Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝང་ལུའི་ཞོང་གི་བོད་ཀྱི་ཐབས་ལམ་ཟེར་བའི་རྩོམ་ཡིག་བཀླགས་རྗེས།

Posted on 2012-02-12 By ཁ་བརྡ་ 18 Comments on ཝང་ལུའི་ཞོང་གི་བོད་ཀྱི་ཐབས་ལམ་ཟེར་བའི་རྩོམ་ཡིག་བཀླགས་རྗེས།

ནམ་མཁའ་ནས ༡༡/༢/༢༠༡༢ལ་ཡོ་རུབ་ནས་བྲིས།
སྐུ་ཞབས་ཝང་ལགས། ཁྱེད་ཀྱིས་གསུངས་བའི་དོན་ཚན་དང་པོའི་གལ་ཏེ་ཞེས་བ་ནས་ཐོལ་རྒལ་གཏན་ནས་མི་བརྩི་བར།
བཙན་བྱོལ་བོད་མི་ཚོས་མཆོད་འབུལ་དང་བསྔོ་བ་སྨོན་ལམ་མར་མེ་ཁྲོམ་སྐོར་སོགས་ཀྱིས་གསལ་བསྒྲགས་ཙམ་ལས་ནུས་པ་ཅི་ཡང་མི་འདུག་བསམ་བློ་འདི་ཁྱེད་རང་ཉིད་ཀྱི་བསམ་ཚུལ་ཞིག་ཡིན་ནམ། རྒྱ་སྲིད་གཞུང་གི་བསམ་ཚུལ་རེད། བོད་ཕྱི་ལོགས་ཀྱི་བོད་མི་ཚོས་རྔམ་སྟོན་ཁྲོམ་སྐོར་གྱིས་རྒྱ་སྲིད་གཞུང་ལ་འགུལ་བསྐྱོད་བྱེད་མི་ནུས་སྟེ།དེང་སང་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེན་མང་པོས་དཔལ་འབྱོར་གྱི་དབང་གིས་རྒྱ་ནག་སྲིད་གཞུང་ལ་བསྟུན་དགོས་ཀྱི་ཡོད་སྙམ་པའི་སྤོབས་པའི་ང་རྒྱལ་འདི་ཁྱེད་རང་ལ་ཡང་རྒྱ་ནག་སྲིད་གཞུང་ལ་ཡོད་པ་བཞིན་ཁྱེད་ཀྱི་སེམས་སུ་ཡང་ཡོད་པ་ཕལ་ཆེར་གསལ་བོ་རེད་ལབ་ན་འགྲིག ད་རུང་ཁྱེད་ཀྱིས་གསུངས་པ་ལ། བོད་ནང་གི་བོད་མི་ཚོར་མངོན་གསལ་གྱི་ཁ་ཕྱོགས་ངེས་བསྟན་ཞིག་དགོས་མཁོ་ཆེ་ཟེར་བ་ལ་འདིར་གཞིགས་ཚེ། བཙན་བྱོལ་གཞུང་ལ་མངོན་གསལ་གྱི་ཁ་ཕྱོགས་བརྟན་པོ་ཞིག་མི་འདུག་བསམ་པའི་ཚོར་བ་འདི་ཡང་ཁྱེད་དང་རྒྱ་སྲིད་གཞུང་ལ་ཡོད་པའི་བསམ་བློ་ཞིག་ཡིན་པ་གསལ་བོ་རེད། ངས་འདིར་ཁྱེད་ལ་ཞུ་འདོད་པ་ཞིག་ནི། པེ་ཅིན་གྱི་སྲིད་གཞུང་འགོ་འཛིན་པ་ཚོའི་མདུན་ཅོག་སྟེང་ལ་བཞག་ཡོད་པའི་དབུ་མའི་ལམ་དེ་བཙན་བྱོལ་གཞུང་གི་མངོན་གསལ་གྱི་ཁ་ཕྱོགས་གསལ་བོ་དེ་རེད། ཡིན་ཡང་རྒྱ་སྲིད་གཞུང་དོག་པའི་ཁེངས་ཏེ་འཁྱོགས་བཤད་རབ་དང་རིམ་པ་མང་པོ་བྱས་བ་བཞིན། ཁྱེད་རང་ཡང་དབུ་མའི་ལམ་ཁ་དེར་དོག་པའི་ཁེངས་ཡོད་པ་དེ་རིང་གསལ་བོ་རེད། སྤྱིར་རྩམ་པ་ཟ་མཁན་ཞིག་དང་འབྲས་ཟ་མཁན་ཞིག་གི་བར་ན་བསམ་ཚུལ་མི་མཐུན་པ་རང་བཞིན་གྱིས་ཡོང་སྲིད་པ་ཞིག་རེད།
གཉིས་པ། རྨ་ཆུའི་འགྲམ་གྱི་ཞེས་པ་ནས་ཐབས་ལམ་དགོས་ཞེས་བའི་བར། ཁྱེད་ཀྱིས་གསུངས་པ་འདིར་གཞིགས་ན། བཙན་བྱོལ་གཞུང་དང་འཛམ་གླིང་གིས་རྒྱ་ནག་གི་འགག་རྩའི་ཐབས་ལམ་དེ་ཤེས་ཀྱི་མི་འདུག་བསམ་བློ་ཞིག་འདུག རེད་ཡ་ཁྱེད་རང་ཡང་འགྲོ་བ་མིའི་ཐོབ་ཐང་བཤད་མཁན་ཞིག་དང་དམངས་གཙོ་ལ་དགའ་མཁན་ཞིག་ཡིན་པས་ཆ་ནས་རྒྱ་ནག་དམར་ཕྱོགས་འཐོར་བཤིག་ཏུ་འགྲོ་བའི་འགག་རྩ་དེ་གང་ཡིན་ཕལ་ཆེར་མཁྱེན་ཡོད་ངེས་རེད། གལ་སྲིད་ཤེས་ཡོད་ན་འགག་རྩ་དེ་རྒྱ་ནང་གི་རང་དབང་ལ་དགའ་མཁན་དེ་ཚོར་འགྲེལ་བཤད་རེ་བྱེད་ཐུབ་ན་མི་འགྲིག་གམ། ང་ཚོ་བོད་མི་ཚོར་འགྲེལ་བཤད་བྱས་ཀྱང་འགག་རྩ་གཏོར་བའི་ལམ་ཁ་འགྲོ་འདོད་ཀྱང་མེ་མདའི་གདོང་ལ་གཏད་དགོས་བ་ཁྱེད་ཀྱིས་མཁྱེན་གསལ་རེད། དེ་ཡང་ལོ་ངོ་ལྔ་བཅུའི་རིང་ལ་ལག་པས་རྡོ་ལ་གཞུས་ནས་ཕམ་ཁ་ཞིག་ལས་རྒྱལ་ཁ་ཐོབ་མ་མྱོང་།
གསུམ་པ། ཁྱེད་ཀྱིས་གསུངས་བ་ལ། གྲོང་ཚོ་རང་སྐྱོང་གི་སྐོར་རྒྱ་ནག་གི་ཁྲིམས་དང་མཐུན་ཚུལ་བྲིས་འདུག འདི་ནི་ཁྱེད་རང་གིས་རྒྱ་ནག་གི་རྩ་ཁྲིམས་ལ་ཕྱི་ནང་གཉིས་ཡོད་པ་མ་ཤེས་ཡིན་ནམ། ཤེས་ཀྱང་འགེབས་སྲུང་བྱེད་ཀྱི་ཡོད། གལ་སྲིད་མ་ཤེས་བ་ཡིན་ན་བོད་ནང་གི་ཞིང་ཆེན་དང་ཁུལ་རྫོང་ཞང་ཐ་ན་གྲོང་སྡེ་སོ་སོར་ཕྱིན་ནས་ཞིབ་དཔྱོད་བྱེད་རྒྱུ་གལ་ཆེ། ཐ་ན་གྲོང་སྡེ་ཞིག་གི་སྡེ་དཔོན་འདེམ་བསྐོ་བྱེད་དུས་ཀྱང་གྲོང་ཚོ་དེའི་མི་དམངས་ཀྱི་འདོད་མོས་ཡོད་པའི་མི་དེ་འོས་གྲངས་ཐོབ་ཀྱང་། རྫོང་སྲིད་གཞུང་གི་དམིགས་འབེན་གྱི་མི་དེ་མ་ཐོབ་ན་ཚར་ག་ཚོད་འོས་ཤོག་བསྡུ་རུ་འཇུག་གི་ཡོད་པ་ཁྱེད་ཀྱིས་མཁྱེན་གྱི་མེད་པ་འདྲ། འདི་ནི་གྲོང་སྡེ་ཞིག་གི་སྡེ་དཔོན་བསྐོ་ཕྱོགས་ཐད་རེད། ཁུལ་དང་རྫོང་དཔོན་མི་དམངས་ལ་འདོད་མོས་ཡོད་པ་ཞིག་བསྐོ་ཐུབ་བམ།
ད་རུང་ཁྱེད་ཀྱིས་གལ་གནད་ཅན་ཞིག་གསུངས་པ་ལ། རྡ་སར་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་ན་ཟེར་བ་ནས་མཇུག་བར་ལ། ཁྱེད་ཀྱིས་བསམ་ཚུལ་ལ་བཙན་བྱོལ་གཞུང་གིས་བོད་ནང་གི་བོད་མི་ཚོར་ངན་སྐུལ་བྱེད་ཀྱི་ཡོད་པའི་བསམ་བློ་ཤུགས་ཆེན་འདུག འདི་ནི་རྒྱ་ནག་དམར་ཕྱོགས་ཚོགས་པའི་བསམ་ཚུལ་དང་གཅིག་མཚུངས་རེད། བཙན་བྱོལ་གཞུང་གིས་བོད་ནང་ལ་ངོ་རྒོལ་བྱེད་དགོས་ཚུལ་དང་མེ་བསྲེགས་གཏོང་དགོས་བརྗོད་ཡོད་པ་འདི་འདྲ་ཞིག་ནམ་ཡང་ཡོད་མི་སྲིད། རྒྱུ་མཚན་ནི་གསལ་བོ་རེད།རྒྱ་གཞུང་གིས་དྲག་གནོན་བྱེད་པ་འཛམ་གླིང་གི་མི་སུ་ལ་ཡང་དྲི་བ་འདི་འདྲི་མི་དགོས་བ་ཞིག་རེད། ཁྱེད་ཀྱིས་ཚིག་སྙིང་རྗེ་བོ་ཞིག་གིས་བེད་སྤྱོད་གཏོང་སྟངས་འདི་བོད་མི་ཡོངས་ཀྱིས་ཤེས་གསལ་རེད། སྔོན་མ་དུས་དབང་སྐབས་སྲམ་པགས་དང་རྒྱན་ཆ་སྐོར་༧གོང་ས་༧མཆོག་གིས་གསུངས་བ་དེ་བོད་མི་ས་ཡ་དྲུག་གི་འགན་ཞིག་ཡོད་པ་དང་འཛམ་གླིང་གི་འཁོར་ཡུག་དང་སྲོག་ཆགས་རིགས་སྲུང་སྐྱོབས་ཆེད་གསུངས་བ་རེད། ད་ལོ་ལོ་གསར་མི་གཏོང་བ་འདི་བཙན་བྱོལ་གཞུང་གིས་ངོས་ནས་ཅི་ཡང་གསུངས་མེད་ལ། གཞོན་ནུས་དེའི་སྐོར་བསམ་ཚུལ་འགའ་བསྡུ་ལེན་བྱས་བ་ཞིག་རེད། གལ་སྲིད་བོད་ནང་གི་བོད་མི་ཚོར་རྒྱ་གཞུང་ལ་དགའ་མོས་དང་སྲིད་ཇུས་ལ་འདོད་བློ་ཁེངས་ཡོད་ཚེ་ངན་སྐུལ་བྱས་ཀྱང་རང་སྲོག་འབེན་དུ་བཞག་ནས་ངོ་རྒོལ་བྱེད་སྲིད་དམ། དེང་སང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཧྥ་ལུང་ཀོང་ཚོས་རྒྱ་ནང་གི་འབྲས་ཟ་མཁན་གི་སྤུན་ཟླ་ཚོར་རང་དབང་སྐོར་དྲ་ཐོག་སོགས་སུ་ཁྱེད་བཞིན་འགྲེམས་སྤེལ་བྱེད་ཀྱི་ཡོད། ཡིན་ཡང་གྲགས་འགུལ་ཅི་ཡང་མེད་པ་འདི་རྒྱུ་མཚན་ཅི་ཡིན་ནམ། ཁྱིམ་ཚང་ཞིག་གི་བུ་ཕྲུག་འགའི་ཕ་གཡར་ཞིག་ལ་མཚོན་ན་རང་གི་ཤ་གསེབ་ལས་གྲུབ་པའི་བུ་ཕྲུག་དང་ཕ་གཡར་བྱེད་སའི་བུ་ཕྲུག་བར་བདག་སྐྱོང་གི་ཁྱད་པར་ཡོད་ཚེ། ཁོ་ཕ་གཡར་བྱེད་སའི་བུ་ཕྲུག་ཚོའི་བསམ་བློ་དང་ལང་ཚོ་རྒྱས་བར་དུ་ནུས་པ་མེད་ན་ཡང་། སེམས་ནང་དུ་ཡ་ལན་སློག་འདོད་ཡོད་པ་གསལ་བོ་ཡིན། དེ་བཞིན་རྒྱ་ནག་རྩ་ཁྲིམས་མདུན་ན་གྲངས་ཉུང་མི་རིགས་རྒྱ་མི་རིགས་བར་དབྱེ་འབྱེད་ཆེན་པོ་ཡོད་དུས་ནམ་ཡིན་ཡང་བཟོད་སྒོམ་བྱེད་རྒྱུ་དཀའ་ལས་ཁེགས་པོ་ཡོད། དཔེར་ན་སྔོན་ལོར་རེབ་གོང་ནས་འགོ་བཙུགས་ཏེ་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་པ་ཡང་རྒྱ་ནག་གི་རྩ་ཁྲིམས་ཕྱི་བསྒྲགས་བྱས་བའི་ཁྲིམས་དང་ལག་ལེན་གྱི་ཁྲིམས་གཉིས་མི་མཐུན་པས་ངོ་རྒོལ་བྱུང་བ་ཞིག་རེད། སྤྱིར་རྒྱ་ནག་གི་རྩ་ཁྲིམས་ཨ་མ་ནང་མི་དམངས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་ཁེ་དབང་ཡོད་ཅེས་བཀོལ་ཡོད། ཡིན་ཡང་ང་ཚོ་བོད་མི་ཚོ་ཕར་བཞགས་ཐ་ན་རྒྱ་མི་རིགས་ཚོས་ཀྱང་རྔམ་སྟོན་ཁྲོམ་སྐོར་བྱེད་དབང་ཡོད་དམ། ད་དུང་གྲངས་ཉུང་མི་རིགས་ཚོའི་སྟེང་ལ་གསལ་བསྒྲགས་ཀྱི་ཁྲིམས་ཞིག་དང་ལག་ལེན་གྱི་ཁྲིམས་མི་འདྲ་བ་གཉིས་ཡོད། གལ་སྲིད་ཡིད་མི་ཆེས་ན་ཁྱེད་ཀྱི་མཛའ་མོར་དྲིས་ན་མཁྱེན་ངེས་ཡིན།

སྣ་ཚོགས།

Post navigation

Previous Post: སྟོན་མཇུག་གི་སྨྲེ་སྔགས།
Next Post: ངས་ཅིག་འདྲི།

Comments (18) on “ཝང་ལུའི་ཞོང་གི་བོད་ཀྱི་ཐབས་ལམ་ཟེར་བའི་རྩོམ་ཡིག་བཀླགས་རྗེས།”

  1. དཀར་མཚོ་སྐྱིད། says:
    2012-02-12 at 9:08 pm

    ཝང་ལི་ཞུང་གིས་རྒྱ་དོན་སྙིང་ལ་བཅིངས་ནས་བོད་དོན་ཁ་ནས་གླེང་ཁུལ་བྱས་པའི་གཡོ་འཕྲུལ་གྱི་རྩོམ་ཡིག་ལ་དུས་དང་མཐུན་པའི་སྒོ་ནས་དགག་ལན་ཚ་ནན་དུ་སྤྲད་པ་འདི་ནི་དོན་ལ་གནས་ཤིང་རྒྱུ་མཚན་དང་ལྡན་པས་བདག་གིས་རྗེས་སུ་ཡི་རང་ཞུའོ། །

  2. བཀྲས་ཁང་། says:
    2012-02-12 at 9:56 pm

    བོད་ཀྱི་ཁ་དཔེར།
    བོད་རེ་བས་ཕུངས།
    རྒྱ་དྭོགས་པས་ཕུངས།

  3. བཀྲས་ཁང་། says:
    2012-02-12 at 9:58 pm

    དཀར་མཚོ་སྐྱིད་ལགས་ཀྱིས་བོད་སྨན་ཨེམ་ཆི་གནང་ཞོར་ཆབ་སྲིད་རྩ་དོན་དང་འབྲེལ་བའི་བསམ་འཆར་དུས་ནས་དུས་སུ་སྤེལ་བཞིན་དེ་ནི་བེུད་རྩོམ་པ་པོ་འོད་ཟེར་གྱི་གཤིས་ཀ་ཏོག་ཙམ་འདུག་འདོད།

  4. ལྕགས་འགོར says:
    2012-02-12 at 10:04 pm

    ཝ་ལི་ཞུང་མི་ཪུས་པ་ཅན་ཞིག་ཡིན་ན་རྒྱ་མི་རིགས་ལ་ཤ་ཚ་ནི་རེད། རང་མི་རིགས་ལ་ཕྱོགས་རིས་དང་ཞེན་ཁོག་མེད་པའི་མི་སུ་ཡིན་ན་དེ་ནི་ཅི་ཡང་མི་ཤེས་པ་ཞིག་ཡིན་པའི་རྟགས་རེད། མི་དེའི་རིགས་ལ་ནམ་དོག་མ་བྱས་ཀྱང་ཆོག་ནི་རེད།

  5. ཅོག་རོང་གི་མྱི། says:
    2012-02-12 at 10:38 pm

    ལྦོང་ལུ་ཞོང་གི་བཟའ་ཟླ་འོད་ཟེར་གྱིས་ཁྱོ་བོར་སྐྱ་རྒྱབ་ནས་བོད་དོན་ལ་སེམས་ཁུར་བྱེད་མདོག་སྟོན་གིན་འདུག ཁོ་མོའི་དྲ་ཚིགས་ཐོག་ཏུ་བདག་གིས་དཔལ་རྒྱལ་བ་ཀརྨ་པའི་མཚན་གྱི་རྒྱ་འགྱུར་གསར་བ་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་མཆན་བཏབ་པ་དེ་དེ་མ་ཐག་ཏུ་བསྲུབ་བྱུང་། ཁོ་བོ་བལྟས་ན་འོད་ཟེར་ནི་ཤིན་ཏུ་ལྐོག་གྱུར་གྱི་རྩོམ་མཁན་ཞིག་རེད།

  6. ཐམས་ཅད་མཁྱེན་པ། says:
    2012-02-12 at 10:46 pm

    1 ( བཙན་བྱོལ་གཞུང་གིས་བོད་ནང་ལ་ངོ་རྒོལ་བྱེད་དགོས་ཚུལ་དང་མེ་བསྲེགས་གཏོང་དགོས་བརྗོད་ཡོད་པ་འདི་འདྲ་ཞིག་ནམ་ཡང་ཡོད་མི་སྲིད། རྒྱུ་མཚན་ནི་གསལ་བོ་རེད།)རྒྱུ་མཚན་གང་རེད་དམ།
    2 (ད་ལོ་ལོ་གསར་མི་གཏོང་བ་འདི་བཙན་བྱོལ་གཞུང་གིས་ངོས་ནས་ཅི་ཡང་གསུངས་མེད་ལ། གཞོན་ནུས་དེའི་སྐོར་བསམ་ཚུལ་འགའ་བསྡུ་ལེན་བྱས་བ་ཞིག་རེད།) འདི་བདེན་པ་མ་རེད། ཁྱེད་འཁྲུག་འདུག གཞུང་གིས་སྔ་ཕྱིར་ཡིག་ངག་གཉིས་ནས་གསུངས་ཡོད། གཅིག་བདེ་སྐྱིད་ཆོས་དབྱིངས་ཀྱི་གསར་འགོད་ནང་ཡོད། གཉིས་ཚེས་ ༨ ཀྱི་དགུང་མོར་བཀའ་ཁྲིས་ངག་ཐོག་ནས་གསུངས་ཡོད།
    གཞོན་ནུས་བསམ་ཚུལ་བསྡུས་པ་མ་རེད། ཞལ་འདེབས་བསྡུས་པ་རེད། ལོ་སར་ལ་ཁ་གཡར་ནས་རྡོ་རྗེ་གདན་ནས་གསར་འབྱོར་ཚོའི་ལག་ནས་རྒྱ་གར་སྒོར་མོ་འབུམ ༣༠༠ ལྷག་ཅིག་བསྡུས་འདུག དེ་མགོ་སྐོར་རེད། རུལ་སུངས་རེད། སྐྱུག་བྲོ་བའི་ལས་ཀ་རེད། དེ་ཁྱེད་ནས་མ་ཤེས་སམ། ད་དུང་རྒྱལ་ཁབ་བསྐྱར་འཛུགས་བྱེད་ཀྱི་མ་དངུལ་ཟེར་བའི་མིང་ཞིག་བཏགས་འདུག

    གཞན་དབུ་མའི་ལམ་ནས་གླུ་གར་རྩེད་འཇོ་མེད་པར་ལོ་སར་གཏོང་དགོས་པའི་གསར་འགོད་གསལ་བསྒྲགས་སྤེལ་འདུག ཁྱེད་ཀྱིས་ཅིག་ཤེས་ཀི་ཡོད་དམ། མེད་ན། ཞལ་བཙུམས་ནས་བཞུགས་རོགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-02-12 at 10:55 pm

    ནམ་མཁས། སྐུ་ཞབས་ཝང་ལགས་ལ།
    ་་་ སྤྱིར་རྒྱ་ནག་གི་རྩ་ཁྲིམས་ཨ་མ་ནང་མི་དམངས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་ཁེ་དབང་ཡོད་ཅེས་བཀོལ་ཡོད། ཡིན་ཡང་ང་ཚོ་བོད་མི་ཚོ་ཕར་བཞགས་ཐ་ན་རྒྱ་མི་རིགས་ཚོས་ཀྱང་རྔམ་སྟོན་ཁྲོམ་སྐོར་བྱེད་དབང་ཡོད་དམ། ་་་་ཞེས་པ་ཞིག་དྲིས་འདུག་པས་་་་་་་ དེའི་ལན་སུས་རྒྱག་ཐུབ་བམ། ཁ་ཞལ་མི་མཉམ་པའི་རྒྱ་གཞུང་འདི་ཧ་ཧ། ངོ་མི་ཚའམ།

  8. ཐམས་ཅད་མཁྱེན་པ། says:
    2012-02-12 at 11:02 pm

    རྒྱ་ནག་གི་ས་ཆ་ཁག་མཚུངས་ཀྱི་མི་འདུག ཁ་ཤས་ནས་ཁྲོམ་སྐོར་བྱས་ན་དངོས་གནས་མང་གཙོ་རང་རེད་བསམས་པ་ཞིག་འདུག དཔེར་ན་གྲངས་ཉུང་མི་རིགས་དང་ཐག་ཉེ་སར་དེ་དག་ཡོང་གི་ཡོད་པ་མ་རེད།

  9. བོད་པ། says:
    2012-02-12 at 11:08 pm

    ཝང་ལི་ཞིན་དམངས་གཙོ་དང་རང་དབང་ལ་དགའ་ཞེན་ཆེ་བའི་ཡིན་ནམ་ཡང་ན་རང་གི་ཚེ་གཅིག་གི་གཏན་གྲོགས་འོད་ཟེར་ལགས་ཀྱིས་ཞལ་ངོ་བསྲུང་བ་ཡིན་མི་ཤེས་མོད་ བོད་དོན་ལ་སེམས་ཁུལ་ཡོད་པ་བདེན་པ་རེད། རྒྱ་རིགས་ཤེས་ཡོན་གྱི་སྡེ་དྲང་བདེན་ལ་དགའ་མཁན་གང་མང་ཞིག་དང་༧གོང་ས་མཆོག་གི་བར་དུ་འབྲེལ་ལམ་འཛུག་མཁན་ཞིག་ཡིན་པ་ཀུན་ཀྱིས་ཤེས་ཚོད་ཡིན། དགག་ལན་འདི་ནི་རང་འགར་འོབ་ཚོད་ཀྱིས་བྲིས་པ་ཞིག་དང་རང་གཞུང་དང་བཀའ་ཁྲི་སོགས་ལ་རྒྱུས་ལོན་མེད་མཁན་ཞིག་གིས་བྲིས་པ་ཞིག་ཡིན་པར་རང་གཞུང་གིས་ཅི་ཞིག་གསལ་བསྒྲགས་བྱས་ཡོད་མེད་སོགས་ཀྱང་མི་ཤེས་པ་ལ་བལྟས་ན་ཤེས་ཐུབ།
    སྣང་བ་གང་ཤར་ལྟ་བུ་བྲིས་པ་འདི་རང་ཉིད་ངལ་བའི་རྒྱུ་ལས་ཅང་མི་འདུག

  10. ཀརྡོ་གཉེར་ཕྱག་པ་ says:
    2012-02-12 at 11:17 pm

    བོད་པ་ལགས་ཀྱིས།
    ་་་་། སྣང་བ་གང་ཤར་ལྟ་བུ་བྲིས་པ་འདི་རང་ཉིད་ངལ་བའི་རྒྱུ་ལས་ཅང་མི་འདུག ཟེར།

  11. གདོང་དམར་བ་ says:
    2012-02-13 at 1:03 am

    རི་བོ་གངས་དཀར་གྱིས་བཅིངས་ཤིང་།། ཁོར་ཡུག་རྩ་ལྗང་གིས་རྒྱན་པའི།། ཕ་ཡུལ་མཐོ་སྒང་གི་ཡུལ་ལྗོངས།། ཡིད་ནས་བྲལ་ཐབས་ཤིག་མི་འདུག། ཕ་མས་བུ་ཚ་བརྩེ་ཞིང་།། བུ་ཚས་ཕ་མ་ལ་དུང་བའི།། ཡ་རབས་སྤྱོད་བཟང་གིས་ཕྱུགས་པའི།། ལྷད་མེད་གཤིས་ཀ་དྲན་བྱུང་།། སྙིང་རྗེ་ཡ་ང་དང་བྲལ་བའི།། དམར་ནག་དམག་དཔུང་གིས་བསྐོར་བའི།། གདོང་དམར་དཔའ་བོ་ཡི་རིགས་རྒྱུད།། མགོ་འཕངས་དམའ་དམའ་རང་མ་བྱེད།། ད་ལྟ་ཁྱེད་ཅག་གི་མིག་ལམ།། གནམ་ལྩགས་མཚོན་ཆ་ཡི་ཟིལ་རྔམས།། སྒྱོགས་མདེའུ་དུག་མཚོན་གྱི་གཤེད་མས།། ལུས་སྲོག་ཚལ་པ་རུ་གཏོང་ཡང་།། མ་འོངས་འུ་ཅག་གི་ལས་དབང་།། མོག་མོག་རྐྱང་པ་རུ་མ་འཛིན།། བདེན་པར་རྒྱལ་ཁ་ཞིག་སྲིད་ན།། རྒྱལ་ཁ་འུ་ཚོ་ཡི་རོགས་ཡིན།།

  12. མི་འཁྱམ། says:
    2012-02-13 at 1:55 am

    རྒྱ་ཝང་ལེ་ཞོང་གི་རྩོམ་ཡིག་འདིར་བལྟས་ན་གཞིས་གཞུགས་སྤུན་ཟླ་དག་གི་མངོན་འདོད་ཆུང་དུ་གཏོང་བའི་ཀུན་སློང་གིས་ཁེངས་བསྡད་འདུག་པ་མ་ཟད། གཞིས་བྱེས་བོད་མིའི་བར་ལ་དབྱེན་དཀྲུག་དང་འགལ་བ་བཟོ་བར་བརྩོན་གྱིན་གུང་ཁྲན་ཏང་གི་རྒྱབ་རྩར་ལངས་ཡོད་པ་གསལ་བོ་ཡིན་ཀྱང་། ཁ་བརྡ་དྲ་བའི་ནང་གི་ཀློག་མཁན་ལ་ལས་དོན་དག་ཧ་མ་གོ་བར་ནང་ཁུལ་ཁོ་ནར་ཁྱི་ཟུག་ཟུག་བྱེད་པ་ནི་ཇི་འདྲའི་སྐྱོ་བ་ལ།

  13. ཨ་རུ་ར། says:
    2012-02-13 at 3:50 am

    ང་ཚོའི་ཁ་གཏད་གཅོག་ས་གུང་ཁྲན་ཏང་རེད། ཝང་ལྟ་བུའི་མི་གཅིག་ལ་དོག་འདྲོག་བྱེད་དགོས་ནི་མ་རེད། གཞིས་བྱེས་གཉིས་ནུས་ཤུགས་རྡོག་རྩ་གཅིག་དྲིལ་གྱིས་མུ་མཐུད་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུ་དེ་རེད། ཝང་གི་བཤད་པ་ལ་དོ་སྣང་བྱེད་དགོས་དོན་གང་ཡང་མི་འདུག་བསམ། བོད་པ་རང་གི་མ་འཇོན་ནགཞན་སུ་ཡི་སྐྱོབ་མི་སྲིད། གཞན་གྱི་བཤད་ཚད་ལ་ཉན་ན་སོ་སོའི་སེམས་ཁམས་མི་བདེ་བའི་རྒྱུ་ལས་མ་འདས་སོ།།

  14. རྡོ་རྗེ་རྒྱལ་མཚན། says:
    2012-02-13 at 5:35 am

    ཡག་ན་སྡུག་ན་ཝང་ལི་ཞུང་གིས་བོད་མིའི་དཀའ་སྡུག་ཐོག་སྐད་ཆ་བཤད་ཀི་ཡོད་དུས་དེ་ཙམ་སྡང་པོ་བྱེད་དགོས་དོན་མེད་རེད།ང་ཚོར་འཇོན་ཐང་ཡོད་ན་རྒྱ་མི་གང་ཚུར་འགུགས་ཐབས་བྱེད་དགོས་རེད།

  15. འདོད་ལྷ་ཁམས་པ། says:
    2012-02-13 at 10:35 am

    མི་ལ་ཕྱོགས་རིས་དགོས་པ་དང་ཁོག་ན་ཤ་ཞེན་དགོས་པ་རེད། དེ་མེད་ན་མི་དེ་ནི་ཅི་ཡང་མི་ཤེས་མཁན་རེད་ཟེར་མཁན་ཡོད། ངས་བསམ་ན་ཡང་དེ་འདྲ་དངོས་ནས་རེད་་འདོད། ང་ལ་མཚོན་ནའང་ཅི་ལྟར་ཡོ་འཁྱོག་མེད་པའི་དྲང་པོ་དང་བདེན་པའི་གཏམ་ཞིག་བཤད་བསམ་ཡང་རང་བཞིན་གྱིས་བོད་པའི་ཕྱོགས་སུ་ཡོལ་འགྲོ་བ་དེ་ཆོས་ཉིད་ཡིན་པ་འདྲ། དེ་དེ་བཞིན་དུ་ཝང་ལི་ཞུང་ཡང་རང་གི་རིགས་ལ་ཤ་ཚ་ཅུང་ཡོང་བ་དེར་དེ་ཙམ་གྱིས་གནས་ལུགས་དང་འགལ་འགྲོ་བའི་རྒྱུ་མཚན་ཧ་ལས་པ་དེ་འདྲ་ཨེ་ཡོད་ན།
    རང་གི་རིགས་ལ་ཕྱོགས་རིས་དང་ཞེན་ཁོག་དགོས་པ་སུ་ལ་ཡང་ཡོད་པ་རེད། ཡིན་ན་ཡང་། ལྐུག་པའི་ཕྱོགས་ཞེན་མ་ཡིན་པ་ཅིག་དགོས་གི་རེད། འཆར་གཞི་དང་གྲ་སྒྲིག་ཡོད་པའི་ཕྱོགས་ཞེན་ཅིག་དགོས་གི་རེད། ཁོག་པའི་ནང་སང་ཉིན་ག་རེ་བྱེད་དགོས་མིན་གྱི་གྲ་སྒྲིག་ཨང་སར་ཁོག་པའི་ནང་མེད་ན་ཚོད་ཚོད་ལ་ངན་བཤད་དང་ཤུག་སྐད་རྒྱབ་པས་ཅང་མི་ཕན།
    དེང་སང་གཞན་མི་རྐང་གཅིག་ཡིན་ན་ཡང་རང་ཕྱོགས་སུ་གྲོགས་ལ་དགོས་མཁོ་ཆེ་བའི་དུས་ཡིན། མ་མཐར་ཡང་དེ་ཤེས་པར་བྱས་ནས་སྐད་ཆ་ཤོད་དགོས། ཕན་ལས་གནོད་ཆེ་བའི་སྐད་ཆ་དེ་འདྲ་ཤོད་པ་ལས་མ་ཤོད་ན་མི་ལེགས་སམ།

  16. ཁ་བ་སྐྱབས says:
    2012-02-13 at 12:59 pm

    ཐམས་ཅད་མཁྱེན་པ་དང་བོད་པ་གཉིས་ཀྱིས་བོད་གཞུང་ལ་འབྲེལ་འདྲིས་ཆེ་མདོག་དང་ཤེས་མདོག་གིས་། བཙན་བྱོལ་གཞུང་གིས་བོད་ནང་ལ་ཞི་རྒོལ་བྱེད་དགོས་ངན་སྐུལ་བྱེད་ཀྱི་ཡོད་པ་བརྗོད་པ་མ་ཟད། ད་རུང་གཞོན་ནུས་དངུལ་བསྡུ་རུབ་བྱས་ཚུལ་དང་དངུལ་གྲངས་ཆ་ཚང་བརྗོད་ཀྱི་འདུག ཡག་པོ་རེད། མུ་མཐུད་འདི་བཞིན་རྒྱ་གཞུང་གིས་བཤད་པ་བཞིན་བཙན་བྱོལ་གཞུང་གིས་ངན་སྐུལ་གྱིས་བོད་ནང་ཟིང་འཁྲུགས་ལངས་ཀྱི་ཡོད་པ་ལས།རྒྱ་གཞུང་གིས་བོད་ནང་གི་མི་དམངས་བདེ་སྐྱིད་ཡོད་པ་སོགས་བརྗོད་པ་ལ་རྒྱབ་སྐྱོར་ཧ་ལས་བྱེད་ཀྱི་འདུག བཙན་བྱོལ་གཞུང་གིས་སྐུལ་སློང་བྱས་ཏེ་གཞི་ལུས་མི་དམངས་ཀྱི་རང་ལུས་མེ་བསྲེགས་དང་ཞི་རྒོལ་བྱེད་ཀྱི་ཡོད་པ་དེ་རིང་བར་དུ་ཕྱི་སྡོད་བོད་མི་སུས་ཀྱང་བརྗོད་མ་མྱོང་། རྒྱ་གཞུང་གིས་བོད་ནང་གི་ཟིང་འཁྲུགས་སློང་མཁན་ཚང་མ་བཙན་བྱོལ་གཞུང་ལ་ངན་ཁེགས་བྱེད་ཀྱི་ཡོད།ཁྱེད་གཉིས་ཀྱང་དེ་ཁས་ལེན་བྱེད་པ་མ་ཟད། དངུལ་བསྡུ་རུབ་སོགས་བཤད་ཀྱི་འདུག ཁྱེད་རང་གཉིས་རྒྱ་ནག་མདུན་ནས་དཀར་བོ་བཟོ་འདོད་ཡོད་ན་འགྲིག་མོད། བཙན་བྱོལ་གཞུང་གིས་འཛམ་གླིང་མི་དམངས་ལ་བོད་ནང་གི་མི་དམངས་འུ་ཐུག་ཐབས་ཟད་ཀྱིས་ཞི་རྒོལ་བྱས་བ་བརྗོད་ཀྱི་ཁྱེད་གཉིས་ཀྱིས་ཤེས་ཡོད་ཀྱི་རེད། ནམ་མཁའ་ལགས་ཀྱིས་གཞོན་ནུ་དང་བོད་གཞུང་གིས་ཅི་ཞིག་ཁྱབ་བསྒྲགས་བྱས་བ་མ་ཤེས་བ་རེད་དམ། ཁྱེད་གཉིས་ཀྱིས་མུ་མཐུད་ནས་རྒྱ་གཞུང་ལ་འདི་ལྟར་མུ་མཐུད་ནས་ལན་བསྐྱལ་ངེས་ཡིན་པས་།མ་བསྐྱལ་ལབ་ན་མི་ཕན་པས་གྲལ་ཡིན་སྟབས་ངས་ཀྱང་ཁྱེད་གཉིས་ལ་བསྐྱལ་རོགས་ལབ་ཀྱི་ཡོད། ཁྱེད་གཉིས་ལྟ་བུ་ཚོས་ཤེས་མདོག་གིས་བོད་གཞུང་གི་ཤོག་བུ་དཀར་བོ་དེ་ནག་པོ་བཟོས་ཚར་བ་རེད། ཝང་གིས་ཅི་ཞིག་བསམ་གྱི་ཡོད་པ་ཤེས་་མི་འདུག་ལ་ནམ་མཁས་ཅི་ཞིག་ལ་ལན་བཏབས་པ་ཡང་ཧ་གོ་མི་འདུག ད་རུང་ཐམས་ཅད་མཁྱེན་པ་ཟེར་བའི་མིང་ཞིག་འདོགས་ཁུལ་བྱེད་ཀྱི་འདུག་དོན་ངོ་མ་གཅིག་ཀྱང་མཁྱེན་མི་འདུག་བླུན་པོ་གཉིས།

  17. འབའ་བློ། says:
    2012-02-14 at 4:29 am

    ནམ་མཁའ་ལགས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།

  18. ཏྲེ་ཧོར་ཐུབ་བསྟན says:
    2012-02-14 at 4:53 am

    ཕྲན་གྱི་བསམ་ཚུལ་ལྟར་ན། སྐུ་ཞབས་ཝང་གིས་བོད་དོན་ཐོག་བཏོན་པའི་ཐབས་ལམ་འདིར་བསམ་བློ་ཧ་ཅང་གཏོང་རིན་ཡོད་པ་ཞིག་ཏུ་མཐོང་། སྤྱིར་བཏང་གི་རིགས་པའི་འགྲོས་ལྟར་ཡང་གནད་དོན་ཞིག་ཐག་བཅད་ཡོང་བར་སེམས་ཤུགས་དང་སྤོབས་པ་གཅིག་པོའི་མི་ཕན་པར། དེར་བསྟུན་གྱི་ཐབས་ལམ་ཞིག་གི་ཐོག་ནས་འདོད་དོན་མངོན་ཏུ་འགྱུར་ཐབས་དེ་རེད།
    དེའི་ཕྱིར། ཝང་གིས་བཤད་པའི་གྲོང་སྡེ་རང་སྐྱོང་འདི་དོན་དངོས་སུ་བརྩད་ལེན་དོན་འཁྱོལ་ཡོང་ཐུབ་མིན་ཞིག་ཅི་ལྟར་ཡང་། ད་ལྟའི་ཆར། ཧ་ཅང་རྣོ་ངར་ཅན་དུ་འགྱུར་བཞིན་པའི་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་འདིའི་ཕྱོགས་གཞན་ཞིག་ནས་ཐབས་ལམ་ཞིག་ཡོད་དུ་རེ་བ་ནི་ཁོང་གི་རྩོམ་ཡིག་གི་རིན་ཐང་ཆེ་ཤོས་ཤིག་ཏུ་མཐོང་། ཁོས་བཤད་པ་ལྟར། སྔ་མ་སྔ་མའི་རྒྱུན་མཐུད་པ་དང་རྗེས་འཛིན་ཐུབ་པ་ཁོ་ན་མ་ཡིན་པར། ཐོལ་གྱིས་བརྒལ་ཐུབ་པའམ་གསར་ཏུ་སྦོལ་ནུས་པའི་ཐབས་མཆོག་ཅིག་མེད་པ་གཏན་མིན་ཅིང་། གལ་ཏེ་དེ་ལྟ་བུའི་ལམ་བུ་ཞིག་གི་ཐོག་ཏུ་བསྐྱོད་ཐུབ་པར་འགྱུར་ན་དེའི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་སྲུང་སྐྱོབ་དང་། ལམ་དབུ་མའི་དགོངས་དོན་ལྟར། བོད་ཀྱི་ཆོས་རིག་ཁོར་ཡུག་དང་བཅས་པ་བདག་འཛིན་རྒྱུན་གནས་ཐུབ་པ་མ་ཟད། དེ་རིང་གི་བོད་མི་རྣམས་ཀྱིས་མྱོང་བཞིན་པའི་སྡུག་གྱོང་མནར་གཅོད་དང་ཧ་ཅང་ཛ་དྲག་པོའི་གནས་སྟངས་འདི་ལས་ཐར་ཏེ། ལམ་དབུ་མའི་ཕུགས་ཀྱི་རེ་འདུན་མངོན་དུ་འགྱུར་སྟངས་ཤིག་ཡོད་པར་གསུངས་པའང་ཁོའི་བཏོན་པའི་ཁྱད་ཆོས་ཤིག་ཏུ་སེམས།
    རང་ལུས་སྲེག་པའི་རླབས་ཆེན་གྱི་ཚེ་སྲོག་གི་ངོ་རྒོལ་འདིར་འབྲས་བུ་ཞིག་ཡོད་ན། ད་ནི་འབྲས་བུ་དེའི་ཆེད་དུ་བློས་བཏང་མང་དྲགས་ཀྱང་ཉུང་མེད་པས། ད་ནི་ཅིས་ཀྱང་གོ་རིམ་འདི་མཇུག་བསྡུས་དགོས་ལ། བོད་མིའི་འབར་བཞིན་པའི་སེམས་ཤུགས་འདི་ཕྱོགས་གཞན་ཞིག་གི་སར་ནས་སླར་ཡང་སྤར་དགོས། དེ་ནི་ཝང་གིས་བཤད་པའི་གྲོང་སྡེ་རང་སྐྱོང་ནས་འགོ་འཛུགས་དགོས་པ་ལྟ་བུ་རེད། གཞན་ད་ལྟའི་རྒྱ་ནག་གི་གནས་སྟངས་ནི། མིག་སྔའི་དཀྱིལ་ཤར་ཡུལ་གྲུ་འགའ་དང་བྱང་ཧྤེ་གླིང་སོགས་གནས་བབ་ཀྱི་ཆ་དང་དུས་ཚོད་ཀྱི་ཆ་གང་ཅིའི་ཐད་ནས་ཅུང་ཟད་ཐ་དད་པར་སྣང་བས། རྒྱ་དམར་པོའི་སྲིད་གཞུང་ད་དུང་དུས་ཚོད་ངེས་ཅན་ཞིག་གི་བར་དུ་འཆི་མི་སྲིད་ལ། རྒྱལ་སྤྱིའི་ཁ་ཙམ་གྱི་གནོན་ཤུགས་ལ་མགོ་སྒུར་དྭང་ལེན་བྱ་མི་སྲིད། དེའི་ཕྱིར། དུས་ཚོད་རིང་པོ་ཞིག་གི་བར་དུ། བོད་མི་ཚོས་འདི་ལྟར་རང་ལུས་དྲོན་མོ་མེར་བསྒྲོན་ཏེ་ས་སྟེང་གི་སྡུག་བསྔལ་ཡོད་ཚད་ང་ཚོས་མྱོང་དགོས་དོན་མེད། རྡ་རམ་ས་ལར་ངེས་པ་དོན་གྱི་བོད་མི་དབུ་ཁྲིད་ཀྱི་ནུས་པ་ལྡན་ན། མུ་མཐུད་དུ་རང་ལུས་བསྲེག་པའི་ངོ་རྒོལ་གྱི་གོམ་ཁ་མཚམས་འཇོག་པའི་བྱེད་ཐབས་ཕྱོགས་ཀུན་ནས་ལག་ཏུ་བསྟར་དགོས་པར་སྣང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme