Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧྥ་རན་སི་དང་བོད་རིགས་ཚོགས་པའི་འབོད་སྒྲ།

Posted on 2012-02-10 By ཁ་བརྡ་ 1 Comment on ཧྥ་རན་སི་དང་བོད་རིགས་ཚོགས་པའི་འབོད་སྒྲ།

ནམ་མཁའ་།

དེ་རིང་༨/༢/༢༠༡༢རེད། བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་སུ་དེ་རིང་གི་ཉིན་འདིར་ཕྱི་སྡོད་བོད་མི་ཡོངས་ཀྱིས་གཅིག་གྱུར་གྱིས་ཞི་རྒོལ་བྱེད་དགོས་བའི་བཀའ་ཁྱབ་བདུན་ཕྲག་འགའི་སྔོན་བཏང་། དེ་བཞིན་ཧྥུ་རན་སི་གནས་སྡོད་བོད་མི་ཚོས་ཀྱང་ཉིན་གུང་རྒྱབ་ཀྱི་ཆུ་ཚོད་གསུམ་པ་ནས་ལུང་པ་འདིའི་གྲོས་ཚོགས་ཀྱི་མདུན་ནས་འགོ་འཛུགས་བྱས། སྐད་འབོད་འདི་ནི་དམིགས་བསལ་ཞིག་ཁྱད་པར་ཅན་ཞིག་མིན་ན་ཡང་། དེ་རིང་བོད་ནང་གི་གནས་སྟངས་ལ་གཞིགས་ན་ཁྱད་པར་ཅན་ཞིག་རེད་ལབ་ན་མ་འགྲིགས་པ་མི་འདུག་སྙམ། གང་ལྟར་ཡང་། ལུང་པ་འདིར་ཡོད་པའི་བོད་པའི་གྲངས་ཀ་གསལ་བོ་མི་ཤེས་ཀྱང་བཤད་ཚུལ་ལ་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་པར་བརྗོད་ཀྱི་འདུག ཡིན་ཡང་དེ་རིང་འདིར་སླེབས་པའི་བོད་རིགས་༡༥༠ཡས་མས་ཞིག་ལས་མི་འདུག་མོད།འོན་ཀྱང་ཕྱི་རྒྱལ་ལུང་པ་མང་ཤོས་ལ་རང་དབང་ཆེན་པོ་ཡོད་ཀྱང་ཆུ་ཚོད་ཀྱི་རང་དབང་ནི་དཀོན་པོ་རེད། དེའི་རྐྱེན་བོད་མི་མང་པོ་ཞིག་ལས་བྲེལ་གྱིས་ཡོང་མ་ཐུབ་པ་འདྲ། ཡིན་ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་གཞི་སྡོད་བོད་མི་ཚོས་རང་སྲོག་འབེན་དུ་བཞག་ནས་ཞི་རྒོལ་བྱེད་བཞིན་པ་འདིར་ལྟོས་ན་རང་དབང་ལུང་པའི་ཞི་རྒོལ་ལ་ཆུ་ཚོད་ཁ་ཤས་དང་ཉིན་གཅིག་གི་གླ་ཕོག་བློས་གཏོང་ཐུབ་དགོས་བ་བསམ་བློ་གཏོང་མི་དགོས་བར་བཤད་ཐུབ།
ལུང་པ་འདིའི་ཕྱི་མི་༢༠ཙམ་དང་བོད་རྒྱ་མཐུན་ཚོགས་ཀྱི་རྒྱ་རིགས་གྲོགས་པོ་འགའ་སླེབས་འདུག

ངའི་ངོ་ཤེས་རྒྱ་རིགས་གྲོགས་པོ་ཞིག་ལ་རྩེད་མོ་མཉམ་དུ་དེ་རིང་གི་གནམ་གཤིས་འདིས་ངའི་གཟུགས་པོ་འཁྱགས་ནས་འདར་ཟིག་བྱེད་པ་བཞིན་ངའི་སེམས་པ་འདི་ཡང་གྲང་མོ་འདུག་ལབ་པ་ཡིན། ཁོའི་གདོང་འཛུམ་མདངས་ཤིག་རྒྱས་ཞོར་མགྱོགས་པོ་ཁྱེད་རང་གི་སེམས་འདི་དྲོད་ཁོལ་རྒྱས་ཀྱི་རེད།དེ་དུས་ང་ཚོ་ཆ་ཚང་གིས་ལག་གདངས་སྦྲེལ་ནས་༧གོང་ས་༧མཆོག་བོད་ལ་གདན་འདྲེན་ཞུ་ངེས་ཡིན་ཟེར། ཁོ་རང་ནི་དྲུག་བཞི་ལས་འགུལ་སྐབས་ཀྱི་རྒྱ་རིགས་ཞིག་ཡིན། སྤྱིར་ཡིན་ན་ཧྥ་རན་སིའི་མི་མང་པོ་བོད་རིགས་ཚོས་སྐད་འབོད་བྱེད་སར་ཡོང་གི་ཡོད། ཡིན་ཡང་ལོ་གསུམ་བཞི་ཙམ་ཞིག་ནས་ཡོང་མཁན་ཉུང་རུ་ཕྱིན་སོང་བས་ལུང་པ་འདིའི་མི་དམངས་ཀྱིས་བོད་པའི་བདེན་པ་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་མིན་པའི་རེ་བ་ཡོད། གང་ལྟར་ཡང་། དེ་རིང་གི་གནམ་གཤིས་འདི་ནི་གཞི་བྱེས་བོད་མི་ཚོའི་སེམས་པ་བཞིན་ཧ་ཅང་གྲང་མོ་འདུག

གང་ལྟར་དེ་རིང་མི་རིགས་འདྲ་མིན་འཛོམས་པའི་འདུ་ཚོགས་ཞིག་གིས་རྒྱ་གཞུང་གིས་བོད་ཐོག་ཏུ་དྲག་གནོན་མཚམས་འཇོག་བྱེད་དགོས་བའི་འབོད་སྒྲ་སྒྲོགས་བཞིན་སོང་། ང་ཚོ་འགྲོ་སའི་ལམ་ཁ་དེ་ཧ་ཅང་ཁུག་ཀྱོག་ཞིག་བརྒྱུད་ནས་འགྲོ་དགོས་ཀྱི་འདུག ང་ཚོས་སྐད་འབོད་བྱེད་དོན་འཛམ་གླིང་མི་དམངས་ལ་ཁྱབ་བསྒྲགས་དང་རོགས་པ་བྱེད་པའི་འབོད་སྐུལ་རེད། ཡིན་ན་ཡང་མི་སུས་ཀྱང་མི་མཐོང་ས་ཁུག་ཀྱོག་ཞིག་གི་ལམ་ཁ་ལས་སྤྲད་མི་འདུག་པས། ང་ཚོས་སྐད་འབོད་འདི་ཁྲལ་ཞིག་མིན་ལ། བཙན་དབང་གིས་སྐད་འབོད་བྱེད་པ་དེ་བས་ཀྱང་མིན།
ཡིན་ན་ཡང་རང་གི་ལུང་པ་མིན་པས་ད་ཐེངས་ཀྱི་ལམ་ཁ་དང་གོ་སྐབས་འདི་སྤྲད་པ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་མིག་མདུན་ན་མཐོང་བའི་ཆེས་ཤིན་ཏུ་བརྗིད་ཉམས་ལྡན་པ་ནི་སེང་གེ་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་དེ་རེད། ཁུག་ཀྱོག་གི་ལམ་འདིའི་ཁང་པའི་སྒེའུ་ཁུང་ནང་ན་མི་ཁ་ཤས་ཀྱིས་དགའ་བསུས་རྣམ་པའི་ལག་པ་བརྡབ་བཞིན་འདུག་པས་མི་རིགས་ཉམས་ཆུང་བོད་པ་ཚོས་སྐད་འབོད་བྱེད་ཀྱི་ཤེས་ཐུབ། ཁོང་ཚོའི་སེམས་སུ་ཡང་བོད་མི་ཉམས་ཆུང་འདི་ཚོ་དེ་རིང་ཁུག་ཀྱོག་ཞིག་གི་གོ་སྐབས་ལས་སྤྲད་མི་འདུག་བསམ་པའི་རེ་བ་ཡོད། སེང་གེ་རྟགས་ཅན་གྱི་རྒྱལ་དར་འདི་ཕོ་བྲང་དམར་བོ་པོ་ཏ་ལའི་སྟེང་སྒྲེངས་ཡོད་དུས་ནམ་ཞིག་ཡིན་བསམ་པའི་ཡིད་སྨོན་འཆོར་མ་མྱོང་མཁན་བོད་པ་སུ་ཞིག་ཡོད།ཡིན་ཡང་ཐབས་སྐྱོ་བ་ཞིག་ལ

མི་ཡུལ་ཞིག་གི་ལམ་ཆུང་ན་སྒྲེངས་བཞིན་ང་ཚོར་བོད་མི་ལ་རང་དབང་དང་རོགས་སྐྱོར་བྱེད་རོགས་ཟེར་བཞིན་འགྲོ་བ་འདི་ནི་ལུང་པ་དང་ཁ་བྲལ་བའི་མི་རིགས་ཞིག་ལ་མཚོན་ན་ཡིད་སྐྱོ་བ་ཞིག་ཡིན། དེང་སང་འཛམ་གླིང་འདིར་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་བརྗོད་པ་ཚིག་ཙམ་ཞིག་ཡིན་པ་གསལ་བོ་རེད། དཔེར་ན་དེང་སང་syrieལུང་པ་ན་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འདི་འཛམ་གླིང་རྒྱལ་ཁབ་མང་པོ་ཚོགས་ནས་གྲོས་མོལ་བྱེད་བཞིན་གསར་ལམ་གང་སར་བཤད་ཀྱི་ཡོད། འོན་ཀྱང་བོད་དོན་ནི་གསར་ལམ་དང་བརྙན་འཕྲིན་སོགས་གང་ན་ཡང་གླེང་བརྗོད་བྱེད་པ་མཐོང་ཐོས་དཀའ་ཚོད་རེད། གང་ལྟར་བོད་མི་རང་གིས་འཐབ་རྩོད་ཀྱི་འབྲས་བུ་བྱུང་མ་ཐུབ་ན་རྒྱལ་སྤྱི་ལ་རེ་བ་རྒྱག་དགོས་ཚེ་བོད་ཟེར་བ་འདི་འཛམ་གླིང་སྟེང་མིང་ཙམ་ཞིག་ལྷག་པའི་ཉེན་ཁ་ཆེ། བོད་འདི་རྒྱ་གཞུང་གིས་མེ་མདའ་ཁ་ནས་ཐག་གཅོད་བྱེད་འདོད་ཡོད་པའི་བརྡ་འཛམ་གླིང་ལ་སྤྲད་ཡོད་ཀྱང་མ་མཐོང་དང་མ་ཐོས་བས་རྣམ་པའི་ད་རུང་དུས་རབས་ཕྱེད་ཀ་འགྲོ་བའི་ཉེན་ཁ་འདུག

གསར་འགྱུར།

Post navigation

Previous Post: སྐུ་འདས་བློ་བཟང་ཚུལ་ཁྲིམས་མཆོག་གིས་གསུངས་རྒྱུར། (བོད་འབྱོ​ར་གནས་​ཚུལ།)
Next Post: ཨ་རིའི་བྷོས་ཊོན་ (Boston) ཧར་ཝཊ་བཞི་འཛོམས་ (Harvard Square Pit) དུ་ཟས་བཅད་ངོ་རྒོལ་དང་མར་མེ་ཁྲོམ་འཁོར་གྱི་ལས་འགུལ་བརྩམས་སོང་།

Comment (1) on “ཧྥ་རན་སི་དང་བོད་རིགས་ཚོགས་པའི་འབོད་སྒྲ།”

  1. བོད་ལ་དགའ། says:
    2012-02-10 at 11:02 am

    ཡུ་རོབ་ཁུལ་ལ་མཚོན་ན།གཞུང་དང་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཡོད་ས་དེ་ཧྥ་རན་སི་རྒྱལ་ཁབ་རེད།ཧྤ་རན་སིར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉི་ཤུ་ལས་བརྒལ་བ་ཡོད་པ་ཡོད།དེ་འདྲའི་རྒྱབ་སྐྱོར་བ་མང་ས་ནས་ང་ཚོར་ལས་འགུལ་སྤེལ་རྒྱུར་རོགས་འདེགས་དང་ཁྱབ་བསྒྲགས།ཞུ་གཏུགས་དང་སྣེ་ཁྲིད་སོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་རེད།བོད་པ་རང་ངོས་ནས་བོད་དོན་བློས་མ་གཏོང་རོགས།རྡོག་རྡོག་བཤད་ན།ང་ཚོས་བོད་པ་ཟ་གི་ཡོད་རེད།་གོན་གི་ཡོད་རེད་ལབ་ནའང་མ་འགྲིག་ཡོད་པ་མ་རེད་སྙམ།ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད་ལ།ཡ་རབས་བཟང་སྤྱོད་ཀྱི་ཆ་ནས་ཀྱང་ངོ་ཚ་དགོས་པ་ཞིག་རེད།
    རྗེས་ཕྱོགས་ཚོགས་པ་ཡོངས་ལ་འབྲེལ་མཐུད་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུ་དང་།གནམ་གཤིས་ཚ་གྲང་གི་དཀའ་ངལ་ཙམ་ལ་མ་འཛེམས་པར་བོད་པ་ཚང་མས་སྙིང་ལ་རུས་པ་བཅུག་སྟེ་ལས་འགུལ་ཁག་ལ་ཉམས་ཞུགས་གནང་རོགས།འདི་ནི་ཁྱོད་ཚོའི་སྤུན་ཟླ་ཞིག་གི་སེམས་གཏིང་གི་རེ་འབོད་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme