Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་སི་ཨན་ཇི་ལེ་སུ་(Los Angeles) རུ་ལྒང་ཕུག་གི་འཕྲད་དར་གནམ་ལ་སྤུར་ཏེ་ཞིས་ཅིན་ཕིན་ལ་ངོ་རྒོལ་བྱས་པ།

Posted on 2012-02-192012-02-19 By ཁ་བརྡ་ 9 Comments on ལོ་སི་ཨན་ཇི་ལེ་སུ་(Los Angeles) རུ་ལྒང་ཕུག་གི་འཕྲད་དར་གནམ་ལ་སྤུར་ཏེ་ཞིས་ཅིན་ཕིན་ལ་ངོ་རྒོལ་བྱས་པ།


དེ་རིང་བོད་དོན་ལས་འགུལ་བ་སྐོར་ཞིག་གིས་ཁེ་ལི་ཧྥོར་ནི་ཡ་མངའ་སྡེའི་སྤྱི་ཁྱབ་བྷི་རོང་དང་ཨ་རིའི་གཞུང་ཞབས་དག་གིས་རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་ལ་ཐུག་འཕྲད་བྱེད་སའི་ཨན་ཇི་ལོའི་མེ་རོའོ་ཁྲི་གསོལ་མགྲོན་ཁང་གི་ཕྱི་ལོག་ཏུ་ཚོན་བཞི་བཅུ་ཅན་གྱི་འཕྲད་དར་ཐོག་ཏུ་ཞིན་ཅིན་ཕིན། བོད་ལ་རང་དབང་ཐོབ་ངེས་རེད་ཅེས་བཀོད་པ་ཞིག་གནམ་ལ་སྤུར་བ་དང་། འཕྲད་དར་དེ་ལྒང་ཕུག་ཆེན་པོ་གཉིས་ཀྱིས་གསོལ་མགྲོན་ཁང་གི་ཐོག་བརྩེགས་ལྔ་ནས་ཐུར་དུ་དཔྱངས་ཏེ་རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད་ཀྱི་ཉིན་གཉིས་རིང་ལྟ་སྐོར་བྱེད་ཡུལ་དེར་བོད་རང་དབང་གི་ཁ་གཡང་མངོན་གསལ་དུ་བསྒྲགས་ལ། ལས་འགུལ་བ་དག་གིས་དགོང་མོ་དེར་ཞིན་ཅིན་ཕིན་གྱིས་ལེ་ཁིར་སའི་རྩེད་འགྲན་ལ་བལྟ་སའི་རྐང་འཛིན་སྡེ་ཁག་གི་ཕྱི་ལོག་ཏུའང་ལས་འགུལ་གོ་བསྒྲིགས་བྱས་ཡོད།

རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད་ཞིན་ཅིན་ཕིན་གྱིས་ལེ་ཁིར་སིའི་རྩེད་འགྲན་ལ་ལྟ་བའི་སྐབས་སུའང་བོད་པ་ཚོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་དང་རང་དབང་གི་འབོད་སྒྲ་སྒྲོག་གིན་ཡོད་ཅེས་བྱང་ཁེ་ལིའི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་སོན་རྩེ་ཡིས་བརྗོད་བྱུང་ལ། རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་པ་ནི་རྩེད་འགྲན་ཞིག་མིན་ལ། དེ་ནི་དོན་དངོས་ཤིག་ཡིན། དེ་ནི་འཇིགས་སུ་རུང་བ་ཞིག་ཡིན། ང་ཚོའི་ཁྲིམས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་ངེས་བར་དུ་གདུང་ཤུགས་དྲག་པོས་ངོ་རྒོལ་བྱེད་དགོས་ཀྱང་ཟེར།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིན་ཅིན་ཕིན་གྱི་ལོ་སུ་ ཨན་ཇི་ལོ་ལ་ལྟ་སྐོར་དེའང་བོད་ཤར་ཕྱོགས་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་སེངྒེ་ཞང་དུ་ཞོགས་པའི་ས་གནས་དུས་ཚོད་དྲུག་པ་ཙམ་ལ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་པའི་གསར་འགྱུར་ཐོན་པའི་སྐབས་སུ་བྱུང་ཡོད་ལ། སྤྱི་ལོ་ཉིས་སྟོང་དགུ་ནས་ཉིས་སྟོང་བཅུ་གཉིས་བར་བོད་མི་ཉེར་ལྔས་རང་ལུས་མེར་བསྲེགས་བཏང་པ་ཐོ་གཞུང་དུ་བཀོད་ཅིང་། སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དང་པོ་ནས་རྒྱ་ནག་གི་དམ་དྲག་ལ་སྔར་བྱུང་མ་མྱོང་བའི་ངོ་རྒོལ་རྣམ་འགྱུར་སྟོན་བཞིན་པ་རེད།

ལས་འགུལ་འདི་ནི་ལྷོ་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། སན་ཧྥི་རན་སི་སུ་ཁོ་ཡའི་བོད་རུ་ཁག སན་ཧྥི་རན་སི་སུ་ཁོ་ཡའི་ས་གནས་གཞོན་ནུ་རུ་ཁག བྱང་ཁེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ། committee of 100 for Tibet བྷེ་ས་གནས་བོད་ཀྱི་གྲོགས་པོ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་སྦྲེལ་གྱིས་སྤེལ་བ་ཞིག་ཡིན་འདུག།

གསར་འགྱུར།

Post navigation

Previous Post: བོད་ཀྱི་སྐད་ཡིག་སྐོར་ལ་དཔྱད་གླེང་སྒྲོན་མེ།
Next Post: སྲིད་པ་ཆགས་གླུ་སོགས་ནི་གདོད་མའི་སྙན་ངག་ཡིན་ནམ།

Comments (9) on “ལོ་སི་ཨན་ཇི་ལེ་སུ་(Los Angeles) རུ་ལྒང་ཕུག་གི་འཕྲད་དར་གནམ་ལ་སྤུར་ཏེ་ཞིས་ཅིན་ཕིན་ལ་ངོ་རྒོལ་བྱས་པ།”

  1. ལྕགས་འགོར says:
    2012-02-19 at 9:01 pm

    ལས་འགུལ་སྤེལ་དང་བཟང་གི་ཐུགས་རྗེ་ཆེ།

  2. ཞལ་ལུ་དཀར་པོ says:
    2012-02-19 at 9:55 pm

    དེ་ལྟ་བུའི་ལས་འགུལ་སྤེལ་བ་ནི་དོན་དངོས་ཀྱི་ཞི་བའི་འཐབ་རྩོད་ནང་ནས་མི་མང་གིས་དོ་སྣང་ཆེ་ཤོས་གྲས་སུ་འགྲོ་བར་ངེས་པས་ཅུང་ཟད་བཟང་བའི་ཚད་དུ་སྣང་།
    དགོས་ངེས་ཤིག་ལ་བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུར་དེ་ལྟར་ནུས་ན་་སྐྱ་རེངས་འཆར་བ་དང་མཉམ་སྐུད་པ་ཕྲ་མོས་ས་ལ་བཏགས་ནས་མེ་ཏོག་ལྡུམ་རྭའི་གླིང་ཁར་འགྲེམ་སྤེལ་བྱེད་ཐུབ་པ་ཞིག་བྱུང་ཚེ་་དེ་ལས་ཀྱང་བཟང་།
    ལར་ངས་ཞོར་འཕྲོས་ཤིག་ལ་དྲྭ་གྲོགས་ཁྱེད་ཅག་དང་འབྲེལ་འདྲིས་ཟབ་པའི་སྤུན་གྲོགས་སུ་ཞིག་སྐུ་ལུས་མེ་རུ་སྒྲོན་པའི་ཐུགས་སྤོབས་ལྡན་ན།
    བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནས་ཞུགས་འབུལ་གནང་རོགས་མཛོད་ཅེས་ངེས་པར་བསྐུལ་མ་ཐོངས།
    དེ་ཡིན་ན་ཤི་བ་རླབས་ཆེ་ཞིང་། བྱས་པ་གཟི་བརྗིད་ཆེ། དེ་མིན་ས་ཁུག་དང་ལུང་ཁུག་ན་མེ་ལ་སྒྲོན་ནའང་ཕལ་མོ་ཆེས་མི་ཤེས་བར་འདུག་པས་སོ།

  3. རྡ་སའི་གླུ་བ། says:
    2012-02-20 at 1:12 am

    རང་རེ་ཕྱི་ལོག་གི་བོད་པ་ཚོས་རྒྱ་གཞུང་གི་དཔོན་རིགས་སུ་འདྲ་ཞིག་ཕྱིའི་རྒྱལ་ཁབ་ཁག་ཏུ་སླེབས་པ་ཡིན་ན། དེ་དུས་ཡིན་གཅིག་གིས་ངོ་རྒོལ་བྱ་རྒྱུ་དེ་དཔེ་གལ་ཆེན་རེད། ངོ་རྒོལ་རྒྱལ་གྱི་རྣམ་པ་ཡང་འདྲ་མིན་གྱི་ལམ་ནས་བྱེད་རྒྱུ་དེ་བས་ཀྱང་གལ་ཆེན་རེད། ཕར་ཕྱོགས་དེ་ལ་གནོད་མིན་ཅི་ལྟར་ཡང་རང་ཕྱོགས་ཀྱི་སེམས་སྡུག་ཕྱི་རོལ་དུ་བཏོན་པ་དང་། རྣམ་འགྱུར་ཞིག་བསྟན་དགོས་པ་ཡང་གལ་ཆེན་རེད། རྒྱལ་སོ་སོའི་གཞུང་འཛིན་དཔོན་རིགས་ཚོར་བོད་ནང་གི་དངོས་ཡོད་གནས་ཚུལ་ངོ་སྤྲོད་སྙན་ཞུ་རེ་ཕུལ་ཐུབ་པ་དགོས། འདི་དག་ཀྱང་ལས་འགུལ་མི་ཐུབ་པ་མེད་པའི་འགུལ་བསྐྱོད་ཚོད་དང་མཐུན་པ་ཞིག་རེད་བསམ།་

  4. བོད་ལ་ཞེན། says:
    2012-02-20 at 2:31 am

    རེད། གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱིས་བསམ་བློ་གཏོང་བ་དང་གྲོས་བསྡུར་བྱེད་པ་སོགས་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་ཚན་རིག་དང་མཐུན་པ། དུས་རབས་དང་མཐུན་པ་རྣམ་པ་འདྲ་མིན་སྤེལ་དགོས་པ་གལ་ཆེན་པོ་རེད། མདོར་ན་གསར་འགྱུར་བརྒྱུད་ལམ་གྱི་མགོ་བརྗོད་དང་པོ་བོད་དོན་གྱིས་ཁྱབ་པ་ཞིག་བཟོ་ཐུབ་དགོས།

  5. ཨ་རུ་ར། says:
    2012-02-20 at 2:34 am

    ཞལ་ལུ་དཀར་པོ་ལགས། ཁྱེད་རང་གི་བཤད་པ་བདེན་པ་རེད། ད་ཁྱེད་རང་བོད་ཀྱི་རྒྱལ་ས་ལྷ་སར་སོང་ནི་མེར་བསྲེག་གཏོང་རོགས། དེ་མིན་སོ་སོའི་གང་ཡང་བྱེད་རྒྱུ་མེད་པར་ཅིག་བྱེད་དགོས་ནི་རེད་ཅེས་སྟོང་གཏམ་བཤད་ན་ནུས་མེད་རེད།

  6. ཞལ་ལུ་དཀར་པོ says:
    2012-02-20 at 4:00 am

    ཨ་རུ་ར་ལགས།
    ཡང་ཨ་རུ་ར་སོང་བས། ངས་བཤད་པའི་སྐད་ཆའི་ཟུརཙམ་ལས་མི་གོ་བར་ང་ལ་བཀའ་བསྐྱོན་མི་བཏང་ནས་གོ་བ་ལོན་རྗེས་བཀའ་བསྐྱོན་གཏོང་ན་འགྲིག་པ། ངའི་སྐད་ཆའི་རྒྱབ་མདུན་གང་ལ་ཡང་ང་ཚོ་སུ་གཅིག་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་ནས་མེ་ལ་བསྲེག་དགོས་ཀྱི་རེད་ཅེས་བཤད་མེད་ལ་ཤོད་མི་ཤེས་མོད།
    འོན་ཀྱང་མེ་ལ་བསྲེག་ནུས་ཤིང་ཐུགས་ཐག་ཆོད་པའི་བུ་རྒོད་རེ་ཡོད་ན་ཁྱེད་ཉིད་ས་ཁུག་དང་ལུང་ཁུག་ལ་འཆི་ནའང་འཆི་བ་རེད་ལ་རྒྱལ་ས་ལྷ་སར་འཆི་ནའང་འཆི་བ་རེད། སྲོག་ཆད་པ་ལ་་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་ཀྱང་འཆི་ཚུལ་ལ་གཟི་བརྗིད་དང་། ཕན་ནུས་གནམ་ས་ལྟ་བུའི་ཁྱད་པར་ཡོད་པས། དེས་ན་ལྷ་སའི་བར་སྐོར་ནང་ལ་ཕེབས་ནས་བོད་མི་རིགས་ཀྱི་་བདེ་དོན་དུ་གཅེས་པའི་ལུས་སྲོག་མཆོད་མེ་རུ་ཕུལ་ན། ཤི་བ་རླབས་ཆེ་ཞིང་། བྱས་པ་གཟི་བརྗིད་ཆེ། ཞེས་སྨོས་པ་ཡིན།
    དེ་ལས་གཞན་ཨ་རུ་ར་ཁྱོད་རང་སོང་ནས་མེ་ལ་བསྲེག་ཤོག་ཟེར་བ་མིན། སེམས་ཁྲལ་མ་བྱེད་དང་། གལ་ཏེ་དེ་འདྲ་ཞིག་ལབ་ན་དེ་མ་ཐག་ནས་སྐྲག་སྣང་གིས་བརྒྱལ་འགྲོ་བ་འདྲ་བོ་འདུག སྐད་ཆ་ཐེབ་ཆག་དེ་འདྲ་བཤད་མཁན་ཞིག་ལ་ཡ་ལན་ཙམ་ཡང་སྤྲོད་འདོད་མེད་ཀྱང་།
    རྒྱུད་ཉི་ཟླ་ཁ་སྦྱོར་ལས།
    ལོ་རྒྱུས་དོན་གྱིས་མ་བཤད་ན།
    ཡིད་མི་ཆེས་པའི་སྐྱོན་དུ་འགྱུར།
    གསུང་བ་ལྟར་བྱས་པ་ཡིན་ནོ།

  7. ཨ་རུ་ར། says:
    2012-02-20 at 7:41 am

    ཞལ་ལུ་དཀར་པོ་ལགས། བཀའ་བསྐྱོན་བཏང་བ་དེ་འདྲ་རྩ་བ་ཉིད་ནས་མིན། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་མངོན་འདོད་དེ་བོད་མི་ས་ཡ་དྲུག་དང་། སོ་སོའི་གནས་ཡུལ་དེ་བོད་ཡུལ་ཡིན་པ་ལས་རྒྱ་ཡུལ་མིན་པ་དང་།བོད་ས་ཡོངས་ལ་རང་དབང་མེད་པའི་གནས་སྟངས་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།
    མོའོ་ཡི་ཚིགས་དུམ་དེ་(ཤི་བ་རླབས་ཆེ་ཞིང་། བྱས་པ་གཟི་བརྗིད་ཆེ།)གང་སར་སྦྱར་ན་མཛེས་བོ་མི་འདུག་ལགས།

  8. སྐལ་བཟང་ཉི་མ། says:
    2012-02-20 at 8:56 am

    དྲ་གྲོགས་ཞལ་ལུ་དཀར་པོ་དང་ཨ་རུ་ར་གཉིས་ཀས་བསམ་ཚུལ་འདོན་བཞིན་པར་སྙིང་ནས་དགའ། འོན་ཀྱང་ཕན་ཚུན་ལ་བརྩི་བཀུར་ཡོད་དགོས་པ་ནི་བསམ་ཚུལ་བརྗོད་མཁན་ཞིག་གི་མ་མཐའི་ཚད་གཞི་ཡིན་པ་དེའང་ང་ཚོས་ཅིས་ཀྱང་ངེས་དགོས་པས། ཕན་ཚུན་གྱིས་བསམ་ཚུལ་འདོན་པར་བརྩི་བཀུར་བྱ་རོགས། ད་ཁྱེད་རང་བོད་ཀྱི་རྒྱལ་ས་ལྷ་སར་སོང་ནི་མེར་བསྲེག་གཏོང་རོགས། དེ་མིན་སོ་སོའི་གང་ཡང་བྱེད་རྒྱུ་མེད་པར་ཅིག་བྱེད་དགོས་ནི་རེད་ཅེས་སྟོང་གཏམ་བཤད་ན་ནུས་མེད་རེད། ཅེས་པ་དང་། དེ་ལས་གཞན་ཨ་རུ་ར་ཁྱོད་རང་སོང་ནས་མེ་ལ་བསྲེག་ཤོག་ཟེར་བ་མིན། སེམས་ཁྲལ་མ་བྱེད་དང་། གལ་ཏེ་དེ་འདྲ་ཞིག་ལབ་ན་དེ་མ་ཐག་ནས་སྐྲག་སྣང་གིས་བརྒྱལ་འགྲོ་བ་འདྲ་བོ་འདུག སྐད་ཆ་ཐེབ་ཆག་དེ་འདྲ་བཤད་མཁན་ཞིག་ལ་ཡ་ལན་ཙམ་ཡང་སྤྲོད་འདོད་མེད་ཀྱང་། ཞེས་པ་ལྟ་བུ་དག་ནི་གནས་ཚུལ་དང་འབྲེལ་ཡོད་ཀྱི་སྐད་ཆ་མ་རེད། བྱས་ཙང་སྐད་ཆ་འདི་དག་གིས་ཁྱོད་གཉིས་ཀྱི་བསམ་ཚུལ་དོན་སྙིང་ལྡན་པ་རེ་བརྗོད་ཡོད་འདི་ཁམས་ཉོག་པར་བྱེད་ཀྱིན་འདུག འདི་ང་ཁྱོད་གཉིས་ཀྱི་བསམ་ཚུལ་ཀློག་མཁན་ཞིག་གི་རེ་སྐུལ་ཡིན། དེ་མིན་ཁྱོད་གཉིས་ཀྱི་གཅིག་གིས་བོད་རྒྱལ་ས་ལྷ་ས་ལྟ་བུའི་གནད་ས་ཅིག་དང་གཅིག་གིས་བོད་ཁམས་ཡོངས་ནས་ངོ་རྒོལ་གྱི་རྣམ་པ་ཐོན་ན་ལེགས་པར་བསམ་ཚུལ་བཏོན་པ་དག་ནི་དངོས་གནས་སྙིང་ལ་འབབ་པ་ཞིག་འདུག ཁྱོད་གཉིས་ཀྱིས་འདི་ལྟ་བུའི་བསམ་ཚུལ་སྙིང་ལ་འབབ་པ་དག་མཐུད་ནས་གསུང་དང་ངས་མུ་མཐུད་ནས་བཀླག་ངེས་ཡིན། བོད་རྒྱལ་ལོ།

  9. ཨ་རུ་ར། says:
    2012-02-20 at 2:15 pm

    རག་ཕྱགས་རྡོར་ལགས། ཁྱེད་རང་ཕེབས་པ་དགའ་བསུ་ཞུ། ཁྱེད་རང་གི་སྨྱུག་མིང་དང་། རྒོད་བྲོ་བའི་ཐུགས་འཕྲེང་གཉིས་བོ་དེ་ཁྱེད་རང་གིས་ཡག་པོ་ཞིག་ཀློག་དང་། སླར་ཡང་ཁྱེད་རང་རྒོད་བྲོ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme