Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །སྤྱི་འཐུས་ཤིག་གི་ཚད་གཞི།

Posted on 2008-07-162008-07-17 By དབང་ཕྱུག་ 1 Comment on ༄༅། །སྤྱི་འཐུས་ཤིག་གི་ཚད་གཞི།

ཆབ་བྲག་ལྷ ་མོ་སྐྱབས།

ང་རང་ཉེ་དུས་སྤྱི་འཐུས་སུ་སླེབས་སྐབས་དེ་ཙམ་གྱིས་དགའ་སྤོབས་དང་ཡང་ན་བློ་འཚུབ་ཀྱང་ཆེར་མ་བྱུང་མོད། ¿བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དབང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ¿ཞེས་སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའ་འབུལ་སྐབས་གློ་བུར་དུ་བློ་འཚབ་ཅིག་བྱུང་ཡང་རིམ་པས་རང་སེམས་རང་གིས་བསྐུལ་ནས་སྤོབས་པ་བསྐྱེད་པ་ཡིན། དེ་ནས་སྔ་རྗེས་ཀྱི་གྲོས་ཚོགས་ཐེངས་གཉིས་ལ་ཞུགས་པའི་མྱོང་ཚོར་གྱིས་བློ་འཚབ་དེ་ཅུང་འཇགས་པར་གྱུར། རིམ་བཞིན་བློ་འཚབ་དེ་སླར་ཡང་ཆེ་རུ་འགྱུར་བཞིན་འདུག ད་ལྟའིབློ་འཚབ་དེ་ནི་ང་རང་གཅིག་པུའི་ཐོག་གི་མ་འདང་བའི་བློ་འཚབ་དེ་མིན་པར་སྤྱི་འཐུས་ཕྱག་རོགས་མི་ཉུང་བ་ཞིག་གི་ཞན་ཆ་མཐོང་བའི་སྤྱི་འདུས་ཀྱི་བློ་འཚབ་ཞིག་ཡིན། དེ་བས་བདག་གིས་སྤྱི་འཐུས་གསར་འདེམས་ལ་ཉེ་བའི་སྐབས་འདིར་མི་དམངས་ཀྱིས་ངེས་པར་ཚོད་ཐིག་དགོས་པའི་སྤྱི་འཐུས་ཤིག་གི་འོས་ཆོས་སམ་ཚད་གཞི་གཙོ་བོ་འགའ་གླེང་ན་འདོད།
འདིའི་སྐོར་ལ་བསམ་ཚུལ་མི་འདྲ་བ་མང་ཡང༌། མདོར་བསྡུས་ན་གསུམ་སྟེ། དང་པོ་ནི། བཅའ་ཁྲིམས་ནང་བཏོན་པའི་སྤྱི་འཐུས་སུ་འགྲོ་ཆོག་པའི་མ་མཐའྀ་ཆ་རྐྱེན་དག་དང༌། གཉིས་པ་ནི། སྤྱི་འཐུས་ཀྱི་དམ་བཅའ་བརྩི་སྲུང་བྱ་ཐུབ་མཁན། གསུམ་པ་ནི། ཤེས་འཇོན་གྱི་ཚད་གཞི་བཅས་ཡིན། དང་པོ་ནི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པས་ངེས་པར་ཚང་དགོས་པ་བཤད་ག་ལ་དགོས།
གཉིས་པ་སྤྱི་འཐུས་ཀྱི་དམ་བཅའི་ཚིག་བརྗོད་ནང༌། ¿རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུ།ུ¿ཞེས་པ་སྟེ། གཅིག་ནས་ཁོའི་རྒྱུན་ལྡན་གྱི་མི་ཚེ་སྐྱེལ་སྟངས་ཆ་ནས་རང་དོན་ཧམ་སེམས་མེད་པའམ་མི་ཆེ་བ་དང༌། གཉིས་ནས་རང་སྡེའམ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་ཕྱོགས་ཞེན་མེད་པའམ་མི་ཆེ་བ། གསུམ་ནས་མི་དམངས་ཀྱི་ཆེད་དུ་བཤད་ཕོད་ལ་སྒྲུབ་ཀྱང་ཕོད་པའི་འཇིགས་པ་མེད་ལ་དཀའ་ངལ་གང་ལའང་མགོ་མི་སྒུར་བའི་ཞུམ་མེད་སྙིང་སྟོབས་ལྡན་པ། བཞི་ནས་དགའ་ཉེ་སོགས་ལ་ཆགས་པའི་ཕྱོགས་ཞེན་དང༌། རྒྱུ་དང་དབང་ལ་ཆེས་ཆེར་ཆགས་ཏེ་ཐ་ན་རྒྱལ་འཚོང་པའང་བྱེད་སྲིད་པ་ལྟ་བུའི་རིགས་མ་ཡིན་པ། ལྔ་ནས་རང་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་འཁོན་སེམས་འཆང་བ་དང༌། ཐ་ན་གྲོས་ཚོགས་ནང་ནས་ཀྱང་ཕན་ཚུན་བར་ལ་ངར་ངར་རྫིག་རྫིག་གི་དཔའ་གཏམ་བཤད་པའི་རླུང་ཁམས་ཅན་མ་ཡིན་པ། དྲུག་ནས་དངོས་ཐོག་བདེན་འཚོལ་གྱི་དྲང་བདེན་སྐྱོང་བ། བདུན་ནས་མི་དམངས་དང་རྒྱལ་ཁབ་ལ་བློ་དཀར་ལྷག་བསམ་ཆེ་བ། བརྒྱད་ནས་ནམ་རྒྱུན་སྤྱི་ཚོགས་ལ་རང་ནུས་གང་ཡོད་འདོན་ཐུབ་པ་སྟེ། མདོར་ན། བཅའ་ཁྲིམས་རིན་པོ་ཆེར་བརྩི་སྲུང་འགལ་མེད་ཐོག་སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་ལ་བློ་དཀར་གཞུངས་དྲང་གིས་སྒྲུབ་མཁན་ཞིག་ཡིན་དགོས། གལ་ཏེ་ཁྱད་ཆོས་དེ་དག་གི་གང་རུང་ཞིག་མ་ཚང་ནའང་སྤྱི་འཐུས་མཚན་ཉིད་པར་འགྱུར་དཀའ་སྟེ། རང་གི་ཁས་ལེན་གཙང་མའམ་མཆོག་གསུམ་དཔང་བཙུགས་ཀྱི་རྩ་བའི་དམ་བཅའ་དང་མ་མཐུན་པའམ། ཡང་ན་འགལ་བའི་ཉེས་པའང་ཡོད་པས་སོ།
གསུམ་པ་ཤེས་ཚད་དང་འཇོན་ཐང་གི་འོས་ཆོས་ཀྱང་ཤིན་ཏུ་གལ་ཆེ། དེ་ཡང་ཤེས་ཚད་ཅེས་པ་ནི་མཐོ་སློབ་སོགས་ཀྱི་ལག་འཁྱེར་ཡོད་པ་ཙམ་ཞིག་ལ་གོ་མི་འོས་ལ། སྙན་དངགས་པའམ་རྩོམ་པ་པོ་ཞིག་ཡིན་དགོས་པའི་ངེས་པ་དེ་བས་ཀྱང་མེད། དེ་ནི་དཔེ་དེབ་ལས་ཀྱང་སྤྱི་ཚོགས་ལ་ཆ་རྒྱུས་ཆེ་བ་དང༌། ཆོས་ཀྱི་བློ་སྦྱོང་ལས་ཀྱང་ཆབ་སྲིད་བསམ་བློའི་གོ་རྟོགས་མཐོ་བ་གལ་ཆེ་བས། སློབ་སྦྱོང་དང་སྤྱི་ཚོགས་ཀྱི་ལག་ལེན་ཟུང་འབྲེལ་གྱིས་བསམ་བློ་ཡོངས་སུ་སྨིན་པའི་ཤེས་ཚད་ཅིག་ངེས་པར་མཁོ། འཇོན་ཐང་ཞེས་པ་ཡང་ངེས་པར་བྱ་བའི་ཉམས་མྱོང་དང་གྲུབ་འབྲས་ཀྱིས་ཚད་གཞི་བྱེད་དགོས་པ་ཞིག་སྟེ། དོན་དམ་གྱི་འཇོན་ཐང་ཟེར་བ་དེ་ནི་མདོར་ན་བྱས་རྗེས་ཀྱི་ཆེ་ཆུང་ཞིག་ལ་ངོས་འཛིན་འོས་པས་སོ། དེས་ན་སྤྱི་ཚོགས་ཀྱི་ལས་ཀ་ཅི་རིགས་ཁྲོད་ཉུང་མཐར་ཡང་ལོ་བཅུ་ཙམ་ལ་ཞབས་ཞུ་སྒྲུབ་མྱོང་མཁན་ཞིག་མིན་ན་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་ཀྱང་ཡོད་དཀའ། དེ་བས་ན་སློབ་ཐོན་གྱི་ཤེས་ཚད་མཐོ་ཡང་ལག་ལེན་གྱི་ཉམས་མྱོང་དང་བྱ་བའི་གྲུབ་འབྲས་སྟོན་རྒྱུ་མེད་པའི་རིགས་ནི་ད་དུང་སྤྱི་འཐུས་ཀྱི་ཚད་གཞིར་སླེབས་མེད་དེ། སྤྱི་འཐུས་གྲོས་ཚོགས་ནི་ཚོད་ལྟའམ་སྦྱོང་བརྡར་སྤྲོད་ས་ལྟ་བུ་ཞིག་བྱེད་མི་རུང་ངོ༌། ཡང་སྤྱི་འཐུས་སུ་སླེབས་ཟིན་པ་གང་ཞིག་ལ་རེ་བ་ཡོད་མཁན་ཞིག་ཡིན་ན་མུ་མཐུད་སྡོད་རྒྱུ་ཡང་གལ་ཆེ་བས། སྤྱི་འཐུས་རྙིང་པ་མང་ཙམ་དང་གསར་བ་ཉུང་ཙམ་གདམ་རྒྱུ་དེ་ཡང་ལས་དོན་ཐོག་གནད་འགག་ཅིག་ཆགས་ཡོད་ཚུལ་ཤེས་དགོས།
གོང་གི་ཚད་གཞི་དེ་དག་གིས་རང་ཉིད་ལ་གཅིག་བལྟས་ན། བདག་ལྟ་བུ་ནི་རང་དོན་ཕྱོགས་ཞེན་མི་ཆེ་བ་ཙམ་ལས་མེད་པ་ཞིག་མིན་ལ། འཇིགས་ཞུམ་ཆགས་སྡང་ཡང་ཆུང་བའམ་ཉུང་བ་ཙམ་ལས་མེད་པ་ཞིག་གཏན་ནས་མིན། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་དྲང་བདེན་ཟོལ་མེད་ཀྱིས་སྤྱི་འཐུས་ཤིག་གི་འོས་འགན་སྒྲུབ་རྒྱུའི་ལས་ཁུར་དག་ལ་འབད་པས་ཞུགས་ཐུབ་ཙམ་ཞིག་ལས་གཞན་ཤེས་ཚད་དང་ལྷག་པར་འཇོན་ཐང་གི་འོས་ཆོས་ཞན་པས་སྤྱི་འཐུས་ཚད་ལྡན་ཞིག་ཅིས་ཀྱང་འོང་དཀའ་བ་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པའི་མཐོང་ཆོས་ཡིན་པའང་རྒྱ་ཆེ་བའི་མི་དམངས་ཀྱ

གསར་འགྱུར།, སྣ་ཚོགས།

Post navigation

Previous Post: ༄༅། །རྒྱ་མི་སྔོན་འགོག་བྱེད་རྒྱུ་ནི་བོད་མི་རིགས་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་ཞིག་ཡིན།
Next Post: སྡེ་སྣོད་གསུམ་འཛིན་གྱི་རྒྱའི་སློབ་དཔོན་ཆེན་པོ་ཐང་ཤོན་ཙུང་གི་རྣམ་ཐར།

Comments (1) on “༄༅། །སྤྱི་འཐུས་ཤིག་གི་ཚད་གཞི།”

  1. སྤོབས་པ། says:
    2008-07-17 at 9:06 am

    རྩོམ་འདིའི་མཇུག་ཆད་སོང་བ་འདྲ།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme