Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདུན་ལམ་མེད་པའི་དཔེ་སྟོན་སློབ་གྲྭ

Posted on 2012-02-16 By ཁ་བརྡ་ 22 Comments on མདུན་ལམ་མེད་པའི་དཔེ་སྟོན་སློབ་གྲྭ

བསྟན་འཛིན་ལྷག་བསམ།
ཉེ་ལམ་ཉེ་གྲོགས་འགའི་འཁྲིས་ནས་རྣ་བར་མི་སྙན་པའི་གནས་ཚུལ་ཞིག་ཐོས་པ་ནི། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྐབས་དང་པོའི་སློབ་མ་རྣམས་ད་ལྟའི་ཆར་འཛིན་གྲྭ་དགུ་པར་སླེབས་ཀྱིན་ཡོད་པའི་སྐབས་འདིར། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་མཆོག་ནས་ཕྱི་ལོ་ ༢༠༡༡ ལོའི་ལོ་འཁོར་འཇུག་སྡོམས་མཛད་སྒོའི་སྟེང་དགེ་སློབ་ཕ་མ་དང་བཅས་པའི་ཚོགས་ཐོག་ཏུ་”མ་འོངས་པ་སྐབས་དང་པོའི་སློབ་མ་རྣམས་འཛིན་རིམ་བཅུ་པར་སླེབས་སྐབས། ཁོང་ཚོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་སམ་ཡང་ན་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོ་དེ་བཞིན། ནེ་ཤི་ནལ་ཨོ་པན་སཁུལ་(National Open School)རྒྱུད་ནས་གཏོང་རྒྱུའི་ཐག་གཅོད་བྱེད་ཡོད། ཅི་སྟེ་ཕ་མ་རྣམས་དེ་ལ་འདོད་པ་དང་མོས་མཐུན་མེད་ན་། རང་ཉིད་ཀྱི་ཕྲུ་གུ་རྩ་དགོངས་ཞུས་ན་ཆོག་ལ་། སློབ་མ་གཅིག་ལས་མེད་ཀྱང་འཛིན་རིམ་བཅུ་པ་དེ་བཞིན་ཚུགས་རྒྱུ་ཡིན་”ཞེས་སྤོབས་པ་མཐོན་པོས་བཤད་འདུག་ཀྱང། ལྷག་པར་ཕ་མ་འགའ་དེ་མ་ཐག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་འགྱུར་ནས་རེ་ཞིག་བློ་ཕམ་དགོས་པ་ཆགས་འདུག

དེ་ནས་རིམ་བཞིན་སློབ་མ་གཅིག་རྗེས་གཉིས་མཐུད་ཀྱི་རྩ་དགོངས་ཞུས་ཡོད་པའི་གནས་ཚུལ་ཡང་འབྱུང་འདུག རྩ་དགོངས་ཞུས་པའི་ཁྲོད་ནས་སློབ་མ་རྩེད་ཕུད་འགའ་ཡང་ཡོད་ཚོད་འདུག་ལ་། གནས་ཚུལ་དེས་ད་བར་སློབ་འཁྲིད་གནང་ནས་སྐུ་ངལ་ཚད་མེད་བསྐྱོན་མཁན་གྱི་དགེ་རྒན་འགའ་ཡང་བློ་ཕམ་དགོས་པ་ཆགས་འདུག དེ་ནི་ཕ་མ་རྣམས་ནས་རང་ཉིད་ཀྱི་བུ་ཕྲུག་དེ་བཞིན་མ་འོངས་པར་ཕུགས་བསམ་མེད་པ་ཞིག་ཏུ་འགྱུར་ཉེན་ཡོད་པར་དོགས་པ་དང་སྐྲག་ནས་སློབ་གྲྭ་ནས་རྩ་དགོངས་ཞུས་པ་ཁོ་ན་ཡིན། དེ་ནི་འཛིན་སྐྱོང་གི་དབུར་བཞུགས་པ་ཞིག་གིས་ཐ་ཤལ་གྱི་བྱ་བ་ཞིག་ཅི་ལ་མིན། ཅི་སྟེ་སློབ་མ་དེ་རྣམས་མིག་དཔེར་འོས་པའི་ཤེས་ཡོན་སྲིད་བྱུས་དང་མཐུན་པ་ཞིག་བཟོ་འདོད་ན་འཛིན་སྐྱོང་གི་སློབ་གྲྭ་དེའི་ཐོག་དམིགས་བསལ་གྱི་འགན་འཁུར་མི་ཐུབ་པ་ཅི་ཡིན། དེ་ལྟར་མི་བྱེད་པར་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་དང་སློབ་འཁྲིད་བྱེད་ཕྱོགས་སོགས་ལ་ཁ་བརྡུང་གཏོང་བཞིན་། འགྲན་རྩོད་བྱ་རྒྱུ་སོགས་དགོས་མེད་ཀྱི་བྱ་བ་ཡང་བསྒྲུབ་ཀྱིན་འདུག

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ (http://www.sherig.org/tb/?page_id=1376) ནི་བོད་མི་མངས་སྤྱི་འཐུས་ལྷན་ཚོགས་ནས་ཇི་ལྟར་གཏན་ལ་འབེབས་པའི་ཤེས་ཡོན་སྲིད་བྱུས་གསར་པ་གཞིར་བཟུང་གསར་བཙུགས་གནང་བའི་
དམིགས་བསལ་གྱི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་དེ་ནི་ཕྱི་ལོ་ ༢༠༠༥ ཟླ་བ་ ༡༠ ཚེས་ ༡༠ ཉིན་དབུ་འབྱེད་གནང་བ་ཞིག་ཡིན་ལ། སློབ་གྲྭ་དེ་འཁྲུངས་ནས་ད་བར་མི་ལོ་ལྔ་དྲུག་ལས་འགྲོ་ཡི་མེད། ལོ་ངོ་དེ་དག་གི་རིང་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་ནུབ་ཕྱོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་གནས་སྡོད་བྱེད་ས་རྣམས་ཀྱི་ནང་་སློབ་གྲྭ་དེའི་ནང་གི་སློབ་མ་རྣམས་ཀྱི་བོད་ཡིག་གི་ཤེས་ཚད་ལ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་བཏོར་ཅིང། བོད་མི་མང་པོ་ཞིག་གི་སེམས་ནང་དུ་རེ་བ་གསར་པ་ཞིག་སྐྱེས་སུ་བཅུག ལྷག་པར་སློབ་གྲྭ་དེའི་ནང་དུ་སློབ་འཇུག་རག་ཐབས་ཀྱང་བྱེད་ཀྱིན་ཡོད། ཡིན་ནའང་ཉེ་བའི་ཆར་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གྱིས་གསུང་བཤད་དེས་དེར་ཡོད་སློབ་མའི་ཕ་མ་རྣམས་ཀྱི་སེམས་ནང་དཀའ་ངལ་འཕར་མ་ཞིག་ཤར་འགོ་བཙུགས། དེ་ནི་འཛིན་སྐྱོང་བཀའ་ཤག་དང་ལྷག་པར་ཤེས་རིག་ལས་ཁུངས་ནས་བསམ་གཞིགས་ནན་མོ་ཞིག་བྱེད་དགོས་པའི་དུས་ལ་བབ་འདུག ཅི་སྟེ་དེ་ལྟར་དཔེ་སྟོན་
སློབ་གྲྭ་དེ་བཞིན་ཕུགས་བསམ་མེད་པའི་སློབ་གྲྭ་ཞིག་ཏུ་འགྱུར་རྒྱུ་ཡིན་ན་། བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་འཁྲིད་པའི་བཀའ་ཤག་རྙིང་པས་ཇི་ལྟར་སྐུ་ངལ་མཛད་མེད་བསྐྱོན་པ་རྣམས་བེད་མེད་དུ་འགྱུར་རྒྱུ་ཡིན་། རྒྱུ་མཚན་དེས། སྐབས་བབ་ཀྱི་འགན་ཁྲི་ཡོད་པའི་སཾ་བྷོ་ཊའི་འཛིན་སྐྱོང་བ་རྣམས་དང། དེའི་དབུ་རུ་བཞུགས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་བཅས་ནས་འཕྲལ་དུ་མེས་དབོན་དཔེ་སྟོན་སློབ་གྲྭ་དེ་བཞིན་ཕུགས་བསམ་མེད་པའི་སློབ་གྲྭ་ཞིག་ནས་སྔར་བཞིན་ཕུགས་བསམ་དང་རེ་བ་ཡོད་པའི་སློབ་གྲྭ་ཞིག་ཏུ་བཟོ་དགོས་པ་ཤིན་ཏུ་ནས་གལ་ཆེ། འཛིན་སྐྱོང་གི་ལས་སྣེ་རུ་བཞུགས་ནས་རྐུབ་སྟེགས་ཚ་བོ་བཟོ་ཐུབ་པ་ཙམ་གྱི་མི་ཕན་པར་སྐབས་བབ་ཀྱི་འགན་ཁྲི་འཁུར་དགོས་པ་ནི་བརྗོད་མི་དགོས་པ་ཞིག་མ་ཡིན་ནམ།

གལ་སྲིད་འཕྲལ་དུ་གནད་དོན་དེའི་ཐོག་དགོངས་པ་ཆེ་བཞེས་ཀྱིས་བྱ་བ་ཞིག་མ་བསྒྲུབ་ན་། དེར་སློབ་སྦྱོང་བྱེད་བཞིན་པའི་ད་ཡོད་ཕྲུ་གུ་རྣམས་ཀྱི་མ་འོངས་མདུན་ལམ་ནི་ནམ་མཁའི་མཛའ་མཚོན་བཞིན་ག་ལེར་མེད་པར་ཆགས་རྒྱུ་ཉག་གཅིག་ཡིན། དེར་བརྟེན་སློབ་གྲྭ་དེར་ཡོད་པའི་ཕྲུ་གུ་རྣམས་ཀྱི་ཕ་མ་སྤུན་མཆེད་རྣམས་ཀྱི་ད་ལྟ་ནས་བསམ་གཞིགས་ནན་པོ་གཏོང་དགོས་པ་དུས་ལ་སླེབས་ཡོད།
རྩོམ་ཡིག་ཐར་ཐོར་འདི་བཞིན་གནས་ཚུལ་ཐོས་མ་ཐག་ཏུ་འབྱུང་བའི་སེམས་ཚོར་དང་ལྷན་དུ་བྲིས་པ་ཞིག་ཡིན།

སྣ་ཚོགས།

Post navigation

Previous Post: ཧུའུ་ཅིན་ཐོ་ཡི་མེ་མདའི་འོག་གི་མི་རིགས་འཆམ་མཐུན།
Next Post: སྐུ་སྲོག་མེ་མཆོད་ཀྱི་རིན་ཐང་ཆ་ཚང་ཞིག་སུས་བཤད་ཐུབ་ཡོད་དམ།

Comments (22) on “མདུན་ལམ་མེད་པའི་དཔེ་སྟོན་སློབ་གྲྭ”

  1. ཀླུ་སྨྱོན། says:
    2012-02-16 at 8:51 pm

    མ་འོངས་པ་སྐབས་དང་པོའི་སློབ་མ་རྣམས་འཛིན་རིམ་བཅུ་པར་སླེབས་སྐབས། ཁོང་ཚོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་སམ་ཡང་ན་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོ་དེ་བཞིན། ནེ་ཤི་ནལ་ཨོ་པན་སཁུལ་(National Open School)རྒྱུད་ནས་གཏོང་རྒྱུའི་ཐག་གཅོད་བྱེད་ཡོད། ཅི་སྟེ་ཕ་མ་རྣམས་དེ་ལ་འདོད་པ་དང་མོས་མཐུན་མེད་ན་། རང་ཉིད་ཀྱི་ཕྲུ་གུ་རྩ་དགོངས་ཞུས་ན་ཆོག་ལ་། སློབ་མ་གཅིག་ལས་མེད་ཀྱང་འཛིན་རིམ་བཅུ་པ་དེ་བཞིན་ཚུགས་རྒྱུ་ཡིན་”ཞེས་སྤོབས་པ་མཐོན་པོས་བཤད་འདུག་ཀྱང། ལྷག་པར་ཕ་མ་འགའ་དེ་མ་ཐག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་འགྱུར་ནས་རེ་ཞིག་བློ་ཕམ་དགོས་པ་ཆགས་འདུག
    ——-འགན་འཛིན་གྱི་གཏམ་བཤད་དང་ཕ་མའི་འགལ་ཟླ་དེའི་སྐོར་ངོ་སྤྲོད་ཅིག་གནངས་དང་། ག་རེ་བྱས་ནས།

  2. གཞིས་ཆགས་བུ། says:
    2012-02-17 at 12:44 am

    བཀུར་འོས་ཀླུ་སྨྱོན་ལགས། བཀྲ་ཤིས་བདེ་ལེགས།
    ངས་བསམ་པར་འཛིན་སྐྱོང་གི་གཏམ་བཤད་དང་ཕ་མའི་སེམས་ཚབ་གཉིས་གཙོ་བོ། མ་འོངས་པའི་སློབ་ཕྲུག་རྣམས་ཀྱི་འཛིན་རིམ་བཅུ་པའི་ལག་ཁྱེར་དེ་བཞིན་བོད་རིགས་སློབ་མ་གཞན་ཚོའི་(CBSE) ལག་ཁྱེར་དང་ཆེ་མཐོང་མི་འདྲ་བ་རག་རྒྱུ་ཡིན་པར་སོང་ཡིན་གྱི་རེད། ལྷག་པར་ནེ་ཤི་ནལ་ཨོ་པན་དེ་ནི་སློབ་མ་གང་ཞིག་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་མི་འབྱུང་བ་། སློབ་གྲྭ་བསྐྱོད་པའི་བར་ནས་རྩ་དགོངས་ཞུས་དགོས་འབྱུང་བ། དེ་བཞིན་ལག་ཁྱེར་མེད་པའི་ཕྲུ་གུ་རྣམས་ཀྱི་ཆེད་དུ་ཡིན། དེ་ནི་ཡིག་འགྲུལ་སློབ་སྦྱོང་གི་ལག་ཁྱེར་ལས་རྒྱུན་མཐུད་སློབ་སྦྱོང་གི་ལག་ཁྱེར་དེ་མ་རེད།

    ངས་མང་པོ་ཤེས་ཀྱི་མེད། ཡིན་ནའང་རྩོམ་ཡིག་དེ་བཀླགས་སྐབས་ཚོར་སྣང་དེ་འདྲ་ཞིག་བྱུང་སོང།

  3. རྡོ་རིགས་པའི་མདའ་མོ། says:
    2012-02-17 at 12:52 am

    བསྟན་འཛིན་ལྷག་བསམ་ལགས་དེ་འདྲ་ཞིག་ཡིན་རྒྱུ་མ་རེད། དཔེ་སྟོན་སློབ་གྲྭ་ལ་མདུན་ལམ་མེད་དུས་བཙན་བྱོལ་སྤྱི་ཚོགས་ལ་མདུན་ལམ་མེད་སོང་བ་རེད། གུས་པས་ལོ་མང་རིང་དཔེ་སྟོན་སློབ་གྲྭའི་མདུན་ལམ་དེ་ཤེས་ཡོན་སྲིད་བྱུས་གསར་བའི་དགོངས་དོན་བཞིན་ཤར་སྐྱོད་བྱེད་ཐུབ་པ་མ་ཟད་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཚང་མའི་ཤེས་ཡོན་ཐད་ཀྱི་སྲིད་བྱུས་དེ་དཔེ་སྟོན་སློབ་གྲྭ་དང་གཅིག་མཚུངས་སུ་འགྲོ་ཐུབ་པར་རེ་བ་བྱེད་ཀྱིན་ཡོད། བདག་གིས་ནམ་ནམ་ཞར་ཞར་ལ་སེམས་བཞིན་པ་ནི་བཀའ་ཁྲི་ཕྱོགས་སྐྱོད་མ་སོང་ན་འགྲིག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ ལས་འགུལ་མ་བརྩམས་མ་ན་འཐུས ང་ཚོས་ཤི་ཡང་ད་དུང་འཐམས་དགོས་པ་མི་ཤུགས་འཐོན་ཁུངས་གཞི་རིམ་སློབ་གྲྭའི་ཤེས་ཡོན་ཐད་ཀྱི་སློབ་གསོ་དང་སྲིད་བྱུས་དེ་ཡིན། འདིའི་ཐད་དུ་གཞུང་འབྲེལ་གྱི་ངོས་ནས་ནུས་ཤུགས་རྒྱ་ཆ་དྲུག་བཅུ་ལས་བརྒལ་མ་ཐུབ་ཚེ་གཞིས་ལུས་བོད་མིས་རེ་བ་བཆའ་སའི་བཙན་བྱོལ་བོད་གཞུང་འདི་སྒོ་རྒྱག་མི་དགོས་པར་ངང་གིས་སྟོང་འགྲོ་བ་གདོན་མི་ཟ།

  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-02-17 at 12:53 am

    རེད། དེ་ལ་བསམ་བློ་ནན་མོ་གཏོང་དགོས་པ་ཞིག་རེད། གཅིག་གིས་བྱས་པ་གཅིག་གིས་བཤིགས་བསྡད་ན་དངོས་གནས་ཁན་ཙ་རེད། ཨ་ཨ ཨ ་་་་་་་བོད་་་་བོད་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2012-02-17 at 1:39 am

    ཁོང་ཚོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་སམ་ཡང་ན་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོ་དེ་བཞིན། ནེ་ཤི་ནལ་ཨོ་པན་སཁུལ་(National Open School)རྒྱུད་ནས་གཏོང་རྒྱུའི་ཐག་གཅོད་བྱེད་ཡོད། ་་་་་ཅེས་པ་འདིས། སློབ་གྲྭ་གཞན་གཅིག་དང་བརྒྱུད་ནས་བཏང་ན། རང་ཚུགས་ཆ་ཚང་ཤོར་བའི་གོ་དོན་མི་འདུག་སྙམ། སློབ་གྲྭ་རང་གི་ནང་ལ་ངོས་ལེན་ཡོད་པའི་འཛིན་གྭ་༡༠བཅུ་པའི་ལག་འཁྱེར་སྤྲོད་དབང་མེད་ནས་བྱས་པ་མིན་འགྲོ སློབ་སྤྱིས་སློབ་གྲྭ་གཞན་གཅིག་དང་རྒྱུད་དགོས་དོན་མ་གསལ་བ་འདིས་ང་ཡང་གོ་འཐོམ་སོང་།

  6. བཀྲས་ཁང་། says:
    2012-02-17 at 3:01 am

    ཁག་མེད། བོད་ཡིག་གཅིག་པོར་ཤི་འཐམ་ཡིན་ཟེར་མཁན་ཚོ་དེང་དུས་ཀྱི་ཤེས་ཡོན་འགྲོ་སྟངས་ཀྱི་སྐོར་གླེང་དུས་མགོ་ལོས་འཐོམ། དེས་ན། དེ་ཚོའི་ཐོག་ལ་ཇུས་ཏོག་མ་བྱས་ན་ལེགས། དེ་ཁྱོད་ཚོས་གོ་རྒྱུ་ཞིག་མ་རེད། གང་ཡིན་ཟེར་ན། འདི། རང་གིས་སྙན་ངག་བྲིས་པ་རང་ཉིད་ཧང་སང་ནས་བསྡད་ཡ་དེ་འདྲ་རྩ་བ་ནས་མ་རེད། དེང་དུས་ཀྱི་ཚད་མཐོའི་ཤེས་ཡོན་སྲིད་ཇུས་དང་འབྲེལ་བ་ཡོད་པའི་སྐད་ཆ་དེ་འདྲ་རེད།

  7. བཀྲས་ཁང་། says:
    2012-02-17 at 3:04 am

    དེས་ན། རྩོམ་ཡིག་སྤེལ་མཁན་ལྷག་བསམ་ཁོ་རང་གིས་ཀྱང་རང་གིས་གང་གོ་བ་ཤར་མར་བྲིས་པ་ལས་དགེ་སྐྱོན་མཐོང་མི་འདུག་པས་ཕྱིར་རོ། ངས་བལྟས་ན། ཁ་བརྡའི་ནང་དུ་རྩོམ་ཡིག་སྤེལ་མཁན་ཚོས་དེའི་སྐོར་ཅི་ཡང་ཤེས་ཀྱི་མ་རེད། དེ་ལས། ཆབ་སྲིད་དང་རྩོམ་ཡིག་གི་ཐོག་ཏུ་སྐད་ཆ་བཤད་ན་མི་ལེགས་སམ། དེང་དུས་ཤེས་ཡོན་སོགས་དང་འབྲེལ་བའི་སྐོར་སློབ་སྦྱོང་ཅི་ཡང་མ་བྱས་པར་དེའི་སྐོར་བཤད་འདོད་པ་ནི་ཧམ་པ་རང་རེད།

  8. བོད་ཀྱི་བུ། says:
    2012-02-17 at 4:43 am

    ངས་བལྟས་ན་ལས་བྱ་བ་དང་ཕ་མའི་བར་ལ་གོ་འཛོལ་ཏོག་བྱུང་ཡོད་ས་རེད་འདོད། དེ་ནི་ལས་བྱ་བས་གསལ་བཤད་ཡག་པོ་མ་བྱས་པ་ཡིན་རྒྱུ་རེད་འདོད། དེ་ལྟར་བྱེད་པ་ནི་བོད་རང་གི་སྐད་ཡིག་གཙོ་བོ་དང་སྐད་ཡིག་གཞན་ཕལ་བར་འཇོག་པའི་སྲིད་ཇུས་ཤིག་རེད་འདོད། དེ་མིན་སློབ་ཕྲུག་གི་མདུན་ལམ་རྩེ་མོ་རྩེད་པ་གང་ཡང་མ་རེད་འདོད། མ་ཟད་དེ་ཤེས་ཡོན་སྲིད་ཇུས་གསར་པའི་ལངས་ཕྱོགས་དང་ཡོངས་སུ་འགྲིག་པ་རེད། སྤྱིར་གཏན་སྡོད་དང་། ལས་ཞོར་རམ་སློབ་ཞོར་ཡིག་རྒྱུགས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་ཚང་མས་ཤེས་གསལ་རེད། ཡིན་ཡང་སྐབས་འདིར་བོད་ཡིག་ཡིག་འགྲུལ་ཡིག་ཚད་གཏོང་གི་ཡིན་ལབ་མེད་པ་དེ་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད་འདོད།
    དེ་ནས་གོང་དུ་བཀྲས་ཁང་ཟེར་མཁན་ཞིག་གིས་དེང་དུས་ཤེས་ཡོན་ཟེར་ནས་རྫིག་གཏམ་མང་པོ་ཞིག་བཤད་འདུག་སྟེ། རྫིག་གཏམ་ནི་རྫིག་གཏམ་རང་ལས་དོན་དངོས་རྒྱུས་ལོན་དང་ཕན་ཚུན་གསེད་བཀྲོལ་བྱ་རྒྱུའི་ནུས་པ་ཡོད་མ་རེད་ལ། དང་པོ་ནས་དེ་འདྲའི་ཀུན་སློང་ཡང་ཡོད་མ་རེད། གལ་སྲིད་ཁྱོད་རང་དེང་དུས་ཤེས་ཡོན་ལ་ནང་ཕྱན་ཆུབ་ཡོད་ན། གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་མི་ཐུབ་པ་ག་རེ་རེད། རང་མདོག་བསྟན་ཡོང་བསམ་ནས་ཤེད་ཀྱི་འདུག་གམ། དེ་མིན་ན་ཁྱོད་ཀྱི་དམིགས་བསལ་དེང་དུས་ཤེས་ཡོན་དེ་སྐྱུག་རོགས་བྱོས་དང་ཚང་མས་ལེགས་ཉེས་ལྟ་ཤེས་ཀྱི་རེད།

  9. བཀྲས་ཁང་། says:
    2012-02-17 at 4:57 am

    ཨ་རོགས། དེང་དུས་ཀྱི་ཤེས་ཡོན་དེ་ལོ་མང་སྦྱངས་ནས་ཤེས་རྒྱུ་ཞིག་ལས་ངས་འདིར་མཆན་བུ་གཅིག་གཉིས་བཏབ་ནས་ཤེས་རྒྱུ་ཞིག་མ་རེད། གྲོགས་པོ་ལགས། དེ་འདྲ་ལས་སླ་པོ་ཡོད་ན། ལོ་མང་སློབ་གྲྭར་འགྲོ་བ་དང་། དེ་ནས་མཐོ་སློབ་སོགས་རིམ་པས་བརྒྱུད་དགོས་དོན་མིན་འདུག གཱ

  10. གཞིས་ཆགས་བུ། says:
    2012-02-17 at 5:21 am

    ངས་ཞུས་འདོད་པ་ནི། གལ་སྲིད་སློབ་མ་རྣམས་མུ་མཐུད་ནས་སློབ་སྦྱོང་གི་ལམ་བུ་བསྐྱོད་ཐུབ་པར་ལག་ཁྱེར་ཚད་ལྡན་ཞིག་དགོས་པ་ནི་མེད་མི་རུང་ཞིག་རེད། དེར་བརྟེན་ནེ་ཤི་ནལ་ཨོ་པན་རྒྱུད་ལག་ཁྱེར་རག་པ་ཡིན་ནའང་གཅིག་པ་རེད་ཀྱང། CBSE དང་བསྡུར་ན་ཁག་པོ་ཡོད་རེད། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཀྱང་དཔེ་སྟོན་གྱི་སློབ་མ་རྣམས་མ་འོངས་པར་རྒྱ་གར་མཐོ་སློབ་སོགས་སུ་ཆེད་ལས་ཀྱི་སློབ་སྦྱོང་བསྐྱོད་དགོས་པ་མ་ཡིན་ནམ། དེ་ལྟར་ཡོང་བར་མ་མཐར་ཁོང་ཚོར་འཛིན་རིམ་བཅུ་པ་དང་བཅུ་གཉིས་གཉིས་ཀྱི་ལག་ཁྱེར་ཚད་ལྡན་ཞིག་དགོས་པ་ཡིན། དེར་བརྟེན་ཕ་མ་རྣམས་ཀྱིས་དེའི་ཐོག་ཐུགས་འཁྲེལ་གནང་གི་ཡོད་སྲིད་། སློབ་སྦྱོང་སློབ་སྦྱོང་ཟེར་ཡང་ལག་ཁྱེར་མེད་ཚེ་ཁག་པོ་འདུག་ག ང་རངཡང་དེ་བཞིན་དཀའ་ངལ་འཕྲད་མྱོང།

    དེང་གི་ཆར་ལག་ཁྱེར་ཟེར་བ་ནི་སྒོ་མོ་འབྱེད་ཆེད་ཀྱི་ལྡེ་མིག་ལྟ་བུར་ཆགས་འདུག་པས། འཛིན་སྐྱོང་ངོས་ནས་ལག་ཁྱེར་ཚད་ལྡན་ཐོག་མནོ་བསམ་ཡག་པོ་བཞེས་དགོས་།

  11. ཆུ་ཤེལ་དྭངས་མོ། says:
    2012-02-17 at 5:55 am

    དེ་བདེན་པ་མ་རེད། ངའི་བུ་དཔེ་སྟོན་སློབ་གྲྭར་འགྲོ་བཞིན་ཡོད།

  12. བོད་ཀྱི་བུ། says:
    2012-02-17 at 6:21 am

    ཤེས་ཡོན་ཚང་མ་ལོ་མང་མ་སྦྱངས་བར་ཤེས་འགྲོ་བ་ཞིག་ག་བར་ཡོད། ངས་ཁྱོད་རང་སློབ་གྲྭ་འགྲིམ་པའི་ལོ་རྒྱུས་ཤོད་ཟེར་གྱི་མེད། དེང་དུས་ཤེས་ཡོན་གྱི་མཚན་ཉིད་ཞོག དེང་དུས་ཤེས་ཡོན་གྱི་མཚན་གཞི་ཞོག དེང་དུས་ཤེས་ཡོན་གྱི་སྒྲོམ་གཞིའི་འགྲོ་སྟངས་ཤོད། དེང་དུས་ཤེས་ཡོན་གྱི་དམིགས་འབེན་དང་ཐབས་རྩལ་ཤོད་ལབ་ཀྱི་ཡོད། འདི་ཚོ་བཤད་མི་ཤེས་ན་དེང་དུས་ཤེས་ཡོན་ནས་ཤེས་མདོག་གི་ཉོག་བཤད་མ་རྒྱགས།

  13. གཞིས་ཆགས་བུ། says:
    2012-02-17 at 11:55 am

    བོད་ཀྱི་བུ་ལགས།
    དེང་དུས་ཤེས་ཡོན་ཟེར་ན་། ཤེས་ཡོན་གང་ཞིག་ད་ལྟའི་དུས་སམ་དེང་གི་དུས་སུ་འབྲེལ་བ་ཡོད་པ་ཞིག་ལ་ཟེར་གྱི་མེད་དམ། དེ་ཡང་ཚན་རིག ཨང་རྩིས། དེ་བཞིན་སྤྱི་ཚོགས་ཚན་རིག་དང་དཔལ་འབྱོར་རིག་པ་ལ་སོགས་ནི་དེང་དུས་ཤེས་ཡོན་གྱི་ཚན་གཞི་རུ་འཇོག་ན་མི་འགྲིག་གམ། ངས་ཡག་པོ་ཤེས་ཀྱི་མེད་། ཡིན་ནའང་དེ་འདྲ་ཞིག་ཡིན་པ་ང་རང་གིས་དྲན་བཞིན་འདུག

  14. བོད་ཀྱི་བུ། says:
    2012-02-17 at 2:19 pm

    གཞིས་ཆགས་བུ་ལགས། དེང་དུས་དང་འབྲེལ་བ་ཡོད་པ་ཟེར་ན་ཅུང་འགྲིག་གི་མེད་པ་འདྲ། གཙོ་བོ་ཚན་རིག་དང་འབྲེལ་བའམ་ཚན་རིག་ལ་གཞི་བཅོལ་བའི་ཤེས་ཡོན་ཟེར་ན་འགྲིག་པར་སྙམ། ཡང་ན་ཚན་རིག་དང་མཐུན་པའི་ཤེས་ཡོན་ཟེར་ན་ཡང་མི་འགྲིག་པ་མེད་པ་འདྲ།
    གོང་དུ་བཀྲས་ཁང་ཟེར་བ་ཞིག་གིས་དེང་དུས་ཤེས་ཡོན་ཡོད་མདོག་གིས་རྫིག་པོ་བྱེད་ཀྱིན་འདུག་པས། གོང་གི་དྲི་བ་དེ་དག་དྲིས་པ་ཡིན། འོན་ཏང་དགུན་གྱི་ཁུ་བྱུག་ཆགས་གཤའ། ཁྱོད་ཀྱིས་དྲིས་ལན་བཏབ་པར་ཐུགས་རྗེ་ཆེ། སྤྱིར་ང་ཚོས་དྲ་མཆན་འབྲི་བ་ནི་བསམ་ཚུལ་བརྗེ་རེས་དང་རང་གིས་མ་ཤེས་པ་གཞན་ལ་འདྲི་བ་སོགས་བྱེད་སའི་ཁོར་ཡུག་ཅིག་རེད་མ་གཏོགས། གཞན་ལ་སྐྱོན་བརྗོད་དང་ཕྱོགས་ཞེན། གཞན་ལ་མཐོང་ཆུང་དང་རྫིག་གཏམ་བཤད་ས་མ་རེད། དངོས་གནས་བེད་སྤྱོད་གཏོང་ཤེས་ན། དྲ་ལམ་ཉུལ་བ་ནི་སློབ་གྲྭ་འགྲིམ་པ་དང་གཅིག་པ་རེད། དེ་ནི་རང་ཉིད་ཀྱིས་བེད་སྤྱོད་གཏོང་ཤེས་མིན་ལ་རེག་ལས་པ་རེད།

  15. ཨ་རིག་དགེ་མཐོང་། says:
    2012-02-17 at 3:39 pm

    བཀའ་དྲིན་ཆེ། འདི་ལྟ་བུའི་རྩོམ་ཡིག་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བ་དག་ལ་ཁོ་བོས་ནི་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད་ལ། རང་གི་རྩོམ་རྙོག་དག་གི་ཁ་ཕྱོགས་ཀྱང་དེ་ག་རང་ཡིན། མུ་མཐུད་ནས་འདི་ལྟ་བུའི་རུལ་དྲི་ཁ་བའི་རིགས་ལ་སྙུག་རྩེ་གཏད་རོགས།

  16. བཀྲས་ཁང་། says:
    2012-02-17 at 10:23 pm

    བོད་ཀྱི་བུ། དེང་དུས་ཀྱི་ཤེས་ཡོན་ཟེར་བ་ནི་རྟོག་གེའི་ཐལ་འགྱུར་གྱི་རིག་པ་བཀོད་ནས་ཚར་རྒྱུ་མེད་པའི་ཀླན་ཀ་ཁྲོད་དུ་འདུག་རྒྱུ་ཞིག་ཀྱང་མ་རེད། ཁྱོད་ཀྱི་གནས་དོན་གླེང་དུས་ནས་མཚན་ཉིད་དང་། མཚན་གཞི་ཞོག་ཟེར་དུས་ནས་རྟོག་གེའི་རིག་པའི་དྲ་བར་ཚུད་ཟིན་འདུག་པ་གསལ་པོ་རེད་འདུག དེ་ལས། ཁྱེད་རང་ཤེས་འདོད་ན། འབྲོང་བུ་ཚེ་རིང་གི་ཤེས་རྟོག་རིག་པ་སོགས་ཀྱི་ཁ་ཕྱོགས་འཚོལ། ལྷག་པར། དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ལྟ་བུ་ལྟོས་དང་ཁྱེད་ཀྱི་རྒྱུད་ཀྱི་བག་ཆགས་མཐུག་པོ་དེ་ཚོ་རིམ་པས་གསལ་པའི་རེ་བ་ཡོད། ད་གཟོད། དེང་དུས་ཀྱི་ཤེས་ཡོན་ཟེར་བར་ཁ་ཕྱོགས་ན་གཞི་ནས་བློ་བསྐྱེད་ཀྱི་རིག་པ་ཞིག་ཡོང་བའི་མདུན་ལམ་རྒྱ་ཇེ་ཆེ་རེད།

  17. གཞིས་ཆགས་བུ། says:
    2012-02-17 at 11:16 pm

    བོད་ཀྱི་བུ་ལགས། ཚན་རིག་དང་མཐུན་པར་ཟེར་ནའང་ཅུང་ཟད་དཀའ་བ་མ་ཡིན་ནམ། གང་ལ་ཞེ་ན་ཚན་རིག་ལའང་དུས་ཀྱི་འཕེལ་རིམ་དང་མཐུན་པའི་འགྱུར་བ་འགྲོ་བཞིན་པ་ལྟར་། དུས་དང་མཐུན་པའི་ཤེས་ཡོན་ཞིག་ལ་སྦྱོར་ལ་མི་བཟང་ངམ། ངས་ཡག་པོ་མི་ཤེས།

  18. དྲང་བདེན་གྱི་བུ། says:
    2012-02-18 at 4:13 am

    ངོ་མས་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་ན་ཧ་ཅང་གི་བློ་ཕམ་རེད། ཁོ་ལ་སྒེར་གཅོད་ཀྱི་དབང་ཆ་དེ་འདྲ་ཞིག་སུས་སྤྲད་པ་རེད། “ནེ་ཤི་ནལ་ཨོ་པན་སཁུལ་(National Open School)རྒྱུད་ནས་གཏོང་རྒྱུའི་ཐག་གཅོད་བྱེད་ཡོད། ཅི་སྟེ་ཕ་མ་རྣམས་དེ་ལ་འདོད་པ་དང་མོས་མཐུན་མེད་ན་། རང་ཉིད་ཀྱི་ཕྲུ་གུ་རྩ་དགོངས་ཞུས་ན་ཆོག་ལ་། སློབ་མ་གཅིག་ལས་མེད་ཀྱང་འཛིན་རིམ་བཅུ་པ་དེ་བཞིན་ཚུགས་རྒྱུ་ཡིན་”འདི་ལ་ལྟོས་དང་། བོད་རྒྱལ་ཁབ་ཀྱི་ཁྱིམ་མཚེས། དམངས་གཙོ་ལ་དགའ་མཁན་དག་གིས་མིག་སྡང་བགྲད་ས། རྒྱ་གར་རྒྱལ་ཁབ་འཇིགས་འཇིགས་བྱེད་ས་གུང་ཁྲན་ཏང་གི་སྐད་ཆ་ཞིག་དང་མི་འདྲའམ། བོད་ཀྱི་ཤེས་ཡོན་འདི་ཡར་རྒྱས་འགྲོ་རྒྱུར་དཀའ་མོ་རེད་་་་་་་་་ཨ་ཁ

  19. འཇིགས་མེད་ཚེ་རིང་། says:
    2012-02-18 at 4:39 am

    National Open School གྱི་ཡིག་རྒྱུགས་མི་གཅིག་ལས་མེད་ཀྱང་གཏོང་དགོས་པ་དེ་གཡོག་པོའི་ནང་ནས་ངོ་ཆེན་ཞིག་བྱེད་དགོས་ཟེར་བ་དེ་རེད། ཤེས་ཡོན་སྲིད་ཇུས་ཀྱི་དགོངས་པ་ལྟར་ན་གཡོག་པོ་ངོ་ཆེན་ཆགས་བྱེད་ཀྱི་ལག་འཁྱེར་ལ་སྐད་ཆ་བཤད་ཀྱི་མེད་ལ་བསམ་བློའང་གཏོང་གི་མེད། སྲིད་ཇུས་ཀྱི་དགོངས་པ་ནི་རང་ཉིད་ནས་འགོ་རྩོམ་པ། རང་ཉིད་མགོ་ཁྲིད་བྱེད་པ། རང་གིས་རང་གི་འཚོ་ལམ་བཟོ་བ། དེ་དག་གང་ཡིན་ཡང་རང་གི་རྣམ་དཔྱོད་ཀྱི་གཙུབ་བརྡར་ལས་ཐོན་པའི་རང་དབང་གི་འབྲས་བུ་ཞིག་ཏུ་བཟོ་འདོད་པ་དེ་རེད། མདོར་ན་བསམ་བློའི་རང་དབང་ཡོད་པའི་མི་ཞིག་བྱེད་དུ་འཇུག་འདོད་པ་དེ་རེད། གནད་འདི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་མ་ཟད་པའི་འཛམ་གླིང་ཤེས་ཡོད་ཀྱི་དགོངས་པ་དང་། ལྟ་བའི་ཐུག་སའང་རེད། དེ་ཡིན་ཀྱང་། སྲིད་བྱུས་འདི་དེ་སྔའི་ཨ་ཧྥུ་རི་ཁ་དང་། དེང་གི་བཙན་བྱོལ་བོད་མིས་དེང་ལེན་བྱེད་ཐུབ་ཀྱི་མེད་པ་རེད། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཙོ་བོ་ནི་རང་དབང་གི་བསམ་སྤྱོད་ཀྱི་སྟེང་དུ་བཤད་ཡོད་ཀྱང་། མང་མང་ཞིག་གིས་བོད་ཡིག་རྒྱུན་འཛིན་ཙམ་གྱི་ངོར་བཤད་ཀྱི་འདུག འདི་ངས་བསམ་ན་གནད་མ་ཟིན་པ་རེད།

  20. བཀྲས་ཁང་། says:
    2012-02-18 at 6:43 am

    སྤྱིར་བཏང་གྲུབ་འབྲས་འཐོན་རྒྱུ་མེད་པའི་གནད་དོན་དེ་འདྲའི་རིགས་ལ་བསམ་ཚུལ་བརྗོད་རྒྱུར་ང་མི་འཐད། འོན་ཀྱང་། ལས་རྒྱུ་འབྲས་དཔང་པོར་བཞག་ནས་མ་བཤད་རང་བཤད་ཅིག་ལ། དཔེ་སྟོན་སློབ་གྲྭ་ཞེས་པ་དེ་ཉིད་ཐོག་མར་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེས་རང་ཉིད་ཀྱི་གྲོགས་པོ་མཁས་དབང་ཞིང་གཤེགས་དམ་པ་ཀིརིཤ་ནཱ་མུར་ཏིའི་སྲོལ་རྒྱུན་ལྟ་གྲུབ་ཀྱི་དགོངས་དོན་གཞིར་བཟུང་གསར་འཛུགས་བསྐྱངས་པ་ཞིག་རེད། ༧གོང་ས་མཆོག་ནས་ཀྱང་གནད་དོན་དེ་གལ་ཆེ་དོན་ཆེར་གཟིགས་ནས་སློབ་གྲྭ་དེའི་་མིང་ལ་མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་མཚན་གནང་ཡོད། སྐབས་དེར་སློབ་གྲྭའི་དགེ་རྒན་ཚུན་ཆད་བྷེང་ལོར་དུ་ཀིརིཤ་ནཱ་མུར་ཏིའི་སློབ་གྲྭར་བལྟ་སྐོར་སློབ་སྦྱོང་ཆེད་དུ་འཁྲིད་ཡོད་པ་དང་། དགེ་རྒན་དེ་དག་ཀྱང་སྐབས་དེའི་ས་རཱའི་མཐར་ཕྱིན་འཛིན་གྲྭ་དེ་ཉིད་ཆེད་དུ་གདམས་ནས་དེ་དང་འབྲེལ་བའི་ཆེད་སྦྱོང་སློབ་སྦྱོང་ཁྱོན་ནས་སྤྲད་དེ་གསོ་སྦྱོང་བྱས་ཡོད། དེའི་དགོས་དོན་ཡང་། དེང་དུས་ཀྱི་ཤེས་ཡོན་ལམ་སྟོན་ལྡན་པའི་སློབ་གྲྭ་གཞན་དང་མི་འདྲ་བའི་སློབ་ཁྲིད་ཐབས་ལམ་སོགས་ཁྱོན་ཡོངས་ནས་མི་འདྲ་བའི་ཤེས་ཡོན་འཐབ་འཇུས་ཤིག་བཟུང་ཡོད།
    ལྷག་པར། སྐབས་དེའི་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱིས་དཔེ་སྟོན་སློབ་ཕྲུག་ཐོག་མར་བོད་ཡིག་ཁོ་ན་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དང་། རིམ་པས་དབྱིན་ཡིག་སོགས་སློབ་ཁྲིད་བྱེད་འཆར་སོགས་ཀྱི་སྒོ་ནས་མཐར་འཛིན་རིམ་བཅིུས་འཐོན་སྐབས་སློབ་གྲྭ་གཞན་ལས་ཁྱད་འཕགས་ཀྱི་ངོ་བོར་གསོ་སྐྱོང་བྱེད་རྒྱུ་སོགས་ཀྱི་སྐད་ཆ་བཤད་ཡོད།
    གློ་ཕམ་པ་ཞིག་ལ། ད་ཆ་སྐབས་དང་པོའི་སློབ་ཕྲུག་དེ་དག་སྐབས་དེའི་འཆར་གཞི་བཞིན་བསྐྱོད་མི་ཐུབ་པར་རང་འགོ་རང་ཐོན་བྱེད་དགོས་པའི་གནས་སྟངས་འུ་ཐུག་ཐབས་ཟད་དུ་གནས་འདུག སློབ་མ་དེ་དག་གི་ཁྱད་འཕགས་ཀྱི་ངོ་བོར་བསྒྱུར་རྒྱུའི་ཚབ་ཏུ་རྗེས་ལུས་ཀྱི་གནས་སུ་ལྷུང་བ་ནི་ཇི་འདྲའི་དྲང་བདེན་མིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་འཇུས་ཤིག་རེད་ཨང་།

  21. ཨ་མ་ཆང་མ། says:
    2012-02-18 at 7:50 am

    བཀྲས་ཁང་ལགས་ཀྱིས། དཔེ་སྟོན་སློབ་གྲའི་ཐོག་མཐའི་གོ་རིམ་མདོར་བསྡུས་པོ་ཁྱེར་ཡོང་བར་བཀྲིན་ཆེ། ངོ་མ། ཡག་པོ་འདུག

  22. གཞིས་ཆགས་བུ། says:
    2012-02-18 at 10:29 am

    བཀྲས་ཁང་ལགས་ཀྱི་གསུང་པ་ཡང་དེ་དེ་བཞིན་ནོ། གལ་སྲིད་གནས་ཚུལ་དེ་དག་ངོ་མ་ཞིག་ཡིན་ན་བློ་ཕམ་ཚད་མེད་ཡོད། བཀའ་ཤག་གིས་གྲོས་གཞི་བཏོན། སྤྱི་འཐུས་ཀྱིས་ཐག་གཅོད་བྱེད། ཕ་མའི་རེ་བ་བྱེད། ཕྲུ་གུས་སློབ་སྦྱོང་བྱས། མཐར་གནད་དོན་དེ་དག་ཏུ་ལུས་པ་ཡིན་ན་བློ་ཕམ་ཚད་མེད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme