག་མཉམ་དུ་སླེབས་པའི་ཡིད་ཆེས་དང་བཅས།
    ཁྱེད་ཀྱིས་དངོས་གནས་ཡོད་ཚང་བློས་བཏང་བ་རེད།

  14. ཀ་དག་ཆོས་དབྱིངས། says:
    2012-03-10 at 10:16 am

    ཁྱེད་མ་བུ་གསུམ་པོས་བཀྲ་ཤིས་ཤོག ཁྱེད་མ་བུ་གསུམ་པོས་དོན་འགྲུབ་ཤོག

  15. སྟག་སྨྱོན། says:
    2012-03-10 at 10:49 am

    ཁྱེད་ཚོ་འདི་ལྟར་རང་སྡུག་རང་གིས་ཁུར་ནས་ཕེབས་བཞིན་པར་གདུང་སེམས་ཚད་མེད་བྱུང་། ཁྱེད་ཚོར་གྲུབ་འབྲས་དང་དམིགས་ཡུལ་ག་ཚོད་ཅིག་འགྲུབ་རྒྱུ་ཡོད་མེད་དཔག་དཀའ་ཡང་། གང་ལྟར་ཕན་ཐོགས་ཤིག་ཡོད་པའི་སྨོན་འདུན་ཡོད། མ་ཟད་ཁྱེད་ཚོར་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་སྲིད་པ་མ་ཟད། རྡ་སའི་རི་རྩེ་ན་མར་ཉམས་ཆུང་ཁྱེད་ཚོར་བལྟས་ནས་རྡོག་རྡོག་བརྫིས་གཏོང་འདོད་དང་འཕྱ་དམོད་བྱེད་ཆོག་ཆོག་བྱས་བལྟས་འདུག་མཁན་སྐུ་ངོ་གསར་འབྱོར་བ་ཡོད་ཡོད་པ་རེད། གང་ཡིན་ཟེར་ན་ཁྱེད་ཀྱིས་ངོ་སྲིང་བྱེད་དགོས་ས་ཞིག་ལ་འཁེང་ར་བྱས་མྱོང་བ་དྲན་གི་འདུག སྒེར་མིང་དང་ཆོལ་ཞེན་གྱི་རྒྱལ་གཟེར་ཕོག་པའི་རྡ་སའི་སྐུ་ངོ་གསར་འབྱོར་བ་ཞིག་ལ་མཚོན་ན། ཁྱེད་ཀྱིས་བོད་དོན་ཆེད་ག་རེ་བྱེད་ཀྱི་ཡོད་མེད་ལ་མི་ལྟ་བར། ཁྱེད་ཀྱིས་ཁོང་ལ་མཁས་དབང་ཞེས་ངོ་བསྟོད་བྱེད་མིན་ཁོ་ནར་ལྟ་གི་རེད། གང་ལྟར་སྔ་ཕྱི་གཉིས་ཀའི་དགྲ་བོ་འདི་ཚོ་སེམས་ནང་ནས་བརྗེད་མི་ཉན།

  16. རག་ཕྱགས་རྡོར says:
    2012-03-10 at 10:55 am

    མ་བུ་གསུམ་གྱི་ལྷག་བསམ་ལ་རྗེས་སུ་ཡི་རིང་ཡོད་ཁྱེད་གསུམ་གྱིས་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོགས་བོ་རྒྱལ་ལོོོོོོོོོོོོོོ

  17. དཔལ་ལྡན་རྒྱལ། says:
    2012-03-10 at 11:10 am

    ཚེ་བརྟན་རྡོ་རྗེ་དང་། ཁོང་གི་ཨ་མ་གཉིས་ལ་བཅར་འདྲི་བྱས་པ་ཞིག་འདིར་ཡོད།

    http://www.rfa.org/tibetan/chediklaytsen/amdolaytsen/rawanggilentek/walk-for-tibet-from-india-to-tibet-03092012132036.html

  18. འཛུམ་ཤོར། says:
    2012-03-10 at 11:14 am

    མ་བུ་རྣམ་གསུམ་གཏན་དུ་རྒྱལ་གྱུར་ཅིག བོད་རྒྱལ་ལོོོ།

  19. ཨ་རུ་ར། says:
    2012-03-10 at 12:05 pm

    ཚེ་བརྟན་རྡོ་རྗེ་མ་བུ་སྲིང་གསུམ་ལྷག་བསམ་རྒྱལ་གྱུར་ཅིག སྟག་སྨྱོན་ནས་དགོས་མེད་ཁ་ན་མ་ཐོ་བའི་འཆལ་གཏམ་དེ་རིགས་ཚོད་འཛིན་ཡོང་བའི་རེ་བ་ཡོད།

  20. འབྲི་རུའི་ཤེལ་དཀར་འབུམ་པ།། says:
    2012-03-10 at 12:09 pm

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལྡོག་མེད་སྙིང་སྟོབས་དང་མཚུངས་མེད་ཀྱི་ལྷག་བསམ་ལ་དུས་དང་རྣམ་པ་ཀུན་ཏུ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། སླད་མར་ཁྱེད་རྣམས་ཀྱི་བསམ་དོན་ཇི་བཞིན་འགྲུབ་པ་དང་། བོད་མིའི་བདེན་མཐའ་མྱུར་དུ་སེལ་བར་ཤོག

  21. འབྲི་རུའི་ཤེལ་དཀར་འབུམ་པ།། says:
    2012-03-10 at 12:22 pm

    ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་གསུམ་གྱིས་ལྡི་ལི་ནས་ལྕགས་རྟའི་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་དེ་རིང་རྡ་སར་འབྱོར་བ་ལ་ཐུགས་རྗེ་ཆེ་ཞུ། འོན་ཏང་ཐབས་སྐྱོ་བ་ཞིག་ལ་སློབ་མ་དེ་དག་ལྷག་བསམ་རྣམ་དག་གིས་བོད་དོན་ཆེད་དུ་དཀའ་ཚེགས་ལ་མ་འཛེམས་པར་སོ་སོའི་མ་དངུལ་གྱིས་ལྕགས་རྟ་ཉོས་ཏེ་ལས་འགུལ་སྐོར་བསྐྱོད་ཕྱིན་ཡོད་རུང་། སློབ་སྤྱིས་སློབ་གྲྭ་ནས་རྩ་དགོངས་བཏང་བའིི་གནས་ཚུལ་ཞིག་འདུག་པས་དངོས་གནས་ཡིན་ན། ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་མིན་ནམ། ཁོང་ཚོ་ནི་སོ་སོའི་ཆེད་དུ་མིན་པར་མི་རིགས་ཤིག་གི་རྩ་་དོན་ཆེད་དུ་ཕྱིན་པ་རེད། དེ་ལ་བསམ་གཞིག་མེད་པར་བཏང་ཤག་ཤག་དེ་འདྲ་གང་ཡིན་ནམ།།

  22. ཞལ་ལུ་དཀར་པོ་ says:
    2012-03-10 at 12:25 pm

    བཞུད་པའི་ལམ་ཁ་དར་ལས་འཇམ་པར་སྨོན།།
    བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་སྨོན།།
    ནད་མེད་ཚེ་རིང་བདེ་སྐྱིད་ལྡན་པར་སྨོན།
    གཞི་བྱེས་བོད་མའི་བདེ་སྐྱིད་ཐོབ་པར་སྨོན།།

  23. བོད་འཁྱར་ says:
    2012-03-10 at 12:25 pm

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བསམ་དོན་འགྲུབ་པར་ཤོག།
    ཁྱེད་མ་བུ་གསུམ་གྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ། བོད་རྒྱལ་ལོ།
    གོང་དུ་སྟག་སྨྱོན་ཞེས་པའི་མི་དེས་འབྲེལ་མེད་དོན་གཞན་གྱི་གཏམ་འཁྱར་དེ་འདྲ་མི་སྨྲ་བ་ཞུ།

  24. ཉི་འོད་གྲོང་ནས says:
    2012-03-10 at 12:27 pm

    ཡོད་ཚད་མི་རིག་ཞིག་གི་བླ་སྲོག་གི་ཆེད་དུ་འབུལ་བའི་ཚེ་བརྟན་མ་རྨད་གསུམ། ལ་བུ་ང་ཡིས་རྗེས་སུ་ཡིད་རང་དང་། ཕྲན་གྱིས་ཁྱེད་རྣམས་ལ་དགའ་བ་དང་དུང་བའི་སེམས་ནི་ཚད་གཞི་དཔེ་ཟླ་ལས་འདས་ཀྱང་གུས་གྱི་ན་བ་བདག་ནི་འབྲི་རྒྱུ་སྡེབ་སྦྱོར་དང་སྙན་ངག་ཕོང་པས་ཡིག་ཐོག་ཏུ་གོ་བརྡ་འཕྲོད་ཙམ་ལས་འབྲི་བར་མི་ནུས་ཀྱང་ཁྱེད་རྣམས་ཀྱི་བོད་བསྟན་པ་དང་ཆབ་སྲིད་ཀྱི་ཉག་ཕྲང་དོག་པོ་འདི་ལྟ་བུའི་དོན་དུ། གཅེས་པའི་རང་སྲོག་ཀྱང་ཁ་བའི་བདེན་དོན་དུ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཚད་བྱ་བ་དེ་ལམ་ལྷོང་ཡོང་བས་སྨོན་འདུན་དང་། གུས་པའི་རེ་བ་ལ་མཐོ་རབ་བྱུང་ན་མ་རྨད་གསུམ་གྱི་བདེ་ཐང་གི་ཐད་ལ་ཉེས་ཀ་ཧ་ཅང་གི་ཆེ་བས་རྒྱ་དམར་གྱི་ལག་པར་ཐེབ་ན་ཤིན་ཏུ་མི་རུང་པས་ལས་འགུལ་དེ་མཚམས་འཇོག་མནང་བས་རེ་བ་ཆེ།

  25. ཀིརྟི་སྐྱབས། says:
    2012-03-10 at 12:48 pm

    ཐུགས་རྗེ་ཆེ།ཁྱེད་ཚོའི་ལས་དབང་ང་དང་མཉམ་དུ་ཡོད།

  26. ཁྭ་ཏ་ཁ་ཏ་བ། says:
    2012-03-10 at 12:49 pm

    ཉེ་སྔོན་ནས་བསམ་པ་བཞིན། ་དེ་རིང་ང་རང་ཁྱེད་རྒྱལ་གཅེས་དཔང་ངར་ཅན་གྱི་མ་བུ་གསུམ་ལ་བསྐྱེལ་མ་བྱེད་དུ་ཆེད་དུ་ས་གནས་གཞན་ནས་ཡོང་བ་བཞིན། དྲི་མེད་ཁ་དག་རེ་དང་སེམས་འདུན་གྱི་སྨོན་ལམ་རེ་རྒྱབ་རྒྱུའི་གོ་སྐབས་བྱུང་བ་དགའ་བ་ཆེ་ཡང། ད་ལྟ་ཚན་མོ་མར་ཁ་ལ་ཡང་ཁྱེད་ཅག་སེམས་ཤར་ཞིང་སེམས་སྡུག་གི་གནང་སུ་ལྷུང། ཆ་རྒྱུས་མེད་པའི་ལམ་ཁག་གང་ཞིག་ན་ཇི་འདྲ་གནང་གི་ཡོད་ན་བསམ། བསམ་དོན་འགྲུབ་པར་ཤོག བོད་རྒྱལོ།

  27. ཉི་འོད་གྲོང་ says:
    2012-03-10 at 12:51 pm

    བོད་རྒྱལ་བར་གྱུར་ཅིག། རྒྱ་ཕམ་པར་གྱུར་ཅིག་ མ་ར྄་ཡ་སོཧ།

  28. དབྱངས་འཛོམས། says:
    2012-03-10 at 12:57 pm

    དངོས་གནས་བོད་མི་ཚོས་རང་དོན་ཆུང་ལ་བསྐུར་ཏེ་རྩ་དོན་ཆེ་བར་འཛིན་པའི་སེམས་དཔའ་ཁོ་ཚོ་ནང་བཞིན་མདུན་ལ་ཐོན་ཏེ་ལས་འགུལ་སྤེལ་ཐུབ་ཚེ། བོད་གངས་ཅན་པ་ལ་རེ་བ་ཞིག་ཡོད་པ་རྒྱུ་འབྲས་ཀྱི་ཐག་གིས་ཆོད་ཐུབ། ངོ་མ་སེམས་ནས་རྗེས་སུ་ཡི་རངས་ཞུ།

  29. བསོད་ནམས། says:
    2012-03-10 at 1:12 pm

    རྩོམ་པ་བོ་ཚེ་བརྟན་རྡོ་རྗེའི་ནང་མིས་ལས་འགུལ་འདི་ངོ་མ་མིག་ཆུ་དང་ཡིད་འགུལ་ཟབ་མོ་ཐེབས་བྱུང་། སྙིང་ཐག་པ་ནས་དམིགས་ཡུལ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

  30. གསེར་མདོག says:
    2012-03-10 at 2:56 pm

    རྒྱལ་གཅེས་པ་མ་བུ་གསུམ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་དང་། བསམ་དོན་ལེགས་འགྲུབ་ཡོང་བའི་སྨོན་ལམ་ཞུ།།

  31. སྐྱུ་རྩི་ནས། says:
    2012-03-10 at 6:25 pm

    དེ་རིང་གནས་ཚུལ་་དེ་ཐོས་པ་དང་། མིག་ཟུང་མཆི་མས་གང་ནས་ཡུད་ཙམ་ཅི་བྱ་རྟོལ་མེད་དུ་གྱུར། སྙིང་སྟོབས་ཅན་གྱི་མ་བུ་གསུམ་གྱི་མཛད་རྗེས་ལ་རྗེས་སུ་ཡིད་རངས་ཞུ། ལྷག་པར་ཚེ་བརྟན་རྡོ་རྗེ་ནས་སོ་སོའི་ཤ་ལས་མཆེད་པའི་བུ་ཕྲུག་གཉིས་དང་། ཇེའུ་མི་རིགས་ཀྱི་ཆུང་མ་གཉིས་བློས་བཏང་བའི་སྙིང་སྟོབས་དེ་ལས་སླ་བོ་མ་རེད། ང་ཚོ་ཚང་མས་སྙིང་སྟོབས་ཀྱི་ལེགས་བྱ་ལེན་དགོས་པར་བསམ།

  32. འབྲི་ཕྲུག་རོག་ཆུང་ནས། says:
    2012-03-10 at 8:35 pm

    ཚེ་བརྟན་རྡོ་རྗེའི་ནང་མི་གསུམ་ནས། རླབས་ཆེན་གྱི་ལས་འགུལ་ཞིག་སྤེལ་གནང་བར་རྗེས་སུ་ཡིད་དང་། ཁྱེད་རྣམས་པའི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།།

  33. ཨ་ཁུ་སྐྱང་ཁ says:
    2012-03-10 at 8:55 pm

    རྡོག་སྒྲ་དང་་འདུན་མ་རེ་རེ་རྒྱབ་ཏུ་ཁུར་ནས།།
    ཐག་རིང་གི་ཕ་གཞིས་མོའི་སྐྱོབ་ཏུ་བྱིན་སོང་།།
    བོད་ཀྱི་དཔའ་བོ་མ་བུ་གསུམ་ཁྱེད་ཚོ་ངའི་སྙིང་སྟོབས་ཡིན།

  34. གངས་སྨྱུག says:
    2012-03-10 at 10:24 pm

    ད་བོད་ལ་ཤོག སྒུགས་ནས་ཡོད། ང་ཚོ་མཉམ་དུ་ལང་དགོས།

  35. གངས་སྨྱུག says:
    2012-03-10 at 10:25 pm

    ད་བོད་ལ་ཤོག ང་ཚོ་མཉམ་དུ་ལང་དགོས།

  36. ལྷོ་ཕྱོགས་ཉི་ཟླ says:
    2012-03-11 at 12:54 am

    བོད་ཤ་ཁྲག་རུས་གསུམ་མ་བུ་གསུམ་པོ་ལ་སེམས་སྟེང་ནས་ཡིད་འགུལ་ཆེན་པོ་བྱུང་སོང་། ཁྱེད་ཚོའི་རེ་བ་གང་མྱུར་འགྲུབ་ཐུབ་པར་ང་ཚོའི་ངོས་ནས་ག་དུས་ཡིན་ན་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད། སེམས་ཤུགས་མ་ཆགས་བོད་མི་མི་རེ་ངོས་རེ་ནས་ཁོང་ཚོ་དང་མཉམ་དུ་གོམས་བགྲོད་ཉིན་གཅིག་བྱེད་ཐུབ་ན་ཡང་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་འདུག ང་ཚོས་བལྟ་མོར་བལྟས་འདྲ་བོ་བྱས་ནས་བསྡད་ན་གཏན་ནས་རུང་གི་མ་རེད། རྒྱལ་གཅེས་དཔའ་བོ་འདི་ཚོ་དང་མཉམ་དུ་གོམས་བགྲོད་དུ་དུས་ཚོད་གཅིག་ཡིན་ན་ཡང་ཕེབས་ཐུབ་ན་ཞེ་དྲག་དགེ་མཚན་ཆེ་བར་སྙམ། སྐྱིད་མཉམ་མྱོང་གདུང་སེམས་མཉམ་བྱེད་རོགས་ཞུ། དེ་རིང་ཁོང་ཚོས་མགོ་བགྲོད་མགོ་འཛུགས་གནང་ཡོད་པ་རེད། རྗེས་མ་ས་ཁུལ་གང་དུ་ཁོང་ཚོར་ལས་འགུལ་སྤེལ་ཕྱོགས་ཐོག་དཀའ་ངལ་འཕྲད་པ་ཡིན་ན། ཚོགས་པ་ལྔའི་ཐོག་གང་ཐུབ་ཀྱི་མཐུན་འགྱུར་གནང་འཆར་ཡོད་ཅེས་ཚོགས་པ་ལྔའི་ངོས་ནས་རོགས་པ་གནང་རྒྱུ་ཡིན་ལབ་ཡོད་པ་འདི་ཧ་གཟི་བརྗིད་ཆེན་པོ་རེད།

  37. གེ་གསར་ says:
    2012-03-11 at 1:27 am

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་སྙིང་སྟོབས་དང་ལྷག་བསམ་ལ་ཡིད་དགའ་ཞིང་གུས་པའི་དགའ་བསུ་ཞུ་
    འགྲུལ་ལམ་དུ་ཁྱེད་མ་བུའི་ལུས་ཁམས་བདེ་ཞིང་ལས་མགུལ་འདི་ལམ་ལྷོང་བསམ་དོན་བཞིན་འགྲུབ་པའི་སྨོན་འདུན་ཞུ་ བཀའ་དྲིན་ཆེ་།

  38. ལྷ་_བྱ་འཕུར་མ says:
    2012-03-11 at 4:56 am

    ཁྱེད་ནང་མི་གསུམ་གྱིས་བོད་ཀྱི་མི་རིགས་ཀྱི་རང་དབང་སླར་གསོ་ཆེད་བོད་ནང་དུ་ཞི་བའི་གོམ་བགྲོད་བྱེད་བཞིན་པ་ཇི་བཞིན་འགྲུབ་པར་སྨོན་འདུན་ཡོད་།

  39. བསྟན་འཛིན་ says:
    2012-03-11 at 5:23 am

    རླབས་ཆེན་གྱི་ལས་ཀ་རེད། རྗེས་སུ་ཡི་རངས་ཞུ།

  40. མིག་བརྒྱད་པ། says:
    2012-03-11 at 7:17 am

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ཉིན་རེའི་གནས་ཚུལ་འགོད་ཐུབ་ན་ཡག་པོ་འདུག ། ཁོང་མ་བུ་གསུམ་གྱི་མདང་དགུང་གི་གནས་ཚང་ནི་ཁང་ཆག་ཞིག་གི་སྒོ་འགྲམ་དུ་འོག་ན་ཉལ་གདན་དང་ཐོག་ལ་ཉལ་ཆས་མེད་པར་རྒྱལ་བུ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཤང་ལ་འགྲོ་བའི་མཛད་པ་ཡིད་ལ་འཁོར།

  41. མོ་སྟོན་ཕག་ལོ says:
    2012-03-11 at 8:25 am

    ཁྱེད་གསུམ་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་དམ་བཅའ་ལ་ཡིད་སྨོན་ཞུ། རྩོམ་པ་པོ་ཞིག་གི་འདི་ལྟར་བློས་གཏོང་བྱས་པ་ལས་སླ་བོ་མ་རེད་བཙན་བྱོལ་ནང་རྩོམ་རྒྱག་མཁན་མི་མང་མི་ཉུང་གི་འོན་ཀྱང་ཁོང་ཚོས་འདི་ལྟར་བྱེད་མི་ཐུབ་པ་དང་ཁོང་གི་འདི་ལྟར་བྱེད་ཐུབ་པའི་རྒྱུ་མཚན་གང་རེད། ཁོང་གི་མི་རིགས་ལ་བཅང་བའི་བརྩེ་དུང་དངོས་སུ་གསལ་བོ་རྟོགས་སོང་།

  42. བསོད་ནམས། says:
    2012-03-11 at 10:08 am

    ཁོང་གིས་རླབས་ཆེན་གྱི་བྱ་བཞག་ཞིག་འགོ་འཛུགས་གནང་བྱུང་བས་སྙིང་ཐག་ནས་ཡིད་འགུལ་ཐེབས་བྱུང་། ཁ་སང་རྡ་སའི་མི་མང་གིས་ཁ་དོག་དང་མིག་ཆུའི་སྐྱེལ་མ་བྱེད་སྟངས་དེ་ནས་ཁོ་གསུམ་གྱི་ལྷག་བསམ་ལ་ཡི་རངས་བྱེད་དགོས་བྱུང་།

  43. tenzinpema says:
    2012-03-11 at 10:33 am

    ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དང་འགྱུར་བ་མེད་བའི་དམ་བཅའ་ལ་ཡིད་སྨོན་ཞུ།

  44. ཡང་ཀྱཱ་མ་དགོན says:
    2012-03-11 at 11:36 am

    ཁྱེད་མ་བུའི་ལུས་ཁམས་བདེ་ཞིང་ལས་མགུལ་འདི་ལམ་ལྷོང་བསམ་དོན་བཞིན་འགྲུབ་པའི་སྨོན་འདུན་ཞུ་ བཀའ་དྲིན་ཆེ་།

  45. ཆབ་བྲག་ལྷ་མོ་སྐྱབས། says:
    2012-03-11 at 12:23 pm

    ལུས་པོ་རྒྱལ་མཚམས་ལས་མི་ཐར་ན་ཡང་སེམས་པ་ལྷ་སར་འཕུར་ན་དེ་ཡིས་འཐུས། ཡི་རང་དང་བསྔགས་བརྗོད་ཀྱིས་སྐྱེལ་མ་ཞུ།

  46. བསང་ཆུ་འབྲུག་བྷེ། says:
    2012-03-11 at 1:26 pm

    སྐྱེས་པ་འདི་ལ་ཁྱེད་ཀྱིས་ལམ་ཞིག་སྙེགས་སོང་། ལམ་དེ་ན་འོད་ཟེར་ཡོད། རང་དབང་ཡོད། ང་ཚོའི་ཡོད་ཚད་ཡོད།

  47. རྡོར་བྲག says:
    2012-03-11 at 9:21 pm

    ང་བདེ་ས་སྐྱིད་ས་ཞིག་མ་འགུལ་བར་ཁྱེད་ཀྱི་བསམ་དོན་འགྲུབ་པར
    ཤོག་ཟེར་ནས་སྨོན་
    ལམབརྒྱག་གི་མེད།

  48. ཛ་དྲག་ཕོ་གཉའ། says:
    2012-03-11 at 10:53 pm

    ཁྱེད་མ་བུ་གསུམ་གྱི་འཐད་བརྩོད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུྲ།

  49. བྲོ་འཚལ། says:
    2012-03-12 at 1:19 am

    གངས་རིའི་ཁྱིམ་བརྒྱུད་དང་བདེན་དོན་གྱི་ཆེད་དུ་ཁྱེད་མ་བུ་གསུམ་པོ་ལྟ་བུ་གང་མང་མང་ཞིག་ཡོད་ན་བོད་འདི་འདི་ལྟར་ལས་དབང་ཞིག་གིས་གཡོ་འོག་ཁ་བཏོན་རིམ་གྲོ་ལ་མགོ་འཁོར་ནས་ད་ལྟའི་བར་དུ་འདུག་མི་དགོས་ལ།་་་་གཞིས་བྱེས་མཉམ་འཛོམས་ཡོང་པར་དེ་བས་ཀྱང་ཐག་མི་རིང་མོད།་་་་ཡིན་ན་ཡང་སྐྱོ་བའི་མིག་ཆུ་ཞིག་དང་ལྷན་དུ་འདི་ལྟར་འཁང་སེམས་ཤིག་སྐྱེས་པ་ལས་བྱ་ཐབས་ཅི།་་་་གངས་རིའི་བུ་རྒོད།་་་་ཁྱེད་མ་བུ་གསུམ་གྱི་འགྱུར་མེད་ཀྱི་བློ་སྟོབས་དང་།་་་་ལྷག་བསམ་གྱི་བསམ་བློ་ལ་ངས་འདི་ནས་སྨོན་ལམ་དང་རྗེས་སུ་ཡིད་རང་ཡང་ཡང་ཡང་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme