Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནམ་ཟླ་སྐྱ་བོ།

Posted on 2012-02-17 By ཁ་བརྡ་ 3 Comments on ནམ་ཟླ་སྐྱ་བོ།

གྲིབ་གཟུགས།

སྟོན་ལོ་སེར་པོ་ཁད་ཀྱིས་ས་ལ་ལྷུང་སྟངས་དང་རླུང་བུས་དྲུད་འགྲོ་བའི་ལོ་མ་སྐམ་པོའི་ཧྲག་སྒྲ་དེ་དག་ནི། ཉིན་འདི་ཚོར་ངའི་སེམས་དང་ཐག་ཉེ་ཤོས་ཀྱི་ཡུལ་ལྗོངས་དང་རོལ་དབྱངས་སུ་གྲུབ་འདུག སྐྱོ་ཤས་ཀྱིས་ཁེངས་པའི་ཁོར་ཡུག་གི་གྲུ་ཟུར་ནས་ཁེར་རྐྱང་གི་གོམ་འགྲོས་འཁྱར་མ་འཁྱོར་གྱིས་སྤོ་དུས་རྒྱང་རིང་གི་ངའི་ཡོད་ཚད་དྲན་ཐབས་རྩ་བ་ནས་མི་འདུག ངས་རང་ཉིད་ནི་ནམ་ཡང་དགའ་སྐྱོ་དེ་ཙམ་མེད་པའི་རྡོ་བའི་སྙིང་ཁམས་ཅན་ཞིག་ཡིན་བསམས་ཀྱང་ཕ་ཡུལ་གྱི་བྱིས་པ་སྣབས་ལུད་དེ་ཚོའི་སྣང་བརྙན་དང་། ཁོ་ཚོའི་མེ་ལྟར་ཚ་བའི་རྣམ་དཔྱོད་དང་བྱིས་པའི་ལོ་ཟླ་དག་གངས་ཁྲོད་ནས་སྒོ་ཟོག་གི་རྗེས་སུ་འུར་རྡོར་འཕེན་བཞིན་པར་དྲན་ན་རྡོ་དང་འདྲ་བའི་སེམས་པ་འདིས་ཀྱང་ན་ཟུག་གསོན་པོ་ཞིག་ལ་མྱོང་རོལ་མ་བྱས་ཀ་མེད་རེད་ལ། སྐམ་ཟིན་པའི་མིག་ཟུང་གཉིས་ནས་ཀྱང་མཆི་མའི་ཐིག་པ་མི་བཞུར་བའི་རང་དབང་ཞིག་མི་འདུག་པས་སེམས་སྐྱ་མོ་འདི་ཡང་ནས་ཡང་དུ་འདི་ལྟར་མནར་འཇུག་འདོད་མི་འདུག

ཕ་མའི་རེ་བའི་མིག་ཟུང་ནམ་ཡང་ཐག་རིང་འདིར་ཡོད་པའི་ང་ལ་གཅེར་ཡོད་ནའང་། རྩ་བ་བཞིའི་དབུགས་ཆད་ལ་ཁད་པའི་སེར་གཟུགས་ཞིག་དྲུད་ནས་ཡོན་ཏན་ཟེར་བའི་ཤེས་བྱ་དེར་ཇི་ཙམ་འབད་འབུང་བྱས་ནའང་དེ་ནི་རང་དོན་རྐྱང་པ་ཞིག་གྲུབ་བཞིན་པར་བལྟས་ན། ཆོས་པ་རབ་ཅིག་བགྱི་ཐུབ་དགོས། ཞེས་པའི་ཕ་མའི་རེ་དོན་དེ་ཡང་རླུང་ལ་བསྐུར་ཟིན་པ་མིན་ནམ།

ཐོག་རྒྱག་ལ་ཕྲད་པའི་གནས་ཚུལ་དེ་ཚོ་ནི་ཁ་ཕྱོགས་ཧ་མི་གོ་བའི་རླུང་འཚུབ་ཞིག་དང་འདྲ་བར་ངའི་མཐའ་ཁོར་གྱི་ལྷིང་འཇགས་ཁྱེར་ནས་བུད་ཟིན། སྐྱིད་རྒྱུ་དེ་ཙམ་མེད་པའི་ཉིན་འདི་དག་ལ་དུས་ཚོད་མ་འཁྱོལ་ནས་ཅི་བྱེད་འདི་བྱེད་མེད་པ་ནི་ང་ལ་མཚོན་ན་སྡུག་བསྔལ་གྱི་ནང་ནས་ཡང་རྩེ་རེད། ཁ་སང་ཏག་ཏག་ལ་ངོ་དེབ་ནང་ནས་གཅེན་པོ་དང་འཕྲད་སོང་བས་དང་ཐོག་སེམས་ཅུང་བདེ་ལ་བབ་ནའང་། ཡིག་ལམ་ནས་ཕན་ཚུན་གྱི་གནས་ཚུལ་འདྲི་དུས་ཧོབ་རྒྱག་ལ་ངའི་དྲན་ངོས་སུ་ཡབ་ལགས་ཀྱི་དཀའ་སྡུག་གི་གཉེར་རིས་ཁེངས་པའི་བཞིན་རས་དང་སྤུན་ཆུང་ཚོའི་ཐལ་མདོག་གི་ངོ་གདོང་དེ་ཚོ་དབང་མེད་དུ་ཤར་ཡོང་། མིག་ཆུ་ནི་ཡང་ན་དགའ་དུས་དང་ཡང་ན་སྐྱོ་དུས་རྡོལ་འོང་བའི་རང་འབབ་བདུད་རྩི་ཞིག་རེད་ཅེས་པ་ཅིས་མི་བདེན། ལོ་འཁོར་མོ་གཉིས་ཀྱི་རིང་ངས་ཕ་ཡུལ་དང་ནང་མིའི་ཆེད་མིག་ཆུ་བཞུར་མ་མྱོང་ནའང་། དེ་རིང་ང་ལ་རང་དབང་མི་འདུག མིག་ཀོང་ནས་མིག་ཆུ་ཤར་ཤར་བཞུར་འོང་དུས་ངས་སྐད་ཤུགས་ཆེན་པོས་ཐེངས་ཤིག་ངུ་དགོས་བསམས་ཀྱང་ལས་གྲོགས་ཚོ་ཉེ་འགྲམ་ན་འདུག་པས་སྐར་མ་བཅུ་ཙམ་གྱི་རིང་ལག་པས་ངོ་གདོང་བཀབ་ནས་བསྡོད་དགོས་བྱུང་།

ད་ལྟ་བསམ་ན་རང་ཉིད་ནི་ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་། དཀའ་ངལ་དང་སེམས་ཚེགས་མེད་པའི་དུས་ཡུན་དེ་དག་གི་ཁྲོད་ངས་ཕ་ཡུལ་དྲན་པའང་རབ་རིབ་ཅིག་རེད་ལ། ཕ་ཡུལ་དང་ཁྱིམ་མིའི་བདེ་སྡུག་ཆེད་མིག་ཆུ་ནི་དེ་བས་ཀྱང་བཞུར་མ་མྱོང་། སྐམ་གྱོང་དུ་འགྲོ་བཞིན་པའི་ངའི་རྣམ་ཤེས་ཀྱི་ཁོར་ཡུག་ལ་ཁྱིམ་མིའི་བརླན་གཤེར་དྭངས་གཙང་གི་བརྩེ་བ་ནི་ཅི་འདྲའི་མེད་དུ་མི་རུང་བ་ཞིག མི་ཡུལ་གྱི་ས་མཐའ་ནས་ཁེར་རྐྱང་དུ་འཁྱོར་བཞིན་པའི་གྲིབ་གཟུགས་ང་ལ་སེམས་པ་རྣམ་དག་ཞིག་གི་དྲོད་ཁོལ་ནི་ཅི་འདྲའི་མཁོ་བ་ཞིག་་་་་་་་་་་་་་

སྣ་ཚོགས།

Post navigation

Previous Post: བོད་དོན་ཐད་ལྟ་ཚུལ།
Next Post: གདུག་རྩུབ་ཀྱི་སོ་ཁ་ནས་འཁྲུངས་པའི་རང་རྟོགས་རང་ཞེན།

Comments (3) on “ནམ་ཟླ་སྐྱ་བོ།”

  1. མི་ནག་མདུང་ཐུང་། says:
    2012-02-17 at 11:11 am

    ཁྱོད་ཀྱི་སྙན་ཚིག་དང་སྙམ་དུ་སེམས་ཚོར་ཡག་པོ་འདུག མུ་མཐུད་ཤུགས་རྒྱོབ་ཨ།

  2. གྲིབ་གཟུགས་ says:
    2012-02-17 at 11:23 am

    ཁྱེད་ཀྱིས་འཁྱམ་པོ་ངའི་ཟིན་ཐོ་འཁྱར་འཁྱོར་དེར་དུས་ཚོད་ཅུང་ཞིག་སྒྲོན་པར་ཐུགས་རྗེ་ཆེ་ཞུ།

  3. དོལ་སྨྱོན། says:
    2012-02-18 at 11:29 pm

    ནམ་ཟླ་སྐྱ་བོ་འདི་ཡི་ཕ་རོལ་ན། དཔྱིད་དཔལ་གཞོན་ནུའི་མཛུམ་མདངས་སྒུག་ནས་ཡོད་པས། ཁྱོད་ཀྱིས་ནམ་ཡང་མདུན་དུ་སྐྱོད་ཅིག ཚངས་སྲས་ལྷ་མོའི་མགྲིན་པ་ནས་དལ་གྱིས་ལོངས་ཤིག རིགས་ཀྱི་བུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme