Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་མང་ལ་ཚེ་དབང་གི་ཆོས་འབྲེལ་ཐོག་མ་དེ་བསྩལ་གནང་སོང།

Posted on 2012-03-022012-03-06 By ཁ་བརྡ་ 23 Comments on མི་མང་ལ་ཚེ་དབང་གི་ཆོས་འབྲེལ་ཐོག་མ་དེ་བསྩལ་གནང་སོང།


ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས།

ཟླ་འདིའི་ཕྱི་ཚེས་༡དང་བོད་ཚེས་༨ཉིན་སྤུར་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་དཔལ་ས་སྐྱ༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བོད་ཆུ་འབྲུག་གི་གནམ་ལོ་གསར་བཞད་ནང་མི་མང་ལ་ཚེ་དབང་གི་ཆོས་འབྲེལ་ཐོག་མ་དེ་བསྩལ་གནང་སོང། དེ་ཡང་མགོན་པོ་གང་གིས་ཐོག་མ་མི་མང་ལ་འཚམས་འདྲི་དང་སྦྲག་བཀའ་བསྩལ་དོན། བོད་ཆུ་འབྲུག་གནམ་ལོ་གསར་བཞད་ཀྱི་ལོ་གསར་འདིའི་ནང་མི་འདོད་པའི་འགལ་རྐྱེན་དང་མཐུན་རྐྱེན་ལེགས་ཚོགས་མཐའ་དག་བགེགས་མེད་ཡིད་བཞིན་དུ་འགྲུབ་པའི་ཐུགས་སྨོན་ཞུ་རྒྱུ་ཡིན་ཞིག་གསུང་བྱུང་། མུ་མཐུད་ནས་བཀའ་ཕེབས་དོན། དབང་ཞུ་བར་ཐོག་མ་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་དེ་ཡང་ལེགས་པ་ཞིག་གསལ་བཏབ་གནང་དགོས་པ་གལ་ཆེ་རེད། དེ་དག་མ་བྱུང་བར་དབང་གྲལ་དུ་བསྡད་པ་ཙམ་གྱི་དབང་ཐོབ་ཡ་མེད་པས་དབང་གི་དམིགས་པ་དེ་གལ་ཆེ་རེད་ཅེས་དང་དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་མ་ཟད་དེ་དག་ཚང་མར་སྤྱི་ཚོགས་ལ་དཔལ་ཡོན་སྐྲུན་ཡ་སོགས་ཁྱད་ཆོས་མང་པོ་ཞིག་ཡོད་རེད།

ང་རང་ཚོའི་ནང་པའི་སངས་རྒྱས་པའི་ཆོས་ལུགས་ལ་མཚོན་ནའང་ལམ་དང་ལུགས་སྲོལ་ལྟ་བུ་མ་ཡིན་པ་དངོས་སྟོབས་རིག་པའི་ལམ་ནས་འགྲུབ་རྒྱུ་ཡོད་བསྡད་པའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་བསྡད་མཁན་ཞིག་ཆགས་ཡོད་རེད། སྔོན་མ་ནང་པའི་ཆོས་སྒྲ་མི་གྲགས་པའི་ལུང་པ་དང་ལྷག་པར་དུ་དམར་པོ་ལྟ་བའི་ཤུགས་ཆེ་ཡོད་སའི་དེ་འདྲ་ནང་དུའང་དེང་སང་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་འདིར་དོ་སྣང་དང་དད་པ་བྱེད་མཁན་ཉིན་རེ་ནས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་པ་རེད། སོང་ཙང་ང་རང་ཚོའི་མི་མང་ཚོས་ཀྱང་ནང་ཆོས་འདི་ཤེས་ནས་དད་པ་འཐོབ་མཁན་ཞིག་བྱུང་བ་ཡིན་ན་འཕྲལ་ཡུན་ལ་ཕན་ཐོག་དང་དགེ་མཚན་ཆེན་པོ་ཡོད་པ་རེད་ཅེས་དང་། དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི་དོན་མེད་འཕྲོ་རླགས་སུ་མ་སོང་བ་མི་ལུས་དོན་ལྡན་ཞིག་དགོས་པ་དང་། དེ་དག་ཡོང་ཡར་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་དགོས་ཤེས་སོགས་བློ་ལྡོག་རྣམ་བཞི་དང་འབྲེལ་བའི་ནང་ཆོས་ངོ་སྤྲོད་ཟབ་རྒྱས་གནང་སོང། མཐར་གསུང་དོན། ང་རང་ཚོ་བོད་ཟེར་བ་འདི་འཛམ་གླིང་སྒང་འབུར་ཐོན་ལྟ་བུ་ཡོང་ཡ་དེ་ཆོས་དང་རིག་གཞུང་གཉིས་པོ་དེ་རེད། སོང་ཙམ་དགེ་འདུན་པ་ཚོས་ཡིན་ནའང་རང་རང་གི་མཁས་བླང་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བྱས་ནས་སློབ་སྦྱོང་གནང་དགོས་རྒྱུ་དེ་གལ་ཆེ་རེད། ལུས་ལ་ན་བཟའ་གྱོན་ཐུབ་ཙམ་ཞིག་དང་ཞལ་འདོན་སྐྱོར་ཐུབ་ཙམ་མ་ཡིན་པར་སྡེ་སྣོད་གསུམ་གྱི་ཉམས་ལེན་གྱི་རྒྱུད་ཕྱུག་པ་ཞིག་བྱུང་ན་དགེ་མཚན་ཆེན་པོ་རེད། མི་མང་ཚོ་ཡིན་ནའང་ནམ་ཞག་རྒྱུན་ལྡན་ནས་མི་དགེ་བཅུ་སྤོང་བྱེད་རྒྱུ་དང་ལྷག་པར་དུ་འཆམས་ཐུན་གནང་དགོས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ་རེད། འཆམས་མཐུན་ཟེར་བ་དེ་ཆོས་ཕྱོགས་ནས་ཡིན་ནའང་ཧ་ཅང་གལ་ཆེ་རེད། གང་ཡིན་ཟེར་ན་དམ་ཚིག་མཐུན་པོ་མེད་པ་ཡིན་ན་ཉམས་དང་རྟོགས་པ་འཕེལ་ཡ་ཡོད་མ་རེད། འཇིག་རྟེན་གྱི་ཕྱོགས་ནས་བཤད་ནའང་ལས་དོན་ཆེ་ཆུང་གང་འདྲ་ཞིག་སྒྲུབ་དགོས་ཀྱང་འཆམས་མཐུན་མེད་པ་ཡིན་ན་ཤིན་ཏུ་ནས་དཀའ་ལས་ཁག་པོ་རེད།

མ་ཟད་གནས་ཡུལ་རྒྱལ་གར་ཡུལ་མིར་མཐུན་ལམ་གནང་དགོས། འདས་པའི་ལོ་རྒྱུས་ལ་བསམ་ནའང་རྒྱ་གར་དེ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་ཆོས་དང་རིགས་གཞུང་མི་རིགས་གང་ཐད་ནས་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད་ལོ་ངོེ་དེ་དག་གི་རིང་ལ་བཟང་པོ་འབྲེལ་བ་ཁོ་ན་ལ་གནས་ཡོད། ད་ལྟའི་གནས་སྟངས་ལ་བསམ་ནའང་གཙོ་བོ་༸གོང་ས་མཆོག་གི་བཀའ་དྲིན་ཐུགས་རྗེ་ལ་རྟེན་ནས་ཆོས་དང་རིག་གཞུང་གི་གཞི་རྐང་ལྟ་བུ་དེ་རྒྱ་གར་ལུང་པར་ཚུགས་ཡོད་རེད། སོང་ཙམ་ཡུལ་མིར་མཐོང་ཆུང་དང་བརྙས་བཅོས་གཏན་ནས་གནང་མི་ཉན། དུས་རྒྱུན་དུ་ནས་༸སྐྱབས་མགོན་རིན་པོ་ཆེ་བླང་དོར་གྱི་བཀའ་སློབ་དེ་དག་ངེས་པར་དུ་ཐུགས་ལ་ཉར་ནས་ལག་སྟར་གནང་རྒྱུ་གལ་ཆེ་རེད། ང་རང་ཚོར་མགོན་པོ་གང་གི་བཀའ་ལས་ལྷག་པ་ཞིག་མེད་སྟབས་ཚང་མས་སྤང་བླང་ཚུལ་བཞིན་གནང་རོགས་གནོངས། ཅེས་གསུང་བྱུང་། ཁ་སང་ཚེ་དབང་གི་སྐབས་སུ་ཕྱི་ནང་གང་སར་ནས་ཆེད་འཕེབས་གནང་བའི་མི་མང་སྟོང་ཚོ་གསུམ་ཡས་མས་ཞིག་འདུ་འཛོམས་གནང་འདུག མགོན་གང་ཉིད་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བལ་ཡུལ་དུ་དགོན་པ་དང་སློབ་གྲྭ་སོགས་ཁག་ཅིག་གི་མཛད་སྒོ་དང་ཆོས་འབྲེལ་གྱི་ཆེད་ཟླ་འདིའི ཕྱི་ཚེས་༣ཉིན་བཞུགས་སྒར་ར་སྤུར་ནས་ཆིབས་ཞལ་སྒྱུར་ནས་བལ་ཡུལ་གྱི་ཕྱོགས་སུ་ཕེབས་རྒྱུའི་མཛད་རིམ་ཡང་ཡོད་འདུག

གསར་འགྱུར།

Post navigation

Previous Post: བོད་མི་སྐད་གྲགས་ཅན་ཆགས་སྟངས།
Next Post: ཁོ་ཚོའི་བློས་གཏོང་ལས་འགུལ་དེ་ང་ཚོའི་རྩིག་རྡོ་གལ་ཆེན་ཞིག་ཆགས་ཡོད།

Comments (23) on “མི་མང་ལ་ཚེ་དབང་གི་ཆོས་འབྲེལ་ཐོག་མ་དེ་བསྩལ་གནང་སོང།”

  1. སྤང་མདའ་དཔོན། says:
    2012-03-02 at 12:36 pm

    ཆོས་མཐུན་གྱི་མཛད་པ་སྐྱོང་མཁན་བླ་མ་ས་སྐྱ་པ་ཁོང་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།

  2. འཆི་མེད། says:
    2012-03-02 at 2:54 pm

    བླ་མ་ས་སྐྱ་༸གོང་མ་ཟེར་བ་དེ་ངེས་པ་དོན་གྱི་བླ་མ་ཞིག་རེད། བླ་མ་དའི་འདྲ་བ་ས་ཡི་སྟེང་འདི་ན་དཀོན་པོ་རེད་དྲན་གྱི་ཡོད།

  3. དོམ་ཁྲ says:
    2012-03-02 at 8:53 pm

    ཁྱེད་ནམ་ཡང་མི་ནུབ་པ་ཤོག ཁོང་གི་མཛད་པ་དང་གསུང་པ་བཞིན་བོད་པའི་བླ་ཆེན་ཚང་མས་མཛད་ཐུབ་ཚེ་ང་ཚོ་ལ་འགྱུར་བ་ཆེན་པོ་ཞིག་ཡོང་ཐག་ཆོད་རེད་འདུག བླ་མ་འདི་དངོས་གནས་དོན་དམ་པའི་བླ་མ་ཞིག་ཡིན་ཚོད་འདུག་ ༼རྒྱ་གར་གྱི་མི་སེར་ཚོ་ལ་མཐོང་ཆུང་དང་བརྙས་བཅོས་གཏན་ནས་གནང་མི་ཉན་༽ཅི་འདྲའི་དཀའ་སློབ་བཟང་པོ་ཞིག

  4. ཀརྡོ་གཉེར་ཕྱག་པ་ says:
    2012-03-02 at 11:08 pm

    ཆོས་མཐུན་གྱི་མཛད་པ་སྐྱོང་མཁན་་བླ་མ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ། །

  5. ཁྭ་ཏ་ཁ་ཏ་བ། says:
    2012-03-02 at 11:26 pm

    མཁྱེན་པའི་བདག་པོ་ཁོང་གིས་བོད་ནང་དཔའ་བོ་དཔའ་མོ་ཚོའི་སྐོར་ལ་མ་ཤེས་པ་ཡིན་ནམ་ཡང་ན་མ་དྲན་པ་ཡིན་ནམ། ཟེར་མི་ཉན་མཁྱེན་པའི་བདག་པོ་རེད། སྐྱབས་སུ་ཆེ། ཁོང་དང་ཁོང་འདྲ་བ་དབང་སྐུར་བ་ཚོ་ས་སྟེང་ན་དཀོན་། ་་་་་་་“”””””””””!!!”””!!!!””””””?????

  6. ཀརྨ་ཡེ་ཤེས says:
    2012-03-03 at 2:03 am

    སྔགས་རྒན་ཁོ་ཡག་པོ་རེད། ལོ་སར་སྐྱིད་པོ་བཏང་ཡོད་ས་རེད། བལ་ཡུལ་ནས་་་་་་

  7. ཉི་འོད་གྲོང says:
    2012-03-03 at 2:26 am

    འདོད་ཡོན་གྱི་དཔལ་དུ་རོལ་ཡང་འདོད་ཡོན་གྱི་དྲི་མས་མ་གོས་པའི་བདག་ཁྲི་མཆོག་ལ་ལབ་སྟངས་སྡུག་པོ་དེ་འདྲ་མ་་ཤོད་ལ་ཟེར་མི་ལོ་ཨེ་གོ། བུ། སྡུག་རེས་སྡུག་ཚད་མ་དྲན་ན་མ་གཏོག་རྒྱ་མིའི་གཞུང་ལ་ལོབ་དང་ལོ།

  8. བསྟན་འཛིན་ says:
    2012-03-03 at 2:30 am

    ས་སྐྱ་བདག་ཁྲི་མཆོག་གི་གསུང་ལ་མངོན་པར་བསྟོད་དོ། །

  9. འཇམ་དབྱངས་ says:
    2012-03-03 at 7:04 am

    ཁྱེད་འཇིག་རྟེན་འདིར་ཞབས་རྗེས་གནང་བ་བདག་སོགས་ཆོས་འདོད་པའི་བུ་འཕྲུག་རྣམས་བསྐལ་བ་བཟང་། འཇིག་རྟེན་འདིར་ཆོས་རྣལ་མ་གཞི་བྱེད་འདོད་པའི་གང་ཟག་ལ་ཁྱེད་མི་དགོས་ག་ལ་སྲིད་། ཐོ་རྒྱལ་བ་ཀརྨ་པ་ལ་ཁྱེད་དགོས་ན་སྨད་བདག་སོགས་བུ་འཕྲུག་ཡོངས་ལ་ཅི་མི་དགོས། དེས་ན་དྲན་ཆེན་རྩ་བའི་བླ་མ་ས་སྟེང་འདི་ན་འཁོ་དགོས་ཆེ་བ་དག་པའི་མདུན་ན་མངོན་པར་གསལ།།།

  10. འཇམ་དབྱངས་ says:
    2012-03-03 at 7:06 am

    འོན་ཀྱང་བུ་འཕྲུག་ཀརྨ་ལྟ་བུ་དམྱལ་ཡུལ་འཕེབས་འདོད་རྣམས་ལ་ཅི་ཤེས།

  11. འཇམ་དོན་ says:
    2012-03-03 at 7:16 am

    གངས་ཅན་བསྟན་པའི་མངའ་བདག་དཔལ་སྐྱབས་མགོན་ས་སྐྱ་གོང་མ་མཆོག་ལ་གུས་ཕྱག་འཚལ། བུ་ང་ལ་བྲིས་རྒྱུའི་སྙན་ངག་འཕོང་ཡང་། དད་པའི་ཨ་ལོང་གི་ནོར་མངོན་པར་ཕྱུག་ །ཕ་བླ་མ་ཁྱེད་ལ་བྱི་རླབས་ཆེ་ཡང་། བུ་ང་ལ་ཉམས་ལེན་གྱི་ཡོན་ཏན་དཀོན། ། འོན་ཀྱང་གུས་འཇམ་དབྱངས་ཀྱི་གསུང་ལ་མངོན་པར་བསྟོད་དོ་་་་་་་་་་་་་

  12. ཁྭ་ཏ་ཁ་ཏ་བ། says:
    2012-03-03 at 11:56 pm

    ངས་གོང་ལ་ཞུས་དོན། བླ་མ་ཚད་ལྡན་རེད་། ངས་ཀྱང་ཁོང་གི་དབང་ཞུ་མྱོང་ལ་། དད་པ་དག་སྣང་ཡང་ལོས་ཡོད། ངའི་སེམས་འཚོར་ལ། བོད་མི་འདུ་འཛོམས་ཆེན་པོ་དེའི་སྐབས་ལ། ་ཁོང་གི་བོད་ནང་གི་ཛ་དྲག་དང། ལྷག་པར་དཔའ་བོ་དཔའ་མོ་ཚོའི་སྐོར་ཟུར་ཙམ་མ་གླིང་པར་ང་རང་བློ་ཕམ་འདུག སྔོན་གཤེགས་འདའ་ཕོ་མོ་ཚའི་མཚན་ཐོག་ལ་ཐུགས་སྨོན་ཙམ་མཛད་ཡོད་ན་ཅི་མ་རུང།

  13. ཧཱུྂ་ཤི་ཕཊ་འགྱེལ། says:
    2012-03-04 at 12:27 am

    ཀརྨ་ཡེ་ཤེས་ཟེར་བའི་རྒྱུག་ཁྱི་ཁྱོད་ལྟོས་ཨ། ལུང་ཚན་དང་ཆོས་ལུགས་ཕན་ཚུན་བར་དབྱེན་དཀྲུགས་ཁོ་ན་ལས་དྲང་བདེན་དང་འཆམ་མཐུན་གྱི་བསམ་པ་སྤུ་ཙམ་མེད་མཁན་ཁྱོད། རྒྱ་ནག་པོའི་རྒྱུག་ཁྱི། ཀམ་ཚང་གི་ཞབས་འདྲེན་ཕྱི་འཇམ་ནང་རྩུབ། ཁྱོད་ལྟོས་ཨ།

  14. སྤྲུལ་སྐུ་དབང་ཆེན says:
    2012-03-04 at 12:38 am

    ༧ས་སྐྱ་སྒེར་གཅོད་བླ་མ་དེས་མི་དམང་ལ་འགོ་སྐོར་ཐབས་རང་བཤད་འདུག །ད་ལྟའི་ཛ་དྲག་གི་གནས་སྟངས་ནི་ཕལ་ཆེར་གསན་མེད་པ་འདྲ། ཤ་ཚ་བོད་མི་དེ་ཚོ་ནི་གླེན་པ་ཡིན་ཙང་བླ་མས་ཡང་ལོ་གསར་གཏོང་བཞིན་སྒོར་མོ་བསྡུ་བཞིན་སྐད་ཆ་སྙན་པོ་རེ་བཤད་ནས། འདི་འདྲའི་སྒེར་གཅོད་པས་བསྟན་པ་མགོ་མཇུག་གཏོང་ནས་བརྗེ་བར་ཤོག །།

  15. འབྲོང་བུ་སོག་ཚ། says:
    2012-03-04 at 12:59 am

    ཀརྨ་ཞེས་པའི་མིང་ཡོད་ཚད་དེ་ཀཾ་ཚང་ཡིན་པའི་རྒྱུ་མཚན་མེད། གང་ཡིན་ཟེར་ན། ད་ལྟ་བོད་ཀྱི་བཀའ་དྲུང་ཀརྨ་དགེ་ལེགས་ཆོས་ལུགས་ངོ་མ་དགེ་ལྡན་ཡིན་པ་དང་། དབུས་གཙང་སྤྱི་འཐུས་ཀརྨ་ཡེ་ཤེས་ཡང་ཆོས་ལུགས་ངོ་མ་ས་སྐྱ་ཡིན་ནའང་ཁོང་གཉིས་ཀྱི་མཚན་ལ་ཀརྨ་ཞེས་ཡོད་པས་དགོངས་དཔྱད་ཙམ་ཡིན། མ་གཞི་ནི་མི་དེ་ལྟ་བུ་ལ་ཆོས་ལུགས་ཞེས་པ་ཞིག་ཡོད་པ་ངའི་མི་སེམས། གལ་ཏེ་ཡོད་ན་འཕུང་ཆོས་སམ་དཀྲུག་ཆོས་ཡིན་ཤས་ཆེ།

  16. ཀརྨ་ཡེ་ཤེས says:
    2012-03-04 at 1:03 am

    ནང་དཀྲུགས་པ་ཚོ་ཐོན་འདུག་གྰ། ངས་གཅིག་འདྲི་ཡ། ཁོ་སྔགས་རྒན་མིན་ན་རབ་བྱུང་ནི་མ་རེད། མི་སྐྱ་ནི་མ་རེད། སྐྱ་གོ་སེར་ཆོད་དམ་། ཕུང་གསུམ་པ་མ་ཡིན་ནམ།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-03-04 at 1:28 am

    ༸བསྟན་འཛིན་༸སྐྱེས་བུ་ཐམས་ཅད་༸སྐུ་ཁམས་བཟང་། །

  18. འཇམ་དོན says:
    2012-03-04 at 7:23 am

    སྤྲུལ་སྐུ་དབང་ཆེན་ཁྱེད་སྤྲུལ་སྐུའི་མིང་འཛིན་བཞིན་དུ་ཐོག་མར་མཛུན་མ་ལབ་བར་དུ་ཆོས་འབྲེལ་གྱི་མཛད་པ་འཕྲིན་ལས་ལ་མི་བཟོད་པའི་ངང་ནས་བཀུར་བ་མ་འདེབས་་མཐའ་མར་༸་བདག་ཁྲི་མཆོག་ནས་མི་མང་ལ་ལོ་གསར་གཏང་སོགས་ཁྱེད་ཀྱི་རྟོག་ངོར་རྒྱུ་ཕྲག་དོགས་ལས་སྒྲུབ་པའི་རི་མོ་འདི་གང་ན་འདུག་་་་??????? གཞི་མེད་ཀྱིས་མཚན་སྨད་མ་ཞུ། མི་ཚང་མ་ཞར་ར་ག་ལ་ཡིན་

  19. རིག་པའི་གླེང་བུ། says:
    2012-03-04 at 8:35 am

    སྤྲུལ་སྐུ་བདེ་ཆེན་ཟེར་བའི་གྲྭ་ལོག་ཁྱོད་སྡུག་ཚོད་དེ་ཟིན་མ་ཐུབ་ན་ཉིན་གཅིག་རྐུག་བརྡོལ་ཡོང་ད།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-03-04 at 10:06 am

    ༸ས་སྐྱ་བདག་ཁྲི་རིན་པོ་ཆེའི་༸སྐུ་ཚེ་ཡུན་བརྟན་ཤོག །

  21. ལྷ་མོ་ཚེ་རིང says:
    2012-03-04 at 10:48 am

    གོང་གི་མཚན་མེད་ཞུ་གིན་རྣམས་ལ་ཚོད་དཔག་བྱེད་ཚེ་མི་དེ་རྣམས་གོང་ས་མཆོག་ནས་བདུ་དཀར་དབང་ཆེན་བསྩལ་སྐབས་སླེབ་མེད་པའམ་ཡང་ན་གངས་ཅན་མགོན་པོ་མཆོག་གི་བཀའ་སློབ་སེམས་ཉར་མི་འདོད་པའི་གང་ཟག་ཡིན་པ་རྟེན་ཁས་རེད་ཤག་རྒྱུ་མཚན་ནི་དེ་སྐབས་གོང་ས་སྐྱབས་མགོན་མཆོག་ནས་བོད་ཆོས་སྲིད་གཉིས་ཀྱི་ཐད་ལ་ཞི་བའི་ངང་ནས་ཕྱག་ལས་གནང་གིན་ཁོང་ལྟ་བུ་མེད་ཞེས་གསུང་བཞིན་དུ་གོང་ས་མཆོག་གི་གསུང་དང་འགལ་བའི་གཏམ་སྨྲ་བྱེད་ན་རྗེ་བླ་མའི་བྱི་རླབས་དེ་རྣམས་འཇུག་པར་ཤོག་

  22. ལྷ་མོ་ཚེ་རིང says:
    2012-03-04 at 10:51 am

    གོང་གི་མཚན་མེད་ཞུ་གིན་དེ་རྣམས་ལ་ཚོད་དཔག་བྱེད་ཚེ་མི་དེ་རྣམས་གོང་ས་མཆོག་ནས་བདུ་དཀར་དབང་ཆེན་བསྩལ་སྐབས་སླེབ་མེད་པའམ་ཡང་ན་གངས་ཅན་མགོན་པོ་མཆོག་གི་བཀའ་སློབ་སེམས་ལ་ཉར་མི་འདོད་པའི་གང་ཟག་ཡིན་པ་རྟེན་ཁས་རེད་ཤག་ རྒྱུ་མཚན་ནི་དེ་སྐབས་གོང་ས་སྐྱབས་མགོན་མཆོག་ནས་བོད་ཆོས་སྲིད་གཉིས་ཀྱི་ཐད་ལ་ཞི་བའི་ངང་ནས་ཕྱག་ལས་གནང་གིན་ཁོང་ལྟ་བུ་མེད་ཞེས་གསུང་བཞིན་དུ་གོང་ས་མཆོག་གི་གསུང་དང་འགལ་བའི་གཏམ་སྨྲ་བར་བརྩོན་ཀི་བྱས་ན་རྗེ་བླ་མའི་བྱི་རླབས་དེ་རྣམས་འཇུག་པར་ཤོག་

  23. གླིང་ཕྲུག་ says:
    2012-03-04 at 12:33 pm

    གོང་་མ་རིན་པོ་ཆེ་གཙོས་པའི་བོད་བླ་སྤྲུལ་ཡོང་ལ་སྐྱབས་སུ་མཆི་།་ཁོ་རེ་ཀརྨ་ཡེ་ཤེས་ཉོན་།ཁྱོད་ལ་སྐྱེས་སྟོབས་གིས་རྟོག་པ་ག་རེ་ཡོད་།ཁྱཽད་ཀྱིས་སྔག་བསྒན་འབོད་ན་སྡུག་པོ་ཞིག་སྨ་འབེབ་ལྟར་བུ་གོ་འདུག་།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (48)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme