Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངོ་དེབ་ནང་གི་བོད་དོན་གླེང་མོལ།

Posted on 2012-03-032012-03-03 By ཁ་བརྡ་ 11 Comments on ངོ་དེབ་ནང་གི་བོད་དོན་གླེང་མོལ།

གཅན་བཟོད་རྒྱམ།

ངོ་དེབ་ནང་གི་བོད་དོན་གླེང་མོལ། ཁ་སང་དེ་རིང་བོད་ནང་གི་རང་སྲོག་བློས་བཏང་གིས་རང་ལུས་མེར་བསྲེགས་ཀྱི་ཌྷས་འགུལ་དང་འབྲེལ་ནས་བོད་ཕྱི་ནས་ཀྱང་ཆེ་ཆུང་ལ་མ་བལྟས་པར་གང་ཐུབ་ཅི་ནུས་ཀྱིས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་འདུག་མོད། དཔྱད་བརྗོད་པ་ཡིན་པར་རློམ་མཁན་གང་མང་ཞིག་གིས་དྲ་ཐོག་དང་གསར་ལམ་འདྲ་མིན་ལས་བོད་ནང་གི་ལས་འགུལ་གྱི་ཁ་ཕྱོགས་དང་དགོས་འདུན། ཁེ་ཕན་དང་མཇུག་འབྲས་སོགས་ལ་དཔྱད་གཏམ་སྤེལ་བཞིན་པར་མ་ཟད། བོད་ཕྱི་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་བོད་གཞུང་དམངས་གང་ཐད་ནས་ལས་འགུལ་སྤེལ་བ་དང་རྒྱལ་ཚོགས་སོགས་ཕྱི་རྒྱལ་ཚོགས་སྡེ་ཀག་ལ་སྙན་ཞུ་རབས་རིམ་འབུལ་བ་སོགས་ཀྱི་སྐོར་དགོས་དམིགས་དང་ཕན་འབྲས་གང་ཅི་ཡོད་སོགས་ལ་རང་རང་གི་བསམ་ཚུལ་མང་དུ་གསུངས་དང་གསུང་བཞིན་འདུག སྐབས་འདི་འདྲ་ཞིག་དྲ་ཐོག་གང་ས་ནས་མི་ཆེ་ཆུང་དང་མཐོ་དམའ་སུ་ཞིག་གིས་སྐད་ཆ་བསད་ཀྱང་ཡན་པོར་མི་གཏོང་བའི་ཁར། མཐོ་ལ་དམའ་འབེབས་དང་དམའ་ལ་ཁྱད་གསོད་བྱེད་ཅིང་། དཔྱད་གཏམ་ལ་དཔྱད་གཏམ་སྤེལ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ལ། དྲ་ཐོག་གང་ས་ནས་སྐད་ཆ་དང་ཡི་གེ་གང་དང་ཅི་བྲིས་པ་དགག་རྒྱག་ཚ་ཐག་ཆོད་རེ་དང་ཚིག་ངན་གཉིད་མི་ཡོང་བ་རེ་བཤད་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག

དེ་རིང་ངས་དྲ་རྒྱ་ནས་འདྲ་པར་ཞིག་བཙལ་ཏེ་དེའི་སྟེང་དུ་ཡི་གེ་འགའ་བྲིས་ཏེ་ངོ་དེབ་ཏུ་བཞག་པར་དྲ་གྲོགས་ཤིག་དེའི་སྐོར་ནས་འཕྲོས་གླེང་ཅུང་ཙམ་བྱས་པ་གཤམ་གསལ་ཡིན། ༼འདི་ན་པར་ཞིག་ཡོད།

༡༽ ཁོང་གིས། ཨོ་ཧོ་ཧོ་་་་་་་་་་་་་་་ད་ཡིན་ན་་་་་་་་་་་་་པར་འདི་ལ་་་་་་་་་་་་་་་་་་དཔྱད་ཞིབ་འདྲ་བྱེད་རྒྱུ་མང་ས་རེད་ད་་་་་་་་་་་དྲ་གྲོགས་ཚང་མས་པར་འདིའི་མཚོན་དོན་དང་འབྲེལ་བའི་བསམ་ཚུལ་རེ་ཤོད་ར། དེ་ནས་རྒྱ་གཞུང་གི་བོད་ཐོག་ཏུ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་འདི། རྒྱ་གཞུང་གིས་རྩེ་མོ་རྩེད་སྤྱད་ལྟ་བུ་ཆགས་བསྡད་ཡོད་པ་སོགས་མཚོན་གྱི་མི་འདུག་གམ།

༢༽ ངས། ངས་པར་འདི་བཙལ་ནས་སྟེང་དུ་ཡི་གེ་འདི་འདྲ་ཞིག་འབྲི་དོན་རྒྱ་མི་རེ་རེ་བཞིན་བོད་ནས་རྒྱང་འཕེན་བྱེད་ཀི་ཡིན་མདོག་མདོག་རེད་མོད། ཁྱོད་ལ་གོ་བ་གཞན་ཞིག་སྤྲད་ཡོད་མ་རེད་དམ། འདིར་བོད་པ་རྒྱ་མིས་རྩེ་སྤྱད་བྱེད་བཞིན་པའི་གོ་བ་ཞིག་ཅི་ལྟར་འཁྲུངས་སོང་ལགས།

༣༽ ཁོང་གིས། མི་རེ་རེའི་ངོས་འཛིན་དང་ལྟ་སྟངས་མི་འདྲ་བ་ཡིན་དུས། ངས་ཀྱང་གོ་བ་འདི་འདྲ་ཞིག་བླངས་པ་ཡིན། ཨོ་རེད་རེད། དེས་ན། རྒྱ་མི་རེ་རེ་བོད་ནས་རྒྱང་འཕེན་བྱེད་སྤྱད་ཀྱི་སྟོབས་ཤུགས་ཅི་ཞིག་ཡོད་དམ།

༤༽ ངས། འུ་གཉིས་ལྟར་རྩོད་རྒྱུ་མེད་ས་ནས་བྱ་ཕོའི་མགོ་བོ་མི་རྩོད་པར་བོད་མི་ཚང་མས་ལུས་སེམས་གཉིས་ཀ་རྡོག་རྩ་གཅིག་བསྒྲིལ་བྱས་ནས་རྒྱ་མི་རེ་རེ་བཞིན་འདི་ལྟར་རྒྱང་འཕེན་བྱེད་ཀི་ཡིན།

༥༽ ཁོང་གིས། ཆིག་སྒྲིལ་ཡོད་རུང་། དེང་སང་གི་དུས་སུ། ཐབས་བྱུས་མཁོ་བ་མ་ཡིན་ནམ། རྒྱ་མི་རིགས་ལ་ལྟོས་ཏེ། བོད་མི་རིགས་འདི་ཆིག་སྒྲིལ་བཙན་པོ་ཞིག་ཡོད་ས་རེད་ཀོ། ཡིན་རུང་། བོད་མི་རིགས་ལ་འཐབ་རྩོད་བྱེད་སྟངས་ཀྱི་སྲིད་བྱུས་གཉོམ་པོ་ཞིག་མ་གཏོགས་མ་ཡོད་པས་མིན་ནམ། བོད་མི་རིགས་ལ། མི་རིགས་ཤིག་གི་འཐབ་རྩོད་བྱེད་སྟངས་ཀྱི་རིག་གནས་ཤིག་ཡོད་དམ། རྒྱ་རིགས་མཚོན་ན། སུན་ཙེའི་དམག་གི་བསྟན་བཅོས་དང་མར་ཁེ་སེའི་གཞུང་ལུགས་སོགས་མི་རིགས་ཤིག་གི་འཐབ་རྩོད་བྱེད་སྟངས་ཀྱི་རིག་གནས་དང་ཇུས་གཞི་ཆེན་པོ་ཡོད་པ་འདྲ།

༦༽ ངས། ཧ་ཧ་ཧ། དེང་སང་འཛང་གླིང་གར་རང་དབང་དང་དམངས་གཙོའི་ཐོབ་བརྩད་ནས་རྒྱལ་ཁབ་ཐོབ་ཟིན་པ་རྩིས་ན་རྩི་རྒྱུ་ཡོད་ཀི ད་དུང་རྩོད་བཞིན་པའང་རྩི་རྒྱུ་དང་བལྟས་ན་རིག་རྒྱུ་ཡོད། སོང་ཙིའི་དམག་འཐབ་སོགས་སྐབས་བོད་རྒྱའི་འཐབ་རྩོད་ལ་སྦྱར་ན་ཨ་ན་མ་ན་ཞིག་ཨེ་ཡིན་ནམ།

༧༽ ངས། ངས་ཅིག་བྲིས་བྲིས་བ་ཚང་མ་རང་ཡལ་དུ་བྱིན་སོང་།

༨༽ ངས། དེ་ག་རང་རེད། མེག་ལོར་ནས་མར་མེ་ཁྲོམ་སྐོར་བྱེད་སྐབས་བོད་མི་༼དཔྱོད་ཤེས་ཅན་༽མང་པོས་ཇ་ཁང་དག་གི་ཐོག་ཁ་ནས་མར་གཟིགས་མོར་གནང་གི་རེད། ཚོགས་སྡེ་ཁག་གི་དམིགས་ཡུལ་གང་ཡིན་ལ་ཚོད་དཔག་གིས་དཔྱད་གཏམ་སྤེལ་གི་རེད། ཨ་མདོ་རྔ་བ་ནས་རང་སྲོག་བློས་བཏང་གིས་རང་ལུས་གཅིག་མཇུག་གཉིས་ཀྱིས་བསྲེགས་དུས། མཚོ་སྔོན་ཕྱོགས་དང་དབུས་གཙང་ཕྱོགས་ནས་མིག་གིས་ལྟ་བཞིན་རྣ་བས་ཉན་ནས་༼གྲུབ་འབྲས་༽ལ་སྒུག་ནས་འདུག་གི་རེད། གཞོན་ལྷན་སོགས་ཀྱིས་དབུ་ཁྲིད་ནས་རྒྱལ་ཁབ་གང་ས་ནས་ཆེ་ཆུང་ལ་མ་བལྟས་པར་ལས་འགུལ་སྤེལ་དུས། བཙན་བྱོལ་ནང་གི་༼ལྷག་བསམ་ཅན་དང་དཔྱོད་ཤེས་པ་༽དག་གིས་ཁ་རྡུང་གཏོང་བཞིན་སྐྱོན་བརྗོད་བྱེད་ཀི་རེད། ད་དུང་བོད་ཕྱི་གཉིས་ཀྱི་དགོས་འདུན་གཅིག་ཡིན་མིན་དང་། རྒྱ་ནག་མི་དམངས་ལ་ཕོག་ཐུག་གཏོང་གི་འདུག་སོགས་བཙན་བྱོལ་སྤར་མོ་གང་བོ་ཡང་ཟང་ཟིང་བཟོ་གི་རེད། འདི་ཚང་མ་རྡོག་རྩ་གཅིག་སྒྲིལ་མེད་པས་དཔེ་མཚོན་གསོན་པོ་དག་རེད། སྔོན་ཆེད་བོད་ནང་གི་གྲོགས་པོ་ཞིག་གིས་བཤད་དོན། ནམ་ཞིག་རྒྱས་གསོ་སྐྱོང་བྱས་པའི་བོད་ནང་གི་བོད་མི་དང་བོད་ཕྱི་ན་ཡོད་པའི་བོད་མི་ཚོས་ནང་འཛིངས་བྱེད་ཀི་རེད་ཟེར། ད་བོད་ནང་རྒྱས་གསོ་སྐྱོང་བྱས་དག་གིས་དག་གིས་ནང་འཁྲུག་མ་བྱང་སྔོན་ལ་བཙན་བྱོལ་བོད་ཀྱི་འོད་ཁང་ནང་ནས་གཙ་སྐྱོང་བྱས་པ་དག་གིས་ནང་ འཛིངས་བྱེད་བཞིན་མི་འདུག་གམ། འདི་དག་ནི་བོད་ལ་ཆིག་སྒྲིལ་མེད་པའི་རྟགས་གསལ་ཤོས་དེ་རེད།

༩༽ ངས། སྐབས་འདི་འདྲ་ཞིག་ལ་བོད་ཀྱི་རིགས་གནས་ཀྱིས་འགྲིག་ཡོད་མེད་དང་། བོད་མིའི་བསམ་བློ་འགྲིག་ཡོད་མེད་ལ་དཔྱད་གཏམ་སྤེལ་བའི་དུས་མ་རེད། རྒྱ་ནག་གི་སུང་ཙིའི་དམག་འཐབ་སྐོར་བཤད་སོང་། དེ་ཡང་ཐག་རིང་དྲག་པ་རེད། ང་ཚོར་དགོས་པ་དེ་རྒྱ་ནག་གི་སུང་ཙིའི་དམག་འཐབ་སྐོར་མ་རེད། དགོས་ངོ་མ་དེ་གོ་གུང་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱི་དམག་འཐབ་ནང་རྒྱ་དམག་དང་མི་སེར་ཁྲི་འབུམ་འཆི་ལམ་དུ་དེད་པ་རེད། འོན་ཀྱང་ཧ་ལས་པ་ཞིག་ལ་འཇར་པན་བཙན་འཛུལ་བར་གོ་གུང་མཉམ་འགྲེལ་བྱས་ནས་ཤི་འཛིངས་བྱས་པ་རེད། འདི་ང་ཚོའི་ལེན་དགོས་པའི་ལག་ཆ་ངོ་མ་བོ་དེ་རེད། འདི་བླངས་ན་ངོ་ཚོར་དོན་གྱིས་ཕན་གི་རེད། འདི་ན་ཅི་ཞིག་སྟོན་གྱིན་འདུག ང་ཙོ་བོད་ལ་ཁ་དཔེ་ཞིག་ཡོད། ཕྱི་དགྲ་བོའི་སྟེང་ལ་མཉམ་རྒྱུགས། འདི་ཤེས་ཀྱི་མི་འདུག་དགོས་ངོ་མ་འདི་དགོས་པ་རེད། གང་དགོས་པ་དེ་མ་ཤེས་པར་རིགས་གནས་ཀྱིས་མ་འགྲིག་པ་དང་མི་རབས་སྔོན་མ་ཚོས་མ་འགྲིག་པ་སོགས་བཤད་པ་ལས་ཀྱི་ཐ་མ་རེད། འཛམ་གླིང་འདིར་རང་དབང་དམངས་གཙོ་སྔར་མེད་ལ་གསར་དུ་ཐོབ་མཁན་དང་རྩོད་ལེན་བྱེད་བཞིན་པ་ག་ཙམ་མཐོང་ཆོས་སུ་མི་འདུག་གམ། དེ་བས་དཔྱད་གཏམ་སྤེལ་བ་ལས་སེམས་ཁུངས་རུས་པའི་གཏིང་ན་༼གཅིག་སྒྲིལ་གལ་ཆེ་༽་ཞེས་པའི་བསམ་བློ་རྣལ་མ་ཞིག་དགོས་ཀྱི་འདུག འདི་ནི་ད་གཟོད་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རེད། ནམ་ཞིག་སྟོབས་ཤུགས་ཡོངས་སུ་ལྡན་ཚེ། དངོས་སུ་ཡོད་ཚེ། ད་གཟོད་ང་ཚོའི་འཐབ་རྩོད་འདི་ལ་གྲུབ་འབྲས་འཐོན་གི་རེད་སྙམ། ཁོང་དྲ་ནས་ཕེབས་ཚར་བ་འདྲ། མཚམས་འདི་ནས་ཁོང་གིས་བསམ་ཚུལ་འབྲི་མཚམས་བཞག་སོང་བས་ངེད་གཉིས་ཀྱིས་གླེང་རེ་ཞིག་འདིར་འཇོག་དགོས་སོང་།

སྣ་ཚོགས།

Post navigation

Previous Post: མི་དམངས་ཁྲིམས་ཁང་གི་ཁང་རྒྱབ་ཏུ་འབར་རྫས་བཞག་པ།
Next Post: མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།

Comments (11) on “ངོ་དེབ་ནང་གི་བོད་དོན་གླེང་མོལ།”

  1. ཁ་བའི་སྒྲོལ་མ། says:
    2012-03-03 at 2:36 pm

    དེང་སྐབས་དུས་བབ་ཟིན་བྲིས་ཀྱི་བྱེད་སྒོའི་ནུས་པ་མང་ཆེ་ཤོས་ཉམས་ཚར་འདུག ག་རེ་བྱུང་སོང་བ་རེད།

    ཁྱོའི་དུས་བབ་ཟིན་བྲིས་ཀློག་ན་མ་འདོད་ཐལ་མོད། འདི་རུ་ཀློག་ན་འདོད་ནི་ཞིག་བཀོད་འདུག

  2. བསྟན་འཛིན་རྣམ་རྒྱལ། says:
    2012-03-03 at 2:55 pm

    འདི་ན་ཀློག་བྲོ་བོ་ཞིག་ཡོད་ཀི

  3. འདོད་ལྷ་ཁམས་པ། says:
    2012-03-03 at 8:16 pm

    ཨ ཨཨཨ
    དྲ་གྲོགས་རྒན་པ་བཟོད་རྒྱམ་རིན་པོ་ཆེ་ལགས། མ་མཇལ་ཡུན་རིང་སོང་བའི་བར་འདི་ནས་གློ་བུར་དུ་ནགས་གི་སྟག་ནང་བཞིན་ཐོན་དང་ཐལ། དྲ་གྲོགས་རྒན་ཚོ་འདྲ་ས་ཞིག་མིན་འདུག དགོས་པའི་དུས་དང་། མཁོ་བའི་སྐབས་སུ་རྒྱག་གཅིག་མཆོང་གཅིག་རེད་འདུག
    ཧཧཧ འཐེན་མདེལ་དེ་མིག་གིས་མཐོང་དུས་ཆུང་དུས་ཀྱི་ཞ་བྱིས་སྣ་བླུག་དེ་ཡིད་ལ་འཁོར་ཡོང་གིས། ང་ནང་བཞིན་ཁྱོད་ཡང་བྱ་བྱིའུ་འབའ་འབུ་རིག་རིག་ཐུག་ཐུག་ཚང་མ་འཐེན་མདེལ་གི་མདེལ་འོག་ནས་ཤོར་གི་མི་འཇུག་མཁན་ཞིག་ཡིན་པ་འདྲ།

    ངས་འཐེན་མདེལ་མ་མཐོང་ལོ་མང་སོང་། །
    ངས་འཐེན་མདེལ་རིག་ན་ཆུང་དུས་དྲན། །

    སྐབས་འདིར་གླེང་བརྗོད་གཙོ་བོ་བསྐྱུར་ཉེན་འདུག་པས་བཟོད་རྒྱམ་ཁྱེད་བསམ་ན་ད་ལྟའི་བོད་རྒྱའི་འཐབ་རྩོད་རྒྱལ་ཕམ་འདི་གོ་གུང་མཉམ་འབྲེལ་གྱིས་འཇའ་པན་ཐར་སྐྲོད་བཏང་པ་དེར་དཔེ་བླངས་པ་ནི་ནོར་འཁྲུལ་ཚབས་ཆེན་རེད་ཡ།
    གལ་སྲིད་དཔེ་དེ་དཔེ་ཡང་དག་པ་ཡིན་ཚེ་བོད་མི་ཡོད་ཅོག་མཉམ་འབྲེལ་གྱིས་དམག་རྒྱག་ཐུག་གི་རེད། ང་ཚོ་བོད་མི་མདང་སྐྱེས་བྱིས་པ་ཡན་ཆད་ནས་སང་ཤི་རྒན་ཁོག་ཡན་ཆད་དུས་གཅིག་ཏུ་དམག་ལ་ཆས་པའི་དབང་དུ་བཏང་ཡང་ས་ཡ་དྲུག་ལས་ལྷག་ཅིག་ལོངས་གི་མ་རེད།
    རྒྱ་མི་མི་མང་ཤོད་མ་དགོས་པ་རེད། གུང་ཁྲན་ཏང་གི་དམག་ཁུལ་ཁང་གཅིག་ལ་མཁའ་དམག་དང་མཚོ་མ་ཤོད་པར་དྲག་ཆས་སྤྲས་པའི་རྐང་དམག་གཅིག་པུར་གྲངས་ག་ཚོད་ཡོད་པ་རེད། དེ་ཚོ་ཚང་མར་དམག་འཁྲུག་ལ་མཁོ་བའི་མཚོན་ཆ་སྣ་ཚོགས་ག་རེ་དགོས་དགོས་ཡོད་པ་རེད། མེ་མདའ་དང་མེ་མདའ་འཁོར་ལོ་མ། རིང་མདའ། ཐུང་མདའ། དུག་མདའ། དུག་བླངས། ལག་འབོམ། རྒྱང་འབོམ། མེ་སྒྱོགས། སྒྱོགས་ཆེན། མེ་བསྲེགས་འཁོར་ལོ། ལྕགས་འཁྲབ་འཁོར་ལོ་སོགས།
    འདི་ཚོ་ཚང་མ་དམག་མི་དཀྱིས་མའི་བེད་སྤྱོད་ཡོ་ཆས་ཤ་སྟག་རེད། ད་དུང་གནམ་དམག་མཚོ་དམག་གོང་བཞིན་ཤོད་མ་དགོས་པར་ཆ་རྐྱེན་དེང་རབས་དང་འཛོམས་པོ་ཡོག་རེད།
    ཨ་་་་དྲ་གྲོགས་རྒན་པ། ཁྱེད་དང་ཁྱེད་ཀྱི་གྲོགས་དག་གི་སེམས་ལ་བོད་མི་ཚང་མའི་ལག་ཏུ་རྡོ་དང་དབྱུག་པ། འུར་རྡོ་དང་འཐེན་མདེལ་འཛིན་ནས་སྡེབས་གཅིག་ལ་དམག་བརྒྱབ་ག་ཕྱིན་རྒྱལ་ཁ་ལོན་གི་རེད་བསམ་ཀྱིན་འདུག་གམ། དཀོན་མཆོག་མཁྱེན། དྲ་གྲོགས་ལགས།
    ཧཧཧ

  4. རྩམ་དགའ། says:
    2012-03-03 at 10:43 pm

    ཡ་་་་་དེ་རིང་མ་བསམ་ས་ནས་ཁྱེད་ལ་ཐུག་དང་ནོ་གྲོགས་ཆུང་ངའི་བསོད་ནམས་རེད། ས་རྡུལ་དང་དུག་སྦྲང་གིས་ཁེངས་པའི་ས་བཙོག་དེ་ན་བདེ་མོ་ཡིན་ནམ། འོ་་་་་ས་བཙོག་མ་རེད་་ས་བཟང་བོ་སངས་རྒྱས་ཀྱིས་ཆོས་འཁོར་ཡིན་ན་ཅིག་བསྐོར་སའི་གནས་མཆོག་དེ་རེད་པ། དེ་ན་རྒྱ་གར་བའི་ས་རྫ་ཆུང་ཆུང་ནང་གི་ཇ་དེ་ཞིམ་པོ་ཡོད་ནི་རེད་་་་་སྐབས་རེར་འཐུང་ཨ། དེ་མིན་གཞན་ཅང་ཤོད་རྒྱུ་མེད་་་་་ཁ་བཙོག་ཤོད་དུ་འགྲོ་གི་ཡིན་་་་་བདེ་མོ།

  5. སྟག says:
    2012-03-04 at 12:55 am

    ངོ་དེབ་ནང་ནས་འགོ་མཇུག་མེད་པའི་བགྲོ་གླེང་ཡག་པོ་ཞིག་བྱས་འདུག་མོད། ད་དུང་རྒྱུན་མཐུད་ནས་སྐད་ཆ་མང་ཙམ་བཤད་ཡོད་ན་དེ་པས་ཁ་གསལ་དང་རང་གི་ལྟ་ཚུལ་ངོ་མ་དེ་བཤད་ཡོད་པ་རེད། ཁྱོད་ཀྱི་བགྲོ་གླེང་བྱེད་ས་མི་འདི་སུ་རེད་དམ། བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཅན་ཞིག་ཡིན་པ་འདྲ། བོད་ཀྱི་རིག་གནས་བརྗེ་དགོས་ཀྱི་འདུག་ཟེར་མཁན་གྱི་གྲོས་ཡིན་པ་འདྲ། དེ་འདྲ་ཞིག་རེད་དམ།

  6. ན་རོ་ says:
    2012-03-04 at 1:16 am

    ཁྱེད་རང་གཉིས་ཀས་རྩོད་པ་བྱས་ཡོད་ཀི
    ཡིན་ན་ཡང་། རྒྱུན་མཐུད་ནས་རྩོད་ན་ཡག་ས་རེད། གང་ལྟརང། ཁྱེད་གཉིས་ཀའི་སེམས་ཁམས་འདི་ཧ་གོ་བ་རེད། གཉིས་ཀས་བོད་དོན་ལ་སེམས་འཁུར་བྱེད་ཀི་འདུག་ག

  7. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-04 at 2:29 am

    ཁམས་བྲག་མགོའི་རླབས་ཆེན་གྱི་ཕུགས་བསམ་རེ་རེ་རྗེན་ཅར་དུ་མཐོང་སྐབས། ང་རང་ལ་ཡང་སྤོབས་སྟོབས་ཀྱི་ཁེངས་སེམས་རེ་རེ་ཤུགས་ཀྱིས་བསྐྲུན་གྱིན་འདུག འདི་ནི་བོད་བྲག་མགོའི་མི་རིགས་ཀྱིས་བསྐྲུན་པའི་ལོ་རྒྱུས་རིང་མོ་ཞིག་རེད། བྲག་མགོའི་མི་རིགས་དང་ང་ཚོ་མཉམ་གནས་མཉམ་འདུག་ཡིན། ངའི་ཕ་ཁུ་ཆེ་རྒན་ཚོས་ནམ་རྒྱུན་བྲག་མགོའི་མི་རིགས་གླེང་གིན་ཡོད། དེར་བརྟེན་ང་ལ་ཡང་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ངས་ཀྱང་ནམ་རྒྱུན་བྲག་མགོ་གླེང་གིན་ཡོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  8. གཅན་བཟོད་རྒྱམ། says:
    2012-03-04 at 7:14 am

    བསམ་ཚུལ་ཐུང་ངུ་འདི་ཁ་སང་དྲ་གྲོགས་ཤིག་དང་ངོ་དེབ་ནས་ཁ་བརྡ་བྱས་པ་དུས་བབ་དུ་བཀོད་པ་འདིར་དྲངས་འདུག སྤྱིར་ངས་བྲིས་པ་ཚང་མར་ཡིག་ནོར་མང་ཞིང་། ཁ་སང་གི་བསམ་ཚུལ་འདི་ནི་སྐབས་ཐོག་དེར་པར་དེ་དང་འབྲེལ་བ་བྱས་ནས་གaཌྷེང་བ་ཞིག་ཡིན་པས་དྲ་གྲོགས་དགོངས་ཡངས་གནང་རོགས། ཆབ་སྲིད་ཀྱི་སྐོར་ནས་བསམ ཚུལ་ཞིག་བཤད་བསམས་ཀྱང་གོ་རྟོགས་དམན་པས་ཅི་ཞིག་བཤད་དགོས་མིན་མི་ཤེས་པ་དང་། ལྷག་པར་དུ་དེང་སྐབས་མི་ཚང་མ་ཚོར་བ་རྣོ་བའི་སྐབས་འཁེལ་ཡོད་པས་སྐད་ཆ་གང་བཤད་ལ་གོ་ལོག་དང་དཀྱོགས་ལ་འཁྱེར་འགྲོ་བསམ་ནས་དེ་བས་ཀྱང་ཞེད་སྣང་ཞིག་འདུག་པས་ཡིན།
    ཨོ་རེད། གོང་ནས་དྲ་གྲོགས་རྙིང་ཤོས་མདོ་ལྷ་ཁམས་པས་གསོངས་ཚུལ་མང་ཙམ་གསུངས་འདུག ངས་གོ་གུང་གཉིས་ཀྱི་སྐོར་དེའི་གོ་དོན། མཐུན་སྒྲིལ་དགོས་སྐོར་ནས་བཤད་པའི་ཁུལ་རེད། གོ་གུང་གཉིས་ཀྱིས་སྲིད་དབང་འཕྲོག་རྩོད་ཀྱིས་མི་ཤི་རྟ་འགྱེལ་བྱེད་བཞིན་ཡང་། སྐབས་དེའི་དགྲ་བོ་འཇར་པན་པའི་སྟེང་དུ་གོ་གུང་གཉིས་མཉམ་རྒྱུགས་བྱས་པ་རེད། ང་ཚོར་ཡང་ལྟ་ཚུལ་ལམ་འཐབ་རྩོད་ཀྱི་ལམ་ཁ་མི་འདྲ་བ་ཡོད་སྲིད་ཀྱང་། དེང་གི་བོད་གི་གནས་སྟངས་ལ་བསམས་ནས་བོད་སྤྱི་བའི་དོན་ལ་ལས་འགུལ་མཉམ་སྤེལ་གནང་ན་ལས། གཅིག་གཅིག་ལ་དགག་རྒྱག་བྱེད་པའི་དུས་མ་རེད་ཟེར་བ་དེ་ཡིན། གཞན་མང་པོ་བཤད་མི་ཤེས་པས་ཁ་ཁུ་སུམ་མེར་འདུག་གི་ཡིན།

  9. གཅན་བཟོད་རྒྱམ། says:
    2012-03-04 at 7:17 am

    ཨོ་ངའི་གྲོགས་རྩམ་དགས་ཀྱང་འདིར་འཚམས་འདྲི་དང་ཚིག་རེ་གཉིས་བཤད་འདུག ཁྱོད་བདེ་མོ་ཡིན་ནམ། དུག་སྦྲང་མང་བས་དཀའ་ངལ་ཅང་མི་འདུག ད་དུང་ཚ་བ་ཡང་སླེབས་མི་འདུག ས་རྫའི་ནང་གི་ཇ་དེ་འདྲ་འཛམ་བུ་གླིང་འདིར་ཨེ་ཡོད་དམ་སྙམ།
    རྗེས་སུ་དངོས་མཇལ་ཡོང་བར་རེ་ཞིང་སྒུག་གོ།
    ཁ་དྲོ་བཀྲ་ཤིས་གྲོགས་བཟང་པོ།

  10. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-04 at 11:04 am

    གཅན་བཟོད་རྒྱམ་ལགས། ང་ཚོ་བོད་མི་ཚང་མ་ཆིག་སྒྲིལ་ཡོད། ལས་འགུལ་སྤེལ་ཕྱོགས་བསྐོར་ལ་བསམ་ཚུལ་མི་མཐུན་པ་མང་པོ་པོ་ཡོང་གི་ཡོང་བ་དང་འགགས་པ་རྒྱབ་མཁན་ཡོང་བ་དེ་ནི་ཆོས་་ཉིད་རེད། ཡིན་ནའང་དེ་ཙམ་གྱི་ཆིག་སྒྲིལ་མི་འདུག་ཟེར་ན་མི་འགྲིགས། དེ་དང་དེ་འདྲ་བ་རྒྱལ་ཁབ་ཚང་མའི་ནང་དང་སྤྱི་ཚོགས་ཚང་མའི་ཡོད་ངེས་རེད། ལར་ནས་དེ་དག་ཚང་མ་མང་གཙོའི་ཁྱད་ཆོས་ཤིག་ལ་ངོས་འཛིན་བྱས་ཆོག ང་ཚོ་ཚང་མའི་ཡིད་ལ་བརྣག་པ་དེ་བོད་ཀྱི་རང་དབང་ཡིན་པ་གཅིག་མཚུངས་ཡིན། ཁྱེད་རང་བློ་བདེ་མོ་བགྱིས།

  11. སྲིད་པ་རྡོ་རྗེ་ says:
    2012-03-04 at 11:30 pm

    ངོ་དེབ་ནང་གི་བསམ་ཚུལ་བརྗེ་ལེན་དེ་དངོས་གནས་ནང་དོན་ཚང་བ་དང་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་འདུག་ འབྲི་མཁན་དེས་བསམ་བློའི་ནང་ཆོལ་ཁའི་ཆོག་ཞེན་དང་བོད་པ་གསར་རྙིང་དབར་གྱི་འགལ་ཟླ་ སོགས་གཙོ་བཟུང་བྱས་འདུག་ གནད་དོན་འདི་དག་དོན་དངོས་ཐོག་ཆེན་པོ་མ་རེད་ འོན་ཀྱང་རྒྱུན་རིང་ནས་ཡོད་པ་དང་བཙན་བྱོལ་ནང་ཡོད་བསྡད་པ་ཞིག་རེད་ འདི་དག་གླེང་སློང་བྱས་ཚེ་ང་ཚོའི་དོན་གྲུབ་རྒྱུ་མེད་པ་མ་ཟད་རྒྱ་མིའི་དགོས་ཡག་དེ་ཆགས་འགྲོ་གི་འདུག་ དཔེར་ན་ངོ་དེབ་ནང་མི་གཞན་དེའི་བཤད་པ་དེ་ལ་བདེན་པ་མེད་པ་མིན་ ང་ཚོར་ནང་པའི་ལྟ་བ་མ་གཏོགས་ཆབ་སྲིད་ཀྱི་ལྟ་བ་ངེས་ཅན་ཞིག་དེ་སྔ་ནས་ཁ་གསལ་མེད་པ་དང་བློ་སེང་གི་བཤད་པ་ལྟར་དམངས་གཙོའི་ཐོག་ནས་རང་དབང་ལེན་གྱི་ཡིན་ཟེར་བ་དེ་ཁྱད་མཚར་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (57)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (39)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme