Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེའོ་ཝ་ས་གནས་སུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས།

Posted on 2012-02-162012-02-16 By འབྲོང་བུ་ཟླ་བ་ཚེ་རིང་ 3 Comments on ཨེའོ་ཝ་ས་གནས་སུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས།

གཅན་ཡེ་རྒྱམ།
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཕྱི་ཟླ་གཉིས་པའི་ཚེས་༡༣ ནས་འདི་ག་ཨ་མེ་རི་ཀར་འཚམས་འདྲིར་སླེབས་པའི་སྐབས་དང་བསྟུན་རྒྱལ་ས་དང་ནེའུ་ཡོག་མངའ་ཁུལ་གྱི་བོད་མིའི་ཚོགས་པ་ཁ་ཤས་ཀྱིས་ཞིས་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་རེད། དེ་ནང་བཞིན་ང་ཚོས་ཀྱང་འདི་གར་ཨེའོ་ཝ་ས་གནས་སུ་ཕྱི་ཟླ་གཉིས་པའི་ཚེས་༡༥བཟའ་ལྷག་པ་ཉིན་མི་ནི་སོ་ཊ་ནས་རླངས་འཁོར་ལྔ་ཡི་ནང་ས་གནས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཚོགས་པ་བཞིས་སྣེ་ཁྲིད་པའི་མི་མང་སུམ་བརྒྱ་ལྷག་དང་། ཝི་སི་ཀོན་སིན་ནས་རླངས་འཁོར་གཉིས་ཀྱི་ནང་ས་གནས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་གྱིས་སྣེ་ཁྲིད་པའི་མི་མང་བརྒྱ་ལྷག ཆི་ཀ་གོའོ་ནས་མི་བཞི་ཅུ་ལྷག སྒེར་གྱི་རླངས་འཁོར་བཏང་ནས་ཡོང་བའི་མི་མང་།བོད་དོན་ལ་རྒྱབ་སྐྱོར་ཏུ་ཕེབས་པའི་ཡུལ་མི་བཅས་ཁྱོན་བསྡོམས་མི་ལྔ་བརྒྱ་ལྷག་གིས་དགྲ་བོ་རྒྱ་དམར་གྱི་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིང་ས་གནས་ཨེའོ་ཝ་ཡི་གྲོས་ཚོགས་ནང་དགུང་དྲོའི་གསོལ་སྟོན་ལ་ཕེབས་པའི་དུས་སྐབས་དང་བསྟུན་འཕྲད་དར་དང་། རང་ལུས་མེ་རུ་སྒྲོན་པའི་དཔའ་བོ་རྣམས་ཀྱི་སྐུ་པར་དང་དུར་སྒམ། ཨ་རིའི་རྒྱལ་དར་དང་བོད་ཀྱི་རྒྱལ་དར་མང་པོ་ལྷབ་ལྷུབ་ཏུ་གཡོ་བཞིན་སྐད་འབོད་ཤུགས་དྲག་པོས་ང་ཚོ་བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་མི་གསོད་རྒྱུ་འཚམས་འཇོག་དགོས་སོགས་སྐད་འབོད་འདྲ་མིན་གྱིས་ས་གནས་དེ་ཡི་རྒྱལ་ས་སྒྲེ་མོན་གྲོང་ཁྱེར་གྱི་དཀྱིལ་ནས་མཐའ་དང་མཐའ་ནས་དཀྱིལ་བར་ཆུ་ཚོད་ལྔའི་རིང་ཞི་བའི་ངོ་རྒོལ་བྱས་ཏེ་ས་གནས་དེ་གའི་མི་མང་དང་། ཞིས་ཅིན་ཕིང་མཉམ་དུ་སླེབས་པའི་རྒྱ་རིགས་བརྒྱ་ལྷག་ཡོད་པ་དེ་དག་ལ་གསལ་བོར་མཐོང་ཐུབ་པ་བྱས་ཡོད་ལ།
གཞན་ཡང་མི་ནི་སོ་ཊ་ས་གནས་གཞོན་ནུ་ཚོགས་གཙོ་དང་རྔ་བའི་གཞན་ཕན་བཟང་པོ་སོགས་ཀྱིས་སྣེ་ཁྲིད་དེ་ཞིས་ཅིན་ཕིང་དམའ་རིམ་ལས་བྱེད་ཡིན་པའི་སྐབས་ཕག་གསོ་སློབ་སྦྱོང་བྱེད་པར་ཡོང་སའི་མ་སི་ཁེི་ཊི྇་གྲོང་གསེབ་ཏུ་འབྱོར་བའི་སྐབས་དང་བསྟུན་སྐད་འབོད་ཤུགས་དྲག་བྱས་ནས་མ་འོངས་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མི་རབས་ལྔ་པའི་ཤུལ་འཛིན་འགོ་ཁྲིད་དུ་འགྱུར་བཞིན་པའི་ཞིས་ཅིན་ཕིང་ལ་བོད་ཀྱི་དཀའ་རྙོག་ཁག ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོིལ་ཆེན་མོ་བྱུང་བ་ནས་རྒྱུན་མཐུད་དེ་ད་ལྟའི་བར་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གྱི་རྣོ་ངར་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆར་རང་ལུས་མེ་སྲེག་གི་ངོ་རྒོལ་གྱི་ལས་འགུལ་ནང་དཔའ་བོ་དཔའ་མོའི་མི་གྲངས་ཉེར་གཉིས་ལ་སླེབས་པ་དང་། བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་དྲག་གནོན་ཚབས་ཆེན་བྱས་ཏེ་བོད་མི་མང་པོ་དམར་གསོད་དང་། བོད་མི་མང་པོར་རྨས་སྐྱོན། བོད་མི་མང་པོ་བཙོན་འོག་ཏུ་མནར་གཅོད་གཏོང་བཞིན་པ་དེ་དག་ང་ཚོས་རྗེས་དྲན་དང་གུས་འདུད་ཀྱི་ལམ་ནས་ཕ་རོལ་པོ་རྒྱ་དམར་ཁྱིའི་ཚོགས་ལ་གསལ་འདེབས་དང་གནོན་ཤུགས་ཡག་པོ་ཞིག་བྱེད་རྒྱུ་བྱུང་། ང་ཚོས་ཁྲོམ་སྐོར་བྱེད་པའི་སྐབས་གསར་འགོད་པ་དང་པར་རྒྱག་མཁན་མང་པོ་ཡོད་པ་མ་ཟད། ཁྲོམ་གཞུང་གི་ལམ་ཁའི་གཡས་གཡོན་དང་ཁང་བརྩེགས་ཡོངས་ཀྱི་སྒེའུ་ནས་ལྟད་མོ་བ་ཚང་མས་ ལག་འཁྱེར་ཁ་པར་ནང་པར་རྒྱག་མཁན་སྟོང་ཕྲག་མང་པོ་བྱུང་བས་ཁྱབ་བསྒྲགས་ཤུགས་ཆེན་པོ་ཡང་བྱུང་སོང་།

གསར་འགྱུར།

Post navigation

Previous Post: བར་དོའི་འོད།
Next Post: བོད་རིགས་མི་གྲངས་ཁྱབ་ཁུལ་དང་མི་གྲངས་གནས་ཚུལ།

Comments (3) on “ཨེའོ་ཝ་ས་གནས་སུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས།”

  1. བོད་ལ་ཞེན། says:
    2012-02-17 at 2:41 am

    བྲེལ་བའི་ཡུལ་ལུང་ནས་དུས་ཚོད་ཕྱུང་ནས་ལས་འགུལ་གང་འཚམས་སྤེལ་བ་ལ་ཡིད་རངས་ཡོད། ང་རང་གི་བསམ་ཚུལ་ལ་མ་འོངས་པར་དེ་འདྲའི་ལས་འགུལ་སྐབས་ནང་པའི་དར་ཆ་ཡང་འཁྱེར་ན་ཧ་ཅང་གི་ནུས་པ་ཆེ་སྙམ། ནང་པའི་དར་ཆ་འཁྱེར་དགོས་ཟེར་བ་ནི་ཆོས་པ་ཡིན་ཟེར་ལབ་དགོས་ཟེར་བ་མིན། གང་ཡིན་ཞེ་ན་ང་ཚོ་དང་ཆོས་སྲིད་ཀྱི་འབྲེལ་ཡོད་ཐམས་ཅད་ལ་སེམས་ཚོར་སྤྲོད་དགོས་པ་གལ་ཆེན་པོ་ཡིན་པས་ནང་པའི་དར་ཆ་འཁྱེར་བ་ཡིན་ན་འཛམ་གླིང་སྟེང་གི་ནང་པ་དུང་འཕྱུར་ཁ་ཤས་ཡོད་པ་ཐམས་ཅད་ལ་སོ་སོའི་ལས་འགུལ་ཡིན་པའི་ཚོར་ནང་ཞིག་སྦྱིན་ཐུབ་པ་དང་། དེ་བཞིན་ནང་པའི་དར་ཆ་དེ་ལ་བརྟེན་ནས་ཞི་བའི་ལས་འགུལ་ཞིག་ཡིན་པ་ཡང་མཚོན་ཐུབ་དཔེར་ན་ཁ་ཆེའི་རལ་གྲི་རྟགས་ཅན་གྱི་དར་ཆ་མཐོང་བ་ཙམ་གྱིས་དྲག་པའི་ཚོར་སྣང་ཞིག་བྱུང་བ་ལྟ་བུ་དང་ཁ་ཆེ་ཕལ་ཆེ་བ་རྡོག་རྩ་གཅིག་ལ་སྦྲེལ་བ་ནང་བཞིན་རེད།

  2. ཞལ་ལུ་དཀར་པོ says:
    2012-02-17 at 5:01 am

    ཞེ་ཅིན་ཕིང་ཨ་རིར་འབྱོར་བ་དང་བསྟུན་ནས་ཨ་རིར་གཞིས་ཆགས་པའི་སྤུན་གྲོགས་ཚོས་་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེར་སྟོན་ཐུབ་པ་དེ་ལ་སྙིང་ནས་དགའ་གུས་དང་བརྩི་མཐོང་ཆེ། འོན་ཀྱང་མཆན་བསྟབས་པ་པོས་ནང་པའི་དར་ཆ་འཁྱེར་དགོས་ཟེར་བ་དེ་ལ་ཡི་རང་མེད། རྒྱུ་མཚན་དུ་བགྲང་བ་དེ་ནི་དོ་བདག་དེ་ཉིད་ཀྱིས་ནང་ཆོས་མི་ཤེས་པའི་རང་རྟགས་ཟང་མལ་ཞིག་བསྟན་འདུག་པས། དེས་ན་ཐུགས་ཁག་ཆུང་ཞེས་ཞུ། སྤྱིར་ཆོས་དང་འཇིག་རྟེན་ཟེར་བ་དེ་ལམ་གྱི་རྩེ་མོ་ཤར་དང་ནུབ་པ་ཟུགས་ཡོད་པ་ཤེས་ན་ད་གདོད་འཇིག་རྟེན་པའི་ཆོས་ནི་ཆོས་ཀྱི་ལམ་ལ་མི་འཇོག་ཀ་མེད་རེད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ནས་རང་རེ་བོད་པ་ཚོས་སྲིད་ཀྱི་མགོ་མ་ཚོས་ཤིང་དེའི་བརྒྱབ་བརྟེན་ཆོས་ལ་བཅོལ་བ་ནི་སྟོན་པ་སངས་རྒྱས་ལ་ངོ་རྒོལ་རྣལ་མ་ཞིག་ཡིན་པ་ཤེས་ལྡན་ཀུན་གྱིས་མཁྱེན། བོད་ལ་རང་དབང་དང་རང་བཙན་གྱི་སྐད་འབོད་སྐབས་ནང་པའི་དར་ཆ་ཞིག་འཁྱེར་ནས་མི་ཕེབས་མཛོད་ཅེས་ནན་བསྐུལ་བྱའོ།

  3. བོད་ལ་ཞེན། says:
    2012-02-17 at 7:12 am

    ངས་གང་བཤད་པ་ཡང་གོ་མི་འདུག ནང་པའི་དར་ཆ་ལ་བརྟེན་ནས་ནང་པའི་མི་དམངས་དུང་ཕྱུར་མང་པོའི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས་རེད་ཟེར་གྱི་ཡོད། དེ་ལ་དོན་མེད་ཀྱི་ཆོས་སྲིད་ཀྱི་འབྲེལ་བའི་སྐོར་བཤད་དགོས་ཡ་གལ་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme