Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུའུ་ཝུན་ཆོན་གྱིས་གྲངས་ཉུང་མི་རིགས་ཀྱི་ལག་རྩ་མྱང་བ།

Posted on 2012-03-04 By ཁ་བརྡ་ 5 Comments on ཀྲུའུ་ཝུན་ཆོན་གྱིས་གྲངས་ཉུང་མི་རིགས་ཀྱི་ལག་རྩ་མྱང་བ།

འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐུ་ཞབས་ཀྲུའུ་ལགས།

ནམ་མཁའ་ནས་བྲིས།་

ཁྱེད་ཀྱིས་དེང་སང་གྲངས་ཉུང་མི་རིགས་ཀྱི་ལག་རྩ་མྱངས་སྟེ་དུག་སྨན་སྤྲད་ནས་གྲངས་ཉུང་མི་རིགས་རྨ་མེད་ཀྱིས་གསོད་འདོད་སྐྱེས་འདུག  ཁྱེད་ཀྱི་བསམ་ཚུལ་འདིའི་རྒྱབ་ལྗོངས་ན་དབུས་དམར་ཕྱོགས་ཚོགས་པ་ཡོད་པ་གསལ་བོ་རེད།་དེ་རིང་ཁྱེད་ཚོས་༽སི་ཏ་ལེན་གྱིས་བཤད་པའི་མི་རིགས་ཞིག་རྩ་མེད་དུ་གཏོང་དགོས་ན་དེའི་སྐད་དང་ཡི་གེ་རིག་གཞུང་མེད་པར་བཟོ་དགོས༽།དེ་མིན་ཆ་ཚང་དམར་གསོད་བྱེད་པ་ནི་ཐབས་བྱུས་ཞིག་མིན།་ཅེས་བ་འདི་དེ་རིང་ལག་བསྟར་བྱེད་འདོད་ཡོད་པ་རེད།  ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་གིས་འདོད་ཐོག་འགྲོ་མིན་བཤད་དཀའ་ཡང་།གང་ལྟར་སེམས་གཏིང་ནག་པོ་ཡོད་པའི་འབྲས་བུ་ཕྱིར་ཐོན་པ་རེད།  ཁྱེད་ཀྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་རྒྱ་མི་རིགས་དང་མཉམ་བསྲེས་དང་འཚོ་སྡོད་མཉམ་རོལ་བྱེད་དགོས་བའི་འབོད་སྐུལ་དང་།དེ་མིན་ད་རུང་གནས་སྤོར་བྱེད་དགོས་བའི་བསམ་ཚུལ་འདུག 

གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་རིགས་གཞུང་ཆ་ཚང་མི་རིགས་ཆེན་པོ་ཞིག་གི་ནང་འཐིམས་འདོད་པ་དེ་རེད། ཁྱེད་ཀྱིས་བཤད་པ་བཞིན་སློབ་ཕྲུག་ཚོ་མཉམ་བསྲེས་ཀྱིས་སློབ་གྲྭ་གཅིག་ཏུ་བསྡུ་འདོད་ཀྱང་། ༢༠༠༡༡ལོར་ལྕགས་ལམ་བཟོ་གྲྭའི་སློབ་གྲྭའི་ནང་གི་སློབ་མ་ཚོ་འཁྲུགས་འཛིངས་ཤོར་བ་དེ་མ་མཐོང་ངམ། འདིའི་རྟགས་མཚན་ནི་མི་རིགས་མཉམ་བསྲེས་ནམ་ཡང་ཡོང་མི་ཐུབ་པའི་རྟགས་རེད། ཕྱོགས་གཅིག་ནས་བཤད་ན་ཁྱེད་ཀྱིས་གྲངས་ཉུང་མི་རིགས་དག་གི་རིག་གཞུང་དང་སྐད་ཡིག་སོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་མ་ཟད།  གྲངས་ཉུང་མི་རིགས་ཀྱི་དཀྱིལ་ལ་དུག་རྫས་འཕངས་སྟེ་རྨ་མེད་ཀྱིས་གསོད་འདོད་པའི་རྟགས་མངོན་གསལ་དོད་པོ་རེད། སྤྱིར་འཛམ་གླིང་འདིའི་སྒང་ན་ལག་དམར་ཆེན་པོ་གསུམ་ཡོད། ཧེ་ཐི་ལེ་དང་སི་ཏ་ལེན།མའོ་ཙེ་ཏུང་གསུམ་ཡིན། ཁྱེད་རང་ནི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་གསོད་པའི་ལག་དམར་བྱེད་འདོད་པ་གསལ་བོ་རེད།  ཁྱེད་ཀྱིས་བཤད་པ་བཞིན་སྐད་གཅིག་གྱུར་དང་ཡི་གེ་གཅིག་གྱུར་རིག་གཞུང་གཅིག་གྱུར་ཐ་ན་ཁ་ཟས་ཡང་གཅིག་གྱུར་བྱེད་འདོད་ཡོད་ངེས་ཆེ།

 

ཁྱེད་ཀྱི་མི་རིགས་གཅིག་པ་ཀོང་ཏུང་གི་སྐད་དེ་པེ་ཅིན་གྱི་སྐད་དང་གཅིག་གྱུར་བྱེད་ཐུབ་བམ།  ཀོང་ཏུང་གི་མི་ཐམས་ཅད་པེ་ཅིན་ལ་གནས་སྤོར་བྱེད་ཐུབ་བམ།  རྒྱ་ནང་གི་རྒྱ་རིགས་ཐམས་ཅད་ཧི་མ་ལ་ཡའི་རི་འདབས་ནས་ནོར་ལུག་གི་མཉམ་དུ་འཚོ་སྡོད་བྱེད་འདོད་མཁན་ཞིག་ཡོད་དམ། ང་ཚོ་བོད་མི་རིགས་དང་ཞིན་ཅང་གི་ཡུ་གུར་ཚོར་ཁྱེད་ཀྱིས་སྲིད་གཞུང་གིས་མེ་མདའ་བྲང་ལ་གཏད་ནས་ཡུ་གུར་བ་ཚོར་བཙན་དབང་གིས་ཕག་ཤ་དང་ང་ཚོ་བོད་མི་ཚོ་བཙན་དབང་གིས་ཁྱི་ཤ་ཟ་རུ་འཇུག་འདོད་པ་དེ་རེད།ཁྱེད་ཀྱིས་ད་རུང་མི་རིགས་གཞན་དང་དེའི་རིག་གཞུང་ལ་མཐོང་ཆུང་བྱེད་པ་ནི་བྱབ་ཆུང་ཡིན་ཟེར་བ་དང་ཁྱེད་ཀྱིས་གྲངས་ཉུང་མི་རིགས་ཚོས་མི་རིགས་གཞན་གྱི་ས་ནས་སློབ་སྦྱོང་བྱེད་དགོས་སྐོར་བཤད་པ་འདི་གཉིས།ནང་འགལ་གྱི་ལྟ་བ་ཞིག་ཡིན་པ་མ་ཟད། ཧ་ཅང་གཡོ་སྒྱུ་ཆེ་བའི་གཏམ་ཞིག་རེད། གལ་སྲིད་མི་རིགས་གཞན་གྱི་ས་ནས་ལེགས་པའི་སློབ་སྦྱོང་བྱེད་དགོས་ཟེར་བ་འདི་ཁྱེད་རང་ཉིད་ཀྱིས་ལག་ལེན་ཐོག་མར་བྱེད་དགོས་བས། ཁྱེད་དང་ཁྱེད་ཀྱི་རྒྱ་མི་རིགས་ཚོས་བོད་སྐད་དང་བོད་ཡིག་ཐ་ན་ཡུ་གུར་གྱི་སྐད་སོགས་སྦྱངས་བྱེད་ཀྱི་རེད་དམ། ཁྱེད་རང་ལ་དེ་རིང་གི་བསམ་བློ་ཞིག་མ་གཏོགས་སང་ཉིན་གྱི་བསམ་བློ་ཅི་ཡང་མི་འདུག  ལོ་ངོ་དྲུག་བཅུའི་རིང་ལ་སློབ་གསོ་བཏང་ཡང་གྲངས་ཉུང་མི་རིགས་ཚོའི་བསམ་བློ་འགྱུར་བ་ཅི་ཡང་གཏོང་ཐུབ་མེད།དེ་རིང་ཁྱེད་ཀྱིས་མེ་མདའི་འོག་ནས་སློབ་གསོ་གཏོང་འདོད་པ་དང་མི་རིགས་བར་འགལ་ཟླ་བསམ་བཞིན་བཟོ་བ་འདི་ནི་ཅི་འདྲའི་ཡ་ང་ཞིང་སྙིང་རྗེ་མེད་པའི་བྱ་སྤྱོད་ཞིག་རེད་དམ།

ཧོང་ཀོང་གི་གསར་འགོད་པ་ཞིག་གིས་ཁྱེད་ལ་དྲི་བ་འདྲི་དུས་༼ཁྱེད་ཀྱི་འཛུམ་མདངས་ཀྱིས་ཡིད་དབང་འཕྲོག་ལ་ཁྱེད་ཀྱི་བྱ་སྤྱོད་ཀྱིས་མི་གསོད༽་ཟེར་བ་དེ་ཅི་འདྲའི་དྲང་བདེན་དང་བློ་གཟུར་བོ་གནས་གཏམ་ཞིག་རེདའང་། དེ་རིང་ངོ་མ་ཁྱེད་ཀྱི་བྱ་སྤྱོད་དེ་ཕྱི་རུ་མངོན་ནས་འཛམ་གླིང་སྟེང་གླེང་བཞིན་ཡོད། སྤྱིར་སྲོག་ཆགས་གང་ཡིན་ཡང་འབྱུང་བཞིའི་འཕྲོད་པ་ལ་རྟེན་དགོས་མོད། ཁྱེད་ཀྱིས་བཙན་དབང་གིས་ཚ་བའི་ལུང་པའི་མི་འཛམ་གླིང་གི་མཐོ་སྒང་ལ་བཙན་སྤོར་བྱེད་རྒྱུ་དང་མཐོ་སྒང་གི་མི་ཚ་བའི་ལུང་པར་བཙན་སྤོར་བྱས་ཏེ་འབྱུང་བཞི་མ་འཕྲོད་པར་ནད་ཀྱིས་འཆི་རུ་འཇུག་འདོད་པ་དེ་རེད། ཕྱོགས་གཞན་ཞིག་ནས་ཁ་གསལ་བོ་བཤད་ན། གྲངས་ཉུང་མི་རིགས་དང་དེའི་རིག་གཞུང་ལ་མེ་མདའི་འོག་གི་རིག་གནས་གསར་བརྗེ་གཉིས་པ་ཞིག་བྱེད་འདོད་པ་དེ་རེད། འདི་ནི་ང་ཚོ་གྲངས་ཉུང་མི་རིགས་ཚོས་ནམ་ཡང་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན། ད་རུང་བཤད་འདོད་པ་ཞིག་ལ། ཁྱེད་རང་ཁྱེད་ཀྱི་སྐད་དང་རིག་གཞུང་ལ་ཞེན་ཁ་ཆེ་བ་བཞིན་མི་རིགས་གཞན་ཚོ་ཡང་སོ་སོའི་སྐད་དང་རིག་གཞུང་ལ་ཞེན་ཁ་ཡོད་ཆོག  དཔེར་ན་རྒྱ་མི་རིགས་ཀྱི་ཕྲུག་གུ་ཞིག་བོད་ནས་སྐྱེས་ཀྱང་།ཁྱོད་ཀྱི་མི་རིགས་དང་ཁྱོད་ཀྱི་ཕ་ཡུལ་གང་ཡིན་དྲིས་ཚེ་ང་རྒྱ་རིགས་དང་ངའི་ཕ་ཡུལ་རྒྱ་ནང་གི་གྲོང་ཁྱེར་ག་གེ་མོ་ཞིག་ཡིན་ཟེར་བ་ལས།ངའི་ཕ་ཡུལ་བོད་དང་ང་བོད་པ་ཡིན་ནམ་ཡང་ལབ་མི་སྲིད། དེ་བཞིན་བོད་པ་ཞིན་ཅང་སོག་པོ་སོགས་གང་ཡིན་ཡང་རྒྱ་ནང་ནས་སྐྱེས་ཀྱང་སེམས་ནང་ཕ་མའི་མི་རིགས་དང་དེའི་ཕ་ཡུལ་དེ་ནས་ཡིན་འདོད་པ་གསལ་བོ་རེད།དེ་བཞིན་མིའི་བསམ་བློ་མེ་མདས་འགྱུར་བ་གཏོང་འདོད་པ་དེ་ཧ་ཅང་དཀའ་མོ་ཞིག་ཡིན་པ་མ་ཟད།ཁྱེད་ཀྱིས་བཤད་པ་བཞིན་ཁ་བྲལ་འགྲོ་བ་དང་འགྲོ་འདོད་སྐྱེས་བ་ཐེ་ཚོམ་ཅི་ཡང་མེད།    མདོར་བསྡུས་ནས་དཔེ་མཚོན་ཞིག་གི་སྟེང་བཤད་ན།  ཁྱེད་དང་ཁྱེད་ཀྱི་ཆུང་མ་གཉིས་ནམ་ཡིན་ཡང་འཁོན་འཛིང་ཁོ་ནས་འཚོ་བ་རོལ་དུས། ་སྲིད་འཛིན་ཧུའུ་ཡིས་བཙན་དབང་གིས་མཉམ་སྡོད་བྱེད་དུ་བཅུགས་ཡང་།ཁྱེད་གཉིས་ཀྱི་སེམས་ནང་ན་ཟུག་ཆེ་རུ་ཕྱིན་སྟེ། ་ཉིན་གཅིག་ཁྱོད་གཉིས་བཟའ་ཐོར་བྱེད་རྒྱུ་དང་ཡང་ན་གཅིག་འཆི་སྐྱོན་འབྱུང་རྒྱུ་ཐག་གཅོད་ཡིན། ཡིན་ཡང་ སྲིད་འཛིན་ཧུའུ་ཡི་བཙན་བཀའི་དབང་གིས་བཟའ་ཐོར་བྱེད་མི་ཆོག་པས། ཁྱེད་ཀྱིས་ཆུང་མ་གསོད་ཐུབ་པའི་སྤོབས་པ་ཡོད་སྲིད།རྒྱུ་མཚན་ཁྱེད་ཕོ་གཅིག་ཡིན་པའི་ང་རྒྱལ་ཡོད། ཡིན་ཡང་ཁྱེད་ཀྱིས་ཆུང་མས་ཁྱེད་གསོད་མི་ཐུབ་པའི་ངེས་བ་ག་ལ་མཆིས།     

སྣ་ཚོགས།

Post navigation

Previous Post: རྒྱལ་གཅེས་དཔའ་བོ་རིག་འཛིན་རྡོ་རྗེ་འདས་གྲོངས་ཕྱིན་འདུག
Next Post: འབོད་སྒྲ་གཉིས་དེ་ངས་བཤད་པ་ཡིན“འོས་བསྡུ་ལངས་པའི་སྐབས་ལ་འོས་མི་ང་ཡིན། ངས་བཤད་པ་ཡིན།

Comments (5) on “ཀྲུའུ་ཝུན་ཆོན་གྱིས་གྲངས་ཉུང་མི་རིགས་ཀྱི་ལག་རྩ་མྱང་བ།”

  1. ཁྲག་ཡིག་འབོད་སྐུལ། says:
    2012-03-04 at 1:21 pm

    རྩོམ་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ།

  2. ཅོག་རོང་གི་མྱི། says:
    2012-03-04 at 9:37 pm

    ཀྲོའུ་བུ་ཆོན་བོད་ཀྱི་ལྷ་རྗེ་ཡིན་པའི་ཆ་ནས་བོད་ཀྱི་ལག་རྩ་མྱང་སྟེ་་སྨན་ཐུན་གནང་བ་འདི་རེད། ནམ་མཁའ་ནས་གཡག་ཞ་རས་རྩ་ཟ་བའི་མཐོང་ཚུལ་ཙམ་ལ་བྲོ་བ་ཇི་གང་མི་འདུག དུས་ཚོད་ཡོད་དུས་རྒྱ་མིའི་ཤོ་ལོཀ་འདིར་མནོ་བསམ་ཕྲ་མོ་ཞིག་ཐོངས།༼ཁོ་བོའི་མལ་ཁྲིའི་གཡས་རོལ་གཡོན་རོལ་ན།། ཁྱེད་ལ་སྔུར་བ་འཐེན་དབང་ག་ལ་གདའ།།༽

  3. བསམ་འགྲུབ། says:
    2012-03-05 at 3:32 am

    ཀྲུའུ་ཡི་སྐད་ཆ་འདི་ལ་གཞུང་ཕྱོགས་ནས་ལན་རེ་འདེབས་རྒྱུ་མེད་བ་ཡིན་ནམ། ཀྲུའུ་འདིའི་སྐད་ཆའི་འབའ་ས་ནི་དབུ་མའི་ལམ་ལ་འབྲས་བུ་ཅི་ཡང་ཐོབ་རྒྱུ་ཡོད་བ་མ་རེད་དཀའ་ལས་མ་རྒྱག་ཞེས་བའི་དོན་རེད།

  4. ཉི་མ་བུ་ཁྲིད་ says:
    2012-03-05 at 7:24 am

    ཧུའུ་ཅིན་ཐའོ་ཡིས་ལམ་དབུ་མའི་རང་སྲིད་རང་སྐྱོང་ལ་སྒོ་ལྕགས་འཕར་མ་བརྒྱབ་པ།

    བང་ཆེན་ལས་དྲངས།

    ཉེ་ཆར་ཀྲུའུ་ཝེ་ཆོན་གྱིས་སྤེལ་བའི་རྩོམ་ཡིག་སྟེ། དེང་སྐབས་མི་རིགས་ས་ཁོངས་གནད་དོན་ཐད་ཀྱི་བསམ་གཞིགས་ཐོར་བུ་ཞེས་པའི་སྐོར་ལ་དྲ་རྒྱ་དང་བརྙན་འཕྲིན་བརྒྱུད་ལམ་དུ་གླེང་སློང་བྱས་པ་དང་། དཔྱད་བརྗོད་པ་ཕལ་ཆེ་བས་འབྲེལ་ཡོད་མི་རིགས་ལ་ཤུགས་རྐྱེན་ཅི་འབྱུང་གི་དཔྱད་པ་དང་བསམ་ཚུལ་འདྲ་མིན་བཏོན་སོང་།
    ཁོ་བོས་འདིར་ངོས་གཞན་ཞིག་ནས་གླེང་བར་བྱ་བ་གཉིས་ཡོད་དེ། གནས་སྐབས་འདི་ལ་ཀྲུའུ་ཡིས་རྩོམ་ཡིག་དེ་འདྲ་སྤེལ་དགོས་པའི་རྒྱབ་ལྗོངས་དང་ཤུགས་བསྟན་གྱི་དམིགས་འབེན་ནོ།།
    དང་པོ། རྒྱབ་ལྗོངས།
    ཀྲུང་གུང་དམར་ཕྱོགས་གཞུང་གི་སྲིད་འཛིན་པ་སུས་ཀྱང་སྒྲིག་འཛུགས་ཀྱི་ལང་ཕྱོགས་ཙམ་ལས་ཐུན་མིན་གྱི་ལྟ་ཚུལ་བཤད་མི་སྲིད་པས། མཐོ་རིམ་གོ་གནས་འཁུར་ཞིང་མི་རིགས་སྲིད་ཇུས་ཀྱི་མགྲིན་ཚབ་པ་ལྟ་བུར་གྱུར་བའི་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་དེའང་མཐར་གཏུགས་ན་ཀྲུང་གུང་དམར་ཕྱོགས་ཚོགས་པའི་འགོ་བདག་ཧུའུ་ཅིན་ཐའོ་ཡི་བསམ་ཚུལ་མཚོན་པར་སྙམ། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ཚེ། ཀྲུའུ་ཡིས་རང་ཉིད་ཀྱི་དབང་ཆའི་གོ་གནས་འཕར་བའམ་བརྟན་པའི་ཆེད་དུ་ཧུའུ་ཕྱོགས་ཁག་ལ་རྒྱབ་སྐྱོར་མཚོན་པར་རྩོམ་དེ་སྤེལ་བའང་སྲིད།
    འོ་ན། ད་ལྟའི་དུས་སྐབས་འདི་ལ་རྩོམ་ཡིག་དེ་སྒེར་གྱི་རྣམ་པར་བརྫུས་ཏེ་གཞུང་གི་སྨྲ་ལྕེ་ཉེ་བར་མཚོན་བྱེད་ཀྱི་བརྒྱུད་ལམ་ཆེ་བ་མིན་པའི་ཚགས་ཤོག་ཅིག་ནས་ཕྱི་ལ་བསྒྲགས་པའི་རྒྱབ་ལྗོངས་ཇི་འདྲ་ཡིན་ནམ་ཞེ་ན། རྒྱ་ནག་གཞུང་གི་འགོ་ཁྲིད་བརྗེ་མཚམས་སུ་སླེབས་པ་དང་ཀྲུང་གུང་དབང་ཆེན་ནང་ཁུལ་གྱི་དབང་རྩོད་གནས་བབ་ཛ་དྲག་པར་བརྟེན། ཧུའུ་ཅིན་ཐའོ་ཡིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་བརླིང་སྲུང་སྟེ་རང་ཉིད་ཀྱི་སྒེར་དབང་སྲ་བརྟན་དུ་གཏོང་བ་དེ་ལ་རག་ལུས། ཧུའུ་ཅིན་ཐའོ་ཡི་ཕྱོགས་ཁག་ལ་མཚོན་ན། བོད་དུ་བྱུང་བའི་ངོ་རྒོལ་དང་རང་ལུས་སྦྱིན་སྲེག་གི་གནས་སྟངས་ནི་སྤྱི་ཚོགས་བརྟན་བརླིང་དང་སྲིད་བྱུས་ཀྱི་ཕམ་ཁ་ཆེན་པོ་ཞིག་དང་། ཀྲུང་གུང་དམར་ཕྱོགས་དབང་ཆེན་ནང་ཁུལ་གྱི་ཁ་གཏད་ཕྱོགས་ཁག་གིས་ཧུའུ་ལ་བསྙོན་འཛུགས་ཀྱི་བྱ་ཡུལ་དུའང་འགྱུར་སྲིད། དེར་བརྟེན། ཀྲུའུ་ཝེ་ཆོན་གྱི་མིང་ཐོག་ནས་མི་རིགས་ས་ཁུལ་བརྟན་བརླིང་དང་རྒྱལ་ཁབ་གཅིག་གྱུར་ལ་ཁ་གཡར་ནས་ལྟ་ཚུལ་དེ་དག་ཕྱིར་བཏོན་པར་འདོད།

    གཉིས་པ། ཤུགས་བསྟན་དམིགས་འབེན།
    རྩོམ་ཡིག་གི་བསམ་ཚུལ་དེ་མི་རིགས་སྤྱི་བྱིངས་ལ་བརྗོད་ཡོད་ཀྱང་། ཧུའུ་ཅིན་ཐའོ་ལ་ན་ཟུག་སློང་བ་དང་ཁོའི་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་གྲས་སུ་བགྲངས་པའི་མི་རིགས་ནི་བོད་དང་ཡུ་གུར་གཉིས་ཡིན། དེ་གཉིས་ལས་ཀྱང་བོད་དེ་གཙོ་བོར་བཟུང་འདུག ཧུའུ་ཡིས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་། བོད་དོན་རྒྱབ་སྐྱོར་བ་བཅས་ནི་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པར་འདོད་པ་དང་། བོད་ཁུལ་དུ་བྱུང་བའི་ངོ་རྒོལ་རིགས་ནི་གོང་ས་མཆོག་དང་བཙན་བྱོད་བོད་གཞུང་གི་ངན་སྐུལ་ལས་བྱུང་བར་བསྙོན་འཛུགས་པ་འདིས་ཀྱང་རྩོམ་ཡིག་དེའི་བསམ་ཚུལ་གྱི་ཁ་གཏད་ནི་བོད་ཡིན་པ་ཤེས་ཐུབ། ད་དུང་ཅུང་ཟད་སྤྲོ་ན། བོད་དུ་ལག་ལེན་བསྟར་བའི་གཏུམ་དྲག་གི་སྲིད་བྱུས་དང་དྲག་གནོན་ནི་ཧུའུ་དང་ཐད་ཀར་འབྲེལ། ཧུའུ་ཡི་གོ་གནས་ཐོལ་བརྒལ་བྱུང་བའང་བོད་རང་སྐྱོང་ལྗོངས་ཟེར་བའི་ཀྲུང་གུང་དམར་ཕྱོགས་ཚོགས་པའི་ཧྲུའུ་ཅིའི་སྐབས་སུ། ཁོས་བོད་ལ་གཏུམ་དྲག་གི་སྲིད་བྱུས་ལག་ལེན་དུ་བསྟར་ཏེ་བྱས་རྗེས་བཞག་པའི་རྐྱེན་ཡིན། མ་འོངས་པར་བོད་མི་ཚོ་ལ་བདེན་པ་ཁྲིམས་ཀྱི་རྒྱ་མའི་སྟེང་ཏུ་འཇོག་པའི་གོ་སྐབས་བྱུང་ཚེ། ཉེ་བའི་བགྲང་བྱ་བཅུ་ཕྲག་གཉིས་ཙམ་རིང་གི་བོད་མི་དམར་གསོད་ལ་སོགས་ཀྱི་ཉེས་ཅན་གཏེ་བོ་ཁྲིམས་གཏུག་བྱ་ཡུལ་ནི་ཧུའུ་ཅིན་ཐའོ་ཡིན། ཧུའུ་ཡིས་སྒེར་ངོས་ནས་ལུས་དང་གྲིབ་མ་བཞིན་འདོར་དཀའ་ཞིང་རྨི་ལམ་དུ་འཁོར་བ་ནི་བོད་ཡིན།
    རྩོམ་ཡིག་དེར། སྔོན་ཆད་འཐོར་ཞིག་ཏུ་སོང་བའི་དམར་ཕྱོགས་རྒྱལ་ཁབ་ལས་བྱུང་བའི་ཉམས་མྱོང་དཔེ་མཚོན་དུ་དྲངས་ཏེ། མི་རིགས་རང་སྐྱོང་ས་ཁོངས་གསར་འཛུགས་དགག་པ་དང་མི་རིགས་གཅིག་གྱུར་གྱི་དགོས་དོན་ཤུགས་སུ་བསྟན། ཡང་དེར། གཞུང་གིས་མི་རིགས་ས་ཁུལ་ལ་གཏོང་བའི་དཔལ་འབྱོར་འགྲོ་སྒོ་རིགས་ཚང་མར་མཐུན་སྒྲིལ་ཇེ་བརྟན་དང་། བརྟན་བརླིང་སྲུང་སྐྱོབ། རྒྱལ་ཁབ་གཅིག་གྱུར་སྲ་བརྟན་བཅས་ཀྱི་དོན་སྙིང་དགོས་པ་དང་། འགྲོ་སྒོ་དེ་ཚང་མར་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་ནས་འབྲས་བུ་འབྱུང་བར་བསམ་གཞིགས་བྱ་དགོས། ཞེས་འཁོད་འདུག འདི་ལ་དཔྱད་པ་ཕྲན་ཙམ་བཏང་ན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་དང་ཆབ་སྲིད་བརྟན་བརླིང་གཉིས་ནི་དམིགས་ཡུལ་གཅིག་ཏུ་བཤད་དེ། ཧུའུ་ཅིན་ཐའོ་ཡིས་བོད་ཁུལ་དུ་ལག་བསྟར་བྱས་དང་བྱེད་མུས་ཀྱི་གཏུམ་དྲག་གི་སྲིད་ཇུས་དེ་དགོས་ངེས་ཞིག་དང་ལུགས་མཐུན་དུ་བསྒྲུབས་པ་དང་། ཧུའུ་ཡིས་སྒེར་གྱི་དབང་ཆ་སྲ་བརྟན་གྱི་ཕྱིར་དུ་བསགས་པའི་ནག་ཉེས་གནམ་འོག་ཏུ་མི་ཤོང་བ་བཟོས་པ་དེ་རྒྱལ་ཁབ་གཅིག་གྱུར་གྱི་བྱས་རྗེས་སུ་བསྒྲུབས་པ་ནི་གནད་འགག་ཏུ་མཐོང་། ཀྲུང་གུང་དམར་ཕྱོགས་ཚོགས་པའི་དབང་ཆེན་རུ་ཚོགས་ཀྱི་མི་སྣ་སུ་ཡིན་ཡང་རུལ་སུངས་དང་ནག་ཉེས་མེད་པ་ཉུང་། ནང་ཁུལ་དུ་དབང་རྩོད་དང་ཕྱོགས་ཁག་གི་འགལ་ཟླ་ཡོད་མོད་ཀྱང་། ཐུན་མོང་གི་སྲིད་དབང་འཇིགས་ཚེ་ཀུན་ལ་ནག་འདེད་ཀྱི་མཇུག་འབྲས་མྱོང་དགོས་པ་ཁོ་ཚོས་གསལ་བོར་ཤེས། དེའི་ཕྱིར། ཧུའུ་ཡིས་སྒེར་དབང་སྲ་བརྟན་དང་དབང་ཆེན་རུ་ཚོགས་ནང་ཁུལ་གྱི་རྒྱབ་སྐྱོར་ལ་དམིགས་ཏེ་རྒྱལ་ཁབ་གཅིག་གྱུར་འོང་བར་མི་རིགས་གཅིག་གྱུར་གལ་ཆེ་བའི་བསམ་ཚུལ་བཏོན།
    མཇུག་བསྡུས་ནས་བཤད་ན། ཧུའུ་ཅིན་ཐའོ་ཡིས་ཀྲུལ་ཝེ་ཆོན་གྱི་སྨྲ་ལྕེ་བརྒྱུད་དེ་སྒེར་དབང་སྲ་བརྟན་གྱི་ཕྱིར་དུ་མི་རིགས་ས་ཁོངས་རང་སྐྱོང་གསར་འཛུགས་དགག་པ་དང་། ཤུགས་བསྟན་དུ་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་བོད་མིས་བཏོན་པའི་ལམ་དབུ་མའི་རང་སྲིད་རང་སྐྱོང་ལ་སྒོ་ལྕགས་འཕར་མ་ཞིག་བརྒྱབ་བོ།།

  5. ཟངས་རྡོ། says:
    2012-03-05 at 9:07 pm

    ད་གང་བཤད་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་ཁྲིད་ཚོས་བོད་མི་རིགས་རྒྱ་ནག་གི་ཆ་ཤས་ཡིན་རབ་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་ནག་ནང་ཁུལ་དུ་སྒྲགས་ཀྱི་ཡོད་པ་རེད། བོད་མི་ཚོས་དུས་ནམ་ཡང་ངོས་ལེན་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme