Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་དྲི་བ།

Posted on 2012-02-22 By ཁ་བརྡ་ 7 Comments on དེ་རིང་གི་དྲི་བ།

འབའ་སྲས།

མཐོན་པོ་རི་ལ་ཆགས་པའི་ཁ་བ་དཀར་པོ།།
མཐོ་སྒང་བོད་པ་ཚང་གི་ཚེ་སྲོག་ཡིན་ཟེར།།
ཁ་བ་དཀར་པོ་དེ་རིང་ཉི་མས་བཞུས་སོང་།།
སང་ཉིན་བོད་པའི་ཚེ་སྲོག་སུ་ཡིས་བསྲིངས་སམ།།

དམའ་བའི་སྤང་ན་བཞད་པའི་མེ་ཏོག་དམར་པོ།།
སྨན་ལྗོངས་བོད་པ་ཚང་གི་འཛུམ་མདངས་ཡིན་ཟེར།།
མེ་ཏོག་འདབ་མ་དེ་རིང་སད་ཀྱིས་བཅོམ་སོང་།།
སང་ཉིན་བོད་པའི་འཛུམ་མདངས་སུ་ཡིས་གསོ་འམ།།

མཐོན་པོའི་སྒང་ལ་བཙུགས་པའི་དར་ལྕོག་དཀར་པོ།།
སྒང་བ་བོད་པ་ཚང་གི་རླུང་རྟ་ཡིན་ཟེར།།
དར་ལྕེ་ཕྲ་མོ་དེ་རིང་རླུང་གིས་བཅད་སོང་།།
སང་ཉིན་བོད་པའི་རླུང་རྟ་སུ་ཡིས་སྤར་རམ།།

རྒྱ་རྫོང་ནགས་ན་གྲགས་པའི་ཁུ་བྱུག་གྲེ་འགྱུར་།།
གངས་ཅན་བོད་པ་ཚང་གི་གླུ་སྐད་ཡིན་ཟེར།།
ཁུ་བྱུག་དེ་རིང་ནགས་ནས་གཞན་ལ་འཕུར་སོང་།།
སང་ཉིན་བོད་པའི་གླུ་སྐད་སུ་ཡིས་བསྒྲོགས་སམ།།

རྫ་ཆུ་བསིལ་མ་འབབ་པའི་ཆུ་རྒྱུན་རིང་མོ།།
ཁ་བ་བོད་པ་ཚང་གི་ཕུགས་འདུན་ཡིན་ཟེར།།
རྫ་ཆུ་བསིལ་མ་དེ་རིང་འཁྱག་པས་བསྡམས་སོང་།།
སང་ཉིན་བོད་པའི་ཕུགས་འདུན་སུ་ལ་གཏོད་དམ།།

རང་ལུས་མེ་རུ་བསྒྲོན་པའི་དཔའ་བོ་དཔའ་མོ།།
གངས་ཅན་བཙན་པོ་ཚང་གི་འབོད་སྒྲ་ཡིན་ཟེར།།
དཔའ་བོ་དཔའ་མོ་དེ་རིང་འདི་ལྟར་ཆས་སོང་།།
སང་ཉིན་བོད་པའི་འབོད་སྒྲ་སུ་ཡིས་སྒྲོག་གམ།།

དགུང་ན་ཤར་བའི་ཉི་མ་ཟླ་བ་སྐར་མ།།
མ་ཎི་བོད་པ་ཚང་གི་སྐྱབས་མགོན་ཡིན་ཟེར།།
ཉི་ཟླ་སྐར་གསུམ་དེ་རིང་ཞལ་མཇལ་མ་ཐུབ།།
སང་ཉིན་སུ་ཡིས་མཇལ་འཛོམས་རམ་འདེགས་ཐུབ་བམ།།

སྙན་ངག

Post navigation

Previous Post: འཛུམ་དགོད་ཞི་བདེའི་བསིལ་གཡབ།
Next Post: རྒྱལ་ཚོགས་གཉིད་དཀྲོགས་ལས་འགུལ།

Comments (7) on “དེ་རིང་གི་དྲི་བ།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2012-02-22 at 7:48 pm

    ལོ་གསར་ལ། སྙན་ངག་འདི་འདྲ་ཞིག་ཀློག་རྒྱུ་བྱུང་བར་སེམས་ལ་དགའ་བ་དང་སྐྱོ་བ་གཉིས་ཀ་བྱུང་།
    སྙན་ངག་འདི་ཀློག་སྤྲོ་བས་སེམས་དགའ། དོན་དག་དེ་སྙིང་ལ་ཟུག་པས་སེམས་སྐྱོ།

  2. ཀླུ་སྨྱོན། says:
    2012-02-22 at 8:18 pm

    འཇར་པན་གྱི་ས་ཁེ་ཕོར་བ་གང་དང་ཁྱད་པར་མ་བྱུང་། བཀའ་དྲིན་ཆེ་ལོ།

  3. འབའ་བློ། says:
    2012-02-23 at 8:34 am

    འོ་ད་ཡིན་ཇོ་རེད་ཁྱོད་གཟོ་སྡེ་དགེ་རྒན་ར་ཡིན་ནེ་ཟེར་གི ཕ་རིས་སི་གི་ཡེ་ལས་བྱེད་ར་ཡིན་ནི་ཟེར་གི
    ང་འདྲ་ཐ་ར་ཅིག་ཤེས་ནི་ར། སྡེ་ཚང་མས་བྲིས་ནོ་ཡག་གི་ཟེར་གོ་གི་མོ་ད་ངས་ར་ཡག་གི་ཟེར་ཀོ་ནི་ཡིན་རྒྱུ་རེད་པ།

  4. འབའ་བློ། says:
    2012-02-23 at 8:45 am

    ཧེ་ཧེ་ཧེ་ང་འདྲ་ཟིག་གི་ཐ་ར་ཅིག་ཤེས་ནི་ར། སྡེ་ར་འཛི་ན་མ་ཀླུ་སྨྱོན་ཚང་གི་ར་འཇར་པན་གྱི་ཟ་མ་
    འདྲ་ཟིག་རེད་ཟེར་ཀོ་གི་མོ། ཡེ་བོད་ཀྱི་ཟ་མ་འདྲ་ཟིག་བྲིས་ན་ཡག་གི་ཡོད་ས་མ་རེད་ར་འཛི་ན་མ་མཁྱེན

  5. ཨ་རིག་དགེ་མཐོང་། says:
    2012-02-23 at 1:44 pm

    དམངས་ཁྲོད་ཀྱི་ངག་ཐོག་རྩོམ་ཡིག་ལྟ་བུའི་དཔེ་འཇོག་སྒོ་ནས་སྙན་ངག་ལེགས་པོ་འཁྱོངས་འདུག་པས་དགའ་ཡོད།
    དེ་ནས་རྩོམ་ཡིག་འདིའི་མགོ་ནས་མཇུག་བར་ཞིབ་བཀླགས་ཟིན། མགོ་ནས་མཇུག་རྫོགས་ལ་ཉེ་བའི་སྐབས་ཀྱི་ཚིགས་རྐང་དག་ནི་ང་ལ་མཚོན་ན་ཚིག་དོན་གཉིས་ཐད་ནས་བློར་འབབ་ཀི

    རྒན་ལགས་བདེ་མོ། ལོ་གསར་བའི་ནང་དུ་འདི་ལྟ་བུའི་སྙན་རྩོམ་གང་མང་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་རོགས་ཞུ།

  6. འབའ་སྲས། says:
    2012-02-23 at 3:07 pm

    རྣམ་པ་ཚོས་ལེགས་བསྟོད་ཀྱི་ཚིག་རེ་གནང་བ་ཡིད་ལ་བཟུང་ནས་མུ་མཐུད་འབད་བརྩོན་བྱ་ངེས་ཡིན་ལགས།

  7. འཛུམ་ཤོར། says:
    2012-02-24 at 1:07 am

    རྩོམ་ཡིག་ཡག་པོ་འཁྱོངས་འདུག འོན་ཀྱང་ལོ་གསར་ལ་མེད་མུག་གི་སྐད་ཆ་འདི་འདྲ་གླེང་དུས་ཅུང་སེམས་སྐྱོ། དེས་ན། ད་ལྟའི་རྩོམ་ཡིག་རྟེན་འབྲེལ་གྱི་ཚབ་ཏུ་སེམས་ཤུགས་འཕར་བྱེད་ཀྱི་རྩོམ་ཞིག་འབྲི་ན་གང་འདྲ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme