Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྲག་མགོར་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།

Posted on 2012-03-03 By ཤར་ཕྱོགས་ཁུག་རྟ། 2 Comments on བྲག་མགོར་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།

འདི་གར་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ཉིན་གསར་ཏུ་ཤེས་རྟོགས་བྱུང་དོན་ལ་ད་སྐབས་བྲག་མགོ་རུ་རྒྱ་དམག་འབོར་ཆེན་འབྱོར་ནས་མང་ཚོགས་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་མ་ཟད། ཁ་སྔོན་ཞི་རྒོལ་ནང་དུ་ཡོད་པ་རྣམས་འཛིན་བཟུང་བྱེད་མུས་ཡིན་འདུག དེང་སང་བོད་མི་རྣམས་གང་བྱུང་འགྲོ་འོང་མི་ཆོག་པ་དང་།
བྲག་མགོའི་རྫོང་གི་གཡས་གཡོན་དང་གཞུང་ལམ་གང་ས་ནས་དམག་གིས་བོད་མི་ལ་རྡུང་རྡེག་དང་། གང་བྱུང་འཛིན་བཟུང་བྱེད་པའི་བྱ་སྤྱོད་ངན་པ་སྤེལ་མུས་སུ་གནས་ཡོད་འདུག
ས་ཆ་མང་པོར་དམག་སྒར་བརྒྱབ་ཡོད་པ་མ་ཟད། བྲག་མགོ་དགོན་པའི་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཚོགས་འདུ་ཚོགས་ཏེ་དགོན་པའི་ལས་སྣེ་དང་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་ཡང་རྒྱ་དམག་གིས་བོད་མི་རྣམས་ལ་དྲི་བ་འདྲ་མིན་དྲིས་པ་སོགས་ལས་འགུལ་སྣ་ཚོགས་སྤེལ་ཡོད་ནའང། བོད་མི་དེ་དག་གིས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་འདྲ་མིན་བསྟན་ནས་ཕན་ཚུན་གཉིས་དོགས་ཀྱིས་དཀའ་ཁག་ཆེ་རུ་གྱུར་ཡོད་འདུག རྒྱ་གཞུང་གིས་ཆེད་གཉེར་གོ་སྒྲིག་བྱས་པའི་མི་སྣ་གྲོང་ཚོ་ཁག་ཏུ་ཡོང་ནས་གཞུང་གི་སྲིད་བྱུས་འོག་སྐྱིད་པོ་ཡོད་མེད་དང་དཀའ་ངལ་གང་ཡོད་སོགས་བསམ་འཆར་བསྡུ་ཁུལ་བྱས་པར། བོད་མི་རྒན་འཁོགས་འགའ་ཞིག་གིས་ང་ཚོ་ལོ་ན་འདིར་སླེབས་ཀྱང་ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་ངན་པ་འདི་འདྲ་དེ་སྔོན་ཉི་ཧོང་གིས་བྱས་ཡོད་རེད་ཅེས་གོ་མྱོང་བ་མ་གཏོགས་དངོས་སུ་མཐོང་བ་ད་རེས་ཐེངས་དང་པོ་ཡིན་ཞེས་ལན་འདེབས་གནང་འདུག
དེ་བཞིན་སྔ་ཕྱི་རྒྱ་གཞུང་གིས་བྲག་མགོ་རུ་བོད་མི་འཛིན་བཟུང་བྱས་པ་རྣམས་ཀྱི་ཁྲོད་ནས་ང་ཚོས་ཤེས་གསལ་ཁུངས་ཐུབ་བྱུང་བ་རྣམས་ནི་གཤམ་གསལ།
བྲག་མགོ་རུ་ཞི་རྒོལ་བྱུང་བའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲེན་ཏུ་རུ་འཛིན་བཟུང་བྱས་པ་རྣམས།
སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན། གྲྭ་པ།
བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ། གྲྭ་པ།
བྲག་མགོ་དགོན་པའི་ཚོང་པ་འཕྲིན་ལས། གྲྭ་པ།
བྲག་མགོ་དགོན་པའི་རྩིས་པ་དགྲ་ལྷ་(བཀྲ་ཤིས་སྟོབས་རྒྱལ) གྲྭ་པ།
ཡང་ཞི་རྒོལ་གྱི་རྗེས་སུ་བྲག་མགོ་རུ་འཛིན་བཟུང་བྱས་པ། གྲྭ་པ།
བྲག་མགོ་དགོན། གཞོན་ནུ། གྲྭ་པ།
བྲག་མགོ་དགོན། ཚེ་རིང་རྒྱལ་མཚན། གྲྭ་པ།
ནོར་པ། ཡོན་ཏན་བཟང་པོ། མི་སྐྱ།
ནོར་པ། ཤེར་རྒྱམ། མི་སྐྱ།
གཡུ་ཉ་བ། རྒྱལ་མཚན། མི་སྐྱ།
ནོར་པ། དཔལ་རྡོར། མི་སྐྱ།
ནོར་པ། རྒྱལ་སྐྱབས། མི་སྐྱ།
ནོར་པ། ཁྱེན་རྡོ། མི་སྐྱ།
འབྲེལ་བ་གནང་ཡུལཿ་་་དཔལ་ལྡན།
༩༧༣༦༤༨༤༨༥༥

གསར་འགྱུར།

Post navigation

Previous Post: མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།
Next Post: ཨ་མདོའི་དུས་དབང་ཞུ་མཁན་ལ་ཞིབ་བཤེར་ཚོགས་ཆུང་བཙུགས་པ།

Comments (2) on “བྲག་མགོར་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས།”

  1. ཁྭ་ཏ་ཁ་ཏ་བ། says:
    2012-03-03 at 11:41 pm

    བོད་མི་རྒན་འཁོགས་ཚོས་ལན་ཧ་སང་ཡ་ཡག་པོ་རྒྱབ་འདུག འདི་ལྟར་དྲག་གནོན་དང་སུན་རྩེར་བཟོས་ན། གནས་སྟངས་ཇི་སྡུག་ནས་ཇི་སྡུག་རེད། བོད་ཀྱི་བྲག་མགོ་་་་ཟིག་རྗོང་རྒྱལ་ལོ།

  2. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-04 at 3:56 am

    ཡབ་མེས་གཙང་མ་བོད་བྲག་འགོ་དེ་རི་མཐོ་ལ་ས་གཙང་ས་དཔའ་རྒོད་འབུམ་གྱི་ཆོ་ལོ་ཡོད་ས་ངའི་ཕ་ཁུ་དང་རྒན་རབ་དག་གིས་བར་མེད་གླེང་སའི་བྲག་འགོ་ལགས་་་་་་་་་་ངའི་ནམ་རྒྱུན་ཁྱེད་ཀྱི་ལོ་རྒྱུས་དག་ལ་གཟབ་སྦྱོང་བྱེད་བཞིན་ཁྱེད་འཚོལ་ཡོད་་་་་་་་་་་་་་་་ང་དང་མཉམ་སྟོད་ང་དང་མཉམ་གནས་བྱེད་སའི་བོད་བྲག་འགོ་ལ་ངའི་མིག་ཟུང་རྟག་ཏུ་འཁོར་བཞིན་ཡོད་་་་་་་་་་་་་་ད་ལོ་བྲག་འགོའི་སྐྱོ་སྡུག་གི་ཟེགས་མ་རེ་རེ་ངའི་མིག་ལམ་ལ་ལྷུང་སྐབས་སེམས་པ་གསེར་ཆུ་ལས་གྲང་འགྱོད་གདུང་གིས་ཤུགས་རེ་རེ་ནར་གྱིན་ནར་གྱིན་་་་་་་་་་་་་་་་དྭངས་གཙང་གི་སེམས་པ་སྨུག་ལོང་གིས་སྒྲིབ་་་་་་་་་་་་་་་་་་་་་་ངའི་ཕ་ཡུལ་གྱི་རྒྱུན་དུ་གླེང་བཞིན་པའི་བྲག་འགོ་ལགས་་་་་་་་་་་་་་ང་ཁྱེད་ཚོ་དང་མཉམ་དུ་ཡོད་ང་ཁྱེད་ཚོ་གནས་ཡོད་་་་་་་་་་་་་་་་སེམས་གཏིང་བྲག་འགོ་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme