Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་ལྔ་ངྷ་སར་འབྱོར་བ།

Posted on 2009-05-09 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 8 Comments on དཔའ་བོ་ལྔ་ངྷ་སར་འབྱོར་བ།

མདོ་སྨད་བླ་བྲང་བསང་ཆུ་རུ་ན་ནིང་ཞི་རྒོལ་དང་གསར་འགོད་པའི་མདུན་དུ་བོད་མིའི་བདེ་སྡུག་གི་སྐད་ཆ་བཤད་མཁན་མི་སྣ་གཙོ་བོ་ལྔ་བྲོས་བྱོལ་དུ་བདེ་འབྱོར་བྱུང་ཡོད་པ་རེད།

དགེ་འདུན་པ་དེ་དག་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་སར་འབྱོར་རྒྱུ་ཡིན་པ་དང་། དེར་མདོ་སྨད་དབུས་རྒྱུན་དང་ས་གནས་མི་མང་གིས་ཁོང་ཚོ་བདེ་བླག་ངང་འབྱོར་བར་འཚམས་འདྲིའི་ཕེབས་བསུ་གནང་རྒྱུ་ཡིན་པ་རེད།

དགེ་འདུན་པ་དེ་ལྔ་ནི། དགེ་འདུན་རྒྱ་མཚོ། རང་ལོ་ ༣༩ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༣ ཚེས་ ༡༤ ཉིན་ཨ་མདོ་བླ་བྲང་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། སྐལ་བཟང་སྤྱིན་པ། རང་ལོ་ ༣༩ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༣ ཚེས་ ༡༤ ཉིན་ཨ་མདོ་བླ་བྲང་ཁུལ་གྱི་བོད་མི་ཚོའི་ཞི་རྒོལ་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། འཇམ་དབྱངས་སྤྱིན་པ། རང་ལོ་ ༢༤ ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་ཞང་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། བློ་བཟང་རྒྱ་མཚོ། རང་ལོ་ ༢༤ ཕ་ཡུལ་རྨ་ལྷོ་སོག་པོ་ཡུལ་རྒན་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན། འཇིགས་མེད་རྒྱ་མཚོ། རང་ལོ་ ༢༣ ཕ་ཡུལ་མཚོ་སྔོན་ཐུན་ཏེ་དང་བླ་བྲང་དགོན་པའི་གྲ་བ། ༢༠༠༨ཟླ་ ༤ ཚེས་ ༠༩ ཉིན་ཨ་མདོ་བླ་བྲང་དགོན་པར་རྒྱ་ནག་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ཞི་རྒོལ་བྱེད་མཁན་འགོ་ཁྲིད་མི་སྣ་གཙོ་གྲས་ཡིན།

གོང་བརྗོད་དགེ་འདུན་པ་དེ་ལྔ་བོ་ཞི་རྒོལ་རྗེས་ནས་དགོན་པར་འདུག་མ་ཐུབ་པར་ད་བར་ཕ་ཡུལ་གྱི་འབྲོག་ས་དང༌། རི་སྒང༌། ལུང་ཁུག། ས་ཁུལ་གཞན་བཅས་སུ་སོ་སོར་ཉེན་ཡོལ་བྲོས་བྱོལ་བྱས་ནས་བསྡད་པ་དང༌། ཉེ་སྔོན་ཁོང་ཚོ་དེ་ལྟར་ཉེན་ཡོལ་བྱས་ནས་བསྡད་པ་ལ་ཁོངས་འཁྱོལ་ཐབས་མེད་པས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སེམས་ཐག་ཆོད་པོས་བྲོས་བྱོལ་ལ་འགྲོ་རྒྱུའི་ལམ་ཁ་གདམས་པ་དང༌། ཐབས་ཤེས་འདྲ་མིན་བྱས་མཐར་སྤྱི་ཟླ་ལྔ་བའི་ཚེས་བདུན་ཉིན་བལ་ཡུལ་བརྒྱུད་རྒྱ་གར་ལ་བདེ་འབྱོར་བྱུང་ཡོད།

གནས་ཚུལ་གྱི་ཁུངས་ཀླ་འབུམ་བཀྲ་ཤིས་དང་མདོ་སྨད་དབུས་རྒྱུན་ཡིན།

གསར་འགྱུར།

Post navigation

Previous Post: དབྱངས་རྟ་འདི་གང་ནས་བཞུར།
Next Post: བོད་ཕྲུག་མཐོ་སློབ་ཐོན་པ་ག་ཚོད་ཡོད།

Comments (8) on “དཔའ་བོ་ལྔ་ངྷ་སར་འབྱོར་བ།”

  1. ཟླ་བ says:
    2009-05-09 at 10:00 am

    ཁོང་རྣམ་པ་བོད་མི་རིགས་ཀྱི་དོན་གྱི་དཔའ་བོ་རེད། བཙན་བྱོལ་དུ་བདེ་འབྱོར་བྱུང་བར་མིག་ལ་མཆི་ཞགས་འཁོར་བཞིན་དགའ་གུས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-09 at 5:26 pm

    བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཚེ་ཡུན་རིང་བརྟན་པར་ཤོག

  3. ཀླུ་ says:
    2009-05-09 at 10:56 pm

    ཕེབས་བསུ་དང་དགའ་བསུ་ཙམ་གྱིས་ཡོང་ཐབས་མེད་པ་རེད་ལ། ཁོང་ཚོའི་སྙིང་སྟོབས་དང་ལྷག་བསམ་སོགས་མུ་མཐུད་བདག་སྐྱོང་བྱེད་མ་ཐུབ་ན་ཡང། རྒྱལ་གཅེས་དཔའ་པོའི་སྙིང་སྟོབས་སེམས་ཤུགས་ཕྱི་སྡོད་བོད་མི་དང་གཞུང་།་འབྲེལ་ཡོད་ཚན་པས་འཕྲོ་བརླག་ལ་མི་འགྲོ་བ་བྱེད་རྒྱུ་གལ།

  4. ཀླུ་སྨྱོན། says:
    2009-05-09 at 11:54 pm

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་དཔའ་བོ་ལྔ། །
    གྲུ་འཛིན་མགོན་གྱི་གདན་སར་དེ་རིང་འབྱོར། །

  5. གཡུ་ དྲུག་དཀར། says:
    2009-05-11 at 2:19 am

    རྟེན་འབྲེལ་ཞུ། ངོ་མ་དགའ་ནི་ཞིག་རེད་མོད། ས་འདི་ནས་ཁོང་ཚོའི་སེམས་པ་ཤི་མི་འགྲོ་བསམ་ན་སྐྲག་ནི་ཞིག་ཀྱང་རེད།

  6. Dawa says:
    2009-05-11 at 2:36 am

    Pô-¤-XïÅ-ÅÞ-»Û-¼P-»ôhü

  7. ཚེར་མ། says:
    2009-05-11 at 3:31 am

    བོད་ཀྱི་དཔའ་བོ་ལྔ་རྡ་སར་འབྱོར་བར་རྟེན་འབྲེལ་ཞུ། དཔའ་བོ་དེ་ཚོར་དངོས་སུ་ཐུགས་ནས་གསོལ་ཇ་ཞིག་འདྲེན་གི་ཡིན་དཱ།

  8. sonam diki says:
    2009-05-11 at 5:14 am

    དཔའ་རྒོད་འདི་ཚོ་སྙིང་རྗེ་ཡང་རྒས་གསོ་ཁང་དུ་སླེབས་པ་ལྟར་གྲོགས་མེད་ཁེར་རྐྱང་དུ་ལུས་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme