Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཀྱི་རྩོམ་དེབ་དབུ་འབྱེད།

Posted on 2012-02-21 By ཁ་བརྡ་ 7 Comments on བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཀྱི་རྩོམ་དེབ་དབུ་འབྱེད།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ། བོད་པའི་རྩོམ་པ་པོ་ཚོས་རྒྱ་ནག་གི་འཁྱོག་བཤད་ལ་ཐེར་འདོན་བྱས་ཏེ། དངོས་ཡོད་གནས་ཚུལ་ལོ་རྒྱུས་དེབ་ཐེར་ནང་འགོད་གལ་ཆེ་སྐོར་གསུངས་སོང་ དེ་ཡང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་གསར་འགོད་པ་བཀྲ་ཤིས་བདེ་ལེགས་དང་འཇིགས་བྲལ་བསྟན་འཛིན་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼ བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༽ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་པའི་ཐོག མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྐུ་མགྲོན་དུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག གཞན་གསར་འགོད་པ་བཅས་མཉམ་ཞུགས་གནང་འདུག
མཛད་སྒོའི་ཐོག་མར་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་ཞུས་རྗེས། སྤྱི་འཐུས་ཚོགས་གཞོན་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བ་དང་། དེ་རྗེས་རྩོམ་སྒྲིག་པ་འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་དཔེ་དེབ་དེ་རྩོམ་སྒྲིག་དཔར་སྐྲུན་ཞུ་དགོས་དོན་གསར་འགོད་གསལ་བསྒྲགས་སྤེལ་དོན། ༼ བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩ – ༢༠༡༢ ༽ཞེས་པའི་བརྗོད་གཞི་འདི་བསླངས་པའི་ཐོག་ནས་འདས་པའི་མི་ལོ་ ༦༣ ལ་ཉེ་བའི་རིང་བོད་མིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ག་རེ་བྱས་ནས་བློས་གཏོང་གི་ཡོད་པ་སོགས་མདོར་ན་བོད་མིས་ཁྲག་དང་མིག་ཆུས་བྲིས་པའི་བོད་ཀྱི་དོན་དངོས་བྱུང་རབས་ལ་ཕྱིར་བལྟ་དང་། ལོ་རྒྱུས་ཀྱི་གནད་དོན་དེ་དག་ལ་བསམ་གཞིག་བྱས་པའི་ཐོག་ནས་བོད་ཀྱི་རྩ་དོན་ཟེར་བ་གང་ཡིན་པ་དང་། ཡུན་རིང་གཞུང་མང་ཁ་བྲལ་དང་དཀའ་སྡུག་མནར་གཅོད་མྱོང་བཞིན་པའི་བོད་མི་མང་གི་དགོས་འདུན་གང་ཡིན་པ་དེ་སྒྲུབ་ཐུབ་ཆེད་གོམ་པ་མདུན་དུ་སྤོ་བར་མཁོ་བའི་བསམ་ཚུལ་དང་ཐབས་ལམ་སྐོར་ཅིག་སྟོན་ཐབས་བྱེད་འདོད་པ་དེ་ཡིན་པས། གཞི་རྒྱ་ཆེ་བའི་བརྗོད་གཞི་འདིའི་ཐོག བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་དང་དོན་སྣང་ཅན་དག་གི་དགོངས་ཚུལ་དང་ཆེད་རྩོམ་འདི་དག་བསྡུ་ལེན་བྱས་པ་ཡིན། དེར་བརྟེན་ ༼བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩ – ༢༠༡༢ ༽ཞེས་པའི་དཔེ་དེབ་འདིས་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་དགོངས་བཞེས་གནང་རྒྱུར་ཅུང་ཟད་ཕན་རེ་ཡོད་སྐོར་བརྗོད་སོང་བ་མ་ཟད།
ཁོང་གིས་མུ་མཐུད་བརྗོད་དོན། རྒྱ་གར་གྱི་རང་དབང་འཐབ་རྩོད་ལོ་མང་བྱས་མཐར་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ནས་ཆེད་རྩོམ་གནང་བའི་རྒྱ་གར་རང་སྲིད་རང་སྐྱོང་ཅེས་པའི་དཔེ་དེབ་ཀྱིས་རྒྱ་གར་རང་དབང་འཐབ་རྩོད་བྱེད་ཕྱོགས་ལ་ཁ་ཕྱོགས་བཟོས་པ་རེད། དེ་བཞིན་རྗུའུ་མི་རིགས་ཀྱིས་རང་དབང་འཐབ་རྩོད་བྱས་པའི་བརྒྱུད་རིམ་ཁྲོད་མཐའ་མ་ཤེས་ཡོན་ལ་བརྟེན་པ་རེད། ང་ཚོ་བོད་མིར་མཚོན་ན་༸གོང་ས་མཆོག་གིས་བོད་ཀྱི་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་ཟིན་སྟབས་ད་ནས་བཟུང་བོད་ཀྱི་རྩ་དོན་དེ་བོད་མི་མང་གིས་འགན་ཁུར་རྐང་ལེན་ངེས་པར་བྱེད་དགོས་པའི་དུས་རིམ་ཞིག་ཏུ་འགྲོ་བཞིན་པ་དང་སླེབས་ཟིན་པ་རེད། དེར་བརྟེན་༸གོང་ས་མཆོག་གིས་བོད་མི་མང་ལ་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་དུས་རྟག་ཏུ་རེ་བ་ཡག་ས་ནས་བྱེད་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་པ་ཚོས་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད། བོད་ཀྱི་རྩ་དོན་གྱི་རྨང་གཞི་དང་ཁ་མ་བྲལ་བའི་ཐོག་ནས་བོད་མིའི་ངོས་ནས་རེ་བ་གང་འདྲ་ཞིག་བྱེད་དགོས་པ་དང་། གྲ་སྒྲིག་གང་འདྲ་ཞིག་དགོས་པའི་དགོངས་ཚུལ་ཞིབ་འཇུག་རང་བཞིན་ལྡན་པ་ཞིབ་ཕྲ་གནང་དགོས་པ་དང་། མང་ཚོགས་ཁྲོད་བགྲོ་གླེང་གནང་དགོས་པ་ཞིག་རེད། དེ་ནི་ཆབ་སྲིད་སྐྱབས་བཅོལ་བའི་སྡེ་ཁག་གི་ཤེས་ཡོན་པ་ཚོའི་ཕྲག་ཏུ་བབ་པའི་ལས་འགན་འདོར་ཐབས་མེད་པ་ཞིག་དང་། ཤེས་ཡོན་པ་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ཡིན་ཟེར་བ་མངོན་འགྱུར་བྱེད་པའི་ལམ་གཅིག་པུ་དེ་རེད། ཅེས་འགྲེལ་བརྗོད་གནང་བ་མ་ཟད། མ་འོངས་རྩ་དོན་སྒྲུབ་ཕྱོགས་ཐད་ཀྱི་བརྗོད་གཞི་ཁག་གི་ཐོག་མུ་མཐུད་ནས་ཞིབ་འཇུག་རང་བཞིན་ལྡན་པའི་རྩོམ་ཡིག་བསྡུ་རྒྱུ་དང་། ཞིབ་འཇུག་རང་བཞིན་ལྡན་པའི་རྩེ་ཕུད་རྩོམ་ཡིག་ཁག་ལ་བྱ་དགའ་དང་། རྩོམ་ཡིག་རྣམས་ལ་རྩོམ་ཡོན་འབུལ་ཐབས་བྱེད་རྒྱུ། མདོར་ན་མུ་མཐུད་ནས་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཐད་ཁྱོན་ཡོངས་ནས་དགོངས་པ་བཞེས་རྒྱུའི་ཆ་རྐྱེན་དུ་འགྱུར་ངེས་པའི་ལས་དོན་རྩོམ་འཆར་ཡོད་སྐོར་ཡང་བརྗོད་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་མཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་དོན། དཔེ་བདེ་འདི་བརྒྱུད་ནས་ང་ཚོ་བོད་མིའི་འདས་ཟིན་པའི་གནས་སྟངས། རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་རྟོགས་ཐུབ་རྒྱུ་དང་འབྱུང་འགྱུར་ཡང་ང་ཚོས་ལངས་ཕྱོགས་གང་ཞིག་འཛིན་རུང་འཆར་གཞི་ལྡན་པའི་ཐོག་ཕྱོགས་ཚང་མ་ནས་མཉམ་རུབ་ཀྱི་འགན་འཁུར་བྱེད་དགོས་པའི་རྣམ་པ་ཤུགས་ཆེན་པོ་ཞིག་གོང་དུ་གསུངས་པའི་གསར་འགོད་གསལ་བསྒྲགས་ནང་འདུག་སྙམ་བྱུང་། བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཞེས་པའི་དཔེ་དེབ་འདིར་ཐད་ཀར་བསམ་བློ་བཏང་ན། ཕྱི་ལོ་ ༡༩༤༨།༤༩ ནས་རྒྱ་སྤྱིའི་ནང་ང་ཚོ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་དོན་རྐྱེན་ཞིག་སླེབ་ཀྱི་ཡོད། དེ་བཞིན་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ཉེས་རྡུང་འོག་ཚེ་སྲོག་ཤོར་དང་མནར་གཅོད་མྱངས་པའི་གྲངས་ཁ་ང་ཚོས་དམིགས་བསལ་བཏོན་ཐུབ་མེད་ཀྱང་བགྲང་ལས་འདས་པ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༨ ལོར་ཡོངས་གྲགས་བོད་མི་ཉིས་བརྒྱ་ལྷག་དམར་གསོད་བཏང་བའི་མིང་དང་། ལོ། ཕ་ཡུལ་བཅས་ཁ་གསལ་བྱུང་ཡོད། ཕྱི་ལོ་ ༢༠༠༩ ལོར་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་རེད། ཉེ་ཆར་འཛམ་ཐང་ལ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་དུས་ད་ལྟ་བར་རང་ལུས་ཞུགས་འབུལ་གནང་མཁན་ཁྱོན་བོད་མི་གྲངས་ ༢༣ ཙམ་ཞིག་བྱུང་ཡོད་པའི་ཁྲོད་ནས་ ༡༥ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད། དེ་བཞིན་ ༨ ཙམ་གྱི་འཆི་གསོན་དང་ད་ལྟ་ས་གནས་ཕྱོགས་གང་ཞིག་ཏུ་ཡོད་མེད་ཀྱི་གནས་སྟངས་ང་ཚོས་ཤེས་རྟོགས་ཐུབ་མེད། ཕྱོགས་མཚུངས་ཉེ་ཆར་རྒྱ་ནག་གཞུང་གིས་རྟའུ་དང་བྲག་མགོ་སོགས་ཀྱི་ས་ཁུལ་ནས་བོད་མི་བདུན་ལྷག་དམར་གསོད་བཏང་ཡོད། དེ་ལྟ་བུ་ཐོག་ལྟ་སྐབས་བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་དེ་རང་བཞིན་གྱིས་སླེབས་པ་ཞིག་ཆགས་ཡོད། ཅེས་དང་།
སྤྱི་འཐུས་ཚོགས་གཞོན་མཆོག་གིས་མུ་མཐུད་གསུང་དོན། རྒྱ་ནག་གཞུང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུས་མཚོན་ཕྱི་ལོ་ ༢༠༠༨ བོད་མིའི་སྒེར་ལངས་ཀྱི་ལས་འགུལ་དེ་དག་ལ་རྡུང་གཅོག་འཕྲོག་སྲེག་ཟེར་བའི་ཐ་སྙད་དེ་འདྲ་བཏགས་ཡོད། ད་ལྟའི་གནས་སྟངས་ལ་རང་སྲོག་བློས་གཏོང་གིས་རང་ལུས་ཞུགས་འབུལ་བྱེད་ཕྱོགས་ལ་ཡང་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་ཡིན་པའི་ངོ་བོར་རྒྱ་གཞུང་ནས་གཞུང་འབྲེལ་གྱི་ཐོག་དྲིལ་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་དེ་དངོས་ཡོད་གནས་སྟངས་ཆགས་ཀྱི་ཡོད་མེད་ཞིབ་འཇུག་དང་གནས་ཚུལ་མཁོ་སྒྲུབ་བྱེད་དགོས་པ་མ་ཟད། དེབ་ནང་འགོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ང་ཚོའི་ད་ལྟའི་མི་རབས་འདི་མི་རབས་གསུམ་པ་ལྟ་བུ་ཆགས་ཀྱི་ཡོད། འབྱུང་འགྱུར་མི་རབས་རྣམས་ལ་ལྷག་བསམ་དང། སེམས་ཤུགས། སྙིང་སྟོབས་ཡོད་ནའང་བོད་དོན་གྱི་སྒྲུབ་ཕྱོགས་ཀྱི་ལས་འགན་འཁུར་མ་ཤེས་པ་ལྟ་བུ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། གང་ཡིན་ཟེར་ན། ལོ་རྒྱུས་ཀྱི་འཕོ་འགྱུར་གྱི་གནས་སྟངས་ང་ཚོས་གསུངས་མ་ཐུབ་ན། བར་དུ་ལྷག་སྐབས་ཤ་ཁྲག་རུས་གསུམ་བོད་མི་རིགས་ཀྱི་ཡིན་ནའང་རང་བཞིན་གྱིས་མི་རིགས་གཞན་གྱི་རྣམ་པ་འགྱུར་རྒྱུ་ཙམ་རེད་མ་གཏོགས། སོ་སོའི་མི་རིགས་ཀྱི་རིགས་གཞུང་དང། ཁོར་ཡུག གོམས་གཤིས་སྲུང་སྐྱོབ་བྱ་རྒྱུའི་ཐོག་ཁོང་ཚོར་སེམས་ཤུགས་དང་སྙིང་སྟོབས་མེད་པ་མ་རེད། འོན་ཀྱང་དེའི་འགན་ཁུར་མ་ཤེས་པའི་གནས་སྟངས་ཆགས་རྒྱུའི་ཉེན་ཁ་འདུག དེར་བརྟེན་ང་ཚོས་ད་ལྟའི་གནས་སྟངས་དེའི་ཐོག་བལྟས་ན་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ཀྱིས་ཡིག་ཐོག་ཏུ་ཞིབ་འཇུག་དང་གནས་ཚུལ་གྱི་རྣམ་པ་ཡིན་ནའང་འདྲ། གང་ལྟར་དེ་དག་དེབ་གཟུགས་སུ་འགོད་ཐུབ་པ་བྱ་རྒྱུ་ཙམ་མ་ཟད། བཤད་ཐུབ་པ་དང་སེམས་ལ་དྲན་ཐུབ་པའི་སྒོ་ནས་ང་ཚོ་མི་རབས་གསར་པ་ཚོས་འདི་ལྟ་བུའི་འགན་ཁུར་ཏེ་འབྱུང་འགྱུར་གྱི་མི་རིགས་ལ་གཞི་རྩ་བཞག་ས་ཞིག་ང་ཚོས་འཚོལ་སྒྲུབ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་རྒྱལ་སྤྱིའི་ནང་ལའང་དེང་སང་གི་བརྒྱུད་ལམ་འདྲ་མིན་མང་དག་ཅིག་ཡོད་པ་དེ་དག་ང་ཚོས་བེད་སྤྱོད་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་སོང་།
བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་(༡༩༤༥ – ༢༠༡༢) ཞེས་པའི་དཔེ་དེབ་འདི་ལ་ཤོག་ངོས་ ༢༣༧ འདུག་ལ། དེབ་འདིའི་ནང་༧གོང་ས་མཆོག་ཐོག་མར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་སྐབས་ཀྱི་གསར་འགོད་གསལ་བསྒྲགས་དང་གསུང་བཤད་གལ་གནད་ཆེ་བ་ཁག་གཉིས་དང་། དེ་བཞིན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་༼ ལྔ་བཅུའི་དུས་དྲན་ཚོགས་ཆུང་ལ་ཕུལ་བའི་སྙན་ཞུ༽ བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཀྱི་དགོངས་ཚུལ་ ༼ བོད་མིའི་བསམ་བློ་གཅིག་མཐུན་གྱིས་རྒྱལ་སྤྱིའི་ཁྲིམས་ཐོག་གི་ཐོབ་ཐང་རྩོད་དགོས། ༽ཞེས་པ། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་གྱི་དགོངས་ཚུལ་༼ བོད་པའི་གཞུང་ནུས་པ་ལྡན་པ་ཞིག་བོད་པས་བྱེད་དགོས༽ཞེས་པ། ད་ལྟའི་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་བྲིས་པའི་༼འབར་བཞིན་པའི་བོད་ནང་གི་མེ་ལྕེ ༽སོགས་རྩོམ་པ་པོ་དང་། ཆབ་སྲིད་ཉམས་ཞིབ་པ་བཅས་ཀྱི་རྩོམ་ཡིག་ ༢༡ ལས་གྲུབ་འདུག་ལ། དཔེ་དེབ་འདི་རིན་མེད་ཐོག་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

གསར་འགྱུར།

Post navigation

Previous Post: ཨ་མདོའི་རྡུང་ལེན་འགྲན་ཚོགས་ཆེན་མོ་བསྡུ་བའི་གསལ་བརྡ།
Next Post: གནམ་ལོ་གསར་བའི་ལག་རྟགས།

Comments (7) on “བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཀྱི་རྩོམ་དེབ་དབུ་འབྱེད།”

  1. ལྕགས་འགོར says:
    2012-02-21 at 12:05 pm

    ད་དུང་བཟང་ངན་གྱི་དབྱེ་བ་བཤད་མི་ཤེས་མོད། གང་ལྟར་མེད་པ་ལས་ཡོད་ན་ལོས་བཟང་། ཁ་ནང་འཁོར་ནས་རང་བཟང་རོགས་ངན་རྐྱང་རྐྱང་བཤད་བསྡད་ན་དགེ་མཚན་ཅི་ཡང་མེད་པའི་ཁོང་གཉིས་ཐུགས་རྗེ་ཞུས་ན་འདོད།

  2. ཆིག་སྒྲིལ་པ། says:
    2012-02-21 at 12:10 pm

    རྩོམ་སྒྲིག་པ་གཉིས་ལ་ཐུགས་རྗེ་བླ་མེད་ཆེ་ཞེས་ཞུ་འདོད་བྱུང་། གང་ཡིན་ཞེ་ན་ང་ཚོའི་སྤྱི་ཚོགས་ནང་འགོ་འབྲུག་འདྲ་བ་ཞིག་བཤད་ནས་འཇུག་སྤྲུལ་ནང་བཞིན་བྱས་ནས་བཞག་མཁན་མང་དྲགས་པས་ཡིན།

  3. བྱ་ཁྲ་བསོད་ནམས། says:
    2012-02-21 at 1:22 pm

    རྩོམ་པ་པོ་གཉིས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ལགས་ཞེས་ན། དེང་སང་ཁས་རྒྱབ་ལ་བཤད་ཙམ་ལས་རྒྱ་དམར་ལ་ཁ་གཏད་དུ་མདུན་ལ་དོན་ནས་འཆད་མཁན་ཤིན་ཏུ་དཀོན།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-21 at 2:01 pm

    ཐུབ་ན་རྩོམ་དེབ་དེ་ཡི་དཀར་ཆག་ཞིག་འདིར་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ན་བཞུགས་པའི་སྤུན་ཟླ། དེབ་དེ་ཀློག་མི་ཐུབ་མཁན་དག་ལ་ཕན་ངེས་རེད། གང་ལྟར། དེབ་དེ་འདྲ་ཞིག་མི་རིགས་ཀྱི་དབའ་རྒོད་དག་གི་ཤུལ་རྗེས་ལ་རྗེས་དྲན་དང་རྗེས་རབས་པ་དག་ལ་དྲན་སྐུལ་དུ་དཔར་དུ་བསྐྲུན་པ་དེར་དགའ་བསུ་ཡོད།

  5. མིའུ་ཕྲུག says:
    2012-02-21 at 5:35 pm

    འཇིགས་བྲལ་ཟེར་བ་སུ་ཡིན་པ་མི་ཤེས་མོད། གང་ལྟར་ལས་དོན་ཞིག་ལེགས་འགྲུབ་ཡོང་བར་དགའ་བསུ་ཡོད། ཁ་ཤས་ཤིག་རང་ཉིད་ལ་ལས་དོན་ཏིལ་འབྲུ་ཙམ་གྱི་ལག་རྗེས་མེད་ཀྱང་མི་གཞན་ལ་ཁ་བཤད་ཁོ་ན་བྱེད་མཁན་དག་དང་ཅི་ལ་འདྲ། དཔེར་ན་ཆབ་སྐྱེས་ཟེར་བའི་མི་འདིས་རང་ཉིད་ཀྱིས་བརྗོད་པ་ཁ་ཤས་བྲིས་པ་རྣམས་དག་སྡེབ་ཀྱི་སྦྱོར་བ་ཤིན་ཏུ་ཞན་ཡང་ད་དུང་གཞན་གྱི་རྩོམ་ཡིག་ལ་ཚོད་འཛིན་བྱེད་བཞིན་པ་ཆབ་སྐྱེས་དང་འདྲ་བ་སྟོང་ཕྲག་ཁ་ཤས་ཀྱིས་མཚོན་དུ་མེད།

  6. བློ་བཟང་གྲགས་པ says:
    2012-02-21 at 10:16 pm

    ཐོག་མར་གྲོགས་པོ་འཇིགས་བྲལ་དང་བཀྲ་ཤེས་བདེ་ལེགས་གཉིས་ལ་ལོ་གསར་བཟང་ཞེས་ཞུ་རྒྱུ་དང་། ད་ཐེངས་ཁྱེད་གཉིས་ཀྱིས་རང་འགན་རང་ཁུར་ཐོག་དེབ་འདི་རྩོམ་སྒྲིག་བྱས་པ་དང་། དེ་ཡང་སྤྱི་དོན་གཙོ་དམིགས་ཀྱིས་བྱ་བ་དེ་བསྒྲུབས་པས་ན། དངོས་གནས་རྗེས་སུ་ཡི་རངས་དང་དགའ་བསུ་ཞུ་འོས། ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མུ་མཐུད་དུ་བསམ་མེད་ཀྱི་སྐྱེ་བོ་འགའི་སྐད་ཆ་ལ་མ་ལྟོས་པར་འདི་ལྟ་བུའི་ལས་ལ་གང་མང་འཇུག་རོགས་ཞུ།

  7. tenzinpema says:
    2012-02-22 at 7:43 am

    གཞོན་སྐྱེས་རྩོམ་པ་པོ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིག་པ་བཞིན་ མི་མཐུད་དུ་ཤུགས་རྒྱབ་རོགས་་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme