Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨ་ཆུ་རྫོང་དུ་རང་ལུས་མེར་བསྲེཊ།

Posted on 2012-03-05 By དབང་ཕྱུག་ 29 Comments on རྨ་ཆུ་རྫོང་དུ་རང་ལུས་མེར་བསྲེཊ།

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས་པ་ལགས༽

འདོན་སྤེལ། ༢༠༡༢/༠༣/༠༥
གཟའ་སྤེན་པའི་ཉིན་མདོ་སྨད་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་བུ་མོ་ཞིག་གིས་རྫོང་གི་སྔོ་ཚལ་ཁྲོམ་རའི་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་འདུག
མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ པ་ཡས་མས་སུ། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་གི་ཕ་བསོད་ནམས་ཡེ་ཤེས་ཀྱི་རང་ལོ་ ༡༩ ཡིན་པའི་བུ་མོ། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས། ཉིན་དེར་རྨ་ཆུ་རྫོང་རྨ་ཆུ་ལམ་དུ་ཡོད་པའི་སྔོ་ཚལ་ཁྲོམ་རའི་ཉེ་འགྲམ་གྱི་ར་སྐོར་ཞིག་གི་ནང་ལུས་ལ་སྣུམ་བླུགས་པ་དང་མེར་བསྒྲོན་ཏེ། སྔོ་ཚལ་ཁྲོམ་རའི་ཁྲོམ་གཞུང་དུ་ཐོན་སྐབས། སྔོ་ཚལ་བཙོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་པ་དང་། དྲག་ཆས་ཉེན་རྟོག་པ་བསླེབས་ཏེ་རྡོ་དང་ལྕག་དབྱུག་གིས་གཞུས་ཏེ་ལུས་སྟེང་གི་མེ་བསད་རྗེས་འདས་གྲོངས་སུ་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་ཁོ་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་བཙན་འཁྱེར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉིན་དེར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས། ས་གནས་ཉེན་རྟོག་པས་སྔོ་ཚལ་ཁྲོམ་རའི་སྒོ་ཆེན་བརྒྱབ་སྟེ། དགོང་དྲོའི་ཆུ་ཚོད་ ༩ པ་བར་ཁྲོམ་རའི་ནང་ཡོད་པའི་མི་མང་གི་ཁ་པར་ནང་མེར་བསྲེགས་ཀྱི་པར་རིས་ཡོད་མེད་བསྔོག་བཤེར་བྱས་ཡོད་པ་མ་ཟད། ཚོགས་འདུ་བསྐོང་སྟེ་བཟའ་འཁོན་གྱིས་གནད་དོན་ལ་རྐྱེན་བྱས་ཏེ་མེར་བསྲེགས་བཏང་བ་ཡིན་ཚུལ་དང་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་འཇིགས་སྐུལ་བྱས་ཡོད་འདུག་ལ། ཉིན་དེའི་དགོང་མོ་རྨ་ཆུ་རྫོང་གི་ལས་ཁུངས་ཁག་ནང་ཛ་དྲག་གི་ཚོགས་འདུ་བསྐང་སྟེ་གནས་ཚུལ་ཁ་བསྒྱུར་དང་གསང་སྦས་བྱེད་ཕྱོགས། དེ་བཞིན་དོན་རྐྱེན་དེའི་རྒྱབ་ལྗོངས་ཞིབ་བཤེར་དང་སྔོན་འགོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༤ ཉིན་ནས་བཟུང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དམག་མིས་དམ་དྲག་ཁྲོད་ཕྱི་མིར་ཐུག་འཕྲད་དང་ཁ་པར་རྒྱུད་ལམ་སོགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་མ་ཟད། རྨ་ཆུ་རྫོང་མཁར་གྲོང་དུ་གནས་སྡོད་བྱེད་ཀྱིན་པའི་བོད་པའི་ཁྱིམ་ཚང་ཡོངས་ལ་བསྔོག་བཤེར་གྱིས་དྲ་རྒྱའི་སྐུད་ལམ་བཀོག་འཁྱེར་བྱས་པ་སོགས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

གསར་འགྱུར།

Post navigation

Previous Post: མི་རིགས་ཀྱི་ཞི་བདེ་དང་རང་དབང་། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་པའི་འཐབ་རྩོད་ཆེད་དུ་ང་རང་རྡ་སར་སླེབས་ཡོད།
Next Post: བཀའ་ཁྲིས་ཕྱག་མཛོད་མདོ་སྔགས་དང་འོད་ཟེར་གཉིས་ལ་ཁྲོ་ཉམས་ཀྱིས་སྩལ་བའི་བཀའ་ལན།

Comments (29) on “རྨ་ཆུ་རྫོང་དུ་རང་ལུས་མེར་བསྲེཊ།”

  1. ཨ་ར་དཀར་པོ says:
    2012-03-05 at 1:54 am

    ཞི་རྒོལ་གྱི་མེ་ལྕེ་དེ་རྨ་ཆུ་ལའང་སླེབས་སོང་། ཨོཾ་མ་ཎི་པདྨེ་ཧྰུཾ ད་དུང་མུ་མཐུད་ནས་ཅི་ཞིག་གོ་གྲབས་ཡོད་ན།

  2. ཁྭ་ཏ་ཁ་ཏ་བ། says:
    2012-03-05 at 2:13 am

    སྙིང་རྗེ། ་་་་་་་ དཔམ་མོ་ཁྱེད་ལ་སྒོ་གསུམ་གུས་པའི་འདུད།

    དཀོན་མཆོག་གསུམ་པོ་གཙོས་པའི་ཐམས་བཅད་མཁྱེན་པ་ཚོ་གང་ན་བཞུགས་ཡོད། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམ་བཅད་གནས་སྐབས་གཡུག་ཤོག བོད་མི་ས་ཡ་དྲུག་པོ་ཚ་དམྱལ་ལས་བསྐྱོབ་རོགས་གནང། ཐུགས་རྗེས་གཟིགས།

  3. ཟངས་རྡོ says:
    2012-03-05 at 2:17 am

    བོད་ནང་གི་བོད་མི་ཚོའི་སེམས་ཤུགས་ལ་ཡིད་སྨོན་ཡོད་དང་གདེངས་འཇོག་བྱེད།
    གཞིས་བཞུགས་བོད་མི་ཚོའི་རྒྱ་དམར་གྱི་མེ་མདའི་ཁ་ནས་འཐབ་རྩོད་བྱེད་པར་ཆོད་སེམས་དང་སྙིང་སྟོབས་ཀྱི་ཁེངས་འདུག འི་ཅག་བཙན་བྱོལ་བ་རྣམས་ཀྱི་ལྷག་དུ་ལས་འགུལ་རྒྱ་ཆེན་རེ་སྤེལ་རན་འདུག བོད་ནང་གི་དཔའ་བོ་ཚོ་གཅིག་རྗེས་གཉིས་མཐུད་དུ་མེ་སྲེག་བཏང་དེ་གྲགས་ཀ་རྒྱ་ཆེན་ཞིག་དུ་འགྱུར་རྒྱུ་རེད། རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ལ་ངེས་པར་དུ་དབུ་མའི་ལམ་དང་རང་བཙན་གང་རུང་ཞིག་གི་འཐད་རྩོད་མུ་འཐུད་དུ་བྱེད་པའི་དུས་ལ་ཁེལ་འདུག་པ་འདྲ། ལོངས་ཤོགས་ལོངས་ཤོག་བཙན་བྱོལ་བ་ལོངས་ཤོགས།

  4. ཟངས་རྡོ says:
    2012-03-05 at 2:20 am

    དགོངས་དག། (ཤོགས)དེ་ཤོག་དུ་བཅོས་རོགས་ཞུ།

  5. མིག་བརྒྱད་པ། says:
    2012-03-05 at 2:27 am

    རྒྱ་རིགས་ཚོང་བ་ཚོས་རྡོ་རུབ་བརྒྱབ་པ་དང་ཉེན་རྟོག་པས་རྡོ་དང་དབྱུག་པས་བཞུས་ནས་མེ་བསོད་པའི་བྱེད་སྟངས་འདི་ཡ་ང་སྙིང་རྗེ་མེད་པའི་དུད་འགྲོའི་བྱ་སྤྱོད་རང་རེད། བུ་མོ་དེ་སྙིང་རྗེ། བློ་ཕམ་པོ་རང་རེད།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-03-05 at 2:33 am

    མྱ་ངན་གུས་དུད་དང་། རྟེན་བཟང་མྱུར་ཐོབ་ཤོག །

  7. མིག་བརྒྱད་པ། says:
    2012-03-05 at 2:48 am

    ལོ་རབས་དགུ་བཅུའི་རྗེས་རྒྱ་ནག་གི་དཔལ་འབྱོར་རྒྱལ་སྤྱིའི་ཁྲོམ་རའི་ཐོག་མགྱོགས་ཚད་མཐོ་བོར་བསླེབས་ཡོད་ན་ཡང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་སོང་ཡོད་པ་འདི་ཡ་མཚན་གྱི་གནས་ཚུལ་རེད་ལ། ལྷག་པར་དུ་གཞོན་སྐྱེས་ཕོ་མོ་ལོ་ན་ཆུང་བ་དག་གིས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཆེད་གཅིག་རྗེས་གཉིས་མཐུད་དུ་འདི་ལྟར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དུ་ཞུགས་པ་དང་ད་དུང་ཡང་རྙོག་འཛིངས་ཇེ་མང་ནས་ཇེ་མང་དུ་འགྲོ་རྒྱུ་ཉག་གཅིག་རེད། ཇི་ཙམ་གྱིས་དྲག་གནོན་བྱེད་ན་དེ་ཙམ་གྱིས་གནད་དོན་ཆེ་རུ་འགྲོ་རྒྱུ་ལས་ཐག་ཆོད་བྱེད་མི་ཐུབ། ནམ་ཞིག་ན་བོད་ཆོལ་ཁ་གསུམ་བསྡེབས་ལངས་བྱེད་རྒྱུའི་ཉེན་ཁ་ཡོང་མི་སྲིད་པ་མིན་པས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན་གྲོས་མོལ་ལས་གཞན་ལམ་ཁ་གང་ཡང་བརྙེད་མི་སྲིད།

  8. བུ་བཀྲ་ཤིས། says:
    2012-03-05 at 3:17 am

    བོད་ནང་གཞིས་ལུས་མི་མང་གི་དཀའ་སྡུག་ཉིན་རེ་ནས་ཉིན་རེ་ཇི་ཆེ་རེད། དགྱ་རོ་དེ་ཚོས་ང་ཚོའི་ཐོག་ཏུ་གཉའ་གནོན་བྱེད་རྒྱུ་དེ་མི་གཟོད་ཀི ངོ་མ། སྙིང་སྡུག་ལ་སྦྱར་སོང་་་་་་་་་་་་་

  9. ཚེ་རིང་། says:
    2012-03-05 at 3:41 am

    མེ་མཆོད་འབུལ་འདུག་ཟེར་ན་བདེན་པ་ཡིན་མིན་གསལ་པོ་མ་མཐོང་བར་ངོས་ལེན་མེད་། རྔ་བ་ལ་ཆ་མཚོན་ན་མི་གྲངས་བཅུ་གཉིས་ཀྱི་མིང་གཏོན་སོང་དེ་གཞུང་སྒེར་ཚང་མས་མཐོང་བ་དང་བོད་དོན་ཆེད་མིག་སྟོན་བྱེད་ས་ཁམས་ཏའུ་དཔའ་བོ་ཚེ་དབང་ནོར་བུ་དང་ཨ་ནི་དེ་གཉིས་ལས་མི་འདུག། ང་ཚོའི་གསལ་པོ་ཤེས་པར་རྫུན་གཏམ་གསེར་རྟའི་མི་གསུམ་མེ་མཆོད་འབུལ་སོང་བཤད་པ་ལྟར་བུ་དེ་མིན་ཡོད་པ་དོགས།

  10. ཟངས་རྡོ། says:
    2012-03-05 at 3:49 am

    སྐུ་ཞབས་ལ་དོགས་པ་མི་དགོས་བདེན་པ་རེད། ཁྱོད་གཅིག་པོས་ངོས་ལེན་མེད་ན་སྐྱོན་མི་འདུག་འཛམ་གླིང་གི་གསར་ཁང་གྲགས་ཅན་BBCཡིས་ངོས་ལེན་བྱས་འདུག

  11. དགེ་འདུན་རྒྱ་མཚོ། says:
    2012-03-05 at 5:11 am

    ཚེ་རིང་ཟེར་བ་འདི་ཡང་སྤྱང་འདོག་ཁ་བོ།      མགོ་བདེ་བྲན་ཕྲུག་ཞིག་ཡིན་པ་འདྲ།      གཟབ་གཟབ་བྱོས།    འདི་ཕོ་རོག་དཀར་པོ་ཆགས་གྲབ་འདུག་

  12. gang says:
    2012-03-05 at 5:17 am

    བུ་བཀྲ་ཤིས་ཟེར་བ་དེ་བཀྲ་མི་ཤེས་པ་ཞིག་ཡིན་པ་འདྲ། གཟབ་གཟབ་བྱོས།

  13. gang says:
    2012-03-05 at 5:20 am

    དགོངས་དག་ཞུ། བུ་བཀྲ་ཤིས་མ་རེད། ཚེ་རིང་རེད། ཚེ་རིང་དེ་ཚེ་མི་རིང་རྒྱུ་ཞིག་ཡིན་པ་འདྲ་བས། ཀུན་གྱིས་གཟབ་དགོས་འདུག བུ་བཀྲ་ཤིས་ལགས་ལ་སྙིང་ནས་དགོངས་དག་ཞུ ཞུ

  14. དཔྱིད་འགོའི་མེ་ཏོག says:
    2012-03-05 at 5:37 am

    ཚེ་རིང་ཟེར་བ་དེའི་དམིགས་ཡུལ་རྒྱ་སྐྱག་འདྲ་ཞིག་རེད་ཁྱེད་ཀྱི་དཔའ་བོའི་མཛད་རྗེས་ལ་ཡིད་རིང་བྱེད་རྒྱུ་ཕར་བཞག་དེ་ངོས་ལེན་མེད་ཟེར་བ་དེ་ཅི་ཡིན་་་ཁྱེད་རྒྱ་དམར་ཚང་གི་སྒོ་ཁྱི་་ཧ་ཧ་ཧ་ཧ་ཧ་

  15. དྲི་མེད་ལྷག་བསམ། says:
    2012-03-05 at 5:44 am

    གྲ་གྲོགས་རྣམས་མ་ཎི་གསུང་རྒྱུ་མ་བརྗེད། །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱིས། བུ་མོ་བདེ་བ་ཅན་དུ་སྐྱེ་བར་ཤོག ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །

  16. དྲི་མེད་ལྷག་བསམ། says:
    2012-03-05 at 5:44 am

    དྲ་གྲོགས་རྣམས་མ་ཎི་གསུང་རྒྱུ་མ་བརྗེད། །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱིས། བུ་མོ་བདེ་བ་ཅན་དུ་སྐྱེ་བར་ཤོག ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །

  17. རྡོ་རྗེ་རྒྱལ་མཚན། says:
    2012-03-05 at 6:18 am

    ཁ་སང་རྔ་པ་དང་རྨ་ཆུ་ནས་མེར་བསྲེག་བྱས་པ་དེ་དངོས་བདེན་རེད་འདུག
    གནས་ཚུལ་དེ་རྨ་ཆུ་དང་རྔ་པར་ས་འབྲེལ་ཡིན་པ་སྐ་ཁོག་རྫོང་དང་མཛོད་དགེ་རྫོང་བཅས་ནས་མི་མང་པོས་ཤེས་འདུག།

  18. ཞལ་ལུ་དཀར་པོ་ says:
    2012-03-05 at 7:01 am

    སྲིད་སྐྱོང་བ་བློ་བཟང་སེངྒེ་ལགས་ཀྱིས་བཀའ་སློབ་དེ་ནི་དོན་འདུས་ལ་གོ་བ་ཟབ་པའི་གཏམ་བཤད་དོན་སྙིང་ལྡན་པ་ཞིག་རེད། ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་ངན་དེས་དུས་ཀུན་དུ་བློ་སེང་ལ་སྐྱོན་ཞིག་འདོགས་རྒྱུ་ཁོ་ན་ལས་བསམ་བློ་གང་ཡང་མེད་ཅེས་ཤོད་ན་བདེན་པའི་ཚད་དུ་སྣང་། བཀའ་སློབ་དེའི་ནང་ནས་ཚིག་རིས་ཁ་ཤས་ཤིག་ལ་ཚིག་གིས་སྤུ་འཐེན་བྱས་ཏེ། འོད་ཟེར་ལ་སྐྱོན་བརྗོད་བྱས་རབས་སོགས་ཅི་མང་ཞིག་ཤོད་པ་ནི་དེ་ནི་རང་རེ་བོད་པའི་ནང་ཁུལ་གྱི་གནད་ཡོད་མི་སྣ་དག་ལ་དཀྲུགས་ཤིང་བརྒྱབ་པ་ཞིག་ལས་གཞན་གང་ཡང་མིན་པ་ཟུར་བལྟས་ལེབས་མཐོང་རེད། ༢༠༡༡ལོའི་མེ་བསྲེག་བཏང་མཁན་གྱི་མཚན་ཐོ་དྲིལ་བསྒྲགས་བྱེད་དུས་༢༠༠༩ལོའི་མི་ཞིག་གི་མིང་ཆད་འདུག་ཅེས་བསྙོན་འཛུགས་བྱེད་པ་དེ་ནི་དཔྱོད་ཤེས་ཀྱི་བློ་མིག་རྣོན་པོ་ལྟ་ཞོགས་རྨོས་ལོང་ཞིག་གིས་ཁ་བརྡ་བྱེད་པ་དང་གཉིས་སུ་མ་མཆིས། ད་དུང་ཁུག་རྟ་ཁྱོད་ཀྱིས་རང་ཚོད་མི་ཟིན་པར་སྲིད་སྐྱོང་བ་ལ་གཞི་མེད་སྐུ་འདེབས་སྣ་ཚོགས་ཤིག་སྒྲོག་གིན་འདུག་ན། གུས་ཁྲན་ཏང་གི་ཉུལ་མ་ཞིག་ཡིན་པར་ཤེས་ནས་བཟོ་ལྟ་ནན་མོ་ཞིག་སྤྲོད་པར་ངེས་པས་རང་ཚོད་ཟིན་ན་བཟང་། བོད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་དེ་ཉིད་ལ་རྒོལ་བར་བརྩམས་པ་ནི་དམངས་ཀྱི་ཐུགས་སེམས་ལ་ཕོག་ཐུག་བཏང་བ་ཞིག་གམ། དགྲ་དགའ་གཉེན་སྡུག་གི་བྱ་ངན་སྐྱུག་བྲོ་བ། མ་རབས་ཀྱི་གནག་སེམས་ཐ་ཤལ་བ་ཞིག་ཡིན་པ་ཤེས་པར་བྱོས། ཁ་བརྡ་ཚང་ཡང་ས་ཚིགས་ག་འདྲ་ཞིག་ལ་སླེབས་མིན་མནོ་བསམ་གཏོང་དགོས་པ་གལ་ཆེ་ཞེས་ནན་བརྗོད་བྱ་འདོད་བྱུང།

  19. འཇམ་རུང says:
    2012-03-05 at 8:15 am

    3] ¾G-GZÛÅ-DÞ-±ß¼-Hïm-zÇem-z½À-¯¼-zŸG-¾ü ¤Gô-zô-G»Å-Ç+ô¼-GÅÞ¤-hP-G»ôm-Ç+ô¼-GÅÞ¤-‚ü ¤ï-»ÛÅ-uÛ-zô-¤m-Vh-Ez-q¼-zÇKô¤Å-¾ü

  20. བདག་པོ། says:
    2012-03-05 at 8:40 am

    ཁྱེད་སྐུ་གྲོངས་པ་ནི་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། ཁོར་ཡུག་བཅས་པ་མྱུར་སྐྱོབ་ཀྱི་ཆེད་དུ་ཡིན་པས་ཡིད་སྐྱོ་བའི་ངང་ནས་མྱ་ངན་ཞུ།

    ཆང་ཕུད་ཇ་ཕུད་རྟག་ཏུ་ཁྱོད་ཚོར་དྲངས།
    རེ་བའི་སྨོན་ལམ་རྟག་ཏུ་ཁྱོད་ཚོར་འདེབས།
    དོན་འབྲས་མ་སྨིན་དུས་ཚོད་ཡོངས་སུ་རྫོགས།
    འཇིག་རྟེན་དྲེགས་པ་བོད་མིའི་གཉའ་གནོན་ཡིན།

  21. ཁྭ་ཏ་ཁ་ཏ་བ། says:
    2012-03-05 at 8:41 am

    ཞལ་ལུ་དཀར་པོ་ཟེར་བ་འདི་ཡང་ཕོ་རོག་དཀར་པོ་རེད་འདུག
    ཁྱོད་རང་གི་སྙོག་གཏམ་དེ་བརྗོད་བྱ་འདི་དང་འབྲེལ་བ་ཙ་བ་ཉིད་མི་འདུག
    ཁ་བརྟ་ཚང་དེ་མར་བསུབ་རོགས་གནང།

  22. གཉན་ཆེན་ཐང་ལྷ་ says:
    2012-03-05 at 8:54 am

    ལས་འགུལ་འདི་ལ་ཞི་བའི་མེ་རྒོལ་གསར་བརྗེ་ཟེར་ན་ལེགས།
    བོད་པ་རྣམས་ཕོ་ཟད་ན་མོ་ལ་ཐུག་ཀྱང་རང་དབང་གི་ཆེད་དུ་ངོ་རྒོལ་བྱེད་དགོས།

  23. རུ་ཤུལ‚ཆོས་གྲུབ་ says:
    2012-03-05 at 9:52 am

    ཚེ་རིང་ཟེར་བ་ཞིག་གི་བདེན་པ་ཡིན་མིན་ལ་དོག་ཅིག་བྱས་འདུག སྤྱིར་བྱ་བ་ཅི་ཞིག་ཡིན་ཀྱང་ཏེ་ཚོམ་གྱིས་སྒོས་རྟགས་དཔྱད་བྱས་ན་ཧ་ཅང་བཟང་མོད། རྟགས་དང་རྒྱུ་མཚན་ཡོད་བཞིན་དུ་ཧ་ཅང་སྤྱངས་མདོག་གི་སྐད་ཆ་བཤད་ན་སེམས་ཕམ་དགོས་བའི་གནས་རེད། ལྷག་པར་ཤུལ་ལུས་ནང་མི་ཚོའི་གོ་ན་ཅི་བསམ།

  24. བོད་ལ་ཞེན། says:
    2012-03-05 at 9:56 am

    ལྟོས་དང་རྒྱ་རིགས་མང་པོས་རྡོ་རུབ་རྒྱག་འདུག་ཟེར་གྱི་འདུག ང་ཚོ་དེ་ནས་དར་དམར་མེ་ལ་མ་སྲེག་རྒྱ་ཕོག་དུག་འགྲོ་ད་རེད་ཟེར་ནས་ཡག་མདོག་བྱེད་མཁན་མང་པོ་ཡོད་རེད།

  25. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-05 at 12:45 pm

    མདོ་སྨད་རྨ་ཆུའི་བོད་རིགས་ཀྱི་རླབས་ཆེན་རེ་རེ་མིག་ལམ་དུ་སྣང་སྐབས་ངའི་སེམས་གཏིང་ལ་མུ་མཐའ་བྲལ་བའི་སྤོབས་པ་གྲངས་མེད་གཏེར་གྱིན་འདུག་་་་་་་་་་་་་་་འདི་ནི་མི་རིགས་ཤིག་ལ་བཞག་པའི་རྡོ་རིང་དཀར་པོ་རེད་་་་་་་་་་་་་་་འཐབ་རྩོད་ཟེར་པ་འདི་ལས་གཞན་ཞིག་གང་ནས་བཙལ་དགོས་སོ་་་་་་་་་་་དངོས་གནས་ཡབ་མེས་ཀྱི་ཁྱེད་ཚོ་རེད་་་་་་་་་་་་་་་ང་ཚོའི་ནམ་ཡང་མི་བརྗེད་་་་་་་་་

  26. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-05 at 12:47 pm

    གྲ་གྲོགས་རྣམས་མ་ཎི་གསུང་རྒྱུ་མ་བརྗེད། །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱིས། བུ་མོ་བདེ་བ་ཅན་དུ་སྐྱེ་བར་ཤོག ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །

  27. ཉི་འོད་གྲོང says:
    2012-03-05 at 12:51 pm

    རྒྱལ་གཅེས་དཔའ་མོ་ཁྱེད་ལ་སྙིང་གུས་འདུད་ཞུ།

  28. ཟངས་རྡོ། says:
    2012-03-06 at 12:12 am

    མཆན་བུ་བཀོད་མཁན་རྣམས་ཀྱི་དམོན་ཚིག་དང་སྐྱོན་བརྗོད་བྱེད་རེས་མི་བྱེད་པར་བསམ་བློ་རྗེ་རེས་དང་གཞུང་ཚིག་དེ་ག་རང་ལ་བསམ་ཚུལ་བཀོད་ན་ཡག་པོ་འདུག་བསམ་སོང་།

  29. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-06 at 11:48 am

    དེ་རེད་དངོས་གནག་ཡག་པོ་ཞིག་ལབ་འདུག་སླབ་བྱ་དོན་སྙིང་ལྡན་པ་ཞིག་རེད་རྗེས་སུ་ཡིན་རིང་་་་་་་་་་་་ཡོད་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme