Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཡི་བསྟན་འཛིན་རྒྱ་མཚོ།

Posted on 2008-07-152008-07-15 By tenzin 15 Comments on ང་ཡི་བསྟན་འཛིན་རྒྱ་མཚོ།

ཁ་སང་དོལ་རྒྱལ་རྗེས་བྲངས་པ་བོད་པ་ན་གཞོན་འགས། དངོས་སུ་ཕྱི་ལ་འདོན་ནས། རྒྱལ་དབང་མཆོག་ལ་ངོ་རྒོལ་བྱས་པ་འདི་མཐོང་ནས་བློ་ཕམ་བྱུང་། གུས་པའི་བཤེས་གཉེན་མཆོག་གིས་དེ་མཁྱེན་ནས་ ཁྱེད་འདིའི་དོན་ལ་སེམས་མ་སྐྱིད་པ་བྱེད་དགོས་དོན་མེད། ད་དུང་སེམས་མ་སྐྱིད་པ་ཡོང་གི་འདུག་ན། ཁྱེད་རྒྱལ་བ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་བཀའ་འདྲིན་བསམས་བཞིན་བསྟོད་པ་རེ་གཉིས་བྲིས་ན་དེས་བློ་སྟོབས་འཕེལ་བར་ཕན་གསུངས། དེས་ན་གུས་པས་གཤམ་གྱི་བསྟོད་དབྱངས་འདི་དག་རང་གི་སྙིང་སྟོབས་འཕེལ་ཆེད་བྲིས་པ་དེས་། ང་དང་འདྲ་བའི་རྒྱལ་དབང་ཁོང་གི་སློབ་མ་གཞན་རྣམས་ལ་ཡང་སྙིང་སྟོབས་འཕེལ་བར་གྱུར་ཅིག

 

ཐུགས་རྒྱུད་ཤིན་དུ་བཟང་བས།

བརྩེ་བའི་རྒྱུ་ལས་མ་འདས །

གཞན་གྱི་སྡུག་བསྔལ་གཟིགས་ནས།

རྟག་ཏུ་ཕན་གྲོགས་བྱེད་པ།

ང་ཡི་བསྟན་འཛིན་རྒྱ་མཚོ།

བརྩེ་བའི་མ་དང་ནོར་སོང་།

 

ཁྱེད་སྐུ་ཤིན་དུ་མཛེས་ལ།

གཞན་དོན་ཁོ་ནར་སྤྱོད་པས།

ངལ་གསོ་གུང་གསེང་ཟེར་བ།

ཡིད་ལ་འཁོར་མྱོང་མེད་པ།

ང་ཡི་བསྟན་འཛིན་རྒྱ་མཚོ།

དྲིན་ཅན་ཕ་དང་ནོར་སོང་།

 

ཁྱེད་གསུངས་ཤིན་དུ་སྙན་ལ།

བློ་གསར་ཤེས་བྱར་སྐུལ་ཆེད།

ཡུལ་ནས་ཡུལ་ལ་འགྲིམས་ནས།

ཡང་དག་བསླབ་བྱར་ཞོལ་བ།

ང་ཡི་བསྟན་འཛིན་རྒྱ་མཚོ།

བཤེས་གཉེན་མཆོག་དང་ནོར་སོང་།

 

ཁྱེད་ཀྱི་སྤྱོད་པ་མཛེས་ཀྱི།

ཁྱེད་དང་འཕྲད་ན་དགའ་བ།

ཁྱེད་དང་བྲལ་དུས་སྐྱོ་བ།

རྟག་ཏུ་ཡིད་ལ་འཁོར་བའི་

ང་ཡི་བསྟན་འཛིན་རྒྱ་མཚོ།

ཆུང་འདྲིས་མཆོག་དང་ནོར་བྱུང་།

 

གླུ་གཞས།, གསར་འགྱུར།, བརྩམས་སྒྲུང་།, མཚར་གཏམ།, འགྱུར་རྩོམ།, འཕྲིན་ཡིག, རྩོམ་རིག, སྙན་ངག, སྣ་ཚོགས།

Post navigation

Previous Post: ཀྲུང་གོའི་བོད་དང་བོད་ཀྱི་བོད།
Next Post: ༄༅། །རྒྱ་མི་སྔོན་འགོག་བྱེད་རྒྱུ་ནི་བོད་མི་རིགས་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་ཞིག་ཡིན།

Comments (15) on “ང་ཡི་བསྟན་འཛིན་རྒྱ་མཚོ།”

  1. gfs says:
    2008-07-15 at 5:17 pm

    ཆུང་འདྲིས་མཆོག་དང་ནོར་བྱུང་།

  2. གྲགས་པ་རྒྱ་མཚོ་། says:
    2008-07-20 at 10:09 pm

    རྨད་བྱུང་ལྷ་མལ་དཀར་པོར།
    གངས་ལྗོངས་རིགས་བཟང་དབུ་རྒྱན་།
    འཛམ་གླིང་ཞེ་བདེ་དེད་པོན་།
    སྐལ་བཟང་ལྷ་མོ་དོན་གྲུབ་མཆོག།།

  3. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-20 at 10:19 pm

    ཕ་ཡུལ་གངས་ལྗོངས་བཀའ་དྲིན་ཆེན་།
    ཡུལ་དུ་འཁྲུངས་པའི་པདྨ་མ་མཛེས།m
    མཛེས་ལྡན་འཛམ་གླིང་ཁམས་སུ་ཁྱབ།
    རྗིད་ཆགས་གླིང་ཕྲན་ཀུན་ལ་མཛེས།།

  4. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-21 at 9:50 pm

    གང་ལས་ཐུགས་རྗེས་བཀྲ་བའི་གོལའི་སྲས་ཀྱི་མཆོག།
    མེས་པོ་ཁམས་ལ་གསལ་བཞིན་འོད་མདངས་ཟེར་མའི་མཚོ་།
    ཀུན་ལ་ཐུགས་རྗེས་གྲངས་མེད་ཆུ་གཏེར་མཆོག་རྣམས་ལ།
    བདག་གསོལ་སྙིང་གུས་ཡིན བཞིན་ནོར བུ་ཞབས་ལ་འདོད་།

  5. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-21 at 9:52 pm

    ཞ་བ་མུལ་ཆུར་མཐའི་སྡོམ་པོ་མཆོག།
    ཀུན་གསལ་དཔལ་འཛམས་ལྡན་པའིཡལ་ག་མཆོག།
    སྤྲོ་བ་ལྟར་སྦྱང་ལྡན་པའི་ལོ་མ་མཆོག།
    ཡིད་རང་མཛའ་བརྩི་ཞེས་བདེ་འབྲས་བུ་མཆོག་ཨང་།

  6. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-21 at 10:10 pm

    ་མཁས་པའི་དཔྱོད་གསུམ་ལག་པའི་རྨིགས་པ་འཁྲིགས།
    མཚོ་བྱེད་ཆུ་གཏེརརྦར་རླབས་རབ་མཛེས་ཅན།
    དེ་གཉིས་ཡུལ་དུ་ཁ་བ་པོའི་སྟེང།
    ཡོན་ཏན་བཅུའི་རྨད་བྱུང་ངོར་ཚ་་བཀྲ།

  7. སྤོབས་པ། says:
    2008-07-22 at 10:08 pm

    སྨར་ཁམས་གྲགས་པ་རྒྱ་མཚོ་ལགས། ཁྱེད་ཀྱིས་བྲིས་པའི་སྙན་ངག་དེ་ཚོ་ངས་ཐེང་མ་ཁ་ཤས་བཀླགས་ཀྱང་གོ་རྒྱུ་གང་ཡང་མི་འདུག སྙན་ངག་མེ་ལོང་དུ་ལྡོག་ནས་བཀླགས་དགོས་པའི་ཚིག་གཅད་འབྲི་སྟངས་ཤིག་ཡོད་པ་དེ་འདྲ་ཨེ་ཡིན་སྙམ་ནས་ལྡོག་ནས་ྋཐྲྤཀློག་ཁུལ་བྱས་ཀྱང་གོ་རྒྱུ་གང་ཡང་མི་འདུག དགོང་དག

  8. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-22 at 10:27 pm

    ཐུགས་སེམས་གངས་ལས་དཀར་བའི་མེས་བུའི་སྐུ་སྐྱེད་མཆོག།
    དམ་ཆོས་གསུང་སྙན་ཁ་འབབ་་འཚོ་སྤྱིད་སྨན་སྦྱིན་གདུལ་བྱའི་སྐྱོངས།
    མ་དྲོས་འོ་མའི་མཚོའི་དམ་ཆོས་ཆར་འབད་སེལ་སེར་མུན་པ་གསལ།
    དུག་གསུམ་ཀུན་གསལ་་ཆུ་གཏེར་དག་གིས་གདུལ་བྱ་ཁྲུས།

    ཡང་དག་མཚུངས་མེད་བླ་མ་རིན་པོ་ཆེན།
    བཀའ་དྲིན་སྐྱོངས་བའི་དད་དཔོན་རིན་པོ་ཆེན།
    འགྲོ་བ་སྐྱབས་པའི་ཕ་མ་རིན་པོ་ཆེན།
    བཀའ་དྲིན་གསུམ་ལྡན་ཡིན་བཞིན་ནོར་བུ་མཆོག།

  9. ཟུར་བལྟ། says:
    2008-07-23 at 10:07 am

    སྐུ་ཞབས་སྨར་ཁམས་པ་གྲགས་པ་རྒྱ་མཚོ་ལགས།
    ཁྱེད་རང་ཕལ་ཆེར་བློ་བཟང་ཆོས་འཕེལ་ཟེར་བའི་སྨར་ཁམས་པ་འདི་མིན་འགྲོ་བསམས། ཁོང་གི་བོད་ཡིག་ཀྱང་འབྲི་སྟངས་ཀྱང་འདི་ལྟར་རེད། རབ་བྱུང་ན་ཁྱེད་ཀྱི་སྙན་ངག་དེར་ཞུ་དག་ཞིག་གནང་ན་ལེགས།

  10. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-23 at 10:50 am

    མིང་མེད་ཡིག་ཆང་སླེབ་པར་ཐུགས་རྗེས་ཆེ།
    མཚན་མེད་སློབ་དགེ་གནང་བ་ལ་ཡིད་རང་བསྔགས་བརྗོད་ཡོད་ཀྱང་།
    གོང་གསལ་རང་དབང་ཚིག་ཅད་ཞུས་པ་ལས། མཁས་པའི་སྙན་ངག་ཁུངས་སུ་མ་ཡིན་མོན་ཡིན་ན་ཡང་རྩོམས་ཚེད་སྙན་ངག་ཟེར་བ་ནས་མི་བདེན་ནོ། བློ་བཟང་ཆོས་འཕེལ་དང་གྲགས་པ་རྒྱ་མཚོ་གཉིས་གཅིག་
    མ་རེད་། ཡིན་ནའང་ཁྱེད་རང་ནས་མཚན་་སལ་པོ་བཏང་གནང་ན་ལེགས། བཀྲེས་བདེ་ལེགས།

  11. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-23 at 11:06 am

    སྤོབས་པ་ལགས་བཀྲིས་བདེ་ལེགས། མཇལ་བ་དགའ་པོ་བྱུང་གོང་གསལ་ངའི་ཚིག་བཅད་བྲིས་པར་གཟིགས་གནང་བ་ཐུགས་རྗེས་ཆེན་ ངའི་བསམ་ཚུལ་བྲིས་པ་ལས་སྙན་ངག་གི་རྒྱན་གང་ལ་བསྟོད་མིད་། ཡིན་ན་ཡང་དགོང་ཚུལ་གསུང་པ་ཐུགས་རྗེས་ཆེ་།

  12. སྤོབས་པ། says:
    2008-07-23 at 6:59 pm

    སྐུ་ཞབས་སྨར་ཁམས་གྲགས་པ་རྒྱ་མཚོ་ལགས། ངས་ཁྱེད་ལ་ཀུ་རེ་ཞུས་པ་མ་གཏོགས་དོན་དངོས་སུ་ཁྱེད་ཀྱི་བྲིས་པ་འདི་ལ་ལེགས་པོ་མི་འདུག་ཅེས་བརྗོད་ཀྱིན་མེད། རྩོམ་ཡིག་བརྒྱ་ཆ་བརྒྱ་ཐམས་པ་ལེགས་པོ་ཤ་སྟག་འབྲི་ཐུབ་མཁན་སུ་གཅིག་ཀྱང་མེད། སྐྱོན་བརྗོད་ན་ཚང་མའི་རྩོམ་ཡིག་ལ་སྐྱོན་བརྗོད་རྒྱུ་ཡོད། རྩོམ་པ་གྲགས་ཅན་ཡིན་ཟེར་མཁན་ཚོ་ཡང་རྩོམ་ཡིག་མང་པོ་ཞིག་བྲིས་པའི་ནང་ནས་ལེགས་པོ་ཁ་ཤས་རེ་ཐོན་ནས་སྐད་གྲགས་ཆགས་པ་མ་གཏོགས་ཚང་མ་ལེགས་པོ་ག་ལ་ཡིན། ཁྱེད་ཀྱིས་མང་པོ་འབྲི་རོགས་གནོང༌། གཙོ་བོ་ཡི་མི་ཆད་རྒྱུ་དེ་གལ་ཆེན་པོ་ལོས་ཡིན། བོད་པ་ཚོ་བཀའ་སློབ་གནང་རྒྱུར་དགའ་བོ་ཡོད་སྟབས་ངས་ཀྱང་འདིར་འོས་བབ་ཡོད་མེད་ལ་མ་ལྟོས་པར་ཁྱེད་ལ་བཀའ་སློབ་ཅིག་གནང་བ་ཡིན། ཐུགས་རྗེ་ཆེ།

  13. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-24 at 9:10 pm

    མཚུངས་མེད་རྗེ་བཙུན་ཕྱག་ན་པདྨའི་ཞབས།
    ཐབས་མཁས་ཐུགས་རྗེས་མཛད་པའི་གཟིགས་པ་ཅན།
    གངས་ལྗོངས་བསྟན་པའི་གཙུག་ནོར་ཐམས་ཅན་མཁྱེན།
    འཕགས་མཆོག་རིམ་བྱོན་རྣམ་ལ་གུས་ཕྱག་འཚལ།

  14. སྨར་ཁམས་གྲགས་པ་རྒྱ་མཚོ་། says:
    2008-07-24 at 9:22 pm

    མཁྱེན་ལྡན་རྩོམ་པ་པོ་རྣམས་ལ་ཞུ་རྒྱུ་།

    སྙན་ངག་ཡི་གཞུང་དང་མཐུན་པ་དགོས་པ་ཡིན་ན་གསུང་གནང་ཡོད་མཁྱེན་མཁྱེན་ཞུ།།

  15. k-Lhamo says:
    2009-01-16 at 1:35 pm

    སྙན་མི་སྙན་ཇི་ལྟར་ཡང།
    གོ་རྒྱུ་ཤིན་ཏུ་ཆེ།
    ཁྱེད་ཀྱི་དད་སེམས་ལ་རྗེས་སུ་ཡི་རངས་ཞུ།

    ཨ་ཁུ་པདྨའི་དཔེ་ཟླ།
    མགོན་བསྟན་འཛིན་རྒྱ་མཚོ་བཀའ་དྲིན་ཅན།
    ཕར་ཕེབས་ན་འཛམ་གླིང་རྒྱན་གཅིག་རེད།།
    ཚུར་བྱོན་ན་བོད་པའི་སྐྱིད་ཅིག་རེད།
    ཁྱོད་མེད་ན་གྲུ་འཛིན་སྟོང་པ་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme