Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདུག་རྩུབ་ཀྱི་སོ་ཁ་ནས་འཁྲུངས་པའི་རང་རྟོགས་རང་ཞེན།

Posted on 2012-02-172012-02-17 By ཁ་བརྡ་ 1 Comment on གདུག་རྩུབ་ཀྱི་སོ་ཁ་ནས་འཁྲུངས་པའི་རང་རྟོགས་རང་ཞེན།

མི་ཞུན། ཝཱར་ཎ་མཐོ་སློབ།

དེ་རིང་ནས་བརྩིས་ཏེ་ལོ་ངོ་བཅོ་ལྔ་ལྷག་གི་ཡར་སྔོན་དུ་ང་རང་མཐོ་འབྲིང་གཉིས་པའི་སློབ་མ་ཡིན་སྐབས་ཀྱི་ཉིན་མོ་ཞིག་ལ་ངེད་ཚོའི་བོད་ཀྱི་སྐད་ཡིག་དགེ་རྒན་གྱིས་འཛིན་གྲྭའི་སློབ་ཕྲུག་ཚོ་ལ་དྲི་བ་གཅིག་དྲིས་སོང་། དྲི་བ་དེ་ནི་ད་ལྟ་ད་དུང་ཡང་ངའི་རྣ་ལམ་དུ་སིང་སིང་གྲགས་ཀྱི་འདུག་ལ་ངའི་དྲན་ངོགས་སུ་གཏན་ནས་ཡལ་ཐབས་མེད་པའི་རི་མོ་བཞིན་འབྱར་ནས་སྡོད་ཀྱི་འདུག དགེ་རྒན་གྱིས་གློ་བུར་དུ་སློབ་ཕྲུག་ཚོ་ལ་”ང་ཚོའི་རྒྱལ་ས་གང་རེད”་ཅེས་དྲིས་སོང་། འཛིན་གྲྭའི་ནང་དུ་སློབ་མ་བཞི་བཅུ་ལྷག་ཡོད་པ་ཚང་མས་མཉམ་གཅིག་ཏུ་ང་ཚོའི་རྒྱལ་ས་པེ་ཅིན་རེད་ཅེས་ལན་བཏབ་པ་ད་དུང་ཡང་ངས་དྲན་པ་སོས་ཀྱི་འདུག དེ་ནས་དགེ་རྒན་གྱིས་དེས་ན་”ང་ཚོ་བོད་ཀྱི་རྒྱལ་ས་གང་རེད་”ཅེས་བསྐྱར་དུ་དྲི་བ་གཅིག་བཀོད་སོང་། ད་ལྟ་བསམས་ན་དེ་ནི་ཧ་ཅང་གི་སྤྱིར་བཏང་བའི་དྲི་བ་གཅིག་རེད། ཁག་པོ་ཁྱོན་ནས་མ་རེད་དེ། སློབ་ཕྲུག་ཚོའི་སྨྲ་བ་ཅི་ཞིག་གིས་བསྡམས་སོང་བ་བཞིན་གྲགས་རྒྱུ་ཅི་ཡང་མི་འདུག ཚང་མ་ཁུ་སིམ་མེར་གྱུར། ཉིན་མོ་དེར་མཐོ་འབྲིང་གཉིས་པའི་སློབ་མ་བཞི་བཅུ་ལྷག་གི་ནང་ནས་དྲི་བ་དེ་ལ་ལན་འདེབས་ཤེས་མཁན་རྐང་གཅིག་ཀྱང་མ་བྱུང་ཐལ། ང་ཚོས་དྲི་བ་དེ་ལ་ལན་བརྒྱག་མ་སྤོབས་པ་མ་རེད་ལ་ལན་བརྒྱག་མ་འདོད་པ་དེ་བས་ཀྱང་མ་རེད། གང་ལྟར། དྲིས་ལན་སུ་གཅིག་གིས་ཀྱང་མ་ཤེས་པ་རེད། རྒྱུ་མཚན་ང་ཚོ་སྐྱེས་པ་ནས་བཟུང་བོད་ཀྱི་རྒྱལ་ས་ཟེར་བ་ཞིག་རྣ་ནང་ལ་རྦད་དེ་གོ་མ་མྱོང་བས་རེད་ལ་ཁ་ནས་བོད་སྐད་བཤད་ཀྱི་ཡོད་པ་ཙམ་ལས་རང་ཉིད་བོད་པ་ཞིག་ཡིན་པ་དང་ལྷག་པར་དུ་བོད་ནི་རྒྱལ་ཁབ་ཅིག་ཡིན་པ་ཡང་རྨང་ནས་ཤེས་ཀི་མེད་པས་རེད། དགེ་རྒན་གྱིས་མགོ་བོ་ཐད་དུ་གཡུག་བཞིན་ང་ཚོ་བོད་ཀྱི་རྒྱལ་ས་ལྷ་ས་རེད་ཅེས་སློབ་མ་ཚོ་ལ་འགྲེལ་བརྗོད་ཐུང་ཐུང་ཞིག་བྱས་སོང་། དེ་ནི་ངའི་མི་ཚེའི་ནང་ལ་ཡང་བོད་ཀྱི་རྒྱལ་ས་ཟེར་བའི་ཐ་སྙད་དེ་ཐོག་མར་གོ་བ་ཡིན་ལ་སྟོད་ཀྱི་ཉི་མ་ལྷ་ས་ནི་ང་ཚོའི་གནས་འཇལ་ཞུ་ས་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་ས་ཡིན་པ་ཡང་དང་པོ་ངོ་ཤེས་པ་ཡིན།

ལྔ་བཅུ་ང་དགུ་ལོའི་ཚུན་ཆད་ནས་བཟུང་བོད་ཀྱི་མི་རབས་རྒན་པ་དག་རིག་གནས་གསར་བརྗེ་ཆེན་མོའི་མནར་གཅོད་དང་གདུག་རྩུབ་ཀྱི་སོ་ཁ་ནས་བཟོད་ཐབས་བྲལ་བའི་ན་ཟུག་གི་གཟེར་བ་ཚད་མེད་དང་བཅས་ཏེ་ལྷ་ཡུལ་ལྟ་བུའི་རང་ཡུལ་གྱི་འཇིག་རྟེན་ལ་འཁྲེང་ཞེན་གྱི་ཕྱིར་མིག་འཕེན་བཞིན་འདས་སོང་བའི་ལོ་མང་པོ་ཞིག་གི་རྗེས་ལ་ལོ་རབས་གསར་བ་དང་སྤྱི་ཚོགས་གསར་བའི་དཔྱིད་དཔལ་གྱི་ཁྲོད་ནས་མི་རབས་གསར་བ་དག་གཅིག་རྗེས་གཉིས་ལ་མཐུད་དེ་རྩྭ་དང་རྩི་ཤིང་བཞིན་སྐྱེས་ནས་ཡོང་བའི་ཁ་མཚམས་སུ་རྒྱ་ནག་གི་རྩ་ཁྲིམས་ཀྱང་དུས་ཀྱི་འཁོར་ལོ་དང་བསྟུན་ནས་ཅུང་ལྷོད་ལ་བབས་ཏེ་བོད་ནང་གི་ས་གཞི་ཐམས་བཅད་ཡར་རྒྱས་ཀྱི་མིང་གིས་ཟིན་པའི་ཕྱི་ཤུན་མིག་ལ་མཛེས་པ་དང་དོན་སྙིང་ཡིད་ལ་གཙེས་པའི་ཁྲ་ཁྲ་ཟང་ཟིང་གིས་རྦད་དེ་བཀབ་ནས་གདའ་བ་དེས་རྒྱལ་སྤྱིའི་དང་བ་འདྲེན་པའི་མགོན་པོ་གང་གི་གསུང་སྐད་ལ་ཁ་གཏད་གཅོག་པར་འབད་ཀྱི་ཡོད་པ་ནི་ད་ལྟ་དང་དེ་རིང་གི་སྐབས་ལ་ཡང་མཐོང་ཆོས་སུ་མངའ་བ་དེ་རེད་མོད། འོན་ཀྱང་། ང་ཚོའི་ཀྲུང་གོ་དང་ང་ཚོའི་མེས་རྒྱལ་གྱི་སློབ་གསོ་དམར་པོའི་ཀློག་དེབ་ཀྱི་ཁྲོད་ན་འདའ་བཞིན་པའི་བོད་ཀྱི་མི་རྒྱུད་གསར་བའི་གཞོན་ནུ་ཕོ་མོ་དག་གི་བསམ་བློའི་མིག་ཟུང་གིས་དྲི་མ་མེད་པའི་བོད་རྒྱུད་གདོང་དམར་ཆེན་མོའི་ལོ་རྒྱུས་ལྟ་ཞོག ཐ་ན་བོད་ཀྱི་རྒྱལ་དར་དང་བོད་ཀྱི་རྒྱལ་གླུ བོད་ཀྱི་རྒྱལ་བོ་དང་བོད་ཀྱི་སྲོལ་རྒྱུན་སོགས་མིག་གིས་མཐོང་རྒྱུ་དང་རྣ་བས་གོ་རྒྱུ་ནི་རྐང་ནས་མི་སྲིད་པ་ཞིག་ཡིན་སྟབས་ལ་བརྟེན་ནས་གོང་གི་དོན་དག་དེ་འདྲ་བྱུང་གི་ཡོད་པ་རེད། དེ་ནི་དངོས་གནས་འཇིགས་སུ་རུང་བའི་ཇུས་ཐབས་ཤིག་སྟེ་ད་ལྟ་དང་དེ་རིང་གི་རྒྱ་ནག་གིས་དྲག་ཆས་སྤྲོས་ཏེ་བོད་མི་དམར་གསོད་གཏོང་གི་ཡོད་པ་ལས་ཀྱང་འཇིགས་སུ་རུང་བ་ཞིག་རེད། གལ་ཏེ་རྒྱ་ནག་གིས་ཁ་སང་དང་དེ་རིང་གི་འདི་ལྟར་བོད་མི་ཡིན་ནོ་ཅོག་གི་སྒང་ལ་དྲག་ཤུགས་ཀྱིས་གཉའ་གནོན་དང་གདུག་རྩུབ་ཀྱི་ལས་གཞི་མ་བརྩམས་ན་ལུས་ཀྱི་ཟུངས་ཁྲག་གཅིག་པའི་བོད་ནང་གི་ངའི་ཕུ་ནུ་སྤུན་ཟླ་ཚོ་དངོས་གནས་འཇིགས་སྐྲག་གི་ཅོང་བརྡ་མེད་པའི་དབེན་ལྗོངས་སུ་ཀྲུང་གོ་དང་མེས་རྒྱལ་ལ་དགའ་བའི་དར་ཆ་དམར་པོ་དེའི་འོག་ནས་ཁུ་སིམ་མེར་གཉིད་ལ་ཡེར་ཏེ་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་གསེང་ལ་འཐིམ་འགྲོ་བའི་ཉེན་ཁ་དེ་ཧ་ཅང་ཧ་ཅང་གི་ཐག་ཉེ་ཞིག་ན་འདུག་ཨང་བསམས་ནས་ང་སྐྱོ་མྱོང་།

དེ་ལྟ་ན་ཡང་། དུས་ཚོད་ཀྱི་མཐུ་ངོགས་སུ་འགྱུར་བཞིན་པའི་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལྟར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གི་ཐད་ལའང་རབ་དང་རིམ་པའི་འགྱུར་བ་སྣ་ཚོགས་པ་ཞིག་ད་བར་དུ་བྱུང་མ་མྱོང་བ་ག་ལ་ཡིན་ཏེ་རྩ་བ་ནས་མ་ཡིན། ཉིས་སྟོང་བརྒྱད་ལོར་རྒྱ་ནག་གིས་དམིགས་བསལ་གྱིས་བོད་རང་གི་ས་ཐོག་ནས་གྲོག་ཚང་ལ་རྡོ་ལོག་འཕང་བ་བཞིན་བོད་མི་རྣམས་ལ་བརྙས་པ་ཚད་མེད་བྱས་པར་བརྟེན་རང་གི་རྒྱལ་ཁབ་དང་རང་གི་མི་རིགས། རང་གི་རང་དབང་དང་རང་གི་ཐོབ་ཐང་གི་ཆེད་ལ་ཚང་མས་མཉམ་གཅིག་ཏུ་གྱེན་ལངས་བྱས་ཡོད་པ་རེད་ལ་ཚང་མ་དུས་གཅིག་ཏུ་ལྡེབས་ལངས་བྱས་ནས་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་དང་བཅས་ཏེ་ངོ་རྒོལ་གྱི་སྐད་འབོད་ལོ་རྒྱུས་ཀྱི་ཐོག་ལ་བྱུང་མ་མྱོང་བ་ཞིག་ཀྱང་བྱས་ཡོད་པ་མ་ཡིན་ནམ།

དུས་དེ་ནས་བཟུང་སྟེ། རིམ་གྱིས་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་རང་དབང་མཐོང་གིན་མེད་པའི་ངའི་ཕུ་ནུ་སྤུན་ཟླ་ཚོའི་མིག་ཟུང་བསྒྲིབས་བྱེད་ཀྱི་ཡོལ་རས་ནག་པོ་དེ་ཡང་རྒྱ་ནག་ཁོ་རང་གི་གདུག་རྩུབ་ཀྱི་ལག་པས་ཕྱིས་སོང་བ་ནི་དངོས་གནས་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་ཏུ་གྱུར་བ་རེད་ཨང་བསམས་ནས་དེ་རིང་ང་དགའ་ཡོད། ངར་ལྕགས་ལྟ་བུའི་བོད་རིགས་གཞོན་སྐྱེས་ཚོའི་བསམ་བློའི་ནང་གི་རབ་རིབ་ཀྱི་བོད་དང་བོད་ཀྱི་རྒྱལ་ཁབ་ཆེན་མོའི་གདོང་རིས་ངོ་མ་དེ་གཞི་ནས་ཁོང་ཚོ་ལ་གསལ་རུ་གྱུར་བ་ནི་རྒྱ་ནག་གི་གདུག་རྩུབ་ལས་བྱུང་བ་ཤ་སྟག་ཡིན་པས་ངས་དེ་ལ་བཀའ་དྲིན་ཆེ་ཞུ་ན་འདོད།

ལག་ལ་འཕྲུལ་མདའ་ཐོགས་ཤིང་ལུས་ལ་དྲག་ཆས་སྤྲོས་པའི་ཇག་རྐུན་ལྟ་བུའི་དམག་མི་ཚོ་དུས་ངེས་མེད་ལ་འཇབ་རྒྱུགས་དང་འཇབ་རྒོལ་གྱིས་ཁྱིམ་ཚང་རེ་རེ་དང་གྲྭ་ཤག་རེ་རེ་བཞིན་བསྔོགས་ཤིང་གཤེར་ནས་འཕྲོག་བཅོམ་བརྡུང་བསྲེག་གི་ངན་སྤྱོད་ཚད་དུ་མེད་པ་བྱེད་ཀྱི་ཡོད་པ་དེ་ལ་བརྟེན་བདག་གི་ཕུ་ནུ་མཆེད་གྲོགས་ཚོས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་བགྱི་བ་དང་དུ་བླངས་ཏེ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རང་དབང་གི་སླད་དུ་ལུས་སྲོག་དམར་པོ་མེ་ལ་བསྒྲོན་ནས་སྐད་འབོད་དུང་བརྡ་གནམ་འོག་ལ་བསྒྲགས་པ་དེ་ལོ་རྒྱུས་ཀྱི་སྟེང་ལ་གཏན་ནས་བྱུང་མ་མྱོང་བའི་འཛམ་བུ་གླིང་གི་ཆེས་མཐོ་བའི་གྱེན་ལངས་ངོ་རྒོལ་གྱི་རྣམ་པ་ཞིག་ཏུ་གྱུར་སོང་བ་ནི་དངོས་གནས་ཧ་ལས་པ་དང་ཧངས་སངས་པའི་བླ་མེད་ཀྱི་སྙིང་སྟོབས་བརྗིད་པོ་ཞིག་རེད་ཨང་།

ལྷག་པར་དུ་ཤ་དར་ཁྲག་གསར་གྱི་ལང་ཚོ་གསར་བའི་གཞོན་ནུ་ལོ་ཆུང་ཚོས་རང་ཉིད་ནི་རྒྱ་ནག་དང་རྦད་དེ་ཐ་དད་ཀྱི་རྒྱལ་ཁབ་ཅིག་གི་འབངས་མི་ཡིན་པའི་ངེས་པ་གཏིང་ནས་རྙེད་དེ་རང་གི་རྒྱལ་ཁབ་ཀྱི་དར་ཆ་དགུང་ལ་འཕྱར་བཞིན་རང་དབང་གི་འབོད་སྒྲ་བར་མེད་དུ་བསྒྲོགས་ཀིན་པ་འདི་སྔོན་ཆད་ཀྱི་ང་ཚོ་དང་བསྡུར་ན་དངོས་གནས་རྟོག་སད་ཅན་དང་རྒྱལ་ཞེན་ཅན་གྱི་དཔའ་ལ་རྟུལ་བའི་ཕོ་རྒོད་རྐྱང་རྐྱང་གི་རང་གཤིས་རེད་འདུག་ཨང་བསམས་ནས་བླ་མེད་ཀྱི་གུས་འདུད་ཅིག་དབང་མེད་དུ་ཤོར་སོང་ངོ་།།

རྩོམ་རིག

Post navigation

Previous Post: ནམ་ཟླ་སྐྱ་བོ།
Next Post: དགེ་སློང་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ།

Comments (1) on “གདུག་རྩུབ་ཀྱི་སོ་ཁ་ནས་འཁྲུངས་པའི་རང་རྟོགས་རང་ཞེན།”

  1. ཨ་རིག་དགེ་མཐོང་། says:
    2012-02-17 at 11:27 am

    གྲོགས་ཀྱིས་དེ་རིང་འདས་ཟིན་པའི་དོན་དག་ཅིག་གཞི་ལ་བཞག་སྟེ་ད་ལྟའི་གནས་བབ་དང་མཐུན་པའི་སྒོ་ནས་འབྲེལ་བཤད་ཡང་དག་པ་ཞིག་གནང་འདུག་པས་དགའ་ཡོད། མུ་མཐུད་ནས་ཕྲིས།

    དྲི་ལན་དེ་དང་ལན་མ་ཐུབ་པའི་དྲི་བ་དེ་གཉིས་ཀྱིས་དགེ་རྒན་དེའི་སེམས་པ་གྲང་ཤུར་ཤུར་དང་འཁྱག་འཁྱག་སུམ་སུམ་བཏང་སོང་མོད། དགེ་ཕྲུག་གམ་སློབ་བུ་དག་གིས་ཁོང་གི་འགྲེལ་བཤད་ལ་ཡང་དོ་སྣང་བྱས་ཡོད་མོད་ཅི་རིགས་རེད། ཉིད་ཀྱིས་སེམས་ནས་མ་བརྗེད་པ་དེ་ནི་དྲན་རིག་རྒོད་པའི་སློབ་བུ་ཞིག་གི་ཁྱད་ཆོས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (22)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (11)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme