Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རྗེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

Posted on 2012-02-272012-02-27 By ཁ་བརྡ་ 10 Comments on མི་རྗེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

དྭངས་ཟུར་ཐུན་མོང་ནས་ཕྱི་ལོ་༢༠༡༢ཟླ་༢ཚེས་༢༧ཉིན་ཕུལ།
(དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་རྗེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱི་ཞབས་དྲུང་དུ།)
གུས་ཕྱག་དང་བཅས་ཞུ་གསོལ། ངེད་དབུས་དྭངས་སློབ་དམག་སྒར་ནས་རྒན་ཡོལ་དུ་ཐོན་པའི་བོད་ཕྲུག་དྭངས་ཟུར་ཁག་གཅིག་གི་བདེ་སྡུག་ཐུང་ཙམ་ཞུ་རྒྱུར། སྤྱི་ལོ་༢༠༠༩ཟླ་༡ནས་ད་བར་དྭངས་སློབ་ནས་བོད་ཕྲུག་༣༠༠ཙམ་རྒན་ཡོལ་དུ་ཐོན་ཡོད་པ་རེད། ངེད་རྣམས་རང་ཉིད་ཀྱི་མི་ཚེ་གང་ཙམ་དམག་སྒར་ནང་སྲི་ཞུ་གང་ཐུབ་ཀྱིས་ལེགས་སྐྱེས་ཕུལ་ཡང་། services graduadeཞེས་དྭངས་སློབ་ཐོན་ནས་སྤྲོད་གི་ཡོད་པའི་དངུལ་དེ་ད་བར་རགས་མ་བྱུང་། དྭངས་སློབ་ཀྱི་དབུ་འཛིན་རྣམས་ཀྱིས་རྒྱ་གར་གཞུང་ལ་ཁ་གྲགས་མ་ཐུབ་པ་དང་། ངེད་རྣམས་ནས་འབྲེལ་ཡོད་རྣམས་ལ་ཐེངས་མང་ཞུ་འབུལ་བྱས་ཀྱང་ཀྱང་ཕན་འབྲས་སྤུ་ཙམ་མ་བྱུང་བར་སོང་། མི་རྗེ་བཀའ་བློན་མཆོག་ལ་རོགས་རམ་གནང་རོགས་ཞེས་མི་ཞུ་ཀ་མེད་ལ་སོང་། བཀའ་བློན་ཕྱོགས་གིས་གུས་རྣམས་པའི་ བདེ་སྡུག་ལ་ཅི་ནས་ཀྱང་དགོངས་བཞེས་ཀྱིས་རོགས་རམ་གནང་རོགས་མཁྱེན། །ང་ཚོ་མི་རེར་ཉུང་མཐར་ཧིན་སྒོར་འབུམ་གཅིག་༡༠༠༠༠༠ནས་འབུམ་གསུམ་༣༠༠༠༠༠བར་དྭངས་སློབ་ནང་བདག་ཉར་བྱས་ཏེ་ལོ་གསུམ་ལྷག་འགྲོ་སོང་ཡང་། འགའ་རེས་རྒན་ཡོལ་རག་གི་ཟེར་བ་དང་། འགའ་རེས་གསོག་དངུལ་རགས་གི་རེད་ཟེར་བ་ཙམ་ལས། ད་ལྟའི་ཆར་རང་ཉིད་ཀྱི་ཐོབ་ཆའང་རགས་གིན་མིན་འདུག་པར་བརྟེན། མི་རྗེ་བཀའ་བློན་གཙོས་བཀའ་ཤག་ལྷན་རྒྱས་ནས་དྭངས་སློབ་ཀྱི་དབུ་འཛིན་རྣམས་དང་བཀའ་མོལ་གནང་ཏེ། གང་མགྱོགས་ཐག་གཅོད་གནང་ཐབས་སུ་རོགས་རམ་གནང་རོགས་ཞུ་མཁྱཻན། མཁྱེན།

གསར་འགྱུར།

Post navigation

Previous Post: མིག་ཤེལ་ནག་པོ།
Next Post: མཛའ་མོ་ཡལ་ལ་བཞག་པའི་འཕྲིན་ཡིག

Comments (10) on “མི་རྗེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱི་ཞབས་དྲུང་དུ།”

  1. དབང་འདུས། says:
    2012-02-27 at 3:29 pm

    བཀའ་མོལ་གནང་རྒྱུ་ལ་གཟབ་གཟབ་དང་འཇིག་སྣང་ཁོ་ན་བྱས་ནས་གང་ནས་འགྲིག འོན་ཀྱང་གོང་མར་གུས་བཀུར་དང་འོག་མར་བྱམས་སྐྱོང་བྱེད་རྒྱུ་དེ་ནི་མི་འགྲོ་བར་གཏོགས་ཚད་ཀྱིས་ཡ་རབས་ཀྱི་གྲས་སུ་རྩི་བཞིན་ཡོད་པས། སེམས་ལ་གུས་པ་ཡོད་མིན་གང་ལྟར་ཡང་ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་ཚུལ་ལ་གུས་ཉམས་དང་བསྟན་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་སེམས།

  2. བསོད་ནམས་ཚེ་རིང་། says:
    2012-02-27 at 8:12 pm

    ངས་ཁོང་རྣམ་པས་ད་ལྟའི་བོད་ནང་གི་གནས་སྟངས་དང་འབྲེལ་བའི་བོད་ཀྱི་རང་སླར་གསོ་བྱ་བར་ལས་འགུལ་གྱི་རྣམས་གྲངས་སམ། ཁོང་ཚོས་དང་བླངས་ཀྱིས་བོད་དོན་ལས་འགུལ་འདི་འདྲ་ཞིག་བསྒྲུབ་ཀྱི་ཅེས་སྙན་ཞུ་ཞིག་ཕུལ་བ་ཡིན་རྒྱུ་རེད་བསམ་སོང་དེ། མཐར་རང་ཉིད་ཀྱི་དངུལ་ལོར་ལ་ཐུག་ཡོད་པ་ཤེས་སོང་་་་་་་་་་་་་་་་་་་

  3. བོད་ལ་ཞེན། says:
    2012-02-28 at 1:13 am

    གཞུང་ནས་རོགས་རམ་གང་གནང་ཐུབ་པ་གནང་རྒྱུ་དང་ཁོང་རྣམས་པ་འཐོབ་འོས་པ་གང་ཡིན་པ་འཐོབ་དགོས་རེད་སྙམ་གྱི་འདུག

  4. ལྷག་པ། says:
    2012-02-28 at 11:35 pm

    ལོ་རབས་དྲུག་བཅུ་པ་དང་བདུན་ཅུ་པ། བརྒྱད་ཅུ་པ་བཅས་སུ་བསྟན་སྲུང་དང་བླངས་དམག་དང་། གློ་སྒྲིག་འཛུགས། རྒྱ་གར་ནང་དང་དམག་བཅས་སུ་བཞུགས་པའི་བྱས་པ་ཅན་གྱི་མི་རྣམས་ཕོ་ཧྲེང་དུ་མ་བྱན་དང་། སྒོ་སྲུང་བ། གད་པ། ཡིག་སྐྱེལ་བཅས་བྱེད་པ་མཐོང་སྐབས་ང་ལ་ཚོར་སྣང་མི་བདེ་བ་ཤུགས་ཆེ་སྐྱེས་མྱོང་། ཁོང་ཚོ་ཚང་མ་མི་ཤེས་ཀྱང་མང་པོ་ཞིག་གིས་རང་ཉིད་ཕོ་ཧྲེང་དུ་སྡོད་དགོས་པ་ཡང་། མི་རིགས་དང་རང་ཡུལ་གྱི་ཆེད་དུ་ཡིན་ཞེས་གསུངས། འོན་ཀྱང་སྙན་ཞུ་ངས་བཤད་པའི་བགྲེས་སོང་ཁོང་ཚོ་ཡིན་མིན་མི་ཤེས།

  5. rabten says:
    2012-02-29 at 12:26 am

    sonam tsering lak, what would you do if you were one of these people? I am sure you will be the first one to jump in. So, don’t be so judmental and act like you are a saint. Give me a break.

  6. ཨ་ར་དཀར་པོ says:
    2012-02-29 at 2:08 am

    བོད་ཕྲུག་ ༣༠༠ རྒན་ཡོལ་་་་་་་་་་་་་ཧཧཧ ཅི་འདྲའི་མི་བདེ་བ་ཞིག

  7. གཉན་གཡག་ཕྲུག says:
    2012-02-29 at 2:26 am

    ༄༅།།བཀའ་ཤག་དང་བཀའ་བློན་ལ་ཕུལ་བའི་སྙན་ཞུ་དེར་གཟིགས་དང་། བོད་ཕྲུག་༣༠༠ཐམ་པ་རྒན་ཡོལ་གང་འདྲ་བྱས་ནས་རག་པ་རེད་དམ། རྒན་ཡོལ་བྱེད་པའི་ལོ་ཚད་མ་སླེབས་ཀྱི་བར་དུ་རྒན་ཡོལ་གྱི་ཐོབ་ཐང་རག་གི་མེད་པ་ནི་ཕལ་ཆེར་འཛམ་གླིང་ཡུལ་གྲུ་ཚང་མ་གཅིག་འགྱུར་རེད། དེ་འབྲེལ་ཡོད་དམག་སྒར་ནས་རྒན་ཡོལ་སྤྲོད་པའི་སྐབས་གསལ་བཤད་བྱས་ཡོད་ངེས་རེད་གལ་ཏེ་དེ་ལྟར་མེད་ཚེ་བོད་པས་བོད་པར་དབང་ཡོད་དང་སྤོབས་སེམས་མ་བྱས་ན་ལེགས་པར་སེམས།

  8. འཕྲིན་ལས་ནས། says:
    2012-02-29 at 12:18 pm

    ཧ་ཅང་ཡག་པོ་འདུག

  9. འབྲོང་བུ་སོག་ཚ། says:
    2012-02-29 at 7:35 pm

    ཐོབ་ཐང་ཡོད་ནས་བཤད་པ་ཡིན་གྱིས་རེད། དེ་ལ་ང་ཚོ་ཇུས་ཏོག་བྱས་དགོས་དོན་གང་ཡང་མ་མཐོང་། འབྲེལ་མེད་དང་ཚོར་མེད་ཀྱི་སྐད་ཆ་མ་བཤད་ན་བཟང་།

  10. སྐལ་བཟང་དོན་གྲུབ། says:
    2012-03-01 at 2:49 am

    དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་ཞུ་རྒྱུར།
    དབུས་དྭངས་སློབ་ནས་སྙན་ཞུ་ཕུལ་བ་དེ་བདེན་པ་རེད། བཙན་བྱོལ་བོདམིའི་སྒྲིག་འཛུགས་ལ་མུ་མཐུད་ནས་དམག་སྒར་དེ་དགོས་འདོད་ཡོད་ན་ད་ལྟའི་སྙན་ཞུ་དེར་ཉམས་ཞིབ་གཅིག་བྱེད་རོགས། སྔོན་མ་དྭངས་སློབ་དམག་སྒར་ནང་མི་གྲངས་ཁྲི་གཅིག་ཙམ་ཡོད་པ་རེད། དེང་སང་བཞི་སྟོང་ལྔ་བརྒྱ་ཙམ་ལས་མེད། རྒྱུ་མཚན་གཙོ་བོ་ཐོབ་ཐང་སྐོར་ལ་རེད། གུས་རང་ཡང་ལོ་ཉི་ཤུ་རྩ་བརྒྱད་ཙམ་ཞབས་ཞུ་བྱས་པ་ཡིན། འོན་ཀྱང་ལམ་སམ་གསོག་དངུལ་སོགས་རགས་མ་བྱུང་རྒྱུ་མཚན་ཡོ་རེད། དངས་སློབ་ནང་ཡོད་པའི་བོད་ཕྲུག་རྣམས་མི་
    ཚང་ཉམ་ཆུང་ཤ་སྟག་གི་བོད་ཕྲུག་ཞིག་རེད་དེ་ལ་རོགས་རམ་གནང་ན་བདེན་པ་ཡོད། ཐོབ་ཐང་དེ་གཙང་མ་ཞིག་མ་བྱུང་ན་མ་འོངས་པ་དམག་སྒར་དེ་རྩ་བ་སྟོང་ཡས་ཉེན་ཁ་ཡོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme